ཐེ་བོ་སངས་རྒྱས།
འཕྲུལ་གྱྀ་ལྷ་བཙན་པོའྀ་རྨུ་ཐག་རིང་མོ།
སྤྲིན་དཀར་གྱི་ཚུལ་དུ་འཐེན།
གོ་ལའི་སུམ་གཉིས་སྟོབས་ཀྱིས་གཤགས་པའི་རྨིག་སྒྲའི་བྲག་ཅ།
གཡུ་འབྲུག་གི་ཟོལ་གྱིས་ལྡིར།
ཆབ་སྲིད་དབུ་འཕང་གི་དར་འཕྲུ།
ཨ་སྔོན་དགུང་དུ་ཟུག
མི་ཤིགས་པའི་དབུ་རྨོག་བཙན་པོ།
གངས་རིའི་གཟུགས་སུ་འཕོས།
གཙུག་ལག་རིག་པའི་སྣང་བ།
ཉི་ཟླའི་ཆས་སུ་ཞུགས།
གཙུག་ལག་རིག་པའི་སྣང་བ།
ཉི་ཟླའི་ཆས་སུ་ཞུགས།
འདིའི་སྐོར་རམ་སྲོང་བཙན་སྔོན་གྱིགཙུག་ལག་སྐོར་ལ་རྒྱས་ཙམ་ཞིག་སུས་གསུང་ཐུབ་བམ། ལགས།
ཀརྡོ་གཉེར་ཕྱག་པ་ལགས། བོད་བཙན་པོའི་དུས་སྐབས་ཀྱི་གཙུག་ལག་རིག་གནས་ཀྱི་སྐོར་འབྲི་བ་ལ་ཞིབ་འཇུག་གི་དུས་ཚོད་ངེས་ཅན་ཞིག་མ་བཏང་ན། རྒྱས་ཙམ་བཤད་རྒྱུར་རྔོ་ག་ལ་ཐོགས།
ཁྲི་སྲོང་གི་སྐུ་ཚེའི་སྟོད་ལ་ཆབ་སྲིད་ཀྱི་དབུ་འཕང་མཐོ་སྟེ་རྒྱ་རྗེ་ཁྲི་ལས་ཕབས།
ཁྲི་སྲོང་གི་སྐུ་ཚེའི་སྨད་ལ་ཆོས་ཀྱི་དབུ་འཕང་མཐོ་སྟེ་ཡོད་ཚད་ཆོས་ལ་བསྟིམས།
དེ་ནས་བཟུང་
བཙན་པོའི་དམག་དཔུང་ལ་མུ་གེ་ཕོག
མཐའ་ཡི་ལྕགས་རི་དགྱ་ཡིས་གཏོར།
བོད་ལ་བྱམས་པའི་ཡོ་གལ་འཆོས་པ་ཆེན་པོ་ནི་གསོན་དུར་དུ་སྦས།
དགྱ་མགོ་གནོན་པའི་དམག་དཔོན་སྟག་སྙིང་ཅན་ནི་བྱང་ལ་སྤྱུགས།
ནང་དགྱ་དཀར་བས་ཟོས།
ཕྱི་དགྱ་ནག་པས་ཟོས།
ང་ཚོ་གཉིད་ལས་སད་དུས།
ང་ཚོ་བྲིན་དུ་གྱུར་ཟིན།
ཐ་ན་རང་ཉིད་ལ་དབང་བའི་གསང་སྤྱོད་ཙམ་ཡང་མེད་པའི་བྲིན་དུ་གྱུར་ཟིན།
བཙན་པོ་གྲི་གུམ་དང་གཅིག གླང་དར་ལག་དམར་དང་གཉིས། ང་ཕོད་འཇིགས་མེད་དང་གསུམ་གྱི་ངན་འབྲས་བ་རྣམས་ནམ་ཡང་བརྗེད་མི་ཉན་ནོ།། །།
མགོ་ལ་བྱ་སྒྲོ་བཙུག་པའི་ཇག་པ་དང་།།
རྐུབ་ལ་ཐལ་ཙེ་བརྒྱབ་པའི་ཁྲམ་པ་ཡིས།།
བཙན་པོའི་དཔུང་ལ་ཞུམ་པའི་དུག་སྤྲད་དེ།།
གངས་རི་མེ་ཡིས་བསྲེག་འདི་མ་བརྗེད་ཅིག །།
བཙན་པོ་ཉག་ཁྲི་དང་གཅིག བཙན་པོ་སྲོང་བཙན་དང་གཉིས། བཙན་པོ་ཁྲི་སོང་གསུམ། བཙན་པོ་ཁྲི་རལ་དང་བཞི་ནི། བོད་བསྐལ་པ་ནས་བསྐལ་པའི་བར་གནས་པའི་བར་བོད་ཀྱི་བཙན་པོ་བཀའ་དྲིན་ཅན་དེ་དག་ནམ་བརྗེད་མི་ཉན།
ད་དུང་ཆོས་རྒྱལ་སའཕགས་དང་། བཀའ་བརྒྱུད་ཆོས་རླྱལ་དང་། དགེ་ལུགའས་ཆོས་རྒྱལ་༸རྒྱལ་དབང་ལྔ་པ་དང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་དང་། ༸གོང་ས་རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་སོགས་ནི་དུས་ནམ་ཡང་བརྗེད་ཐབས་མེད་པའི་ལོ་རྒྱུས་མི་རིགས་ཞིག་ཆགས་ཟིནད་པ་རེད།
ད་ནས་བློ་སེང་སོགས་ཀྱིས་་་་་ ????? !!!!!!!!!
རྒྱ་ནག་གི་བོད་ལ་ང་དགུའི་བཙན་གནོན་དེ་ནམ་ཡང་བརྗེད་མི་རིགས་སོ།། །།
བོད་ཀྱི་བློན་པོ་འཇིན་འཇིན་གྱིས། “ འོན་ཀྱང་དབུལ་ཕྱུག་ཐམས་ཅད་སེམས་གཅིག་ཏུ་མཐུན་ཞིང་། གཅིག་གྲོགས་གཅིག་གིས་བྱེད་པས་བོད་ཀྱི་རྒྱལ་ཁབ་སྟོབས་ཤུགས་ཆེ་བའི་རྒྱུ་མཚན་ཡང་དེ་ཡིན་ཞེས་ཞུས།” དེང་སང་འུ་ཚོར་གོང་གི་ནང་དོན་འདི་ཧ་ཅང་ཉམས་ཆག་ཏུ་ཕྱིན་པས་ཕོངས་འདུག་སྙམ།