ཚེ་རིང་རྡོ་རྗེས་མེལ་སྦོན་དུ་བྲིས།
བཙན་བྱོལ་ནང་གི་བསྡུས་མིང་ཁ་ཅིག་ལ་དོན་ཉམས་པའི་སྐྱོན་ཡོད་དེ། དཔེར་ན། སྤྱི་ལྷན་དང་། གཞོན་ལྷན་དང་། བཀའ་སྤྱི་ལྟ་བུའོ།། མིང་བསྡུ་བའི་ཚེ། མིང་གི་བསྟན་དོན་གཙོ་བོར་འཛིན་པ་དང་། རྣམ་པ་ཕལ་བར་འཛིན་དགོས། མིང་གི་གྲུབ་ཆ་སོ་སོའམ་ཐུན་མོང་གི་དོན་གཙོ་བོ་གང་ཡིན་་ཤེས་ན། ཡིག་འབྲུ་གང་ཞིག་བསྡུ་རུང་བ་དང་། གང་ཞིག་བསྡུ་མི་རུང་བ་ཤེས། སྤྱི་འཐུས་ལྷན་ཚོགས་བསྡུས་ནས་སྤྱི་ལྷན་ཟེར་ན། མིང་གི་རྣམ་པ་བསྡུས་པ་ལས་དོན་གྱི་སྙིང་བོ་བསྡུས་མེད། སྤྱི་འཐུས་ནི། སྤྱི་བའི་འཐུས་ཚབ་བམ་འཐུས་མི་ཅེས་པ་བསྡུས་པའི་མིང་ཡིན་པ་དང་། གང་བསྡུས་ཞེ་ན། འབྲེལ་སྒྲ་དང་མིང་མཐའ་བསྡུས། སྤྱི་བ་ཞེས་པ་ལས་དོན་གྱི་སྙིང་བོ་སྟོན་པའི་སྤྱི་དེ་བཞག་པ་དང་། མིང་མཐའི་བ་དེ་མེད་ཀྱང་དོན་མི་ཉམས་པས་ན་བསྡུས། དེ་བཞིན་དུ། འཐུས་ཚབ་ཅེས་པ་ལས་ཚབ་བསྡུས་པ་དང་འཐུས་བཞག སྤྱི་འཐུས་ཞེས་པ་ནི་བསྡུས་མིང་ཡིན་པས། སླར་ཡང་བསྡུས་ན་ཐོག་མའི་མིང་གི་བསྟན་དོན་ཀྱི་ཆ་ཤས་ཉམས་པའི་སྐྱོན་འབྱུང་། ཅིས་ཀྱང་བསྡུ་དགོས་ཟེར་ན། འབྲེལ་ཆོས་སུ་གྱུར་བའི་སྤྱི་ཞེས་པ་བསྡུས་ཏེ་འབྲེལ་གཞི་ཡིན་པའི་འཐུས་ཞེས་པ་འཇོག་དགོས། ལྷན་ཚོགས་ཞེས་པ་ནི། ལྷན་དུ་ཚོགས་ཞེས་པ་ཡིན་ན། ཚོགས་ཞེས་པས་དོན་གཙོ་བོ་སྟོན་པས་ན། ལྷན་ཞེས་པ་བསྡུ་རུང་བ་དང་། ཚོགས་ཞེས་པ་བསྡུ་མི་རུང་། དེར་བརྟེན། སྤྱི་ལྷན་ཞེས་བསྡུས་ན། ཚང་མ་མཉམ་དུ་ཞེས་པའི་དོན་མག་མོག་ཙམ་ལས་སྟོན་མི་ནུས། འཐུས་ཚོགས་ཞེས་བསྡུས་ན། འཐུས་འཚབ་ཀྱི་ཚོགས་པ་ཞེས་པའི་དོན་རྟོགས་ཐུབ། དེ་བཞིན་དུ། གཞོན་ཚོགས་ཞེ་ན། གཞོན་ནུའི་ཚོགས་པ་ཡིན་པ་གོ་བདེ་བར་སྟོན་གྱི། གཞོན་ལྷན་ཞེ་ན། ཚོགས་པ་ཡིན་པའི་དོན་མི་རྙེད།
དེ་མིན། བུད་མེད་ལྷན་ཚོགས་ཞེས་པ་བསྡུས་ནས་བུད་ལྷན་ཞེས་བྲིས་པ་མ་མཐོང་། ངས་བམས་ན། གཅིག་ནས་བརྗོད་པ་མ་བདེ་བས་ཡིན་པ་དང་། གཉིས་ནས་སྔར་གྱི་དོན་ཅུང་ཙམ་ཡང་སྟོན་མ་ནུས་པས་ཡིན། མིང་ལ་ལ་བསྡུས་ན་སྔར་གྱི་དོན་གཞན་དུ་འགྱུར་འགྲོ། དཔེར་ན། བཀའ་སྤྱི་ལྟ་བུ། དེས་བཀའ་ཡོངས་རྫོགས་ཞེས་པའི་དོན་ཞིག་སྟོན་པ་ལས། བཀའ་ཤག་དང་སྤྱི་འཐུས་ཀྱི་དོན་མི་སྟོན། བཀའ་ཤག་ནི་གཞུང་ཕྱོགས་དང་སྤྱི་འཐུས་ནི་དམངས་ཀྱི་ཕྱོགས་ཡིན་པས། དེ་ལ་གཞུང་འབངས་སམ། ཡང་ན། གཞུང་དམངས་ (སྔོན་ཆད་རྒྱལ་འབངས་ཟེར) ཞེས་བསྡུས་ན་གོ་བ་ཇི་བཞིན་དུ་ལོན་ནོ།།
ཡིག་ཕྱེད་གོ་བས་ཀློག་ཟེར་བ་ལྟར་བཀའ་ནི་བཀའ་ཤག་དང་སྤྱི་ནི་སྤྱི་འཐུས་ཡིན་པས་བཀའ་སྤྱི་མཉམ་དུ་འཛོམས་པ་ལ་བཀའ་སྤྱི་ལྷན་ཚོགས་
ཟེར་བ་དང་བཀའ་སྤྱི་ལྷན་ཚོགས་ཟེར་བའི་ཐ་སྙད་དེ་བཙན་བྱོལ་བོད་
མིའི་བཅའ་ཁྲིམས་ནང་འཁོད་པའི་ཁྲིམས་མཐུན་གྱི་ཐ་སྙད་ཡིན་མིན་
འཐེ་ཚོམ་ནང་ལྷག་མི་འདུག་གམ།
དེ་འདྲ་མང་དག་ཅིག་འདུག ས་འཐུས་དང་ སརྒྱུནསོགས་མང། དེ་དག་ནི་སྐད་ཡིག་གི་ཁ་བྲལ་བ་རེདལབ་ན་མི་བདེན་པ་མིའདུག ང་ཚོ་བོད་ནང་གི་བོད་པས་དེཚོའི་དོན་གོ་གི་མི་འདུག
བཀའ་སྤྱི་ཟེར་བའི་ཐ་སྙད་དེ་བསྡུས་སྒྲ་དང་བཀའ་ཤག་དང་
སྤྱི་འཐུས་ཟེར་བའི་ཐ་སྙད་དེ་འབྲེལ་སྒྲ་ལ་གོ་དགོས་པ་མ་རེད་དམ།
བཀའ་སྤྱི་གཉིས་དང་། ས་རྒྱུན་གཉིས། རྒྱལ་འབངས་གཉིས། གཞུང་མངས་གཉིས། བཀའ་བསྟན་གཉིས། གཞིས་བྱེས་གཉིས། རྒྱ་བོད་གཉིས། བལ་བོད་གཉིས། བན་བོན་གཉིས། ཕྱི་ནང་གཉིས། ས་དགེ་གཉིས། བཀའ་རྙིང་གཉིས། དགེ་སློབ་གཉིས། སྤྱི་སྒེར་གཉིས་སོགས་ཤིནད་ཏུ་མང་ངོ་།།
སླ་མོ་དག་དཀའ་ཚེགས་ཅན་གྱི་འགྲེལ་བཤད་ཀྱིས་གླེང་འདུག བཀའ་སྤྱི་ལབ་ན་མི་འགྲིག་པ་སོགས་ཀྱི་རྒྱུ་མཚན་དེ་ཚོ་ཟླ་ཐུབ་ཀྱི་ཚེ་ཚད་ཅན་མ་རེད།