ལྷག་དཀར་གྱིས།
——-
བཙན་བྱོལ་ནང་གི་ཚོགས་པ་སྐྱིད་སྡུག་ཁག་ལ་ཞུ་རྒྱུར། དེ་རིང་བོད་ཀྱི་དུས་བབ་གསར་ལམ་ནས་ཚོགས་སྐྱིད་༡༡གི་གསལ་བསྒྲགས་ཅེས་པ་དང་ཁ་བརྡ་དྲ་ཚིགས་བརྒྱུད་ནས་རེབ་ཐོག་མདའ་ཟེར་བ་ཞིག་གིས་བྲིས་པའི་བོད་པ་ལ་དུང་ཞེན་ཡོད་ན་གོང་ས་མཆོག་གི་དགོངས་པ་མ་དཀྲུག་ཅེས་པའི་རྩོམ་དེ་གཉིས་མཐོང་ནས་སེམས་པ་མི་སྐྱིད་པ་ཅིག་བྱུང་སོང་། རྒྱུ་མཚན་བོད་ནང་གི་མི་མང་པོ་ཞིག་ལ་མཚོན་ན་ནམ་རྒྱུན་རྒྱ་ནག་གི་དམ་དྲག་པའི་སྟངས་འཛིན་འོག་ན་བཙན་བྱོལ་ནང་གི་གནས་སྟངས་ཕྲ་ཞིང་ཕྲ་བ་རེ་རེར་མིག་ལྟོས་དང་རེ་བ་བྱེད་ཀྱི་ཡོད་པ་བཞིན། ཉེ་སྔོན་༧གོང་ས་མཆོག་ནས་ལ་དྭགས་དང་ཨོ་སི་ཁྲི་ལི་ཡ་ནས་གསུངས་པའི་བཙན་བྱོལ་བོད་གཞུང་གི་མིང་བརྗེ་སྒྱུར་ཐད་ཀྱི་གསུང་བཤད་གང་ལའང་མཚོན་ནའང་ཁོང་ནས་བོད་པ་སྤྱི་བའི་ལས་དོན་ལ་འཐུས་ཤོར་ཡོང་ཉེན་གྱིས་ཆུ་མ་ཡོང་གོང་གི་རགས་བྱས་ཏེ་ཚང་མའི་བྱ་བ་གང་ལའང་བབ་ཅོལ་བྱེད་མི་ཉན་པའི་ཉེན་བརྡ་བཏང་བ་ཙམ་ལས་ཚོགས་པ་དང་ཚོགས་པའི་བར་དུ་བསྒྲགས་གཏམ་སྤེལ་ནས་ངོ་རྒོལ་བྱེད་རྒྱུ་ཞིག་ཡེ་ནས་གསུང་མི་འདུག་པར་བསམ། བཙན་བྱོལ་གཞུང་མང་གང་ལ་མཚོན་ནའང་བོད་ནང་གི་མི་རྣམས་ཀྱིས་རྣ་བས་ཉན་ས་དང་སེམས་ཀྱིས་རེ་ས་གཅིག་པོ་ཡིན་པས་གཞུང་སྒེར་གྱི་ཚོགས་པ་གང་ལ་མཚོན་ནའང་སྒེར་གྱི་ཆགས་སྡང་བསགས་ས་ཞིག་ཏུ་མི་འགྱུར་བར་ཚང་མས་རེ་ས་གཅིག་པོ་སྟེ་བོད་མི་ས་ཡ་དྲུག་གི་བདེ་སྡུག་གཞི་ལ་བཞག་ནས་བྱ་བ་གང་ལའང་བསམ་ཤེས་ཀྱིས་ཞུགས་ན་འགལ་བ་ཐལ་ཆའི་རིགས་བྱུང་མི་སྲིད་པ་ཞིག་རེད། དེ་བས་ང་ཚོས་གསུང་གཅིག་ཉིད་དུ་གསུངས་ནའང་།། དུ་མ་ཉིད་དུ་སོ་སོར་གོ་ཞེས་པ་བཞིན་གོང་ས་མཆོག་གི་གསུང་གང་ཡིན་ཡང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བདེ་སྡུག་གི་ཆེད་དུ་གསུང་གི་ཡོད་པ་བཞིན་ང་ཚོ་མི་རེ་ངོ་རེ་ནས་བོད་སྤྱི་བའི་འཕྲལ་ཕུགས་ཀྱི་བདེ་དོན་ལ་བསམ་བློ་བཏང་ནས་མི་སྒེར་དང་ཚོགས་པ་གང་ཡིན་ཡང་སོ་སོ་རང་ངོས་ནས་བསམ་བློ་བཏང་སྟེ་དུས་ལ་དཔག་ནས་བབ་དང་བསྟུན་རྒྱུ་གལ་ཆེན་རེད་བསམ་ལ། དེ་མིན་གོང་ས་མཆོག་གི་གསུང་ཁ་ལ་ཁྱེར་ནས་ཚོགས་པ་སྐྱིད་སྡུག་གི་བར་དུ་ཆགས་སྡང་བསགས་རྒྱུ་ནི་གོང་ས་མཆོག་གི་དགོངས་བཞེད་ཡེ་ནས་མ་ཡིན་པས་ཚོགས་པ་དང་ཚོགས་པའི་བར་དུ་བསྒྲགས་གཏམ་སྤེལ་ནས་ངོ་རྒོལ་བྱེད་པ་ནི་ཐལ་དྲགས་མ་སོང་འང་བསམ་ལ། བཙན་བྱོལ་ནང་གི་ཚོགས་པ་སྐྱིད་སྡུག་གང་ཡིན་ཡང་ལས་དོན་ལ་འཐུས་ཤོར་བྱུང་ས་ཡོད་སྲིད་མོད། ང་རང་སྒེར་ངོས་ནས་གཞོན་ལྷན་སོགས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ནམ་ཡང་རྗེས་སུ་ཡི་རང་བྱེད་ཀྱི་ཡོད་ཀྱི་ཡོད་ལ། ཚོགས་པ་གང་དང་གང་ལ་ཡང་རང་རང་གི་ལངས་ཕྱོགས་དང་རྩ་དོན་ཡོད་པས་སྐབས་རེར་ཕན་ཚུན་བར་ལ་འགལ་ཆའི་རིགས་བྱུང་ཡང་སྲིད་མོད་འོན་ཀྱང་སོ་སོས་ཚོགས་པ་བེད་སྤྱད་ནས་མི་སྒེར་གྱི་ཆགས་སྡང་དང་དུངས་ཞེན་བརྩད་དེ་བོད་པའི་མཐུན་སྒྲིལ་ལ་གཏོར་བཤིག་མི་ཡོང་རྒྱུ་དང་མདོ་དོན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བདེ་དོན་ལ་དམིགས་པའི་ཀུན་སློང་གཙང་མ་ཞིག་གིས་ཕན་ཚུན་ལ་བསམ་ཤེས་བྱེད་རྒྱུ་དང་། དགོན་གྲོང་གང་གིས་ཀྱང་༧གོང་ས་མཆོག་གི་བཀའ་ཆགས་སྡང་སློང་བྱེད་དུ་མི་འཁྱེར་བའི་རེ་བ་ཧ་ཅང་ཆེ།། འདི་ང་རང་སྒེར་གྱི་རེ་བ་ཡིན་པས་བོད་ནང་གི་བོད་མི་ཡོངས་ཀྱི་ཚབ་བྱེད་མི་ཐུབ།
བོད་མི་རིགས་ཀྱི་ཕུགས་བསམ་དང་འབྲེལ་བའི་བཀའ་མོལ་འདི་བཟང་གིན། བོད་ནང་གི་གངས་ཅན་པ་དེ་ཚོས་བོད་ལ་གདུང་ཞེན་དང་ལྷག་བསམ་བཅས་ལ་ཡིད་རང་བཅོས་མིན་ཞུ།
ཁ་ཞེ་གཉིས་མེད་ཀྱིས་བོད་སྤྱི་ལ་ཕན་པའི་གཏམ་དྲང་པོ་ཞིག་རེད་འདུག་པས་ཡི་རངས་ཡོད། ནང་ཁུལ་ཛ་དྲག་དྲག་གིས་ལྟ་བ་དང་བསམ་ཚུལ་མི་མཐུན་པ་ཕྲན་བུ་རེ་བྱུང་མཚམས་དཀྲོག་རྐྱེན་བཟོས་ན་དེའི་འཇུག་འབྲས་ནི་དགྲ་དགའ་གཉེན་སྡུག་རང་ལས་གང་ཡང་མེད་ལ་ཆིག་སྒྲིལ་གྱི་གོང་བུའི་ནུས་པའང་ཤོར་འགྲོ ༸གོང་ས་མཆོག་ལ་ཡིད་བློས་འགེལ་བྱོས། བསམ་ཚུལ་མི་མཐུན་པ་ཚོར་ནང་ཚགས་ཀྱིས་བཤད་ཡངས་བྱོས། ལྟ་ཚུལ་མི་མཐུན་པ་ཚོར་རང་དབང་གིས་ཁོང་ཚོའི་འདོད་པ་གང་ཡོད་བཤད་དུ་བཅུག མི་མང་ཚོས་རང་གིས་གང་ལ་ཡིད་ཆེས་ཆེ་ས་དང་བདེན་པ་མང་སའི་ཕྱོགས་ལ་སླེབས་ཡོང་གི་རེད། གནད་འགག་གང་ཡང་ཡོད་མ་རེད།
དྲ་བདག་ལགས། ད་ནས་བཟུང་བདག་གིས་མིང་(རུ་ཤུལ་བུ་)འདི་གཅིག་པོར་སྤྱོད་རྒྱུ་ཡིན་པས་དེ་ལུགས་ཐུགས་འཇག་འཚལ།
བོད་འབྱོར་དེ་ཤིན་ཏུ་བདེན། མཐུན་སྒྲིལ་གནང་རྒྱུ་གལ་ཆེ།
ངོ་མ་ཡག་པོ་གསུང་འདུག ལྷག་བསམ་ཅན་ཟེར་ན་འདི་འདྲ་དགོས། བཙན་བྱོལ་ནང་གི་ཚོགས་པ་དང་མི་འདི་ཚོས་སུན་བཅུག་གི་འདུག འདི་ཚོ་ནི་དགོས་ས་ལ་ཆད། མི་དགོས་ས་ལ་ལྷག་སྡད་མཁན་ཀྱང་ཀྱང་ཡིན།
རེད། དངོས་གནས་རེད། བསྒྲགས་གཏམ་སྤེལ་བྱས་ངོ་རྒོལ་བྱ་རྒྱུ་ཞིག་ཡོད་ན་མཉམ་རུབ་ཐོག་རྒྱ་དམར་གཞུང་ལ་བྱོས་དང་དོན་དང་ལྡན་པ་རེད་དེ་མིན་བོད་མི་ནང་ཁུལ་བསྒྲགས་གཏམ་སྤེལ་རྒྱུ་དེ་ཐབས་སྡུག་རང་རེད་ལ་ངོ་ནོངས་དགོས་པ་ཞིག་ཀྱང་རེད།
གོང་གི་ལྷག་དཀར་གྱིས་ཆེད་དུ་བོད་ནང་ནས་ཕུལ་བའི་བཙན་བྱོལ་ནང་གི་ཚོགས་པ་སྐྱིད་སྡུག་ཁག་ལ་ཕུལ་བའི་ཞུ་ཡིག་དེ་ལ་རྒྱབ་སྐྱོར་ཡོད། དེང་གི་དུས་འདིར་འུ་ཅག་བོད་རིགས་ཡོད་དོ་ཅོག་གིས་རང་རང་གི་ཆབ་སྲིད་ཀྱི་ལྟ་བ་དང་། ལངས་ཕྱོགས་གཙོ་བོར་མི་འཛིན་ཞིང་བོད་རིགས་ནང་ཁུལ་མཐུན་འབྲེལ་ལ་འབད་པ་ལྷོད་མེད་གནང་རྒྱུ་དེ་བཙན་བྱོལ་བ་ངས་ཀྱང་རེ་འདུན་སྙིང་ནས་ཞུ་རྒྱུ་དང་། བོད་མི་སུ་ཡིན་ཡང་རྗེས་ཕྱོགས་དགྲ་དགའ་གཉེན་སྡུག་གི་ལས་མི་མཛད་པའི་དྲན་ཤེས་རྒྱུན་དུ་བསྟེན་རོགས་གནང་།
གོང་གི་བོད་འབྱོར་རྩོམ་ཡིག་དེའི་ནང་གནད་འགག་ཡོད་པའི་སྐད་ཆ་ཇི་སྙེད་འདུག་པས་དེ་དག་སྣང་མེད་དུ་མི་འཇོག་པར་བསམ་བློ་གཏོང་དགོས་པ་ཞིག་རེད་སྙམ།
དཔྲལ་པའི་མིག་གིས་བཙན་བྱོལ་བོད་ལ་བལྟས། །
ཡ་ཆུང་ཁོག་ལ་བོད་མིའི་བདེ་སྡུག་བསྒོམས། །
ལྷག་བསམ་དག་པའི་ཚིག་གསུམ་གླེང་བ་འདི། །
ཡུལ་གྱར་བོད་མིའི་སྙིང་ལ་བཅིངས་པར་འོས། །
ལྷ་དཀར་གྱིས་གསུངས་པ་དེར་གནས་ལུགས་འདུག བཙན་བྱོལ་ནང་གིས་ཚོགས་སྐྱིད་བཅུ་གཅིག་གིས་གཞོན་ནུ་ཚོགས་པར་ཟློ་བ་དེ་ནི། ༸གོང་ས་མཆོག་གིས་བཀའ་དགོངས་དང། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་མངོན་འདོད་དང་གཏན་ནས་མཐུན་མེད། དེས་ན་ ༸གོང་ས་མཆོག་གིས་བཀའ་དགོངས་བསྒྲུབ་རྒྱུ་དང། བོད་ཀྱི་རྩ་དོན་ལ་སྨན་པའི་ཕྱག་ལས་གནང་མ་ཐུབ་རུང། དོན་མེད་ནང་ཁུལ་ལ་གཡེན་དཀྲུགས་འདི་འདྲིའི་རིགས་མ་སྤེལ་ན་བཟང།
གནད་ལུགས་དང་རྒྱུ་མཚན་ཡང་དག་གིས་ཕྱུག་པའི་སེམས་གཏམ་ཞུ་ཡིག་འདིར་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད། ཚོགས་སྐྱིད་༡༡ གི་བསྒྲག་གཏམ་དེ་ནི་རང་མགོ་བརྡུང་བྱེད་ཀྱི་ཐོ་བ་རང་རེད་མ་གཏོགས་གཞན་ཅི་ཡང་མ་རེད།
མདོར་ན་རང་བཙན་དང་དབུ་མའི་བར་ལ་ལྟ་གྲུབ་རྩོད་པ་དེ་ཐམས་ཅད་རང་མགོ་རྡུང་བའི་ཐོ་བ་རྐྱང་རྐྱང་ཡིན་པ་ཤེས་དགོས།
བོད་ནང་གི་བོད་མི་ཞིག་མ་རེད། བཙན་བྱོལ་ནང་གི་མགོ་བདེ་ཞིག་རེད། ༧་གོང་ས་༧་མཆོག་ལ་རྒོལ་སྟོངས་གཞན་ཞིག་རེད།།།
ལྷག་དཀར་གྱི་གསུངས་པ་དེར་རྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད། ༧གོང་ས་མཆོག་ཁ་ལ་ཁྱེར་ནས་ཚོགས་པ་བྱེ་བྲག་པ་དང་། མི་སྒེར་ལ་ངན་སྨད་དང་ཉེན་བརྡ་གཏོང་རེས་བྱེད་པའི་གསར་འགོད་དེ་ཚོ་ཆིག་དྲིལ་ནུས་པ་མེད་པ་བཟོ་བྱེད་ཀྱི་ལག་ཆ་ལས་གཞན་མེད། ཚོགས་པ་དང་གང་ཟག་སུ་ཞིག་གི་བོད་མི་རིགས་ཆེད་དུ་ལས་འགུལ་སྤེལ་བ་ལ་རྒྱབ་སྐྱོར་བྱེད་མ་ཐུབ་ཀྱང་དེ་ལ་རྒྱབ་མདུན་ནས་བཤད་རྒྱུ་དེ་ཡག་པོ་མ་རེད། ཐབས་ལམ་མི་འདྲ་བ་ལས་དམིགས་ཡུལ་གཅིག་པ་ཡིན།
ངས་བསམ་ན་གོང་གི་ཞུ་ཡིག་དེ་བོད་ནང་ནས་ཕུལ་ན་འདྲ་བོད་ཕྱོ་ནས་ཕུལ་ནའང་འདྲ། གཙོ་བོར་ཁོས་བཤད་པའི་སྐད་ཆ་དེ་གནས་ལུགས་ཡོད་མེད་ལ་དཔྱོད་ཅིག
སྐུ་ཞབས་ལུང་རྟོགས་ལགས།
ཉྭ་ཉུང་མཉམ་བསྲེས་གནང་ནས་ག་རེ་གནང་ཀ། འོ་ན་ལྷ་ཆོས་རིང་ལུགས་ཀྱི་རིག་གནས་ཁྱབ་ཁོངས་གྲུབ་མཐའ་གོང་འོག་ཕན་ཚུན་ལྟ་གྲུབ་ཀྱི་བརྩོད་གཞི་དེ་ཚོ་རང་མགོ་བརྡུང་བྱེད་ཀྱི་ཐོ་བ་ཨེ་རེད། སྟོན་པས་རང་མགོ་བརྡུང་བྱེད་དུ་གསུང་བ་ནི་ཡིན་རྒྱུ་མ་རེད་པ། བྱས་ཙང་དཔེར་ན་སླེབས་ཡུལ་གཅིག་ལ་འགྲོ་བ་བྱ་བར་ལམ་སྣ་ཚོགས་ཞིག་ཡོད་ན་ཡིན་ཅིག་ལམ་གཅིག་རང་གཅིག་ཏུ་བཙན་གྱིས་འཇུག་པར་བྱ་དགོས་ཟེར་ན་དེ་གང་འདྲ་ཞིག་རེད། དཔེ་དེ་བཞིན་དུ་འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཆབ་སྲིད་རིག་པའི་གཞུང་ལུགས་ལ་ཐུགས་མངའ་ཏོག་ཙམ་དགོས་པ་རེད་ལ། ཆབ་སྲིད་རིག་པའི་ལྟ་གྲུབ་འདྲ་མིན་ཡོང་ཆོག་ལ་ཡོང་དགོས་ངེས་ཀྱང་རེད། དེ་དག་ཕན་ཚུན་ལྟ་གྲུབ་མི་མཐུན་པས་བརྩོད་གཞི་དང་དགག་བཞག་སྣ་ཚོགས་ཡོང་བ་ཆོས་ཉིད་རེད་ལ་ཕན་ཚུན་གྲོ་གླེང་གང་མང་བརྒྱུད་ནས་སྤྱི་དོན་ལ་འབུངས་དགོས་པ་ནི་ཁ་ཚ་དགོས་གཏུགས་རེད།
འོན་ཀྱང་ད་ལན་ཚོགས་སྐྱིད་༡༡ གི་བསྒྲགས་གཏམ་ནི་དེ་ལས་ལྡོག་ཏེས་གང་ཟག་སྒེར་གྱི་མི་གཞི་ལ་དམའ་འབེབས་དང་ཚོགས་པ་སྒེར་པའི་ལྟ་གྲུབ་མི་མཐུན་པ་རྒྱུ་མཚན་དུ་བྱས་ཏེས་ཁྲིམས་སར་སྐྱེལ་རྒྱུའི་བསྒྲག་གཏམ་དེ་ནི་རང་མགོ་བརྡུང་བྱེད་ཀྱི་ཐོ་བ་རེད་ལ་དམངས་གཙོའི་ལྟ་གྲུབ་དང་ཡོངས་སུ་རྒྱབ་འགལ་རེད། དེ་ནི་གཞོན་ནུ་ཚོགས་པ་ལྟ་བུས་ལྟ་གྲུབ་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་གང་ཟག་སྒེར་པའི་མི་གཞི་ལ་དམའ་འབེབས་དང་འཚོ་བར་རྒོལ་བ། མདོར་ན་རྫིག་གཏམ་གྱིས་ཁྲིམས་སར་སྐྱེལ་རྒྱུའི་བསྒྲག་གཏམ་ཟེར་བ་སྣ་གཅིག་ཀྱང་མཐོང་མ་སོང་། མ་གཞི་བྱས་ན་ལྟ་གྲུབ་ཕན་ཚུན་སྐྱོན་བརྗོད་དང་དག་ཐེར་བྱེད་པ་ནི་དམངས་གཙོའི་ལྟ་གྲུབ་དང་ཡོངས་སུ་མཐུན་པ་རེད་ལ་དམངས་གཙོའི་གྲུབ་ཆ་གལ་ཆེན་ཞིག་དང་འབྲལ་དུ་མི་རུང་བ་ཞིག་ཀྱང་རེད།
དེས་ན་དོན་གྱི་བདག་པོ་གཞིས་བཞུགས་ཡིན་ཞེས་ཁ་ནས་མ་ཎི་འདོན་འདོན་དེ་དོན་ལ་གནས་ཡོད་ན་འབོད་འབྱོར་རྩོམ་ཡིག་གཞིས་བཞུགས་ཀྱི་སེམས་གཏམ་ཞུ་འབོད་འདིའི་ནང་གསལ་གསལ་ཐིང་ཐིང་བཀོད་འདུག་པ་དེར་ངེས་པར་དུ་ཉན་དགོས་པ་རེད།
ཕྲན་གྱིས་བསམ་ཚུལ་ཞིག་བཤད་ཡོད་ཀྱང་བཀོད་མི་འདུག ཁ་བརྡའི་སྒྲིག་གཞི་དང་འགལ་སོང་མིན་འགྲོ། དུས་ཚོད་བྱུང་ན་ཁ་བརྡ་ཚང་གིས་གསལ་བཤད་ཅིག་གནང་རོགས།
མཆན་བུ་སྤེལ་མཁན་ཡུལ་གྱར་བ་ལགས།
སྐུ་ཉིད་ནས་སྨྱུག་མིང་༼དྲ་འབུ།༽ དང་༼ཡུལ་གྱར་བ༽ ཞེས་སྨྱུང་མིང་གཉིས་སྤྱོད་ཀྱི་ཡོད་པ་ལས་གཅིག་ལ་གཏན་འཁེལ་གསལ་བཤད་བྱུང་བ་ཡིན་ན། འདི་ནས་ཉིད་ཀྱི་མཆན་བུར་དགའ་བསུ་ཞུ་ཡི་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
Khabdha editor
http://www.khabdha.org
http://www.khabdha.com
khabdha@gmail.com
ཚོགས་པ་༡༡ ངར་པོ་དེ་འདྲ་ཡོད་ན་ཨ་རིའི་ནང་གི་མི་འགའ་ཞིག་གིས་༧སྐྱབས་མགོན་རིན་པོ་ཆེར་སྐྱོན་བརྗོད་ཚད་ལས་བརྒལ་བ་བྱེད་བཞིན་འདུག དམངས་ཁྲོད་ཁ་བརྡ་ཟེར་བ་དེ་ཚོ་ཉོན་དང་། གཞོན་ནུ་དང་འཇམ་ནོར་ལས་ལྡབ་བརྒྱ་ཕྲག་མང་པོའི་ཚབས་ཆེའི་སྐད་ཆ་དེ་འདྲ་བཤད་ཀྱི་འདུག ཁྲིམས་གཏུག་བྱེད་རྒྱུ་ཡོད་ན་གྱིས་དང་། མིང་དང་པར་རིས་བརྙན་འཕྲིན་དང་བཅས་པ་ཁྲ་ལམ་མེར་འདུག རྩད་གཅོད་བྱེད་དགོས་པ་མི་འདུག གསལ་གསལ་ཐིང་ཐིང་འདུག
དིང་སང་མི་མང་པོ་ཞིག་གི་ང་ཚོའི་རང་དབང་རྩོད་པའི་ལམ་ལ་ལྟ་ཕྱོགས་དང་འདོད་ཚུལ་མི་མཐུན་པ་མང་ན་ལེགས་ཚུལ་མང་པོ་ལབ་ཀྱང། ཁོ་བོའི་ནི་བསམ་ཚུལ་ཐམས་ཅད་གྱི་ནང་ནས་ལེགས་ཤོས་དང་གྲུབ་འབྲུས་དང་ལྡན་པ་དེ་གྲོས་བསྡུར་བྱས་ནས་རྒྱུ་མཚན་དང་ལྡན་པའི་སྒོ་ནས་ཐེགས་བཅད་པའི་ལམ་གཅིག་གི་སྟིང་དུ་ཞེན་ནས་མི་མང་གི་མཉམ་རུབ་བྱས་ན་ལེགས། དེ་ནི་དམངས་གཙོའི་འོས་ཤོག་གི་ཐེག་བཅད་པའི་དབུ་མའི་ལམ་དེ་ཡིན། གཞོན་ནུ་དང། བུད་མེད་རྣམས་ཀྱིས་ཀྱང། དབུ་མའི་ལམ་དུ་རྡོག་རྩ་གཅིག་བསྒྲིལ་དང། འབོད་སྒྲ་གཅིག་གྱུར་བྱས་ན། ཕན་ནུས་ཆེ་བར་སེམས། གཉན་ཕྲེང་གི་དུས་ཚོད་འདིར། དེ་རང་ནས་བཟུང་༧སྐྱབས་མགོན་རིན་པོ་ཆེས་དགོངས་བཞེད་དང་བོད་མི་མང་གི་མངོན་འདོད་གཉིས་སྨན་དབུ་མའི་ལམ་དུ་ལྡོག་རྩ་གཅིག་བསྒྲིལ་དང་འབོད་སྒྲ་གཅིག་གྱུར་བྱེད་པའི་འབོད་བསྐུལ་ཞུ། ཁ་དཔེ་ལ། མི་སུམ་བཅུའི་བསམ་པ་སུམ་བཅུ། མཛོ་སུམ་བཅུའི་རྭ་ཁ་དྲུག་བཅུ། ཟེར་བ་བཞིན། འདོད་ཚུལ་ལ་གཅིག་ཐབ་མེད་ཀྱང། མཐར་ཐུག་གི་འདོད་པ་ཡང་གཅིག་མཚུང་ཡིན་པ་སྨྲོས་ཅི་དགོས། འོན་ཅིང་དགོས་དབང་གི་ལམ་འདི་ངོས་ཟིན་དགོས། ༧གོང་ས་མཆོག་གིས་ཀྱང། ནམ་རྒྱུན། རེ་བ་ཆེ་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱེད་དགོས། ཞེས་མང་དུ་གསུང་བ་བཞིན།
སྐུ་ཞབསགསེར་འབྲུག་སྡེར་ལྔ་ལགས། བསྟོན་པས་ཐེག་པ་གོང་འོག་གསུང་པ་དེ་དག་གདུལ་བྱའི་བསམ་པ་ལ་བཏུན་ནས་གསུང་པ་ལས་རྩོད་པའི་ཆེད་དུ་གསུང་པ་མ་རེད་ལ། རྗེས་འཇུག་རྣམས་ཀྱིས་རྩོད་པ་མཛད་པ་འདི་ཡང་བསྟོན་པའི་བཀའ་ཡི་དགོངས་པ་དེ་དག་ལེགས་པར་རྟོགས་པའི་ཕྱིར་ཡིན་པ་ལས་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་མ་ཡིན་པས། ཆོས་ཀྱི་རྩོད་པ་དང་ཆབ་སྲིད་ཀྱི་འཐབ་རྩོད་གཉིས་གཏན་ནས་མི་འདྲ་བ་རེད། དེས་ན་ཆོས་ཀྱི་རྩོད་པས་ཆོས་ཀྱི་གོ་རྟོགས་ཡར་རྒྱས་འགྲོ་རྒྱུར་ཕན་ཐོག་ཆེན་པོ་ཡོད་པ་རེད་ལ། དབུ་མ་དང་རང་བཙན་གྱི་རྩོད་པ་འདིས་བོད་རིགས་ནང་ཁུལ་མ་འཆམ་པ་བཟོ་རྒྱུ་ལས་ཕན་ཐོག་ཅི་ཡང་མེད་པ་གསལ་པོ་རེད། ཁྱེད་ཀྱིས་གསུང་པ་ལྟར་སླེབས་ཡུལ་གཅིག་ལ་སླེབས་པར་ཐབས་ལམ་སྣ་ཚོགས་ཤིག་ཡོད་ཆོག་ཀྱང་། ཐབས་ལམ་དེ་ཚོ་འགལ་ཟླར་གྱུར་ན་སླེབས་ཡུལ་དེ་ལ་མགྱོགས་ཙམ་སླེབས་རྒྱུའི་ཚབ་ལ་འགོར་འགྱངས་བཟོ་སྲིད་པ་རེད། ངས་དབུ་མ་དང་རང་བཙན་བར་ལ་ལྟ་གྲུབ་རྩོད་མི་ཉན་པ་བཤད་པ་ཙམ་ལས་ལམ་གཅིག་ལ་བཙན་གྱིས་འཇུག་དགོས་པ་ཟུར་ཙམ་ཡང་བཤད་མེད་ན། ཁྱེད་ཀྱི་སྐད་ཆ་དེ་མི་མཚང་ཅན་ཁྲོ་རྟ་རྒྱབ་ཆད་འཕག་ཞེས་པའི་དཔེ་རུ་སོང་འདུག གཞིས་བཞུགས་རྩོམ་པ་པོ་ཁོང་གི་འབོད་སྐུལ་དེའི་ནང་ལ་ཡང་ཚོགས་ཁག་ཕན་ཚུན་བར་ལ་ལྟ་གྲུབ་མི་རྩོད་པར་མཐུན་སྒྲིལ་གནང་དགོས་པ་གསུང་མི་འདུག་གམ།
ཤེས་ཡོན་མེད་པའི་སྤྱི་ཚོགས་ཀྱི་དོགས་འདྲོགས་ནི་དངོས་གནས་ཉེན་ཁ་རེད། སྤྱི་ཚོགས་ཤིག་ལ་ཧོབ་རྒྱུགས་ཀྱི་འདྲོགས་འུར་ལངས་ན། དེས་གནས་བཟོད་མི་བདེ་བ་དང་ཟང་ཟིང་། ཐ་ན་ཡོད་པ་རྩད་བརླག་གི་གྱོང་གུན་བསབ་དཀའ་བའི་མཇུག་འབྲས་སློང་སྲིད། ༸གོང་ས་མཆོག་གིས་མི་དམངས་ལ་མང་གཙོ་ཅིའི་ཕྱིར་གནང་བ་དང་། མང་གཙོས་ཅི་ཞིག་གི་ཁེ་དབང་ལ་འགན་ལེན་བྱེད་པ། ང་ཚོ་དམངས་གཙོའི་སྤྱི་ཚོགས་ཤིག་ཡིན་པ་ཧ་གོ་བར་བྱས་ཏེ། བརྒྱ་ཁ་གཅིག་གཅོད་ཀྱི་མཁྲེགས་བཟུང་མ་ཡིན་པར། དོན་དངོས་ཀྱི་མང་གཙོའི་ཁེ་དབང་ལ་སྲུང་སྐྱོབ་ཀྱི་འོས་འགན་འཁུར་དགོས་པ་ལས། མང་གཙོའི་ཁེ་དབང་ལ་རྡོག་རོལ་དང་གོང་བུ་གཅིག་གྱུར་ལ་གཏོར་བཤིག་གི་བྱས་ཉེས་རིགས་མ་ཡོང་བྱ་རྒྱུ་གལ་དགོས་ཆེ་བས། ཚོགས་སྒེར་སུས་ཀྱང་དེ་ལ་ཡིད་གཟབ་བྱ་དགོས་སོ། །