བོད ལྷ་ཀླུ་གཉན་གསུམ།
དུག་དང་ཁྲག་གཉིས་བསྲེས་པའི་ཚོར་བ་ཞིག།
དབང་མེད་བྲན་དུ་འཚུད་པའི་མི་བུ་བདག།
འདོམ་བཀང་ལག་དུ་བཟུང་བའི་ཕྱིར་ཉིན་ནས།།
རང་ངོ་སྙིགས་དུ་དཔྱངས་པའི་ཚུལ་འདི་སྐྱོ།།
དྲང་ཚུགས་ཡོད་པར་ལྟ་བའི་རང་སེམས་དང་།།
གཤིས་ཀ་གསེར་དུ་རློམ་པའི་ལྐོག་ལས་ལ།།
གོམ་ནས་ནད་ཀྱི་མལ་ཁྲིར་བསྙེས་པ་འདིས།།
ཤི་ཁར་མ་ཎི་འདོན་ཡང་ཕན་མེད་རེད།།
ཆུང་མ་བུ་ཕྲུག་གམ་དུ་ཡོད་གྱུར་ཀྱང་།།
མུན་ནག་མཚན་མོའི་གློག་གི་འོད་ལམ་ནས།།
མྱུར་འཕྲིན་དྲ་བའི་ལས་སུ་འཐོམ་དུས་སུ།།
དངོས་ཡོད་འཚོ་བ་བརྗེད་པ་ཡ་རེ་ང་།།
ལུས་ཀྱི་བར་ཐག་ཉེ་ཡང་དྲན་ཤིང་འདི།།
ཁོམ་པའི་ལས་ལ་མྱུར་མོའི་གདོན་འཛུལ་ནས།།
བྲེལ་བའི་འཁོར་བར་འཁྱམ་པའི་བྲན་གཡོག་ང་།།
གསོན་ཡང་ཤི་བོའི་ལས་ཤིག་དང་དུ་ལེན།།
འཇམ་པོའི་སྐད་ངག་དབྱངས་རྟའི་བར་གསེང་དུ།།
གཅེར་བུའི་འཕྲུལ་གྱི་འཁུན་སྒྲ་ཉན་ཐེངས་རེར།།
རྒྱུས་མེད་སྐྱི་མོའི་གཟུགས་ཀྱིས་བསླུས་པ་འདི།།
ཆུད་ཟོས་ལོ་ཟླ་རིང་བ་དབུགས་རིང་ཡོད།།
གཤིབ་དུ་འདོད་ཀྱང་དབང་ལ་མ་འོང་བར།།
དམིགས་པའི་འབེན་ལས་གཞི་རྒྱུད་འཁྱོག་ཉིན་ནས།།
རིགས་ཀྱི་མྱུ་གུ་གཞན་ལ་ཤོར་བ་འདིས།།
བཙན་པོའི་རྒྱུད་པ་ཁྱི་ཡི་གཡོག་དུ་བརྫངས།།