༄༅།། བཀའ་སྤྱི་གཉིས་ཀྱི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དང་བསྟུན། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྤྱི་ཁྱབ་རིག་གཞུང་འགན་འཛིན་ཤར་ཕྱོགས་ཁུག་རྟས་བོད་མིའི་རང་སྐྱོང་གི་གནས་བབ་གང་དུ་སླེབས་ཡོད་མེད་སྐོར་ཕྱོགས་བསྐྱོད་ངོ་སྤྲོད་གཏམ་བཤད་དང་དྲི་བ་དྲིས་ལན་བྱེད་བཞིན་པའི་སྐབས། ལས་འགུལ་གྱི་ཉིན་མཐའ་མར་ཤར་ཕྱོགས་ཁུག་རྟ་སྒེར་ནས་ཞིས་ཆིན་ཕིན་ལ་སྙན་ཞུ་ཞིག་ཕུལ་འདུག་པ་ཁ་སང་༢༠༡༣། ༢། ༡༣། ཉིན་པེ་ཅིང་དུ་འབྱོར་ཡོད་འདུག སྙན་ཞུ་དེའི་ནང”་ཁོ་སོགས་བཙན་བྱོལ་ནང་གི་མི་རབས་གསར་པ་རྣམས་གཙོས་བཙན་བྱོལ་མི་མང་གིས་ཤེས་ནས་ཡིད་ཆེས་རྙེད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པས། ༢༠༠༨ ལོར་སྤྲད་པའི་རང་སྐྱོང་བསམ་འཆར་དང་དེའི་འགྲེལ་བརྗོད་གཉིས་ནི་བོད་མིའི་མངོན་འདོད་དང་མཐུན་པའི་གྲོས་མོལ་གྱི་གཞི་གདན་ཡིན་པ་དང། ༧གོང་ས་མཆོག་གཙོས་བོད་མི་ཚོའི་རླབས་ཆེན་གུ་ཡངས་ཀྱི་གནང་ཕྱོགས་ལ་སྐུ་ཉིད་ནས་ཚུལ་མཐུན་ཡ་ལན་གནང་རོགས་དང། འཕྲལ་དུ་རང་སྲེག་གཏོང་མཁན་ཚོའི་མངོན་འདོད་ལ་ཉན་ཞིབ་དང། ཁོང་ཚོའི་ཕ་མ་སྐུ་མཆེད་ཡུལ་མི་ཉེ་འབྲེལ་ཚོར་བཙོན་འཇུག་གི་འུ་ཐུག་པའི་བྱེད་ཕྱོགས་ཕྱིར་འཐེན་གནང་རོགས་”ཞེས་འཁོད་འདུག གཞན་ཡང་ཡི་གེ་དེར་”བོད་མི་ཚོས་འཕྲལ་ཕུགས་གང་ཅིའི་གནས་བབ་མཁྱེན་པའི་ཐོག་དབུ་མའི་ལམ་ནས་མཐའ་གཅིག་ཏུ་རང་སྐྱོང་རྩོད་ཀྱི་ཡོད་ཀྱང། དེ་ལ་ཁ་ཕྲལ་ལམ་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་གྱི་མིང་གིས་བསྙད་པ་ནི་བོད་མིའི་དཀའ་ངལ་སེལ་འདོད་མེད་པ་དང། བོད་མི་ཉུང་ཤས་ཤིག་གི་རང་བཙན་དོན་གཉེར་ལ་ཁ་གཡར་ནས་མཐའ་གཅིག་ཏུ་མཁྲེགས་འཛིན་སྲིད་བྱུས་ལག་བསྟར་བྱས་ཏེ། ༧གོང་ས་མཆོག་ལ་སྐུར་འདེབས་དང་དབུས་བོད་མིའི་སྒྲིག་འཛུགས་དང་མཉམ་འབྲེལ་མོལ་མི་བྱེད་པ་ནི་རྣམ་དཔྱོད་ལྡན་པའི་བྱེད་ཕྱོགས་ཤིག་མིན་པ་མ་ཟད། བོད་ནང་གི་བོད་མི་ཚོས་རང་སྲེག་བསྟུད་མར་གཏོང་དགོས་པའི་རྒྱུ་རྐྱེན་དངོས་གནས་པ་དེ་ཆགས་ཡོད་པ་སོགས་”འཁོད་འདུག
བོད་མི་ཉུང་ཤས་ཤིག་གི་རང་བཙན་དོན་གཉེར་ལ་ཁ་གཡར་ནས་མཐའ་གཅིག་ཏུ་མཁྲེགས་འཛིན་སྲིད་བྱུས་ལག་བསྟར་བྱས་ཏེ། ༧གོང་ས་མཆོག་ལ་སྐུར་འདེབས་དང་དབུས་བོད་མིའི་སྒྲིག་འཛུགས་དང་མཉམ་འབྲེལ་མོལ་མི་བྱེད་པ་ནི་རྣམ་དཔྱོད་ལྡན་པའི་བྱེད་ཕྱོགས་ཤིག་མིན་པ་མ་ཟད།
བཀའ་མོལ་འདི་ལ་སྣང་བ་འགྲོ་སོང། དངོས་གནས་བྱས་ན་འདི་སྲིད་སྐྱོང་དང་སྐུ་ཚབ་ཚོས་གསུངས་པ་ཡིན་ན་དེ་བས་ཀྱང་ཡག་ག
དབུ་མའི་ལམ་ཟེར་བ་འདི་ལས་སླ་བོ་ཡོད་པ་མ་རེད། ཤེས་རྟོགས་བྱེད་ཡ་ལ་སློབ་སྦྱོང་མེད་དུས་དཀའ་ལས་ཁག་པོ་རེད།་སོང་ཙང་གཞོན་སྐྱེ་ཚོའི་ནང་སློབ་སྦྱོང་དངོས་གནས་ཡོད་མཁན་ཚང་མས་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་གནང་ཟེར་བ་དེ་ནི་བདེན་པ་རེད།
ད་གཡུག་ཞོགས། ཁུག་རྟ། སྒེར་དོན་ཅན།
འབུ་གྲོག་མའི་གཅུན་གྱིས་འཇིག་རྟེན་སྦངས་ཐུབ་ནི་མ་རེད། ཁུག་རྟ་བློང་རྒན། མི་ལོ་འདི་དག་གི་རིང་ལ་བཙན་བྱོལ་ནས་དབུ་མའི་ལམ་བཤད་བཤད་བསྒྲགས་བསྒྲགས་རུང་གོ་ནི་མེད་ན། ཐོས་རྒྱ་རྒྱུས་ང་མེད་པའི་རྒྱ་འདྲེ་ཚང་གིས་ཅི་འདྲ་ཞིག་བྱས་ནས་ཧ་གོ་ཚུལ་ཡོད་པ་རེད། དབུ་མའི་ལྟ་བ་ལ་གོ་རྟོག་སྤེལ་དུ་རྒྱ་འདྲེ་ཚང་ལ་ལོག་རྒྱུགས་ཤིག།
བཙན་བྱོལ་ལ་ཁྱོད་འདྲ་མོ་ཞིག་དགོས་དོན་མི་འདུག། ང་ཚོ་བཙན་བྱོལ་བས་ལྟ་བ་གཅིག་ལས་མ་ཚད་གཉིས་གསུམ་འདྲ་མིན་གྱི་སྒོ་ནས་རྒྱ་འདྲེ་ལ་ཁ་གཏད་གཅོག་བཞིན་ཡོད། དེ་ནི་མི་ཚང་ཞིག་སྐྱོང་དགོས་ན་ཡང་མ་མཐའ་ལ་ཤ་མར་ཐུད་གསུམ་ཚང་དགོས་བ་ལས་རྩམ་ནག་རྐྱང་རྐྱང་གིས་མྱི་ཚེ་མི་འཁྱོལ་བ་ནི་ཀ་ཁ་ག་ང་རེད་མོ།
མྱི་འདི་ལ་རྒྱ་གཟའ་ཕོག་འདུག་པས་སྐད་ཆ་ལ་མདོ་རྩ་མེད་པ་ཀུན་གྱིས་ཤེས་ན་བཟང་། བླ་མའི་སྲུང་འཁོར་སྐེ་ལ་གོན་ནས་བཤད་ཚད་པོ་ཁ་མཆུ་དང་དཀྲུག་ཤིང་ཡིན་པ་ཤེས་དགོས།
གནམ་ཟེར་བ་འདི་ཅི་འདྲའི་མི་དྲང་པོ་གླེན་པ་ཞིག་མ་རེད་དམ། ཁོས་སེམས་ལ་གང་ཤར་བཤད་པ་འདི་ཡག་པོ་འདུག་གཱ ཡིན་ནའང། དགོད་བྲོ་བ་ཞིག་ལ།། ཁྱིམ་ཚང་གཅིག་ལ་ཤ་མར་ཐུལ་གསུམ་དགོས་པ་ལྟར་བཙན་བྱོལ་གཞུང་ལ་ལངས་ཕྱོགས་སྣ་མང་དགོས་པ་རེད་ཟེར། ཧཧཧཧཧཧ སྙིང་རྗེ་ལབ་ན་འདི་རྗེ་ཡི་འདུག་ལ། གད་མོ་ཟེར་ནའང། འདི་ལ་ཤོར་གྱི་འདུག ཧཧཧཧ སོང་ཙང། བཙན་བྱོལ་གཞུང་གིས་དེ་རིང་དབུ་མ་བཤད། སང་ཉིན་རང་བཙན་བཤད། ཧཧཧཧཧཧ ད་ལས་མེད་ཚོས་དྲ་རྒྱའི་ནང་ཀ་ཁ་ག་ང་སྦྱངས་ཀྱི་ཡོད་ནའང། སྐྱག་པ་མ་བཏང་མ་གཏོགས།།།
ད་དུང་གཅིན་སྐྱག་གི་གཅིན་ཞབས་ཀྱུ་མ་རེད། ཧཧཧཧཧ
བོད་ཀྱི་དུས་བབ་ནང་གསར་འགྱུར་ཡག་མོ་ཞིག་འགའ།
ཕྱི་ཟླ་ ༢ ཚེས་ ༡༠ སྟེ་རྒྱའི་ལོ་སར་ཉིན། རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་ཞུ་གཏུགས་མང་ཚོགས་ ༢༠ ལྷག་གིས་འཕྲེད་དར་དང་པར་རིས་སོགས་འཕྱར་ཏེ། ས་གནས་སྲིད་གཞུང་གིས་མང་ཚོགས་ཀྱི་ཁང་ཁྱིམ་ས་ཞིང་དང་རྒྱུ་དངོས་རུལ་སུངས་བཤུ་གཞོག་བྱས་པར་བརྟེན་ནས། མི་མང་འགྲོ་ས་སྡོད་ས་མེད་པར་གྱུར་པའི་གནས་སྟངས་ཞུ་གཏུགས་ངོ་རྒོལ་བྱས་ཏེ། ཁྲིམས་ལ་བརྩི་མཐོང་ཡོད་པའི་ཐོག་ནས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་དགོས་པའི་རེ་འབོད་བྱས་ཡོད་པ་རེད།
དེ་བཞིན། རྒྱའི་ལོ་སར་གྱི་སྐབས་དང་བསྟུན་ནས། རྒྱ་ནག་གི་ཡུལ་ཕྱོགས་འདྲ་མིན་ནས་ཞུ་གཏུགས་མང་ཚོགས་བརྒྱ་ཕྲག་མང་པོ་པེ་ཅིན་དུ་འབྱོར་ཏེ། ད་ལྟའི་རྒྱ་གཞུང་གི་མགོ་ཁྲིད་གསར་པ་ཚོར་ལོ་སར་འཚམས་འདྲིའི་རྣམ་པ་སྤྱད་དེ། འབོད་ཚིག་དང་འཕྲེད་དར་སྣ་ཚོགས་སྟེང་། རྒྱ་གཞུང་དཔོན་རིགས་ཚོའི་རུལ་སུངས་བྱ་སྤྱོད་དང་། མི་དམངས་མང་ཚོགས་ལ་བཤུ་གཞོག་ནར་གཅོད་གཏོང་བཞིན་པའི་ཞུ་ཡིག་དང་པར་རིས་སོགས་བཀྲམས་ཏེ། ཞིས་ཅིན་ཕིན་གྱིས་ཉེ་ཆར་དཔོན་རིགས་རུལ་སུངས་ལ་བཀག་སྡོམ་གྱི་གཏམ་བཤད་དག་དངོས་སུ་ལག་བསྟར་དགོས་པའི་འབོད་སྐུལ་བྱས་ཡོད་འདུག
ཡིན་ནའང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་དམག་མི་འབོར་ཆེན་བསླེབས་ཏེ། ཞུ་གཏུགས་བྱེད་མཁན་མང་ཚོགས་རྣམས་ས་གནས་ཉེན་རྟོག་ཁང་དང་མང་ཚོགས་ཞུ་གཏུགས་ཁང་སོ་སོའི་ནང་བཙན་འཁྲིད་སོགས་བྱས་ཏེ། ཡུལ་ཕྱོགས་ཁག་ནས་འབྱོར་པའི་ཞུ་གཏུགས་མང་ཚོགས་ཚོའི་འདུ་འཛོམས་འཐོར་བཤིག་ཏུ་བཏང་ཡོད་འདུག
ཧ་ཧ། ཁུག་རྟ་ཐན་བྱ་འདིའི་ཐན་སྐད་ལ་དེ་འདྲའི་དགོད་སྤྱད་ཅིག་མ་རེད་པས། ལམ་དབུ་མའི་སློབ་གྲྭར་གཞུང་དམངས་གཉིས་ཀས་ལོ་མང་རིང་འབད་བརྩོན་ཧུར་ཐག་བསྐྱེད་ནས་སློབ་སྦྱོངས་བྱས་པ་མ་ཟད། ཀྲུང་ནན་ཧེའེ་ཡི་སློབ་དཔོན་ཆེན་པོས་སློབ་འཁྲིད་གང་ལེགས་གནང་ཚར་བ་མ་རེད་པས། འོན་ཀྱང་ཡ་མཚན་པ་ཞིག་ལ་ལམ་དབུ་མའི་སློབ་གྲྭ་ཆེན་མོ་ཐོན་མཁན་མེད་པ་མ་ཟད་ཚར་རྒྱུ་དང་རྫོགས་རྒྱུ་མེད་པའི་སློབ་གྲྭ་དེར་ད་ནི་སློབ་ཕྲུག་རྣམས་ཀྱང་ཡིད་ཐང་ཆད་ནས་སུན་སྣང་སྐྱེས་ཡོད་ཚོད་ཡིན།
དེ་ལྟ་བས་ནས་ཁུག་རྟས་གནས་དུས་མི་རབས་གང་ལ་ཡང་མི་མཐུན་པའི་སྐད་ངན་འདི་བསྒྲོགས་པར་ངེས་པར་དུ་རང་སེམས་རྣལ་དུ་འཕབས་དགོས་པ་མ་ཟད་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་ཁྲིམས་ལུགས་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པ་རེད། ཡང་གཅིག་མིན་ན་དུས་རབས་གོང་མ་གོང་མར་སྐྱར་ལོགས་བྱེད་དགོས་པ་མིན་དྲོ།
དེ་མིན་ན་དུས་རབས་ཉེར་གཅིག་པའི་གོ་ལ་འདིར་མི་དམངས་རང་བཞིན་གྱི་བསམ་ཚུལ་བཤད་མི་ཆོག་པ་དང་། ལྟ་བ་དང་ལངས་ཕྱོགས་སྲིད་ཇུས་གཞན་ཡོང་མི་ཆོག་པ་གཅིག་གི་སྟེང་དུ་བཙན་རྒྱུགས་བྱེད་དགོས་ཟེར་བ་དེ་གཅིག་བསྡུས་རིང་ལུགས་པའི་སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་རྒྱལ་ཁབ་རྒྱ་ནག་ལྟ་བུར་མ་གཏོག་ཡོད་མི་སྲིད་པ་ཞིག་རེད། འོ་ན་ལམ་དབུ་མ་འདི་གུང་ཁྲན་གཅིག་བསྡུས་རིང་ལུགས་རྒྱ་བསྐྱེད་གཏོང་བྱེད་ཞིག་ཨེ་རེད།
དེས་ན་དམངས་གཙོའི་ཁ་གཡང་སྒྲོགས་ཀྱིན་པའི་བཙན་བྱོལ་སྤྱི་ཚོགས་འདི་དོན་ལ་གནས་ཡོད་ན་ལྟ་གྲུབ་དང་ལངས་ཕྱོགས་བསམ་ཚུལ་སོགས་འདྲ་མིན་ཡོང་ཆོག་ལ། ཕན་ཚུན་གུས་བརྩི་དང་གུ་ཡངས་པའི་བགྲོ་གླེང་བརྒྱུད་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་རྩ་དོན་འཐབ་རྩོད་ལ་འབད་དགོས་པ་དེ་གནད་ཀྱི་དོན་པོ་མ་རེད་པས། དེ་མིན་ན་རྒྱ་ལ་དགའ་མཁན་ཚོ་རྒྱ་དང་འགྲོགས་བོད་ལ་དགའ་མཁན་ཚོ་བོད་དང་འགྲོགས་བྱེད་རྒྱུ་མ་གཏོག་ཅང་ལྷག་མེད་པ་རེད།
ཕྲན་ལྟ་བའི་ཡིན་ན་རང་བཙན་མ་གཏོགས་རྒྱ་ནག་མཉམ་དུ་བསྡོད་འདོད་མེད། འོན་ཀྱང་ཤར་ཕྱོགས་ཁུག་རྟས་ཀྱི་ལས་ཀ་བྱེད་སྟངས་དེ་ཡག་པོ་རེད་བསམ་ཡོད། གང་ཡིན་ཟེར་ན་ཁོང་རང་ལམ་དབུ་མ་ཡུད་ཆེས་བྱེད་མཁན་ཞིག་དང་དེས་སྒང་ལ་དངོས་ཡོད་གྱི་ལས་ཀ་བྱེད་མཁན་ཞིག་རེད། དེ་འདྲ་ཡིན་ཙང་ངའི་ཁོང་ལ་ངོ་རྒོད་བྱེད་འདོད་མེད། རྣམ་པ་ཚོས་བསམ་འཆར་བཤད་དུས་མི་སྒེར་པ་ལ་སྐྱོན་བརྫོད་མ་བྱེད་ན་ཡག་རེད་འདོད། དྲ་གྲོགས་ཚོ་ཞུ་རྒྱུ་ཞིག་ལ་ངའི་ཤར་ཁུག་ལགས་མི་ཚེ་ལ་འཇལ་མ་ཉོངས་ལ་རིགས་ཡང་མ་ཉོངས། དེ་འདྲ་ཡིན་ངའི་ཁོངས་ལ་ཁ་ཡག་ངོ་དགའ་དེ་འདྲ་རྩ་བ་རང་བྱེད་གི་མེད་ལ་བྱེད་དགོས་དོན་ཡང་མེད། ཡིན་ནའང་ལོ་ངོ་གསུམ་བཅུ་ལྷག་གི་རིང་ལ་ང་ཚོ་ནི་ལམ་དབུ་མའི་སྒང་ལ་བྱིན་པ་རེད་དེས། མི་དམངས་ནང་དུ་ལམ་དབུ་མ་སྒང་ལ་ཁཡོད་ལག་ཡོད་གྱི་ལས་ཀ་བྱེད་མཁན་ཤར་ཁུག་མ་གཏོགས་སུ་གང་ཡང་བྱུང་ཉོངས་ཡོད་མ་རེད། ངའི་ཤར་ཁུག་ལ་སྐྱོན་བརྫོད་མི་བྱེད་དོན་དེ་ག་རང་ཡིན། ཡིན་ནའང་ངེད་གཉིས་ཀྱི་ཆབ་སྲིད་གྱི་ལངས་ཕྱོགས་ཁ་ཁག་རེད་དེ། སྐྱོན་བརྫོད་བྱེད་འདོད་མེད།
ཤར་ཕྱོགས་ཁུག་རྟས་དབུ་མའི་ལམ་གྱི་ཆེད་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་ག་རེ་བྱས་ཡོད་པ་རེད་དམ། གསལ་བཤད་གནང་རོགས། མི་འདི་ལ་ངོ་མ་སུན་ཀི སྔ་ཕྱི་བར་གསུམ་ལ་རྙོག་དྲ་དང་རང་དོན་གྱི་བྱེད་སྒོ་ཁོ་ན་སྤེལ་བཞིན་འདུག
དབུ་མའི་ལྟ་བ་སྐྱོང་མཁན་ཚོས་རྒྱ་ནག་འོག་ལ་འཛུལ་ཞུགས་ཀྱིས་བསྐུལ་མ་བྱེད་མི་དགོས་པར་ཕ་ཡུལ་ལ་ལོགས་དང་ད་ལྟ་རྒྱ་ནག་དམར་པོའི་འོག་ལ་ཡོད་ཡོད་པ་རེད། ང་ཚོ་ལ་བོད་རང་དབང་རང་བདག་གི་རང་བཙན་གཙང་མ་ཞིག་མ་རག་བར་མུ་མཐུད་དུ་འཐབ་རྩོད་བྱེད་པ་ལས་རྒྱ་ནག་དམར་ཤག་མཉམ་དུ་ནམ་ཡང་མཉམ་སྡོད་མི་བྱེད།
རེད་རེད་་་་ཤར་ཁུག་གིས་ལས་འགུལ་དེ་ཡག་པོ་རེད་རྗེས་སུ་ཡིད་རངས་ཡོད། དེ་མིན་ཚོང་རང་གིས་རྒྱག་དུས་མགོ་བོ་ན་་མི་ཡི་རྒྱག་དུས་མིག་ན་མཁན་་མི་ངན་ཁ་ཤས་ཀྱིས་སོ་སོའི་གང་ཡང་མི་ཐོན་པ་དང་མི་ནུས་པར་མི་ལ་ངན་སྨྲས་དང་སྡུག་སྐད་འདོན་ནས་མི་ཚེ་རྫོགས་ཐབས་བཟོ་མཁན་དག་ངོ་མ་སྙིང་མ་རྗེ་ཨ་ཁ་ཁ་ཁ་ཁ་་་་་་་
མདོ་ཁམས་པ་ལགས། ཉིད་དངོས་ཡོད་ལ་ཡིད་ཆེས་ཡོད་ན་ངའི་གསལ་བཤད་དགོས་ཀྱང་བཤད་ཆོག། ཉིད་གྱི་ཕྱི་འདིང་ཞིག་རྒྱོབས་དང་ལོ་ངོ་གསུམ་བཅུ་ཡིའི་རིང་ལ་བཙན་བྱོལ་གཞུང་དང་མི་དམངས་ཚང་མ་ལམ་དབུ་མའི་སྒང་ལ་ཕྱིན་པ་རེད། ད་དུང་ཡང་གྲུབ་འབྲས་ལ་མ་ལྟོས་པར་ལམ་དབུ་མ་ལ་སྒང་ལ་གཞུང་དམངས་གཉིས་འགྲོ་དང་འགྲོ་བཞིན་ཡོད་པ་ནི་ཉིད་གྱི་མཁྱེན་གསལ། དེ་འདྲ་ཡིན་ཙང་ང་ཚོ་མི་དམངས་ནང་ན་ཤར་ཁུག་མ་གཏོགས་གཞན་སུ་འདུག་གམ། དུས་ཚོད་གྱི་དབང་གི་བཤད་མཚམས་འདི་ནས་འཇོག་གི་ཡིན། སློབ་གྲྭ་ལ་འགྲོ་དགོས་བྱུང། རྫེས་མ་འཇལ་ཡོངས།
མཆན་འདིའི་མགོ་མཇུག་བར་གསུམ་ཀློག་ཡོང་དུས་སེམས་ན་ནི་ཞིག་རེད།༸གོང་ས་མཆོག་གི་དགུང་ལོ་བཅུ་དྲུག་ནས་ཤར་ནུབ་གང་ལ་ལག་པ་ཐལ་མོ་སྦྱར་ནས་ད་བར་དུ་སློབ་སྤྱོང་སྤྲད་པ་ལ་འདི་འདྲའི་བསམ་བློ་ཞིག་དང་ཁོར་ཡུག་ཅིག་ཡིན་དུས་ཅི་འདྲའི་སྐྱོ་བ་ལའང་།སུ་དང་སུ་ཡིན་ན་སྐད་ཆ་བཤད་པའི་དབང་ཆ་ཡོད་ནི་རེད་ལ།འགྲིག་མི་འགྲིག་གི་སྐད་ཆ་སུས་ཀྱང་བཤད་ཐུབ་ནི་མ་རེད།ཡིན་ཡང་དོན་དང་ལྡན་པའི་སོ་སོས་བསམ་ཚུལ་འགྲེལ་རྒྱུ་ཡོད་ན་སེམས་དང་བསམ་པས་འགྲེལ་ན་འགྲིག་ནི་རེད་དེ།སྐྱེས་དམན་ངན་པ་ཁ་ཤས་འཛོམས་དང་ནི་འདྲ་བའི་ཨག་སྐད་དེ་དག་ཅི་འདྲའི་སྐྱོ་ཨང་།
ཤར་ཁུག་པས་རྒྱ་ནག་ལ་སྤྲད་པའི་ཡི་གེའི་ནང་འདི་ལྟར་འཁོད་ཡོད་ཟེར༼བོད་མི་ཉུང་ཤས་ཤིག་གི་རང་བཙན་དོན་གཉེར་ལ་ཁ་གཡར་ནས་མཐའ་གཅིག་ཏུ་མཁྲེགས་འཛིན་སྲིད་བྱུས་ལག་བསྟར་བྱས་ཏེ། ༧གོང་ས་མཆོག་ལ་སྐུར་འདེབས་དང་དབུས་བོད་མིའི་སྒྲིག་འཛུགས་དང་མཉམ་འབྲེལ་མོལ་མི་བྱེད་པ་ནི་རྣམ་དཔྱོད་ལྡན་པའི་བྱེད་ཕྱོགས་ཤིག་མིན་པ་མ་ཟད། བོད་ནང་གི་བོད་མི་ཚོས་རང་སྲེག་བསྟུད་མར་གཏོང་དགོས་པའི་རྒྱུ་རྐྱེན་དངོས་གནས་པ་དེ་ཆགས་ཡོད་༽གཟིགས་དང་དངོས་གནས་རྒྱ་གཞུང་གི་གསོས་པའི་ཕག་པ་རང་རེད། དགྲ་ལ་ངོ་དགའ་སྤྲེལ་ལད་གཉེན་ལ་མ་འགྲིག་རྐྱང་རྐྱང་། ད་དུང་དབུ་མ་ཡིན་ཅིག་ཧ་ཧ་ཧ་ཧ་རྒྱ་དམར་དང་མཉམ་གནས་བྱེད་འདོད་ཡོད་མཁན་མཐོ་དམན་ཚང་མ་རྒྱ་ནག་ལ་ཡི་གེ་བསྐུར་དགོས་ཡ་ཡོད་མ་རེད་ཕར་ལོག་རྒྱུག་དང་འགྲིག་འགྲིག་རེད། སྐུ་མཁྱེན་བོད་མི་གཅིག་སྒྲིལ་ལ་གནོད་པའི་ནི་ངན་དབུ་མའི་མིང་ཁྱེར་ནས་རྒྱ་དམར་དགོས་དོན་སྒྲུབ་མཁན་འདི་འདྲ་རེད། ད་རྒྱ་ནག་ལ་ཡི་གེ་ག་འདྲ་ཞིག་སྤྲད་འདུག
༼ ལག་ལེན་གསེར་གྱི་ཐིགས་པ། ༽
གཏམ་དཔེ་འདི་གནའ་སྔ་མོ་ནས་བོད་མི་རྒན་དར་གཞོན་གསུམ་གྱི་ཁ་ལ་གོམས་ལོབས་སུ་གྱུར་ཡོད་ན་ཡང་རིན་ཐང་གི་ཚད་ལ་མཐོང་མི་འཇོག་འདི་ཉེན་ཚབས་ཆེ་བའི་མི་རིགས་ཀྱི་བསམ་བློའི་ཤེས་ཚད་ལ་རྒྱ་མ་བཀྱག་ཡོད།
མདོར་ན་ཤར་ཁུག་གིས་བདེན་གཏམ་པར་དགག་དགོས་མ་མཐོང་་་་
དབུ་མའི་ལམ་གྱིས་སྲིད་ཇུས་ནི་མི་མང་གི་གཏན་འབེབས་གནང་བས་གཞུང་གི་སྲིད་ཇུས་ཤིག་ཡིན་ལ། ད་ལྟའི་སྐབས་སུ་ལམ་བུ་དེའི་སྒོང་དུ་འགྲོ་བཞིན་པ་ཡིན་པས་མི་སྒེར་སུ་ལ་ཡང་སྡུག་སྐད་འདོན་ས་ཡོད་པ་མ་རེད། གལ་སྲིད་ལམ་བུ་དེ་ལས་ལྷག་པ་ཞིག་འདི་ཡིན་མཚམས་སྦྱོར་དང་ཐབས་ལམ་བསྟན་རྒྱུ་ཡོད་པ་དང་་་་་རང་ཉིད་ཀྱིས་སྤྱིའི་དོན་དུ་བྱས་པ་འདི་ཡིན་ཤོད་རྒྱུ་ཡོད་ན་་་་མ་གཏོགས་དོན་མེད་སྡུག་སྐད་རྒྱག་མ་ཡོང་ཨ་་་་་
ཤར་ཁུག་ངར་ཀི། ཡིན་ན་འང་དབུ་མའི་ལམ་ནས་དུས་ཡུན་ག་ཚོད་རྫོགས་ཟིན།དེའི་རིང་
ལ་རྩ་བ་ནས་མེད་པ་ཆགས་སོང་བའི་ལས་དོན་ཇི་ཙམ་ཞིག
ཤར་ཁུག་ལྟ་བུའི་རྨོངས་དད་དང་ཕྱོགས་ཞེན་གྱིས་བཟི་པའི་མི་བུ་རེ་ཟུང་གིས་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོ་མཚོན་མི་ཐུབ།
བོད་མི་ཉུང་ཤས་ཤིག་གི་རང་བཙན་དོན་གཉེར་ལ་ཁ་གཡར་ནས་མཐའ་གཅིག་ཏུ་མཁྲེགས་འཛིན་སྲིད་བྱུས་ལག་བསྟར་བྱས་ཏེ། ༧གོང་ས་མཆོག་ལ་སྐུར་འདེབས་དང་དབུས་བོད་མིའི་སྒྲིག་འཛུགས་དང་མཉམ་འབྲེལ་མོལ་མི་བྱེད་པ་ནི་རྣམ་དཔྱོད་ལྡན་པའི་བྱེད་ཕྱོགས་ཤིག་མིན་པ་མ་ཟད། བོད་ནང་གི་བོད་མི་ཚོས་རང་སྲེག་བསྟུད་མར་གཏོང་དགོས་པའི་རྒྱུ་རྐྱེན་དངོས་གནས་པ་དེ་ཆགས་ཡོད་པ་སོགས་
༼ཞེས་འཁོད་པ་དེ་ནི་དངོས་གནས་ཧ་ལས་པའི་ཧམ་བཤད་ཞིག་མ་རེད་དམ་༽
ད་ལྟ་བར་བོད་ནང་གི་བོད་མི་རྒྱ་འགལ་བར་འགྲོམ་བཞིན་པའི་རང་ལུས་མེ་སྲིགས་ཀྱི་ལས་འགུལ་འདི་འུ་ཐུགས་ཐབས་བཟད་ནས་བོད་མི་ས་དབྱ་དུག་ལ་བདེ་བ་ཞིག་བྱུང་ན་དགོངས་ནས་མེ་ཆོས་ཕུལ་ཟིན་པ་དེ་ང་ཚོ་རང་ས་རང་སྲུང་མ་ཐུབ་བའི་བཙན་འབྱོར་ནང་གི་ཁ་བདེ་འཇོན་ཐང་མེད་ཁན་འདི་ཚོས་༼དཔེར་ན་སྤྱི་མཐུས་སྤེན་པ་ཚེ་རིང་བཞིན༽བོད་མིའི་ལུགས་རྒྱུ་ནག་སྲུབ་བཏང་ཁན་འདི་ཚོས་འདས་པོ་ཚོའི་ཞལ་གཞི་ལ་བཞག་ནས་གཏམ་ཤད་ཞིག་བྱས་ན་ཁོ་རང་ལོ་ཁ་ཤས་རྡ་རམ་ས་ལ་འཚོལ་འཁྱོལ་གྱི་རེད་བསམ།
ཤར་ཁུག་ལགས། སོ་སོའི་ཐོབ་ཐང་ཤེས་རྒྱུ་གལ་ཆེན་པོ་རེད། རང་ཉིད་ཀྱི་བསམ་ཚུལ་བཤད་རྒྱུ་དེ་ཁྱེད་རང་གི་ཐོབ་ཐང་རེད། མི་གཞན་གྱི་ཚབ་བྱས་ཏེ་ཧམ་པ་བཤད་པ་ནི་ངོ་ཚ་མ་ཡིན་ནམ།
ཤར་ཁུག་གིས་ཀྱང་རྒྱ་གཞུང་གི་སྨྱོ་ལབ་དང་གཅིག་པ་གཅིག་རྐྱང་བོད་ནང་གི་རང་ལུས་མེར་བསྲེག་དོན་རྐྱེན་སློང་མཁན་བཙན་བྱོལ་བོད་མིའི་ཚོགས་པ་སྒྲིག་འཛུགས་ཁ་ཤས་རེད་ལབ་འདུག་ག དངོས་གནས་མི་འདི་རྒྱ་འདྲེ་ཞིག་གི་ཆོ་འཕྲུལ་ཡིན་ན་མ་གཏོགས་དགེ་ཆོས་མཆོག་གི་ཡང་སྤྲུལ་མིན་པ་ཐག་གིས་ཆོད་འདུག
ངོ་འབག་མཐུག་དྲག། ཀླད་པ་བླུན་དྲག་པའི་སྐྱོན་ཅན་ཚོས་བོད་མི་གསར་སྐྱེ་བ་རྣམས་ལ་བསམ་སྦྱོར་ངན་པའི་དུག་ཆུ་ལྡུད་དུ་འཇུག་མཁན་དང་ལྡུད་མཁན་གཉིས་ལ་ངོ་རྒོལ་ཡོད། བོད་མི་གཞོན་སྐྱེས་བ་རྣམས་སྐྱོན་གྱིས་མ་བཙོས་བའི་ཀླད་པ་དང་ལྟ་བ་གསར་བ་ལ་མདུན་སྐྱོད་བྱེད་དུ་མཇུག་དགོས། མི་རབས་གསར་བ་རྒྱལ་ལོ།
ཧ་ཧ་་་་་་་་་་་་་་་་་་ཁ་རྡ་དྲྭ་འདི་་་་་་་ཤར་ལྐུག་ཁྱབ་བསྒྲག་བྱེད་ས་ཡིན་པ་འེ་རེད
ཨོ་ཨོ་་་་་་་་ཁ་རྡ་དྲྭ་བ་ནི་་་་་་་་ཤར་སྐྱག་གི་དཀྲིགས་ཤིངས་རྐྱང་རྐྱང་འདེབས་ས་ཡིན་ནམ
ཧོ་ཧོ་་་་་་་་་་་་ཁ་བརྡ་དྲྭ་དེ་་་་་་་་་་་་་་ཤར་ཁུག་གིས་རང་བསྟོད་འཐེན་ས་བཞག་པ་རེད་དམ
ཚ་ཤ་་་་་་་་་་་་་་་་་རང་གི་ཡིག་རྙོག་བྲིས་པ་རང་གིས་བཞག་་་་་་་་་དེ་ནས་རང་བསྟོད་བརྒྱབ་་་་་་་་ད་དུང་མིང་འདྲ་མིན་གྱི་འོག་ནས་མཆན་འདྲ་མིན་་་་་ཧ་ཧ་་་་་་་་་་་་་དེ་ཉིད་་་་་་་་་་་་ནང་བསྟན་་་་་་་་་གཞང་བཙོང་བཙོང་བྱེད་ཀི་འདུག་ག་་་་་་་ཧ་ཧ་་་་་་་་་་་་་་
རྒྱ་བྱ་ཤར་ཁུག་ལགས་ཀྱིས་ལོ་སར་ལེགས་སྐྱེས་སུ་ཕུལ་བའི། རྒྱ་མིའི་མངོན་འདོད་བསྒྲུབ་བྱེད་ཀྱི་ཡི་གེ་ཞིག་བཏང་ཡོད་ཟེར། མ་ཟད་དེ་ད་སྐབས་ཙམ་ལ་དཔེ་ཅིང་ནང་ཚགས་ཀྱི་གྲོགས་པོའི་ལག་ཏུ་འཕྲོད་ཡོད་རབས་ཟེར། ཧ་ཧ་ཧ་ཧ། ལུག་མགོ་བསྟན་ནས་ཁྱི་ཤ་བཙོང་བ་དང་ཅི་འདྲའི་འདྲ་བ་ཨང་། རྒྱ་བྱ་ཤར་ཁུག་ལྟ་བུའི་བོད་ཀྱི་གཞོན་སྐྱེས་ཀྱི་ཚབ་བྱེད་མི་ནུས་ལ། བོད་ཀྱི་གཞོན་སྐྱེས་ཚོའི་ཚབ་མཚོན་མི་སྣ་དེ་རྒྱ་བྱ་ལྟ་བུ་ལས་མེད་ན། དེ་ནས་ཁ་ཁོག་མཐུན་པར་ཆ་རྐྱེན་གང་ཡང་མེད་པར་རྒྱ་ལ་མགོ་བཏགས་ཞུ་ན་དགའ་ངེས་རེད། དབུ་མའི་ལམ་ཟེར་བ་དེ་གཞུང་གི་ལངས་ཕྱོགས་ཡིན་པ་གསལ་གསལ་ཐིང་ཐིང་རེད། རེད་དེ་དེ་ལ་ད་སྔོན་གྲུབ་འབྲས་འདི་རེད་ཟེར་བ་ཞིག་དོན་དངོས་ཐོག་ནས་བཤད་དུ་མེད་པ་གསལ་པོ་རེད། འོན་ཀྱང་ཅལ་འགྲོགས་རིང་ལུགས་པ་ཚོས་འུད་བརྗོད་ཀྱིས་མི་མང་མགོ་རྨོངས་སུ་བཅུག་པ་ཐེངས་གཅིག་ཙམ་མ་རེད། ཡིན་ཀྱང་ད་སྐབས་མི་མང་རྣམས་ཀྱང་གོ་རྟོགས་ཅུང་ཙམ་སད་ནས་རང་སྟོབས་ཀྱིས་རྟོག་དཔྱོད་ལ་འཇུག་ཤེས་ཀྱི་ཡོད་པས། ཤར་ཁུག་སོགས་ཏང་གི་སྐུ་ཚབ་ཚོགས་པས་སྔར་ལྟར་མགོ་སྐོར་གཏོང་ཆོག་གཅིག་ཏུ་ཆགས་མེད་པའང་ལེགས་ཕྱོགས་ཀྱི་འགྱུར་བ་རེད། ད་དུང་ལམ་དབུ་མ་ཟེར་བའི་ཟུངས་ཟད་ཀྱི་ནད་པ་ལྟ་བུའི་སྲིད་བྱུས་འདི་མུ་ནས་གཞུང་གིས་འཛིན་པའི་སྲིད་བྱུས་ཤིག་ཏུ་གནས་དགོས་མིན་དེ་གྲུབ་འབྲས་ལ་དཔག་པའི་ཐག་གཅོད་ཡོང་རྒྱུ་རེད། སྐབས་དེ་དུས་ཕོར་པ་དབུ་མའི་ལམ་ལ་བཟེད་པའི་ཏང་ཡོན་རྒན་གཞོན་རྣམས་ཀྱི་ལྟོ་གོས་ལ་དོ་ཕོག་ཅུང་འགྲོ་ངེས་ཡིན་ཀྱང་། འདི་ཙམ་བློས་མ་བཏང་མཐུ་མེད་རེད་པས་སྐབས་དེ་དུས་ཏང་གི་སྐུ་ཚབ་ཚོགས་ཆུང་ལ་དགོངས་དག་ཞུ་ངེས་ལ། མ་གཞི་བདག་པོས་ཀྱང་དེ་ལུགས་ཀྱི་གཟིགས་སྟངས་ཡོད་སྲིད་པས་རྣམ་པ་ཐུགས་ལྷོད་ཙམ་བཞུགས་དང་སྐབས་དུས་གང་འདྲ་ཞིག་ཏུ་ཁེལ་ཀྱང་མུག་ཤི་མི་ཐེབས་པའི་འགན་དེ་ངས་ཁུར་ཆོག ཧ་ཧ་ཧ་ཧ་ཧ།
ཤར་ཕྱོགས་ཁུག་རྟ་ལགས་ཀྱི་སྐད་ཆ་ལ་སྐད་ཆའི་ལན་འདེབས་མཁན་གཅིག་ཀྱང་མེད་པར། སོ་སོའི་ཚོར་བ་རེ་བཤད་བསྡད་པ་འདི་ང་ཚོའི་ལུགས་སྲོལ་ལྟ་བུ་རེད། དོན་དག་བཤད་མི་ཤེས་པ་འདིས་ང་ཚོའི་རྩ་དོན་མ་འགྲུབ་པ་དེ་ག་རང་རེད།།
ཤར་ཕྱོགས་ཁུག་རྟས་བཤད་པ་དེ་ཚོར་དོན་མཐུན་གྱི་ལན་འདེབས་ཐུབ་ན་རྒྱ་མི་ལ་ལན་འདེབས་པ་དང་གཅིག་པ་རེད། ཕལ་ཆེར་ཁོང་གིས་ང་ཚོར་སློབ་སྦྱོང་སྤྲོད་གི་ཡོད་པ་འདྲ།
སྔ་མོ་ཀླུ་སྒྲུབ་ཀྱིས་རང་གི་སློབ་མ་འཕགས་པ་ལྷ་ན་ལེན་ཌར་རྩོད་པར་མ་གཏོང་གོང་དུ། རང་ཉིད་ཀྱི་ཧིན་དུའི་ལྟ་བ་བཟུང་། དེ་ལ་འཕགས་པ་ལྷ་ལ་རྩོད་དུ་བཅུག་པ་ལྟ་བུ་མཐོང་།
ཁོང་གིས་བཤད་པ་འདི་དག་གཅིག་ནས་སྐུ་ཞོ་ཟམ་གདོང་གི་ཐུགས་དམ་བསྐང་རྒྱུ་དང་། གཉིས་ནས་མཁས་མདོག་བསྟན་པ་རེད།
མཁས་མདོག་བསྟན་པ་མངོན་སུམ་རེད།།
ཤར་ཁུག་མཁས་དོན་ཅི་རེད། ནང་རུས་རྐྱང་རྐྱང་བཤད་པས་རེད་དམ། (བཙན་བྱོལ་མི་མང་གིས་ཤེས་ནས་ཡིད་ཆེས་རྙེད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པས།) ཞེས་པ་དེར་གཟིགས་དང་། ཁོར་མཁས་པའི་རྣམ་དཔྱད་དང་ཁ་སྟོང་གིས་སྐྱག་རྫུན་ག་ཚོད་འདུག་གསལ་པོ་རེད། མི་འདིས་དབུ་མའི་ལམ་གྱི་སྐོར་མཐོ་མཐོར་དམའ་དམའ་བཤད་ཤོད་ཀྱིས་ང་ནི་དབུ་མའི་ལམ་ལ་བློ་ལོག་པ་མ་ཟད། དེར་ཡིད་ཐངས་ཆད་ནི་སོང་།
ཤར་ཁུག་གི་འཕྲིན་དེ་གཟིག་ལྤགས་གྱོན་པའི་བོང་བུ་རང་རེད། མགོ་ནས་མར་སུམ་ཆའི་གཉིས་ཙམ་ཅི་མི་བདེན་ལྟ་བུ་ཞིག་བྲིས་འདུག་ལ། དེ་ནས་ལྷག་མའི་ཆ་གཅིག་པུ་དེས་རང་མཚང་དམར་རྗེན་ལ་ཕུད་འདུག་ག དེ་རིང་ངས་ཁ་བརྡའི་ཁ་ཕྱེས་ནས་གནས་ཚུལ་གསར་བ་རེ་མཐོང་འེ་ཡོང་བལྟ་དུས། ཤར་ཁུག་སྒེར་གྱི་མིང་ཐོག་ནས་བསྐུར་བའི་ཆབ་སྲིད་དང་འབྲེལ་བའི་ཕྱི་ལོག་གི་འཕྲིན་ཞིག ཚེས་༡༣ཉིན་པེ་ཅང་དུ་འབྱོར་འདུག་པ་ཤེས་སོང་། ངས་ཡ་མཚན་བཅས་འཕྲིན་དེ་བདེ་བླག་ངང་ག་འདྲ་བྱས་ནས་པེ་ཅང་ལ་འབྱོར་བ་ཡིན་ནམ་བསམས། དེ་ནས་ཞིབ་ཏུ་ཀློག་དུས་མ་གཞི་མཇུག་གི་འཆལ་གཏམ་དེས་དྲིན་བསྐྱངས་པ་ཡིན་པ་ཧ་གོང་། ངོ་མ་ཡིད་སྐྱོ་བ་ཞིག་རེད། བརྗོད་བྱ་འདི་འདྲ་རྒྱ་རྒན་ཚང་ལ་མཚོན་ན་ངོ་མ་གསེང་སྲང་འབུམ་གྱིས་མཚོན་ཐུབ་པ་ཞིག་གཏན་ནས་མིན། གཅིག་བྱས་ན་ཤར་ཁུག་ལ་རྒྱ་རྒན་ཚང་གིས་དྲིན་བཟོའི་བྱ་དགའ་རེ་འབུལ་གཏན་ཁེལ་ཡོད་ཀྱི་རེད། རྒྱུ་འབྲས་ཡོད་ན།
མདའ་མོ་བ་ལགས། ཁྱེད་ཀྱིས་སྙན་ཞུ་གང་ནས་མཐོང་སོང། ངར་ཆ་ཚང་ཅིག་ཀློག་འདོད་འདུག
འདི་ནའང། ཤར་ཕྱོགས་ཁུག་རྟས་རང་བཙན་གསལ་བསྒྲགས་ཀྱི་ཕྱི་ལྤགས་བཤུས་འདུག དངོས་གནས་ལོས་ཡིན་བསམས་བསམས་ཞིག་གསུངས་འདུག ང་དང་ང་འདྲ་བ་ཚོ་གླེན་པ་ཆུ་སྣ་གར་ཁྲིད་ཡིན་སྟབས། ད་དངོས་གནས་དོན་དམ་བདེན་པའི་གནས་ཚུལ་དེ་གང་ཡིན་ཤེས་མ་སོང།།
འདིར་གཟིགས་དང། http://www.tibettimes.net/news.php?showfooter=1&id=7321
གླེན་པ་ཆུ་སྣ་གར་འཁྲིད་དབྱིན་མ་བོད་བློ་བཟང་མིང་ཅན་ལགས། བྱས་ན་༧གོང་ས་བཅུ་གསུམ་པ་ཆེན་པོས་རང་བཙན་བསྐྱར་བསྒྲགས་སྐོར་དུས་བབས་ནང་བོད་ཀྱི་ལོ་རྒྱུས་ཉམས་ཞིབས་པ་ཆུང་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པ་ཞིག་བཀོད་འདུག་པས་དེར་གཟིགས་རོགས། ད་དུང་དེའི་བསྐོར་ཆུང་ཚེ་རིང་ལགས་སུ་ཨ་རིའི་རླུང་འཕྲིན་ཁང་ནས་བགྲོ་གླེང་ཞུས་པ་ཞིག་འདུག་པས་དེར་ཡང་ཞིབ་གསན་གནང་རོགས། དེ་ནས་གླེན་པ་ཆུ་སྣ་གར་འཁྲིད་ཡིན་ཡང་ག་པར་འགྲོ་དགོས་མིན་ཁྱོད་རང་གི་རང་དབང་གཙང་མ་རེད། འོན་ཀྱང་ཕྱོགས་ཞེན་དང་རང་ཁེ་གཅིག་པུའི་དོན་དུ་མ་འགྲོ་རྒྱུའི་རེ་བ་བརྟས་ཡོད།
མ་གཞི་ཆུང་ཚེ་རིང་ལགས་དང་ཤར་ཁུག་གཉིས་མཚུངས་བསྡུར་བྱས་ན་ལོ་རྒྱུས། རིག་གནས། ཉམས་ཞིབས། གཞུང་ཞབས། ཉམས་མྱོང་གང་གི་ཆ་ནས་གནམ་སའི་ཁྱད་པར་ཡོད་ལ། མི་རིགས་ཀྱི་ལྟ་བ། མི་རིགས་ཀྱི་གདུང་ཞེན། མི་རིགས་ཀྱི་ལ་རྒྱ། མི་རིགས་ཀྱི་འདུ་ཤེས་སོགས་གང་གི་ཆ་ནས་ཆུང་ཚེ་རིང་ལགས་དང་འགྲན་མི་ནུས། བྱས་ཙང་ཤར་ཁུག་འདི་བོད་མིང་ཙམ་ལས་རྒྱར་འགྱུར་ཟིན་པ་རེད་ལ་ཁོའི་བྱ་བྱེད་ལས་གསུམ་ཚང་མ་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་བཀོད་མངགས་འོག་ལ་ཡོད་པ་རེད་ལ། ཁོ་པ་རང་ཉིད་ཀྱིས་ཀྱང་བཀོད་མངགས་ལས་དོན་མཐུས་ཤོར་མེད་པ་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད་པ་རེད་དོ། ཡིད་མི་ཆེས་ན་ཁོ་རང་ལ་ཁ་རེ་ཁར་འཐུག་སྐད་ཆ་དྲིས་དང་ཤེས་ངེས་རེད།
གསེར་འབྲུག་སྡེ་ལྔ་ནས་དོན་དངོས་ཤིག་བཤད་ཀྱི་འདུག་བསམས་སོང་མོད། ད་བྱས་དུས་ཕྱོགས་ཞེན་དུག་གིས་ཟོས་འདུག མ་གཞི་ནས་སྐད་ཆ་ཆོ་མེད་བཤད་ན་རང་མདོག་སྟོན་གྱི་ཡོད་ཀྱང། མི་རེ་ཤོས་ཤིག་ལ་དེས་ཀྱང་ངོ་གང་ནས་ཚ།།
དྲ་དམངས་ཀྱིས་བཤད་གསེར་འབྲུག་སྡེ་ལྔ་འདི་གྲྭ་ལོག་འཇིགས་བྲལ་བསྟན་འཛིན་རེད་ཟེར། མི་འདིས་སྔ་ཕྱི་བར་གསུམ་དུ་ཁ་བརྡར་མཆན་འགོད་སྟངས་ལ་བལྟས་ན་དེ་མིན་ན་སུ་ཡིན་བསམས་བསམས་ཅིག་འདུག་གདའ།།
http://www.youtube.com/watch?v=TTfG0IK1xmQ
http://www.youtube.com/watch?v=M_JumQPz5JY
http://www.youtube.com/watch?v=W0g7EVgMFtw
ཧ་ཧ། ཨེ་རེད་ དབྱིན་མ་བོད་བློ་བཟང་ལགས། འབྲེལ་མེད་དོན་གཞན་གྱི་སྨྱོ་ལབ་མ་བརྒྱབས། ང་འཇིགས་བྲལ་གྲྭ་ལོག་རེད་ཟེར་སུས་ཟེར་གྱི་འདུག། ང་གྲྭ་པ་བྱེད་མྱོང་མེད་ལ་དཀོར་ཟས་ཟ་མྱོང་མེད་ལ་དཀོར་རྒྱོ་བརྒྱབས་མྱོང་མེད་ལ་གྲྭ་ཆུང་གི་འཇིང་ཉག་ལ་ཁ་ཆུ་དེ་བས་གཏོང་མྱོང་མེད་ད། ཧ་ཧ། ཧི་ཧི།
ཤར་ཁུག་མིང་ཅན་འདིས་ཀྲུང་གོ་གུང་ཁྲན་ཏང་གི་མགྲིན་ཚབ་པ་ངོ་མ་འཇོན་གྱིན་འདུག་ལ། ཡེ་རྡོར་ལས་ལྷག་ན་ཡང་ཆོག། འདི་མོ་གཏམ་བཤད་འདི་མོ་ལས་བྱེད་དང་ཁྱེད་ལ་གཟེངས་སྟོད་ཐོབ་ནི་རེད་དོ།
ཤར་ཕྱོགས་ཁུག་རྟ་ཞེས་པ་ཐོས་མྱོང་། ལུང་པ་ག་ནས་ཡིན་མི་ཤེས། ཁོང་གི་རྩོམ་ཡིག་ཅིག་ལ་བལྟ་ན། ཁོང་ལུང་པ་ག་ནས་ཡིན་པ། གཅིག་ཆ་ན་ཤེས་པའི་རེ་བ་མཆིས། དྷ་ས་ན་བཀྲ་ཤིས་ཚེ་རིང་དིང་དུས་་བོད་ཀྱི་ལོ་རྒྱུས་མཁན་པོས། སྔར་གྱི་རྩོམ་ཡིག་དག་ཀློག་པ་ན། རྩོམ་པ་པོ་དེ་བོད་ཀྱི་ལུང་པ་གང་ནས་ཡིན་ཤེས་དཀའ། ད་ལྟའི་དུས་སུ་བརྩམས་པའི་ཡི་གེ་རྣསས་ཀློག་པ་ན། རྩོམ་པ་པོ་དེ་ལུང་པ་གང་ནས་ཡིན་པ་གསལ་པོར་ཤེས་ཐུབ་པར་བཤད། གང་ཡིན་ན་ཡང་། ཡི་གེ་དག་པ་དགོས་ཏེ། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་། བསྟན་དར་ལྷ་རམས་པས། རང་གི་གསུང་འབུམ་དེབ་ཤོག་༥༩༡ན།
་
ལེགས་པ་བས་ཀྱང་མགྱོགས་པ་གཙོ།
མགྱོགས་པ་བས་ཀྱང་སྙོམས་པ་གཙོ།
སྙོམས་པ་བས་ཀྱང་དག་པ་གཙོ།
དེས་ན་དག་པ་གཙོ་བོ་ཡིན།།
་
ཞེས་གསུངས་པ་ལྟར་དག་པ་དགོས་ཀྱང་། གོང་གི་མཆན་ཡིག་རྣམས་ན། ངས། ཞེས་པ་ལ། ངའི། ཞེས་དང་། ལོགས་དང་ལོག་གི་ཁྱད་པར་མ་ཕྱེ་བར་ལོག་གི་གནས་སུ་ལོགས་བྲིས་པ་དང་། ཅལ་འདྲོགས་ལ། ཅལ་འགྲོགས། ཞེས་དང་།པར་མ་ཟད་ལ། པ་མ་ཟད། ཅེས་དང་། བྱུང་མྱོངས་ལ། བྱུང་ཉོངས། ཞེས་དང་། ཡུལ་ལ་ལོག་དང་ལ། ཡུལ་ལ་ལོགས་དང་། ཉིད་ཀྱི་ལ་། ཉིད་གྱི། ཞེས་དང་། འོང་དུས་ལ། ཡོང་དུས། ཞེས་དང་། ཐབས་ཟད་ལ། ཐབས་བཟད། ཅེས་དང་། ནཱ་ལནྡཱ་ལ། ན་ལེན་ཌ། ཞེས་པ་ལ་སོགས་པ་བདག་རང་གི་བྲིས་ནོར་དག་ཆ་ལ་ཡང་མཁྱེན་ལྡན་རྣམས་ཀྱིས་ཞུས་དག་མཛད་དེ། བོད་སྤྱིའི་སྐད་འདི་ལེགས་པ་ཡོད་ན། བོད་ཀྱི་རིག་གཞུང་གནས་སྲིད། ཅེས་སོ།
ཤར་ཕྱོགས་ཁུག་རྟ་ལགས། ངས་ཁྱེད་རང་ལ་གསལ་བོ་ཞུ་རྒྱུ་ཞིག་ལ། ང་ནི་རང་དབང་གཙང་མ་དགོས་པའི་བོད་ཕྲུག་ཞིག་ཡིན་པ་ལས། ང་རྒྱ་མིའི་འོག་བསྡད་འདོད་མེད། ཡིན་ན་ཡང་། ངས་ནམ་ཡང་༸རྒྱལ་བ་རིན་པོ་ཆེ་ལ་སྐུར་འདེབས་བྱེད་མྱུང་མེད། ད་དུང་ངས་བོད་ནང་གི་བོད་མི་ཚོར་ལ་རང་སྲེག་བྱེད་དགོས་རེད་ཟེར་མྱུང་མེད།
༼འོག་གི་ཡི་གེ་འདི་ལ་ཁྱེད་ཀྱིས་བསམ་བློ་ཡག་པོ་བཏང་རོགས།༽
༼(བོད་མི་ཉུང་ཤས་ཤིག་གི་རང་བཙན་དོན་གཉེར་ལ་ཁ་གཡར་ནས་མཐའ་གཅིག་ཏུ་མཁྲེགས་འཛིན་སྲིད་བྱུས་ལག་བསྟར་བྱས་ཏེ། ༧གོང་ས་མཆོག་ལ་སྐུར་འདེབས་དང་དབུས་བོད་མིའི་སྒྲིག་འཛུགས་དང་མཉམ་འབྲེལ་མོལ་མི་བྱེད་པ་ནི་རྣམ་དཔྱོད་ལྡན་པའི་བྱེད་ཕྱོགས་ཤིག་མིན་པ་མ་ཟད། བོད་ནང་གི་བོད་མི་ཚོས་རང་སྲེག་བསྟུད་མར་གཏོང་དགོས་པའི་རྒྱུ་རྐྱེན་དངོས་གནས་པ་དེ་ཆགས་ཡོད་པ་སོགས་”འཁོད་འདུག)༽