བསྟན་འཛིན་ལེགས་བཤད་ཀྱིས་བླངས་བའི་འདྲ་པར་་ཁག་ཅིག
སངས་རྒྱས་སྐྱབས་ཀྱིས་བླངས་བའི་འདྲ་པར་ཁག་ཅིག
འགྲོ་དོན་རྣམ་གླིང་གིས་བླངས་བའི་འདྲ་པར་ཁག་ཅིག
བསོད་ནམས་ཙོ་སངས་ཀྱིས་བླངས་བའི་འདྲ་པར་ཁག་ཅིག
བློ་བཟང་དབང་རྒྱལ་གྱིས་བླངས་བའི་འདྲ་པར་ཁག་ཅིག
བསོད་ནམས་ཚེ་རིང་གིས་བླངས་བའི་འདྲ་པར་ཁག་ཅིག
བསྟན་འཛིན་བྱང་ཆུབ་ཀྱིས་བླངས་བའི་འདྲ་པར་ཁག་ཅིག
འདི་ལ་བསྣུན་དང་ཁོང་ཚོས་བླངས་བའི་འདྲ་པར་གཞན་ཁག་ལ་བལྟ་ཐུབ་པ་འདུག
པར་འདི་ཚོགས་ལ་དམིགས་བསལ་ཁྱད་ཆོས་ཅང་མཐོང་མ་སོང་ལགས།
ཧ་ལས་པའི་ཡག་པོ་འདུག ད་དུང་མུ་མཐུད་ནས་ཡར་རྒྱས་གཏོང་རོགས་ཞུ། ང་ཡང་པར་པ་ཞིག་ཡིན་པས་ངས་པར་ཡག་སྡུག་ཏོག་ཙམ་ལྟ་ཤེས། ངོ་མ་ཡག་གི་རྗེས་སུ་ཡི་རང་ཡོད།
ངས་ཀྱང་པར་འགའ་ཤིག་གཏོང་འདོད་ཀྱང་ཇི་ལྟར་གཏོང་དགོས་མིན་མི་ཤེས་པས་གསལ་བཤད་ཡོང་བ་ཞུ། ཐུགས་རྗེ་ཆེ།
ངོ་མ་དངོས་གནས་བ྄ྱས་ན། དུས་དེ་རིང་སང་གི་སུས་འདིར་ཚན་རིག་གོང་འཕེལ་ཤུགས་ཆེན་འག྄ྲོ་བའི་ས྄ྐབས་ཡིན་པས། བར྄ྙན་འཕ྄ྲིན་སོགས་ཀ྄ྱི་ལ྄ྟད་མོ། ངོ་མ་གསོན་པོ་བཞིན་བལ྄ྟ་ར྄ྒ྄ྱུ་ཡོད། ཡིན་ནའི་བཙན་བ྄ྱོལ་བོད་གཞུང་གི་པར་པ་ཚོས་བ྄ླངས་པའི་བར྄ྙན་འཕ྄ྲིན་ག྄ྱི་བར྄ྙན་པར་གང་ཡིན་ཡང༌། ནག་ཉིལ་ཉིལ་ལས། དྭངས་མ་ཞིག་བ྄ླངས་པ་མཐོང་ར྄ྒ྄ྱུ་མི་འདུག ཕལ་ཆེར་པར་པའི་ལག་ར྄ྩལ་མི་ལ྄ྡེང་བ་ཡིན་ནམ། ཡང་ན་པར་ལེན་འཕ྄ྲུལ་ཆས་དེ་གོག་ཏོ་གཅིག་ཡིན་ས་རེད། ངོ་མ་དེ་ཡར་ར྄ྒ྄ྱས་གཏོང་དགོས་ཀ྄ྱི་འདུག དེ་ས྄ྔོན་ང་བོད་ན་ས྄ྡོད་དུས་ག྄ྲོགས་པོ་འགས་ས྄ྲོག་ལ་འབེན་ལ་བཙུགས་ཏེ་རི་བོ་ཧི་མ་ལ་ཡ་བར྄ྒལ། ར྄ྒ྄ྱ་ནག་གི་དམ་བས྄ྒ྄ྲགས་ཆེ་བའི་འགག་ས྄ྒོ་རིམ་པ་བར྄ྒ྄ྱུད་ནས་༸གོང་ས་མཆོག་གི་མཛད་འཕ྄ྲིན་ས྄ྐོར་ག྄ྱི་བར྄ྙན་འཕ྄ྲིན་བོད་ནང་འཁ྄ྱེར་ཡོང༌ར྄ྗེས། དངོས་སུ་བལ྄ྟ་དུས་ཚང་མ་ནག་ཉིལ་ཉིལ་ལས། དྭངས་མ་ཞིག་ཕལ་ཆེར་མཐོང༌མ་སོང༌།
ཁྱད་ཆོས་ཅང་མཐོང་མ་སོང་ལགས།
པར་ཡག་པོ་འདུག་དང་མི་འདུག་ལབ་ན་རྒྱུ་མཚན་མི་འདུག
ཡག་པོ་མེད་ན་མེད་སྟངས་ཤོད། ཡག་པོ་ཡོད་ན་ཡོད་སྟངས་ཤོད།
བསྟན་འཛིན་ལེགས་བཤད་ཀྱི་པར་དང་པོ་དེ་ལ་དམིགས་བསལ་གྱི་ཁྱད་ཆོས་འདུག
ལེན་སྟངས་དམིགས་བསལ་རེད་འདུག
ཡང་ལཱ་གསུམ་གྱི་འོད་མདངས་དང་མུན་ནག་གཉིས་དུས་མཉམ་གཅིག་ལ་བླངས་འདུག སྤྱིར་བཏང་ནས་ཡང་ལཱ་འི་འོད་ཀྱིས་ཡང་ལཱའི་ཉེ་འཁོར་གྱི་མུན་ནག་ཆུང་དུ་གཏོང་གི་རེད།
འོན་ཀྱང་། པར་པ་འདིས་འོད་མདངས་དང་མུན་པ་གཉིས་དུས་མཉམ་ལ་བཞག་འདུག འདིའི་རིགས་འདི་པར་རྩལ་ཐུན་མོང་མ་ཡིན་པ་རེད།
ད་དུང་སངས་རྒྱས་སྐྱབས་ཀྱི་པར་གཉིས་པ། སྨུན་སྤྲིན་གྱིས་བཏུམས་པའི་རི་རྒྱུད་མང་པོ་ཨ་མའི་གདོང་གི་གཉེར་མ་བཞིན་ཡོད་པ་དེ་ཡང་ཡག་པོ་བླངས་འདུག
རི་རྒྱུད་དང་པོ་དང་མཐའ་མ་གཉིས་ཀྱི་སྣང་བརྙན་དེ་གསལ་ཆ་གཅིག་མཚུངས་ལྟ་བུ་སླེབས་འདུག
བསྟན་འཛིན་ལེགས་བཤད།
ཁུ་སིམ་མེར་བསམ་གཞིགས་གནང་བཞིན་པ་དེ་ཁྱེད་རང་ཡིན་པ་ཤེས་ཐུབ་ལ།
ཁུ་སིམ་མེར་འབར་བཞིན་པའི་སྒྲོན་མེ་དེའང་ཁྱེད་ཀྱི་བྲང་ཁོག་ནང་ཁུ་སེིམ་མེར་མཆེད་བཞིན་པའི་སེམས་པར་མཐོང་།
སངས་རྒྱས་སྐྱབས།
ཁྱེད་རང་གིས་རང་གིས་ལྷིང་འཇགས་ཀྱི་ཡུལ་ལྗོངས་དང་རབ་བྱུང་གི་མཛེས་སྡུག་ལ་བཅངས་པའི་དུངས་བ་གཟུགས་སུ་བཀོད་པ་འདི་ལགས་ཟེར་ནས་ངའི་རྣ་ལམ་དུ་ཞི་འཇམ་དང་བློ་བག་ཕེབས་པོའི་ངང་ཤབ་ཤུབ་བརྗོད་བཞིན་པ་དང་ཀུན་ནས་འདྲ།
འགྲོ་དོན་རྣམ་གླིང་།
མིའི་སྤྱི་ཚོགས་ཀྱི་སྣང་བརྙན་མ་ལུས་མིའི་སྤྱི་ཚོགས་རང་ལ་གསལ་བོར་ངོ་སྤྲོད་པའི་སླད་ཁྱེད་རང་གི་པར་ཆས་ཀྱི་སྒྱུ་རྩལ་ནང་ལྡོག་འཕྲོ་བྱེད་བཞིན་པའི་འོད་ཀྱི་འཕྲོ་འདུ་དེ་ཚོས་ང་ལ་གོ་དོན་ཟབ་མོ་ཞིག་མི་སྟེར་རང་སྟེར་ཆགས་སོང་།
བསོད་ནམས་ཙོ་སངས།
མིའི་འཇིག་རྟེན་གྱི་གཏིང་ཟབ་ཚད་དེ་ཁྱེད་ཀྱི་པར་གསུམ་ལས་ངས་ཚད་མཇལ་ཐུབ།
བློ་བཟང་དབང་རྒྱལ།
ངའི་མིག་འོད་ཐད་ཀར་གདོང་ལ་བོད་ཀྱི་རྒྱལ་དར་བྲིས་པའི་མི་ཚོགས་དེར་འཕྲོས། མི་ཚོགས་དེ་དང་འབྲེལ་བ་ཡོད་པའི་གོང་གི་སྤྲེའུ་དེ་གསར་འགྱུར་གང་ཞིག་འཐོབ་པར་རེ་བའི་སྐུ་ཤོག་དེའི་རྗེས་ནས་གཞི་ནས་མཐོང་། མངོན་འདོད་གང་ཞིག་མངོན་འགྱུར་བྱེད་ཐུབ་མིན་ལ་ཕལ་ཆེར་དྲི་བ་གཏོང་མཁན་ཡོད་རྒྱུ་མ་རེད་བསམས།
བསོད་ནམས་ཚེ་རིང་།
བོད། བོད་ཀྱི་རྒྱལ་དར། རྒྱལ་བ་རིན་པོ་ཆེ།
རྒན་པ་ཚོ་ཤི་སྐབས་སེམས་ངོ་ནས་ཡལ་མི་ཐུབ་པ་དེ་ཡིན་པ་དང། གཞོན་སྐྱེས་ཚོ་གསོན་སྐབས་ལམ་སྟོན་གྱི་སྒྲོན་མེ་ཡང་དེ་ཡིན་ཞེས་མི་མངོན་པའི་ཚུལ་གྱིས་ངེད་ཚོར་བསླབ་སྟོན་གནང་བ་ཐུགས་རྗེ་ཆེ།
བསྟན་འཛིན་བྱང་ཆུབ།
དད་མོས། བརྩེ་དུང་། འཚོ་བ་འདི་གསུམ་ནི་ང་ཚོའི་མི་ཚེའི་ཆ་ཤས་གལ་ཆེན་པོ་ཞིག་ཡིན་པ་ང་ལ་ལམ་སང་ངོ་འཕྲོད་སོང་།
དཔར་བ་དང་འགྲེལ་བཤད་ཀྱི་བར་ནས། འུ་ཅག་གིས་རང་རིགས་སྤུན་ཟླ་དག་གི་དཔར་རྒྱག་སྟངས་ཀྱི་ལག་རྩལ་ཡང་གོང་མཐོར་འགྲོ་རྒྱུར་རེ་བ་བྱེད།
དཔར་རྒྱག་མཁན་ཁོང་ནང་པ་ཅིག་ཡིན་པ་ཐག་ཆོད་ཤག དཀོན་མཆོག་གསུམ་ལ་མཆོད་མེ་རེ་རེར་འདུག་ག །
གོང་གི་འདྲ་པར་རེ་རེའི་སྒྱུ་རྩལ་དང་སྒྱུ་རྩལ་དེ་ལ་བརླན་པའི་པར་མཁན་ཚོའི་སེམས་པ། སེམས་པ་རེ་རེའི་རྒྱབ་ལྗོངས།
སོགས་ལ་འགྲེལ་བཤད་ཡག་པོ་ཞིག་བསྐྱོན་ཐུབ་ན་ཧ་ཅང་ཡག་པོ་འདུག
གློག་བརྙན་སྒྱུ་རྩལ་དང་པར་རྒྱག་སྒྱུ་རྩལ་། རོལ་མོའི་སྒྱུ་རྩལ་གསུམ་གྱི་ལམ་ནས་རང་གི་མི་རིགས་དང་དེའི་ལུས་ངག་གི་ཁྱད་ཆོས་རྣམས་ྐློག་མཁན་སྟོང་ཕྲག་གི་མིག་ལ་འཇོག་པ་ནི་རྩོམ་རེ་བྲིས་ནས་རང་གི་བསམ་ཚུལ་ྐློག་མཁན་ཚོའི་མིག་སྒོ་ལ་འཇོག་པ་དང་མི་འདྲ།
དང་པོ། གློག་བརྙན་དང་པར་རྒྱག རོལ་མོ་གསུམ་གྱིས་ལྟ་མཁན་དང་ཉན་མཁན་ཁྲི་སྟོང་མང་པོའི་སེམས་པ་དུས་ཡུན་ཐུང་ངུ་ཞིག་གི་ནང་ལ་འགུག་ཐུབ།
གཉིས་པ། ལྟ་མཁན་དང་ཉན་མཁན་ཚོའི་སེམས་ལ་བག་ཆགས་འཇོག་སླ་བ་མ་ཟད་སེམས་ལ་བཞག་པའི་བག་ཆགས་དེ་ཡལ་དཀའ།
གསུམ་པ། བག་ཆགས་གང་ཞིག་འཇོག་སླ་བ་དང་ཡལ་དཀའ་བ་ཡོད་ན། དེས་ཚོད་ཀྱིས་མི་སེམས་སྒུལ་བའི་ནུས་བ་ཐོན་ཐུབ།
གློག་བརྙན་དང་པར་རྒྱག རོལ་མོ་གསུམ་གྱི་སྒང་ནས་བོད་དོན་འཐབ་རྩོད་དང་དྲིལ་བསྒྲགས་རྒྱ་ཆེར་བྱེད་ཐུབ་པ་མ་ཟད་གཞོན་སྐྱེས་ཁྲི་སྟོང་མང་པོའི་སེམས་ལ་བོད་དོན་གྱི་སྣང་བརྙན་གསར་བ་ཞིག་བསྐྲུན་ཐུབ།
བསྟན་འཛིན་ལེགས་བཤད་ཀྱི་འདྲ་པར་གཉིས་པ་དེ། བཙན་བྱོལ་ནང་གི་གཞོན་ནུ་ཞིག་རེད།
པར་དེ་རྒྱག་དུས་དགུན་གཞུང་ཞིག་རེད། དགུན་གཞུང་ཞིག་ལ་གཞོན་ནུ་ཁོང་མེ་འཁོར་ལ་བསྡད་ནས་ས་ཆ་གཞན་ཞིག་ལ་འགྲོ་བཞིན་འདུག
མེ་འཁོར་དུ་བསྡད་ནས་འགྲོ་མཁན་གྱི་གཞོན་ནུ་ཁོང་དང་འདྲ་བའི་གཞོན་ནུ་མང་པོ་ཞིག། ཁོང་གི་ཕ་ཡུལ་ན། དགུན་ཁའི་གྲང་ངར་གདོང་གིས་བསུ་བཞིན་རྟ་གཡག་ལ་ཞོན་ནས་རི་ལུང་བརྒལ་དེ་འགྲོ་བཞིན་ཡོད། གཞོན་ནུ་ཁོང་དང་འདྲ་བའི་གཞོན་ནུ་མང་པོ་ཞིག། གྲང་ངར་དང་ལྟོགས་སྐོམ། འཆི་བ་སོགས་ལ་འཇིགས་པ་མེད་པར་ཧི་མ་ལ་ཡ་བརྒལ་ནས་བཙན་བྱོལ་ལ་ཡོང་བཞིན་ཡོད། ཞོགས་པ་དེར། མེ་འཁོར་ལ་སྡོད་མཁན་གྱི་གཞོན་ནུ་ཁོང་བསམ་གཞིགས་ཀྱི་གཡང་ལ་ཟགས་ནས་འདུག གཞོན་ནུ་ཁོང་གིས་འདས་དོན་ཞིག་ལ་ཕྱིར་དྲན་བྱེད་ཀྱིན་ཡོད་པ་འདྲ། འདས་དོན་དེའི་ཁོངས་སུ། གཞོན་ནུ་ཁོང་འགྲོ་མ་མྱོང་བའི་རང་གི་ཕ་ཡུལ་ཡོད། གཞོན་ནུ་ཁོང་ཐུག་མ་མྱོང་བའི་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་དག་ཡོད།
གཞོན་ནུ་ཁོང་གི་གདོང་ན་སྐྱོ་ཉམས་ཤིག་ཀྱང་མངོན་འདུག འདས་དོན་དང་གདོང་གི་སྐྱོ་ཉམས་གཉིས་ཀྱི་དབར་ན། གཞོན་ནུ་ཁོང་ལ་སྡུག་བསྔལ་ཞིག་ཡོད་པ་མངོན། སྡུག་བསྔལ་དེ་ནི་རང་དབང་རང་བཙན་མེད་པའི་སྡུག་བསྔལ་དེ་རེད། སྡུག་བསྔལ་དེས་གཞོན་ནུ་ཁོང་གི་སེམས་པ་འདས་དོན་གྱི་ཕྱོགས་སུ་འཁྲིད། སྡུག་བསྔལ་དེས་གཞོན་ནུ་ཁོང་གི་གདོང་ལ་སྐྱོ་བའི་ན་བུན་གཡོགས། དྲན་པ་དང་སྐྱོ་སྣང་། བསམ་གཞིགས་བཅས་དང་འགྲོགས་ཏེ་། གཞོན་ནུ་ཁོང་མེ་འཁོར་ལ་བསྡད་དེ་མུ་མཐུད་དུ་འགྲོ་བཞིན་འདུག