་་་་་་་་་་ཡུམ་སྐད་གཙང་མའི་གླུ་གཞས་འགྲན་བསྡུར།
མི་རིགས་ལ་བརྩེ་བ་ཟབ་ཅིང་དུང་བ་མོད་པའི་རྒྱ་ཆེའི་མི་མང་ཡོངས་ཀྱིས་ཐུགས་སྣང་མཛད་རྒྱུར།
མི་འགྱངས་པར་”བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་”གཙོ་སྒྲུབ་བྱེད་བཞིན་པའི་<<བཙན་བྱོལ་དུ་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་རིག་རྩལ་སྤྲོ་ཚོགས་ཐེངས་གཉིས་པ་>>འཚོགས་འཆར་ཡོད་ལ། ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་སྟེང་གྲེ་འགྱུར་ངག་གི་འགྱུར་ཁུགས་ལ་དབང་འབྱོར་བའི་གཞས་པ་གཞས་མ་རྣམས་ལ་ཡུམ་སྐད་གཙང་མའི་གླུ་གཞས་འགྲན་བསྡུར་ ( དབྱངས་དང་གླུ་ཚིག་གསར་རྩོམ་ཡིན་ཚེ་དམིགས་བསལ་ཐོབ་སྐར་ཡོད།) ཞིག་ཀྱང་བཀོད་སྒྲིག་བྱེད་བཞིན་ཡོད།
གླུ་གཞས་འགྲན་བསྡུར་དེ་སྔོན་འགྲོ་དང་མཐའ་མའི་འགྲན་རྩོད་བཅས་རིམ་པ་གཉིས་སུ་དབྱེ་ཡོད་ལ་སྔོན་འགྲོའི་འགྲན་བསྡུར་ཕྱི་ཟླ་ ༩ པའི་ཚེས་མགོར་བྱ་རྒྱུ་ཡིན། མཐའ་མའི་འགྲན་བསྡུར་ནི་རིག་རྩལ་སྤྲོ་ཚོགས་ཐེངས་གཉིས་པའི་སྟེང་འགྲན་རྩོད་བྱས་ཏེ་བྱ་དགའ་སྤྲད་རྒྱུ་ཡིན། དེ་དང་ཆབས་ཅིག་རིག་རྩལ་སྤྲོ་ཚོགས་དེ་འོད་སྡེར་(CD)བཟོས་ནས་བོད་ཕྱི་ནང་གཉིས་སུ་དགྲམ་རྒྱུ་ལགས་ན། ཐུགས་སྣང་ཡོད་རིགས་རྣམས་ཀྱིས་དུས་ཐོག་ཏུ་འདི་གར་འབྲེལ་གཏུགས་བྱ་རོགས།
འགྲན་ཞུགས་པ་རྣམས་ཀྱིས་དོ་སྣང་བྱ་རྒྱུར།
༡ འགྲན་བསྡུར་སྐབས་ཐ་སྙད་གསར་བའི་དྲི་བ་གསུམ་རེ་ཡོད།
༢ འགྲན་ཞུགས་པ་ཡོངས་ཀྱི་ཁྲོད་ནས་སྔོན་འགྲོའི་འགྲན་བསྡུར་སྐབས་མི་བརྒྱད་བདམ་རྒྱུ་དང་། དེའི་ཁྲོད་ནས་མཐའ་མའི་འགྲན་བསྡུར་སྐབས་ཨང་དང་པོ་དང་གཉིས་པ་གསུམ་པ་བཅས་བདམ་རྒྱུ་ཡིན།
འགྲན་ཞུགས་ཆ་རྐྱེན།
༡. འགྲན་ཞུགས་གླུ་དབྱངས་ཡུམ་སྐད་གཙང་མ་ཡིན་དགོས།
༢. འགྲན་བསྡུར་སྐབས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་གྱོན་རྒྱུ།
༣. ཐོ་འགོད་བྱེད་དུས་ཧིན་སྒོར་ ༢༠༠ རེ་སྤྲོད་དགོས།
༤. འགྲན་ཞུགས་པ་ཚོས་ཕྱི་ཟླ་ ༨ པའི་ཚེས་ ༢༥ སྔོན་ལ་ཐོ་འགོད་བྱེད་དགོས།
བྱ་དགའི་རིམ་པ།
བྱ་དགའ་ཨང་དང་པོར་ཧིན་སྒོར་ཆིག་ཁྲི་ ༡༠༠༠༠ དང་གཟེངས་བསྟོད་ཕྱག་འཁྱེར་གནང་རྒྱུ།
བྱ་དགའ་ཨང་གཉིས་པར་ཧིན་སྒོར་བདུན་སྟོང་ ༧༠༠༠ དང་གཟེངས་བསྟོད་ཕྱག་འཁྱེར་གནང་རྒྱུ།
བྱ་དགའ་ཨང་གསུམ་པར་ཧིན་སྒོར་ལྔ་སྟོང་ ༥༠༠༠ དང་གཟེངས་བསྟོད་ཕྱག་འཁྱེར་གནང་རྒྱུ།
སྔོན་འགྲོའི་འགྲན་རྩོད་བྱ་ཡུལ། དྷ་རམ་ས་ལ།
གོ་སྒྲིག་པ། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ།
འབྲེལ་བ་བྱ་ཡུལ།
འབྲོག་རུ་རྡོ་རྗེ། ༩༨༨༢༢༢༢༠༣༩ མིག་དམར་ཆོས་སྒྲོན། ༩༨༨༢༧༧༨༨༡༥
གློག་འཕྲིན་ཁ་བྱང་། t.language@yahoo.in
བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས།
ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༦ ཚེས་ ༡༥ ཉིན།
འདི་ཡུམ་མི་ཧྲ་གི་ན། ཁ་དྲོ། སྤྱིར་རྡར་ས་ལར་བོད་ཀྱི་རིག་གཞུང་ལ་དོ་སྣང་རྩ་བ་ནས་མེད། འདི་འདྲའི་རྣམ་ཤེས་གསར་བ་ཞིག་གང་ནས་ཡོང་བ་ཡིན་ན། ཨ་སྐྱིད་དུ།
སྤྱིར་མི་རིགས་དང་སྐད་ཡིག་ལ་དུང་བ་ཟབ་པའི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ལས་མི་ཡོང་ལ་ཐོག་མར་འཚམས་འདྲའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཡུལ་གྱིར་གྱི་འཚོ་བ་འདི་རྒྱུད་ནས་འདི་འདྲའི་སྤྲོ་ཚོགས་ཤིག་བཀོད་སྒྲིག་གནང་ཐུབ་པ་ངོ་མ་རིན་ཐང་མེད་པ་ཞིག་རེད། སླད་མར་ཁྱེད་ཚོས་བྱ་བ་གང་བརྩམ་ཐམས་ཅད་བགེགས་མེད་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།
ཐུགས་རྗེ་ཆེ།
འདི་ནི་བོད་མི་མང་གི་རྒྱབ་སྐྱོར་དང་དུངས་ཞེན་ལ་བསྟེན་ནས་བསྒྲུབས་ཐུབ་པ་བྱུང་པས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ།
བརྩོན་རྒྱམ་ལགས་ ”འདི་འདྲའི་སྤྲོ་ཚོགས་ཤིག་བཀོད་སྒྲིག་གནང་ཐུབ་པ་ངོ་མ་རིན་ཐང་མེད་པ་ཞིག་རེད།” འདི་ག་རེ་ཟེར་གྱི་རེད། ???
ཟུར་གནས་བློ་ལྡན་ལགས།
འདིར་རིན་ཐང་མེད་པ་ཟེར་བ་བརྩོན་རྒྱམ་ལགས་ཀྱིས་ཧ་ཅང་བསྟོད་ར་ཚབ་ཏུ་བེད་སྤྱོད་བྱེད་ཀྱིན་ཡོད་པ་རེད་ལགས། སྐུ་ཉིད་ཀྱིས་རིན་ཐང་བྲལ་བའི་སློབ་དེབ་ཅེས་པའི་རྩོམ་ཡིག་དེ་ཀློག་མྱོང་ཡོད་ན། གོ་སླའོ།།
བོད་ཀྱི་སྐད་ལ་གཅིག་གྱུར་གྱི་ཐ་སྙད་ ༼བོད་སྐད༽ ཟེར་ལེ་རེད་ ཡབ་སྐད་ ཡུམ་སྐད་ཆི་མི་ཤེས་།
ཡུམ་སྐད་ཟེར་ན་ག་རེའི་སྐད་རེད། འདི་འདྲའི་ཐ་སྙད་རིགས་རྒྱུད་འཛིན་བྱེད་མཁན་རེད་པས། ད་ཡང་ཡབ་སྐད་རྒྱུད་འཛིན་ཚོགས་པ་ཞིག་ག་ནས་ཕེབས་ཡོང་།
ཡག་པོ་འདུག ཡིན་ནའང་གཟབ་གཟབ་བྱེད་དགོས་པ་ཞིག་ནི་བོད་ཀྱི་ཕ་སྐད་དག་མ་བཤད་འབྲིའི་ཐད་རེད། ཡམ་སྐད་ཟེར་བ་དེ་ཨིན་སྐད་ནས་ཐད་བསྒྱུར་བྱས་པ་ཞིག་རེད། རང་རེའི་བོད་ཀྱིས་ཕ་སྐད་ཟེར་གྱི་ཡོད་པས། དེ་རྣམས་མ་དག་རྒྱུན་འབྱམས་མ་བྱས་པར། དང་པོ་རང་ཉིད་ནས་གང་ཐུབ་ཐུབ་སྐད་ཡིག་གཙང་མ་ཡོང་ཐབས་ལ་འབད་དགོས་པ་རེད།
བསྟོད་མི་ཤེས་བའི་མྱིས་བསྟོད་པ་ལས་སྨད་མི་ཤེས་བའི་མྱིས་ངན་སྨོས་བྱས་ན་བཟང་ཞེས་པ་ནི་ཡང་དག་པའི་ཉམས་མྱོང་གི་སྡོམ་ཚིག་ཅིག་མ་ཡིན་ནམ། གོང་དུ་བརྩོན་རྒྱམ་ཟེར་བས་”ཡུལ་གྱིར་གྱི་འཚོ་བ་འདི་རྒྱུད་ནས་འདི་འདྲའི་སྤྲོ་ཚོགས་ཤིག་བཀོད་སྒྲིག་གནང་ཐུབ་པ་ངོ་མ་རིན་ཐང་མེད་པ་ཞིག་རེད” ཅེས་བ་ནི་ཁོ་བོས་བསྟོད་ཁུལ་བྱས་ཀྱང་དོན་དངོས་དེ་ལས་ལྡོག་ཏེ་རིན་ཐང་ཡོད་པ་བཀག་པ་མ་ཡིན་ནམ་། རི་བོ་གངས་ཅན་པའི་སྡ་སྤྲོད་སྨྲ་བ་སུ་ཞིག་ཡིན་ཡང་མེད་དང་མི་སོགས་དགག་སྒྲ་ཡིན་པའི་དགོངས་བ་གཅིག་བཚུངས་རེད་། ད་དུང་དམངས་ཁྲོད་ནའང་མ་དང་མེད་སོགས་དགག་སྒྲ་རུ་བེད་སྤྱོད་བྱེད་ཀྱིན་པར་འགྱིར་བ་གང་ཡང་ཕྱིན་མི་འདུག དེའི་ཕྱིར་། པིར་འཛིན་པ་ཞིག་ལ་མཚོན་ན་ཐ་སྙད་རེའི་རྒྱབ་ན་དོན་རེ་དང་སྡ་སྤྲོད་རིག་པའི་གཞུང་ལ་འགྲོ་ལུགས་རེ་ཡོད་པ་ཤེས་ན་པིར་འཛིན་པ་དོན་དངོས་ཚང་བ་ཞིག་མ་ཡིན་ནམ་།
ཡུམ་སྐད་དང་མ་སྐད། ཕ་སྐད་དང་ཡབ་སྐད། ཡང་། ཨ་མའི་ལྕེ་ཡང་འཚང་ག་རྒྱོབས་སྟངས་བོད་སྐད་འདི་ཕྱུག་དྲགས་ནས་ང་ཚོའི་ཕྲུ་གུས་གཅིག་ཀྱང་ལོབ་མི་ཐུབ་པ་འདིས་བྱས་པ་མིན་ནམ། དེས་ན། དོན་གཅིག་ལ། མིང་མང་པོ་ཡོད་འདི་ལ་ང་མི་དགའ་ལགས། དགེ་ཆོས་ལགས་ཀྱིས་ཀྱང་། མིང་རྫུན་མ་དེ་ཚོ་ཞེས་གསུངས་འདུག་དྲན། སྔར་སྙན་ངག་ལ་མཁོ་བའི་མིང་མང་ཡང་། དེང་སང་མཁས་པ་མང་དྲགས། ཤོད་སྲོལ་མང་དྲགས འབྲི་སྲོལ་མང་དྲགས། ད་ངའི་ཕྲུ་གུ་ལ་བོད་སྐད་ག་ནས་འགོ་བཙུགས་ནས་སློབ་དགོས་སམ་སྙམ་ལགས།
ལ་མོ་རྒྱབ་ཀྱི་ཆུ་རེད་།
ལ་གསུམ་མདོ་གྱི་ཆུ་རེད་།
ལ་ལུང་ཙྭ་སྨན་ཤིང་སྨན་།
ལ་ཆུ་གདུད་བརྩི་རང་རེད་།
ཡིག་ནོར་། བཚུངས་མ་ཡིན་པར་མཚུངས་ཡིན་།
ཐོག་མར་དྲ་གྲོགས་རྣམས་པར་ཚམས་འདྲི་ཞུ་རྒྱུ་ཡིན། ཁྱེད་རྣམས་པས་གླེང་སློང་བྱུང་བར་རྗེས་སུ་ཡིད་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་སྐད་ཡིག་འཇིག་འགྲོ་བའི་དུས་སྐབས་འདིར་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་འདི་འདྲ་ཞིག་སྤེལ་པ་ནི་མི་རིག་གི་འདུ་ཤེས་སམ་བོད་མིའི་ལ་རྒྱ་མཚོན་པས། ཁོང་རྣམས་པར་ཐུག་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་རིན་ཐང་བྲལ་བ་ཞིག་ཡིན་པར་ངོས་འཛིན་ཞུ་རྒྱུ་ལས་འཕྱ་མོད་དང་ཟུར་ཟ་མི་བྱེད་པར་རྗེས་སུ་ཡིད་རང་ཞུ་དགོས་སྙམས། བསམ་བློ་ཞིབ་མོ་ཞིག་བཏང་ན། དེ་ནི་ཡིད་སྐྱོ་བའི་གནས་ཞིག་རེད་སྙམས། རྒྱུ་མཚན་ནི་བོད་མིས་སོ་སོའི་སྐད་ཡིག་སྲུང་དགོས་པ་ནི་འུ་ཐུག་ཐབས་ཟད་ཀྱི་དུས་ཚོད་ཞིག་དང་། ད་དུང་བོད་པའི་ཕྲུ་གུས་བོད་སྐད་ཡག་པོ་རྒྱབས་གིས་ཞེས་སྤོ་བ་བྱེད་པ་ནི་ཡ་མཚན་པའི་གནས་ཚུལ་ཞིག་ག་ལ་ཡིན། ཧཧ