ཨོ་རྒྱན་ཉི་མ།
སྤྱིར་བཏང་ཆ་ནས་བཤད་ན་འཛམ་བུ་གླིང་འདིར་རང་ཡུལ་ཤོར་ཞིང་། མི་ཡུལ་དུ་སྐྱབས་བཅོལ་བར་འགྲོ་མཁན་བོད་མི་གཅིག་པུ་མ་ཡིན་པར། མི་རིགས་གཞན་པ་ཡང་མང་པོ་རེད། དེ་ཚོ་ཚང་མ་རྒྱལ་ཁབ་དང་། མི་རིགས་གཞན་པའི་འོག་ཏུ་སྡོད་ཅིང་། དེ་དག་གིས་གནས་གོས་ཟས་མལ་གང་སྤྲོད་ལ་ལོངས་སུ་སྤྱོད་ཅིང་། གང་བཤད་ལ་ལག་ལེན་བསྟར་ཏེ་གནས་ཡོད་པ་ལས། རང་ཡུལ་ལུང་པ་ནང་བཞིན་ཡོད་ཚད་རང་ལ་དབང་མཁན་གྱི་སྐྱབས་བཅོལ་བ་ཞིག་ཁག་པོ་རེད། བོད་པ་ཚོ་ལ་མཚོན་ན་ས་ཕྱོགས་གང་དུ་སོང་ཡང་མི་རིགས་གཞན་དང་མི་འདྲ་བའི་དོ་སྣང་དང་། ངོས་ལེན་ཞུས་མཁན། རོགས་རམ་གནང་མཁན་མང་པོ་རེད། དེ་དག་ཚང་མ་བོད་པའི་རིག་གཞུང་དང་། ཡབ་མེས་ཚོའི་ཡ་རབ་སྤྱོད་བཟང་གིས་བསྐྲུན་པའི་ཕུལ་དུ་བྱུང་བའི་ཁྱད་ཆོས་ཀྱི་ཆ་ཤས་ཤིག་ཀྱང་ཡིན་པར་མཐོང་། དེ་ལས་ཀྱང་རྒྱ་གར་ལ་མཚོན་ན་བོད་ཀྱི་ཁྱིམ་འཚེས་ཀྱི་རྒྱལ་ཁབ་སྟོབས་ཆེ་ཤོས་དང་། རྒྱ་གར་བོད་མི་གཉིས་ཀྱི་རིག་གཞུང་དང་། ཡུལ་སྲོལ་གོམ་གཤིས་སོགས་སྔོན་ཆོས་རྒྱལ་ཆེན་པོ་དག་གི་དུས་ནས་འབྲེལ་བ་ཟབ་པོ་རེད། དེ་ཙམ་དུ་མ་ཟད་ཉེ་ཆར་བོད་ཀྱི་རང་ཡུལ་རྒྱ་ནག་ལག་ཏུ་ཤོར་ཏེ། ཡུལ་གྱར་དུ་གྱུར་བའི་དུས་ཀྱང་སྡོད་སའི་ཁང་པ་ནས་བཟུང་། ཞིང་ཁ། ཟས་གོས་ཡོད་ཚད་གནང་བར་མ་ཟད། ལོ་མང་རིང་མེ་འཁོར་དང་། འགྲིམས་འགྲུལ་གྱི་གླ་ཆ་ཡང་བླངས་མེད་པ་དང་། བོད་རང་གི་ཁྱད་ཆོས་ལྡན་པའི་རིག་གཞུང་རྒྱུན་འཛིན་བྱ་བའི་ཐོབ་ཐང་དང་། སྔར་བོད་ཀྱི་ས་གནས་སྲིད་གཞུང་ལ་གང་ཡོད་ཀྱི་ཆ་ཤས་མ་ཚང་བ་མེད་པའི་བཙན་བྱོལ་ བོད་གཞུང་ཞེས་པ་ཞིག་གི་ལྟེ་བའི་ལས་ཁུངས་རྡ་རམ་ས་ལའི་གནས་སུ་གཞི་ཚུགས་སུ་ བཅུགས་པར་མ་ཟད། དེའི་ཡན་ལག་རྒྱ་གར་ཕྱོགས་བཞིའི་གཞིས་ཆགས་ཁག་ཏུ་བཙུགས་ཐུབ་པ་དང་། འབྲུག་དང་། བལ་ཡུལ་ལ་ཡང་ཆ་ཤས་རེ་ཟུང་བཙུགས་ཏེ། མཁས་བླུན་སུས་བལྟས་ཀྱང་ཡིད་སྨོན་ཤོར་ཡུལ་གྱི་གནང་སྦྱིན་དང་། བོད་མི་བཙན་བྱོལ་བ་རྒན་པ་ཚོས་བྱས་རྗེས་བླ་མེད་བཞག་ཡོད། བཙན་བྱོལ་བོད་གཞུང་གི་ཚོགས་སྡེ་དེ་དག་ཏུ་ཆོས་དང་། ཆབ་སྲིད་གཉིས་ཀའི་གཙོ་འཛིན་དང་། བློ་ཆེན། ཆོས་དཔལ་སྲིད་གསུམ་དང་། ཤེས་དྲིལ་འཕྲོད་གསུམ་གྱི་བློན་པོ། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐུས་མི་གཙོ་གཞོན་དཀྱུས་གསུམ་དང་། གཞིས་འགོ་དང་། སློབ་སྤྱི་སོགས་ལས་བྱེད་ཆེ་ཕྲ་མཐའ་དག་རང་བཙན་གཙང་མ་ཡོད་མཁན་ཞིག་ལ་གང་ཡོད་ཕལ་ཆེ་བ་ཡོད། རང་ཡུལ་མི་ལག་ཏུ་ཤོར་ཏེ་གཞན་ཡུལ་རང་ཡུལ་ནང་བཞིན་ལོངས་སྤྱོད་ནུས་པ་དེ་རྒྱ་གར་གྱི་བཀའ་དྲིན་དང་། བོད་མི་རྒན་པ་ཚོས་རིན་སྲོག་དང་བརྡོས་པའི་ལྷག་བསམ་ལྷོད་མེད་བྱས་རྗེས་འབའ་ཞིག་ལས་བྱུང་བ་ཞིག་རེད། རྒྱ་གར་གྱི་ས་གནས་ཁག་ཏུ་ཆབ་སྲིད་ཀྱི་ཚོགས་པ་ཁག་དང་། སློབ་གྲྭ། དགོན་སྡེ། བཤད་གྲྭ། ཚོང་སྡེ་ཁག་ལ་བསམ་བློ་བཏང་བ་ཡིན་ན་སྔར་བོད་དུ་ཡོད་དུས་ཀྱང་འདི་འདྲའི་གྲ་རྒྱས་པོ་དང་། ཤེས་ཡོན་ཅན། དཔལ་འབྱོར་ཅན་བྱུང་ཨེ་ཡོད་ན་བསྙམ་པའི་བསམ་བློ་ཞིག་རང་བཞིན་ངང་གིས་བསླེབས་པ་ནི་འགོག་ནུས་བྲལ་བའི་སེམས་ཚོར་ཞིག་དང་། བསམ་བློ་གཏོང་རིན་ཡོད་པའི་བྱས་རྗེས་ཤིག་ལ་བརྩི་དགོས་པའི་དོན་གནད་ཅིག་ཀྱང་རེད། དེ་ཕྱིར་བོད་ལ་རག་པའི་ཁེ་བཟང་དང་། བོད་ཀྱི་བྱས་རྗེས་བཞིན་སྐྱབས་བཅོལ་བ་སུ་གཅིག་གིས་ཐོབ་མེད་ལ། སུ་གཅིག་གིས་བྱས་རྗེས་འདི་འདྲ་ཞིག་བཞག་ཐུབ་མེད། ད་དུང་ནུབ་ཕྱོགས་པའི་རྒྱལ་ཁབ་ཁག་དང་། ཤར་ཕྱོགས་ཀྱི་རྒྱལ་ཁབ་འདྲ་མིན་ནས་བོད་ཀྱི་ཆབ་སྲིད་དང་། ཆོས་སྡེ་ཁག་ལ་རོགས་རམ་གནང་བཞིན་དང་། མཆོད་འབུལ་གྱིས་རམ་འདེགས་ཚད་མེད་གནང་ཡོད་པ་དང་། གནང་བ་བཞིན་ཕན་ཐོགས་ཀྱང་ཆེན་པོ་བྱུང་ཡོད།
༧གོང་ས་མཆོག་གིས་རྩལ་འདོན་གནང་བའི་ཕྱོགས་སུ་མ་ལྷུང་བའི་དབུ་མའི་ལམ་གྱི་དགེ་ཕན་དང་། དམིགས་ཡུལ་གང་ལ་བསམ་བློ་བཏང་བ་ཡིན་ན་བོད་རྒྱ་གཉིས་ཕན་གྱི་ཐབས་ལམ་གཅིག་པུ་མ་ཡིན་པར། འགྲོ་བ་མིའི་རིགས་གཙོ་བོར་གྱུར་བའི་སེམས་ཅན་དང་། ཕྱི་སྣོད་ཀྱི་འཇིག་རྟེན་བར། མི་དང་དུད་འགྲོའི་བར། མི་རིགས་དང་། ཆོས་ལུགས་ཀྱི་བར། རྒྱལ་ཁབ་དང་རྒྱལ་ཁབ་བར། མདོར་ན་ཆོས་སྲིད་དཔལ་འབྱོར་གསུམ་སྟེ། དེ་དག་ཡོད་ཚད་ཀྱི་ཕྱོགས་སུ་མ་ལྷུང་བར་འཇིག་རྟེན་གྱི་རྒུད་པ་སེལ་ཞིང་། ལེགས་པ་སྤེལ་བ་ལ་ཐབས་སྙིང་རྗེ་དང་། ཤེས་རབ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་འབྲེལ་བ་ཞིག་ཡིན་དུས་རྩ་ནས། དབུ་མའི་ལམ་ནི་དུས་ནམ་ཡང་བོད་མི་རིགས་དང་། རིག་གཞུང་གི་རིན་ཐང་མཐོར་འདེགས་ལ་དགོས་ངེས་ཤིག་ཡིན་པ་དང་། ད་དུང་ཚན་རིག་གི་འགྲན་རྩོད་དང་། མི་རིགས་ཀྱི་འགྲན་རྩོད། དཔལ་འབྱོར་གྱི་འགྲན་རྩོད་ཞི་བའི་ཐབས་ལམ་ལེགས་ཤོས་ཤིག་ཡིན་པ་ལ་བསྙོན་དུ་མེད་པའི་ལམ་བཟང་ཞིག་ཡིན་པ་ལ་རྒྱལ་བའི་བཀའ་དང་། རྗེས་འཇུག་མཁས་པའི་བསྟན་བཅོས་དང་མི་འགལ་བར་མ་ཟད། ཡོད་ན་དེས་ཆོག་མེད་ན་ཐབས་ཆག་པའི་སྲོལ་བཟང་ཞིག་ཡིན་པས། མཁས་པ་གསོ་སྐྱོང་དང་། ཕུལ་དུ་བྱུང་པའི་ལྟ་གྲུབ་རྩལ་འདོན་གྱིས་རང་རྐང་ཚུགས་པའི་ཐབས་ལམ་བསྐྲུན་དགོས་པ་དཔེར་ན། སྔོན་འགྲོའི་དང་། དངོས་གཞིའི་ལྟ་གྲུབ། དུས་རྒྱུན་དུ་ཉམས་སུ་བླངས་བྱ། ནང་གི་བསམ་བློ། ཕྱིའི་སྤྱོད་ལམ་སོགས་ཆོས་བརྒྱུད་སོ་སོའི་ཕྱོགས་སུ་མ་ལྷུང་བའི་རྩ་ཁྲིམས་ བརྟན་པོ་ཞིག་བྱུང་ན། མ་འོངས་པར་འཇིག་རྟེན་འདིར་སྨན་པའི་ལམ་དང་། ལུགས་སྲོལ་ཡང་དག་ཅིག་དང་། དབུ་མའི་ལམ་གྱི་རྗེས་འཇུག་བགྲངས་ཀྱིས་མི་ལང་བ་ཞིག་ཡོང་བ་ལ་ཐེ་ཚོམ་གཏན་ནས་མེད་པས། དབུ་མའི་ལམ་ནི་དུས་ནམ་ཡང་འཇིག་རྟེན་འདིར་གནས་པའི་སྨོན་འདུན་གྲངས་མེད་ཡོད། ད་དུང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གཞོན་ནུ་དང་། བུད་མེད། དགུ་བཅུ་གསུམ་སོགས་ཆབ་སྲིད་དང་། རང་དབང་རྩོད་ལེན་གྱི་ཆེད་དུ་བཙུགས་པ་མང་པོ་ཞིག་ཡོད་པ་དག་ཀྱང་། རང་གི་དམིགས་འདུན་གང་ཡིན་པ་དེ་སྒྲུབ་པར་འདོད་པ་དང་། འདོད་པ་བཞིན་དཀའ་ངལ་བརྒྱ་ཕྲག་ལས་བརྒལ་ཏེ་མཇུག་འབྲས་ལ་སྒུག་བཞིན། འབད་བརྩོན་ཐང་ལྷོད་མེད་པར་བྱེད་བཞིན་པ་དང་། ཤར་ནུབ་ཀྱི་རྒྱལ་ཁབ་དང་། མི་རིགས། ཆབ་སྲིད་ཀྱི་སྡེ་ཁག་དུ་མས་ཡིད་སྨོན་འཆོར་ཡུལ་དང་། བསྟོད་བསྔགས་གནང་ཡུལ་ཞིག་ཀྱང་གྱུར་ཡོད། འདི་དག་ནི་གཅིག་ནས་རྒྱ་གར་གཙོར་བྱས་པའི་རྒྱལ་ཁབ་དང་། མི་རིགས་གཞན་པ་ཚོས་བོད་ལ་ཤ་ཚ་དང་། སྙིང་རྗེས་དབུལ་སྐྱོབ་གནང་བ་ལོས་ཡིན། དེ་ཕྱིར་ཁོ་ཚོའི་བཀའ་དྲིན་ལ་བསམ་ཤེས་ཀྱིས་དྲིན་གཟོ་བ་ལས་དྲིན་ལན་ལོག་འཇལ་བྱ་མི་རུང་བར་འདོད། གཉིས་ནས་བོད་རང་གི་རིག་གཞུང་དང་། མི་རིགས་ཀྱི་རང་གཤིས་ལ་བསམ་བློ་བཏང་བ་ཡིན་ན་མི་རིགས་གཞན་ལ་མེད་པའི་ཁྱད་ཆོས་ཤིག་ཡོད་པ་ནི་སྨོས་པ་མ་དགོས་པ་ཞིག་རེད། འཛམ་གླིང་གང་སར་སོང་ཡང་བོད་མི་ཞེས་པ་དེ་བསོད་ནམས་ཆེན་པོ་ཞིག་ཡིན་པར་མགྲིན་པ་གཟེངས་བསྟོད་དེ་སྨྲས་ན་ཡང་། སྨྲ་མི་སྤོབས་པའི་ཞུམ་པ་ཞིག་ནམ་ཡང་བསླེབ་པར་མི་འདོད། གང་ཡིན་ཞེ་ན་བོད་པ་ཡོད་སའི་ས་ཕྱོགས་དབུལ་བོ་ཡིས་ཁྱབ་ཀྱང་། བོད་པ་ཚོའི་ཁ་ལ་སྣུམ་ཆིལ་ལེ། གདོང་འཛུམ་དམུལ་ལེ། ས་གནས་དེ་གའི་མི་རིགས་དེའི་གོང་ལ་སོང་མེད་ན་ཡང་། འོག་ཏུ་ལྷུང་ཡོད་མཁན་གཅིག་ཀྱང་མི་འདུག འདི་ནི་ངས་བསྟོད་མི་འོས་པ་ལ་སྒྲོ་འདོགས་དང་། བསྐུར་འདེབས་ཀྱིས་གང་དྲན་བཤད་པ་ཞིག་མ་ཡིན་པར་ཁྱེད་ཅག་གིས་ལྟོས་དང་། ཕར་བལྟས་ཚུར་གཟིགས་རེད། རྒྱ་གར་གྱི་མི་རིགས་འདི་ནི་ཆེས་སྤྱང་གྲུང་འཛོམས་པའི་མི་རིགས་ཤིག་དང་། ཕུལ་དུ་བྱུང་བའི་རྣམ་དཔྱོད་ཀྱིས་ཕྱུག་པའི་མི་རིགས་ཤིག་ཡིན་པ་ནི། སྔོན་གྱི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས་ལ་བལྟས་ན་ཤེས་པས། དཔྱོད་ལྡན་ཞིག་ཧ་ལས་མི་མཁན་སུ་ཞིག་ཡོད། སྔོན་གྱི་ལོ་རྒྱུས་ལ་བསམ་བློ་བཏང་བ་ཡིན་ན་ཕུལ་དུ་བྱུང་བའི་ཆོས་ལུགས་པ་དང་། བསམ་བློ་བ་ཕལ་མོ་ཆེ་རྒྱ་གར་གྱི་མི་རིགས་ལས་བྱུང་བ་དང་། ད་ལྟའི་དུས་ཚོད་འདིར་བསམ་བློ་བཏང་བ་ཡིན་ན་ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་ཚན་རིག་དང་། འཕྲོད་བརྟེན། ཆབ་སྲིད་སྡེ་ཁག་ཕལ་ཆེ་བའི་ནང་རྒྱ་གར་གྱི་མི་རིགས་མེད་ས་ཉུང་ཉུང་ཡིན་པ། གཞན་གྱི་ངག་ལས་ཐོས་མྱོང་ལ། ངས་ཀྱང་སྨན་ཁང་དང་། སློབ་གྲྭ་ཁག་གི་ནང་དུ་སྨན་པ་དང་། དགེ་རྒན་འགའ་ཞིག་མཐོང་སོང་།
རྒྱ་གར་བ་མང་པོ་སྔོན་གྱི་དུས་རྒྱ་མཚོ་བརྒལ་ཏེ་ཚོང་ལ་འགྲོ་བའི་ལུགས་སྲོལ་ཆེན་པོ་ཡོད་པར་མ་ཟད། ཆོས་ལུགས་སྤེལ་བའི་ཆེད་དུ་འགྲོ་མཁན་ཡང་མང་པོ་རེད། དེ་ཕྱིར་རྒྱ་གར་གྱི་མི་རིགས་ནུབ་ཕྱོགས་དང་། ཤར་ཕྱོགས་ཀྱི་མཚོ་གླིང་དང་། གླིང་ཕྲན་དག་ཏུ་གནས་བཅས་ཤིང་། དེ་དག་གི་རིགས་རྒྱུད་ཀྱང་མང་པོ་རེད། དེ་ཚོས་ད་དུང་རྒྱ་གར་གྱི་སྐད་ཡིག་སྨྲ་ཤེས་པར་མ་ཟད། ཕལ་ཆེ་བའི་ཆོས་ལུགས་ཀྱང་ཡབ་མེས་ཀྱི་ལུགས་སྲོལ་ལྟར་འཛིན་བཞིན་ཡོད། བོད་ཀྱི་རྣམ་དཔྱོད་དང་དབྱེར་མེད་དུ་འདྲེས་ཡོད་པའི་རིག་པའི་གཞུང་ལུགས་དང་། བསམ་བློ། འདུ་ཤེས་ཀྱི་ཁ་ལོ་བ་ཡང་རྒྱ་གར་བ་རེད། རྒྱ་གར་ལ་ཕུལ་དུ་བྱུང་བའི་རིག་གཞུང་དུ་མ་ཞིག་ཡོད་པ་ལས། དེ་དག་གི་གཙོ་བོའམ། ཕུལ་དུ་བྱུང་བའམ། གྱ་ནོམ་པ་དེ་ཉིད་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞལ་གསུང་འདི་ཉིད་རེད། འདི་དག་ད་ལྟ་བོད་མིའི་ཚེ་སྲོག་དང་འབྲེལ་ཡོད་པ་དང་། ཆོས་མེད་ན་བོད་པ་འཚོ་མི་ནུས་པ་དང་། བོད་མེད་ན་ཆོས་རིག་སྲུང་མི་ནུས་པའི་དུས་ཚོད་ལ་བསླེབ་པ་རེད། དེ་ཕྱིར་རྒྱ་གར་བ་ཚོས་རང་གི་རིག་གཞུང་གི་བརྒྱུད་འཛིན་པ་གསོ་སྐྱོང་བྱས་པ་དེ་ཡང་ཡ་རབ་དམ་པའི་ལུགས་སྲོལ་ཞིག་དང་། རང་གི་རིག་གཞུང་སླར་ཡང་བདག་པོ་རྒྱག་རྒྱུར་རེ་བ་ཆེན་པོ་ཞིག་ཡོད་ནས་ལོས་ཡིན། མི་རིགས་གཞན་པའི་སྐྱབས་བཅོལ་བ་ཚོར་ཚོགས་སྡེ་རེ་དང་། བདེ་སྡུག་ལ་ཐེ་དོགས་བྱེད་མཁན་འགའ་ཞིག་ཡོད་ཀྱང་བཙན་བྱོལ་བོད་མའི་སྒྲིག་འཛུགས་བཞིན་གྲ་རྒྱས་པོ་འདི་འདྲ་སུ་ལ་ཡང་མེད། དེ་ཙམ་དུ་མ་ཟད་བོད་པའི་རང་གཤིས་དང་། ཆོས་རིག་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་འཇིག་རྟེན་འདིའི་གོང་ནས་མར་འཁོར་བ་ལས། འོག་ནས་ཡར་འཁོར་འདོད་པའི་བོད་པ་ཕལ་ཆེར་དཀོན་པོ་རེད། དེ་ཕྱིར་བོད་པའི་གཞོན་སྐྱེས་ཚོས་ཀྱང་རང་གི་རིག་གཞུང་གི་རིན་ཐང་དང་། ཡབ་མེས་ཀྱི་བྱས་རྗེས་ལ་བསམ་ཤེས་བྱ་རྒྱུ་དེ་ནི་ད་ལྟ་བཞུགས་བཞིན་པ་དང་། སླད་ནས་འབྱོན་འགྱུར་གྱི་གང་ཟག་རྣམས་ཀྱི་ཆེད་དུ་རེད་ལ། རང་ཉིད་ཀྱི་བྱ་བར་ཆེ་མཐོང་རག་པའི་ཆེད་དུ་ཡང་ཡིན་དགོས། གལ་སྲིད་རང་ ཉིད་ལ་གཅེས་སྐྱོང་རྩ་བ་ནས་མེད་མཁན་གང་ཟག་ཅིག་གིས་གཞན་ལ་སློབ་སྟོན་དང་། མགོན་སྐྱོབ་བྱར་འདོད་པ་ནི་མི་གཙང་བ་གསེར་བུ་འཁྲུལ་བ་དང་གཅིག་མཚུངས་ཡིན་པས། གཞན་སྐྱོབ་འདོད་ན་ཐོག་མར་སྲ་ཐག་ཐག་ངེས་པར་བཟོ་དགོས་པ་རེད། རང་ཉིད་ཀྱི་སྤྱོད་པ་མི་མཛེས་པ་བྱེད་བཞིན་གཞན་དག་གི་སྤྱོད་པ་མ་དག་པར་སྨྲས་ན། དེ་ནི་ཁ་ཏས་ཕག་པ་ལ་མདོག་ཤིན་ཏུ་ནག་གོ་ཞེས་པའི་གཏམ་དཔེ་དང་གཉིས་སུ་མ་མཆིས། དེ་ཕྱིར་ཤེས་ཡོན་དང་། དཔལ་འབྱོར། ཆབ་སྲིད་གསུམ་གྱིས་དང་པོ་རང་ཉིད་སྲུང་བ་དང་། དེ་ནས་གཞན་དག་སྐྱོབ་ན་ཕན་ཐོགས་ཆེ་ལ། ཉེས་པའི་གཞན་དབང་དུ་མི་འཆོར་བར་རང་གི་འདོད་དབང་ལྟར་སྒྲུབ་ཆོག་པ་ཡིན། འདི་ནས་བསྟོད་པ་རྐྱང་རྐྱང་ཕུལ་བ་ལས། སྨད་ར་གཏོང་སའི་བོད་མི་ཞིག་གཏན་ནས་མེད་པ་རེད་དམ་ཞེ་ན། དེ་ནི་གཏན་ནས་མ་རེད། སྔོན་གྱི་བོད་མི་ཚོའི་ཁྲོད་དུའང་སྐྱོན་ཅན་མང་པོ་རེད་ལ། བྱས་རྗེས་ལ་ཡིད་སྨོན་མེད་པར་ངན་སྨྲས་ཀྱིས་ཚོགས་པ་ཁག་ཏུ་མི་བདེ་བ་བཟོ་མཁན་ ཡང་དུ་མ་ཞིག་ཡོད་པ་ལོ་རྒྱུས་དང་། ངག་རྒྱུན་ལ་གྲགས་པ་རྣམས་རེད། ཡིན་ན་ཁོ་པ་ཚོ་ད་ལྟའི་ལོ་གཞོན་ཀླད་མེད་དེ་ཚོ་ནང་བཞིན་རང་ལུགས་རྩ་བ་ནས་མེད་ མཁན་ཞིག་ཡིན་ས་རེད་བསམ་ན། དེ་ནི་ནོར་བ་རྔམ་པོ་ཆེ་ཞིག་དང་། མིའི་རིན་ཐང་ལ་རྡོག་བརྫིས་བཏང་བའི་གཏམ་ཞིག་ལས་དོན་དངོས་པོའི་གནས་ཚུལ་དང་ མཐུན་པའི་སྐད་ཆ་ཞིག་གཏན་ནས་མ་རེད་ལ། རྒན་པ་ཚོའི་ནང་དུ་ཇི་ལྟར་ཐབས་རྡུག་རུང་བོད་མིའི་བདེ་དོན་དང་། རིག་གཞུང་ལ་ཐུགས་བསམ་རྩ་བ་ནས་མེད་མཁན་ཞིག་ཡོད་ཁག་པོ་རེད། དེ་ཕྱིར་སྔོན་གྱི་རྒན་པོ་གཏུམ་དྲག་ཅན་ཚོ་ནི་ད་ལྟའི་མི་བུ་དྲོད་ཆུང་དག་དང་བསྒྲུན་ནུས་ག་ལ་ཡོད། ད་ལྟའི་བཙན་བཤོལ་གྱི་བོད་པའི་ན་གཞོན་དག་ལས། ཕལ་ཆེ་བ་ནི་རང་ཉིད་སུ་ཡིན་པ་དང་། སུའི་རྒྱུད་པ་ཡིན་རྟོགས་མཁན་ཁག་པོ་རེད། ཕ་མ་ཚོས་ནམ་རྒྱུན་བོད་པའི་སྐོར་བཤད་དྲགས་པའི་རྒྱུ་མཚན་ལ་བརྟེན་ནས་བོད་དོན་དང་། གོང་ས་མཆོག་གི་སྐོར་བཤད་དུས་རྣ་བ་དཀྲོག་དཀྲོག་དང་། སྐད་གསང་མཐོ་རུ་བསླེབ་པ་ཙམ་ལས། དོན་དངོས་ཐོག་བོད་མའི་བདེ་སྡུག་གི་ཆེད་དུ་མདུན་དུ་མཆོང་སྟེ་ལས་དོན་ལ་བསམ་བློ་གཏོང་མཁན་ནི་ཉུང་ཉུང་ཞིག་ལས་མེད། དེ་ནི་བོད་པའི་རིང་ལུགས་འཆོར་བའི་སྔ་ལྟས་རེད་ལ། བོད་པ་ཚོས་བཙན་ས་མི་ཟིན་པའི་རྟགས་དང་པོ་དེ་རེད། བཙན་བྱོལ་བོད་པའི་དགེ་འདུན་པའི་ཁྲོད་དུའང་ཆོས་དང་། རིག་གཞུང་ཞེས་ཁ་ནས་བཤད་མཁན་མང་དུ་ཡོད་ཀྱང་། དོན་དངོས་ཐོགས་བོད་ཀྱི་ཆོས་རིག་གི་གྲུབ་དོན་དང་། དགོས་པ་དང་། དགེ་ཕན་ལ་ཐུགས་བསམ་བཞེས་ཏེ། རང་གིས་ཉམས་སུ་བླངས། གཞན་ལ་འཆད་པ་བྱེད་མཁན་ཉིན་མོའི་སྐར་མ་ཙམ་རེད། འདི་ཚོ་ཚང་མ་གཟུགས་བརྙན་ཙམ་ལས་ངེས་པ་དོན་གྱི་ལུང་རྟོགས་ཀྱི་བསྟན་པ་ཞེས་པ་དེ། རྟགས་ཙམ་འཛིན་པའི་དུས་ཚོད་དེ་མགྱོགས་མྱུར་དུ་བསུ་རྒྱུའི་གྲ་བསྒྲིག་དང་། གྲབ་ཤོམ་བྱེད་བཞིན་པ་ནི་ང་ཚོས་མྱོང་བས་རྟོགས་ནུས། ཆོས་དང་། ཆོས་ཀྱི་གྲོགས་སུ་གྱུར་བའི་དགོན་པའི་ཁྲིམས་དང་། བསྒྲིགས་ལམ་རྣམས་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་ན་ཡང་། གྲྭ་བ་ཚོས་དགོན་པའི་ཁྲིམས་ལ་དེ་ཙམ་མི་དགའ་བར། སྦྱང་པ་ཆོས་ལ་བྱས་ཀྱང་། དོན་ཐོག་འཁེལ་བ་ནི་ཁ་བདེ་པོ་ཙམ་གཙོ་བོར་བྱེད་བཞིན་ཡོད། འདིའི་སྐོར་དེ་བོད་ནས་ཀྱང་གཞོན་སྐྱེ་ཚོའི་ནང་དུ་འབྱུང་བཞིན་པ་དང་། རྒྱུ་གཞུང་གིས་ཀྱང་ཁོ་པ་ཚོའི་ཆབ་སྲིད་ལ་གནོད་སྐྱོན་མ་འཐེབ་ན། དགོན་ཁྲིམས་དང་། རིག་གཞུང་གི་ཆགས་འཇིག་ལ་བསམ་བློ་གཏོང་བ་ནི་རྣམ་པ་ཙམ་ལས། དོན་གྱི་སྡོད་ལུགས་སྟེང་ནས་བཤད་ན་བོད་ཀྱི་རིག་གཞུང་རྙིང་པ་དག་གསར་བར་བསྲེ་ཐང་ཐུབ་དང་། རིག་གསར་དང་། གསར་བརྗེ་ཞེས་སྐད་ཆ་བཤད་མཁན་གྱི་གཞོན་སྐྱེས་རེ་བསླེབ་ཚེ་དེ་ཚོ་ལ་ཆོ་ལོ་འབུལ་བ་དང་། ལེགས་སོ་བརྗོད་དེ་སློབ་ཆེན་ནས་སློབ་ཆུང་བར་གདན་འདྲེན་ཞུས་ཏེ། སློབ་སྟོན་པ་དང་། མཁས་དབང་ཞེས་པའི་མཚན་ཡང་འབུལ་བཞིན་པ་རེད། དེ་ཕྱིར་བཙན་བྱོལ་དུ་ཡོད་པའི་བོད་པའི་གཞོན་སྐྱེས་ཚོས་རང་ཡུལ་བཞག་ནས་ཡོངས་ན་ཡང་། མི་རིགས་གཞན་པའི་སྐྱབས་བཅོལ་བ་ལ་ལྟོས་ན། བོད་པའི་སྐྱབས་བཅོལ་བ་ནི་སྐྱིད་ཤོས་ཤིག་དང་། གྲ་རྒྱས་ཤོས་ཤིག ད་དུང་སྤོབས་པ་སྐྱེ་འོས་པ་ཞིག་ཏུ་ལྟ་དགོས་པ་དང་། མཐོང་རུང་བ་དང་། སེམས་དགོས་པའི་གནད་འགག་ཅིག་རེད། བཙན་བྱོལ་དུ་དང་པོ་ཕེབས་པའི་ཡབ་མེས་ཚོས་དཀའ་སྡུག་དང་། སེམས་ཁུར་ལ་རྒྱུས་ལོན་ཞིག་ཅི་ནས་བྱ་དགོས་པར་སེམས།
དངོས་གནས་ཡག་པོ་བྲིས་གནང་འདུག ཐུགས་རྗེ་ཆེ། བདེན་པ་རེད་སྔར་གྱི་མི་རྒན་ཚོས་བྱས་ཉེས་རྐྱང་རྐྱང་གླེང་མཁན་ཁག་ཅིག་ཡོད་པས་དེ་ཚོས་བསམ་བློ་ཡག་པོ་ཞིག་མ་བཏང་ན་དངོས་གནས་ཁག་པོ་ཆག་ས་རེད། ད་ལྟའི་ལོ་གཞོན་ཀླད་མེད་དག་དང་བསྡུར་ན་སྔར་གྱི་མི་རྒན་རྣམས་ཇི་ལྟར་ངན་ཡང་གཟི་བརྗིད་ལྡན་པ་ངོ་མ་རེད།
ལོ་གཞོན་དེ་ཚོ་ཀླད་མེད་ཡིན་ན་རྒན་རབས་པ་དེ་ཚོས་མ་འོངས་བོད་ཀྱི་སོན་རྩ་ལོ་གཞོན་ཁྱེད་ཚོ་ཡིན་ཟེར་བ་ཞིག་གོ་ཡོད་རེད། ད་བྱས་ན་དེ་འདྲ་ཞིག་ཡིན་ས་མ་རེད་པ་ཨ།
རང་གིས་རང་བཀྱགས། སྐྱག་པས་རྐུབ་བཀྱགས་ཟེར་ན་འདི་འདྲ་ཞིག་ལོས་ཡིན།
བོད་འདི་སྐྱེལ་ས་གཅིག་ལ་བསྐྱེལ་མཁན་དེ་སྔར་གྱི་མི་རྒན་ཀླད་ལྗང་དེ་ཚོ་མིན་ན་སུ་རེད། ད་དུང་གཟི་བརྗིད་ངོམས་རྒྱུ་ཞིག་གང་ན་འདུག། འོ་ན་བོད་འདི་དུས་རབས་ཉེར་གཅིག་ནང་གོ་ལ་ཧྲིལ་པོའི་ནང་ཡུལ་གྲུ་མང་པོ་ཞིག་རང་བཙན་ཐོབ་ནས་རང་དབང་ལ་ལོངས་སུ་སྤྱོད་བཞིན་པའི་སྐབས་འདིར་བོད་དང་བོད་མི་རིགས་འདི་ལྷུངས་ས་གཅིག་ལ་ལྷུངས་ནས་སྲོག་ཁྲིམས་དང་བཙོན་འཇུག། བརྡུང་བརྡེག་ཚ་ནན་མི་ཆོས་ལས་འདས་པའི་མནར་གཅོད་ཀྱི་སྡུག་བསྔལ་མྱང་དང་མྱོང་བཞིན་པ་དེ་སྔར་གྱི་མིར་རྒན་དེ་ཚོའི་བྱས་རྗེས་དང་གཟི་བརྗིད་མིན་ན་ཅི་རེད།
ཁ་གཏོང་དགོས་ན་དང་བོ་རང་གི་ཕ་མ་དང་སྤོ་སྤོ་དང་རྨོ་རྨོ་སོགས་ལ་གཏོང་། དེ་ཚོའི་གདོང་ལ་མཆིལ་ཞགས་ཕོངས། བརྡུང་དགོས་བྱུང་ན་ཡང་རྡུངས། དེ་ནས་ཁྱོད་རང་ཕ་ངན་གྱི་བུ་དང་མ་ངན་གྱི་བུ་མོ་ཞིག་ཡིན་པར་ཁས་ལོངས་ལ། རང་གི་ཨ་མ་ལ་ཡང་རྒྱོ་རྒྱག་མཁན་ཁྱིའི་གྲས་ལ་རྒྱུགས།
འདྲེ་ནག་མགོ་དགུ་ཅན་འདི་བོད་མི་རིགས་ཀྱི་ཤ་ཁྲག་འཇིབས་མཁན་གྱི་མངའ་བདག་ཆེན་པོ་གསུམ་གྱི་ཡ་རྒྱལ་དུ་གཏོགས་པ་ཞིག་ཡིན་པ་འདྲ། ངའི་ཕ་མ་དང་སྤོའོ་སྤོ་རྨོའོ་རྨོ་ནི་ཞིང་འབྲོག་དཀྱུས་མ་ཞིག་ཡིན་པས་རི་ཕྱུག་གི་ཤ་ཁྲག་ཟ་བཏུང་བྱས་པ་མ་གཏོགས་བོད་མི་རིགས་ཀྱི་ཤ་ཁྲག་ནམ་ཡང་འཇིབས་མྱོང་མི་འདུག་ན་ཁ་གཏོང་དགོས་དོན་མི་འདུག་ལ། གདོང་ལ་མཆིལ་ཞག་དེ་བས་འཕེན་དགོས་དོན་མི་འདུག། མ་ཟད་བརྡུང་བརྡེག་ངས་གཏོང་མི་དགོས་པར་རྒྱ་དམར་གུང་ཁྲན་གྱིས་རྒྱུན་ཆད་མེད་པར་བཏང་དང་གཏོང་བཞིན་པ་དེ་འདྲེ་ནག་ཁྱོད་འདྲ་བ་ཚོས་བོད་མི་རིགས་ཀྱི་ཤ་ཁྲག་ལ་རོལ་བ་མ་ཟད་་བོད་འདི་རྒྱ་དངུལ་ཏཱ་ཡང་དང་ཚོང་བྱས་འབྲས་ལས་བྱུང་བས། དོན་དམ་གྱི་རྡུང་བརྡེག་གཏོང་དགོས་ས་དེ་ཁྱོད་ཚོའི་གྲས་རེད་ལ་་མཆིལ་ཞག་འཕེན་དགོས་ས་དེ་ཡང་གདོན་འདྲེའི་གདོང་ཅན་ཁྱོད་ཚོ་ཡིན། ཁ་སྟོང་ནང་གི་ཚིག་སྟོང་གི་དགེ་སྡིག་ཞེས་བཤད་ཁུལ་བྱས་ཀྱང་དོན་ངོ་མར་ལག་ལེན་ཕྱིན་ཅི་ལོག་བསྡད་མཁན་ཁྱོད་ཚོ་ཨ་མར་རྒྱོ་བརྒྱགས་མཁན་ཁྱི་ལས་སྡུག་སོང་བས་ཁྱི་གྲལ་ནས་ཀྱང་འཕུད་ནས་ས་མཐར་བསྐྲད་དགོས་པ་མ་རེད་པས།
སྤྲུལ་སྐུ་རིན་པོ་ཆེས་ཡག་ཐག་ཆོད་གསུངས་བཞག ཡིན་ན་ཡང་ཆུ་སྒང་དམག་དཔུང་གིས་རྒྱལ་བ་རིན་པོ་ཆེའི་ཚེ་སྲོག་སྐྱབས་པའི་བཀའ་དྲིན་གྱིས་བཙན་བྱོལ་བྱུང་བ་ཡང་བརྗེད་མི་ཉན་ཨྰ།
ཀརྨ་ཡེ་ཤེས་ལགས། ཆུ་སྒང་དམག་མིའི་ནང་ཀརྨ་བཀའ་བརྒྱུད་མེད་དོ། ་དགེ་ལྡན་པ་ཤ་སྟག་ཡིན་ནོ། དེའི་ནང་མང་ཆེ་བ་འབའ་ལི་དང་འཇུ་ཀོང་རྒྱལ་སོགས་ཁམས་སྨད་ཁུལ་གྱི་དགེ་ལུགས་པའི་གྲྭ་ཟུར་དང་དེ་བཞིན་དུ་ཨ་མདོ། གཞན་སེ་འབྲས་དགའ་གསུམ་དང་ཤངས་དགའ་ལྡན་ཆོས་འཁོར་སོགས་ཀྱི་གྲ་ལོགས་ཤ་སྟག་རེད། ཡིད་མ་ཆེས་ན་ད་ལྟ་སྤོག་ར་ཁུལ་གྱི་དམག་ཟུར་རྒན་ཁོག་་དེ་ཚོར་སྐད་ཆ་དྲིས།
འཕྲོད་བརྟེན། འདི། འཕྲོད་བསྟེན་མི་ནམ་སྙམ།
་་་། གྱ་ནོམ་པ་དེ་ཉིད་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞལ་གསུང་འདི་ཉིད་རེད། འདི་དག་ད་ལྟ་བོད་མིའི་ཚེ་སྲོག་དང་འབྲེལ་ཡོད་པ་དང་། ཆོས་མེད་ན་བོད་པ་འཚོ་མི་ནུས་པ་དང་། བོད་མེད་ན་ཆོས་རིག་སྲུང་མི་ནུས་པའི་དུས་ཚོད་ལ་བསླེབ་པ་རེད། ་་ཟེར།
ཡང་འོག་ཏུ།
་་་་ བཙན་བྱོལ་བོད་པའི་དགེ་འདུན་པའི་ཁྲོད་དུའང་ཆོས་དང་། རིག་གཞུང་ཞེས་ཁ་ནས་བཤད་མཁན་མང་དུ་ཡོད་ཀྱང་། དོན་དངོས་ཐོགས་བོད་ཀྱི་ཆོས་རིག་གི་གྲུབ་དོན་དང་། དགོས་པ་དང་། དགེ་ཕན་ལ་ཐུགས་བསམ་བཞེས་ཏེ། རང་གིས་ཉམས་སུ་བླངས། གཞན་ལ་འཆད་པ་བྱེད་མཁན་ཉིན་མོའི་སྐར་མ་ཙམ་རེད། ་་་་ཟེར།
ཆུ་སྒང་གིས་བྱེད་ཚུལ་ལ་བལྟས་ན་དགེ་ལུགས་ཤ་སྟགས་རེད་འདུག་བསམ་སོང་།
བཙན་བྱོལ་གཞུང་མང་གི་ཆེ་བ་དང་སྙན་གྲགས། །
ཉི་ཟླ་སྐར་གསུམ་དང་འདྲ་བ་འདི་དར་ས། །
རྒྱ་གར་གཞུང་མང་གི་ས་ཆུ་དང་མཐུན་སྦྱར། །
མཁའ་ལྟར་ཁྱབ་འདྲའི་བཀའ་དྲིན་གྱིས་འཚོ་དགོས་འདུག །
ཀརྨ་ཡེ་ཤེས་ཟེར་བ་འདི་དུས་རྟག་ཏུ་བཙན་བྱོལ་བའི་གོང་བུའི་ནུས་པ་དཀྲུགས་ཤིང་རྒྱག་མཁན་གྱི་བྱེད་གཏེ་ཡིན་པས་ཚང་མས་ཡིད་ཟབ་དགོས། ད་བར་གྱི་ཁོའི་མཆན་ལ་ལྟོས་དང་།
སྔོན་གྱི་ཆུ་སྒང་གིས་བྱས་རྗེས་བཞག་ཡོད་ཀྱང་། དེང་སང་གི་ཆུ་སྒང་གོ་རྒྱུ་མི་འདུག་ག ཁང་པ་ཆེན་པོ་ཞིག་ལས་བོད་ཀྱི་ཆོས་རིག ཆབ་སྲིད། དཔལ་འབྱོར་གསུམ་གང་ལ་ཞབས་འདེགས་སྒྲུབ་བཞིན་ཡོད། དགེ་ལུགས་ཡིན་ཡང་ཁྱད་པར་མི་འདུག བོད་ཀྱི་ཆོས་དང་རིག་གཞུང་ལ་ལྷག་བསམ་ལྷོད་མེད་ཅིག་ཡོད་ན་ཆོས་བརྒྱུད་ཆེན་པོ་ལྔ། གཡུང་དྲུང་བོན་དང་བཅས་པ་ལ་ཁྱད་མེད་པར་སེམས། དེ་མིན་རང་གི་ལྟ་གྲུབ་ཁོ་ན་ནས་གཞན་ལ་དུག་དུ་མཐོང་མཁན་ཞིག་ཡིན་ན། གོང་འོག་བར་གསུམ་གྱི་སྐྱ་སེར་སུ་ཡིན་ཡང་དུག་བཞིན་དུ་སྤང་བྱ་ཉིད་དོ། །
ཧ་ཧ། ལྟད་མོ་འདུག བསོད་ནམས་ཟད་རྟགས་ངོ་མ་དེ་རེད་འདུག རྒན་གཞོན་བར་ལ་ཁ་འཛིང་རྒྱོབ། ཆོས་ལུགས་བར་ལའང་རྩོད་པ་རྒྱོབ། རྩོད་རྒྱག་ས་ངོ་མ་དེ་མཐོང་དུས་མགོ་བཀབ་ནས་བྲོས། སྲོང་བཙན་གྱི་མི་བརྒྱུད་ཀྱི་གནས་སྟངས་དེ་འདྲ་ཐབས་སྐྱོ་པོ་ཨེ་ཡིན་ན། ཨ་ཧ། དངོས་གནས་བློ་ཕམ་པོ་རེད།
ཧ་ཧ་ཨོ་རྒྱན་ཉི་མ་ཟེར་བ་འདིས་རང་གི་ལྟ་གྲུབ་ཁོ་ན་ལས་གཞན་ལ་དུག་མཐོང་མཁན་ཞིག་ཡིན་ན་གོང་འོག་བར་གསུམ་སྐྱ་སེར་སུ་ཡིན་ཡང་དུག་བཞིན་སྤང་བྱ་ཉིད་དོ་ཟེར། ཁོ་རང་གིས་གྲུབ་མཐའ་གཞན་ལ་མཐོང་ཆུང་ཁྱདགསོད་ག་ཚད་བྱེད་སོང་’ད་རང་མཚང་ངོ་ཟིན་པར་འདྲ་ཧཧཧཧཧཧ”
ཞྭ་དམར་རིན་པོ་ཆེ་མེད་ན་ཀརྨ་ཡེ་ཤེས་ཀྱི་གྲོད་ཁོག་འཚོ་མི་ཐུབ་པས་ཁོང་གི་ཚེ་སྲོག་སྐྱོབས་པ་མ་བརྗེད་མི་ཉན་ཨ།
ནུབ་ཕྱོགས་གངས་ཕྲུག་གསུངས་པ་ལ། ཆུ་སྒང་དམག་ཚོགས་ནང རྙིང་མ་དང་ས་སྐྱ་ཡང་ཡོད་རེད།་དེ་བཞིན་བོན་པོ་ཡང་ཡོད། མང་ཆེ་བ་ཆོས་རྒྱུད་གཏོགས་ས་དེ་དངེ་ལུགས་རེད། དཔེར་ན་དྲ་འུ་དཔོན་དང་འཇུ་ཆེན་འདས་པོ་སོགས་ས་སྐྱ་རེད། བྱ་རྒོད་སྲས་པོ་དང་གླིང་ཚང་དཔོན་སོགས་རྙིང་མ་རེད། ཁམས་པའི་མི་ཆེན་དེ་ཚོ་འཇོན་ན་མ་འཇོན་རྒྱ་དམར་བསྟན་དགྲ་མང་པོ་སྟོང་པ་བཟོས་རེད།
མདོ་ཁམས་པ་ནང་ཆེན་བླ་མ་ལྷོ་པ་ཞུས་མཁན་ཞིག་་ཡོད་ཁོང་གིས་རྒྱ་དམག་ཁྲི་ཚོ་ཁ་ཤས་མེད་པ་བྱས་པ་རེད་ང་ཚོ་ཀ་ལི་ཀ་ཏར་ཆུ་སྒང་ལས་དོན་ལ་སྦྱང་ནས་འབྱོར་ཡོད། ཁོང་འབྲུག་པ་བཀའ་བརྒྱུད་རེད་ཟེར།
མཐའ་ཡས་རྡོ་རྗེ་ལ་བརྟེན་ནས། ཞྭ་དམར་གྱི་བྲོད་ཁོག་ཆེ་ཐབས་དང་། ད་ཆ་མཐའ་ཡས་ལགས་ལ་བརྟེན་ནས་ཞྭ་དམར་དབུ་འཁོར་པོ་ཡོད་བགྱིད་རེད་སྙམ།
ཨོ་་རྒྱན་ཉི་མ་ཞུ་ཡ་ཁོང་བོད་ལ་ལར་ཞེན་ཡོད་མཁན་ཞིག་རེད་ཤག
རྒྱ་གར་གྱི་སྲིད་བློན་དང་པོ། ཇོ་ཝཱ་ཧར་ལཱལ། ནེཧ་རུ་མཆོག་གིས་བོད་ཀྱི་རིག་གཞུང་དེ་རྒྱ་གར་གྱི་རིག་གཞུང་ཡིན་པ་ལ་ངེས་ཤེས་སྐྱེས་ཏེ། སྐྱབས་མགོན་རིན་པོ་ཆེ་སོགས་བོད་མི་མང་པོ་རྒྱ་གར་དུ་སྐྱབས་བཅོལ་བར་བྱོན་པ་ན། གང་དྲག་ཇི་དྲག་གི་སྒོ་ནས། རྒྱ་གར་པས་བོད་པར་ཞབས་ཏོག་ཞུ་དགོས་ཀྱི་ལམ་སྟོན་པ་པོ་ཡིན་པ་ད་ལྟ་དང་། མ་འོངས་པ་ན་ཡང་བརྗེད་དུ་མི་རུང་བའི་སྐྱེས་བུ་ཞིག་ཡིན་པ་ངོས་འཛིན་མཛད་དགོས་སོ།།
དགེ་བསྙེན་ལགས་ཁྱེད་དེ་འདྲ་མ་གསུངས་དགའ་ཡོང་། ང་ཚོ་རྒྱ་གར་ན་བསྡད་ཡོད་པ་དེ་མཁྱེན་དགོས་པ་དང་གཅིག འདི་ལོ་ཧི་མ་ཅལ་ཅོན་ཏ་རའི་བཀའ་བརྒྱུད་བླ་སར་དེས་བོད་པའི་སྤྱོ་ཚོགས་ལ་གང་འདྲ་གནོད་སྐྱེས་སོང་། དེ་ཚོ་སུས་་ཕྱོགས་གཏོགས་རེད། ད་བར་རྒྱ་གར་ནང་ཆོས་བཤད་དང་སྒྲུབ་བ་རྣམ་དག་སྤེལ་མཁན་གདན་ས་ཁག་གསུམ་མཁན་པོ་དགེ་བཤེས་རྣམས་དང་། ས་སྐྱའི་སྐྱབས་དགོན་སོགས་དང་ སྔ་འགྱུར་རྙིང་མའི་གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་དང་། རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་མཆོག་དང་འབྲི་གུང་སྐྱབས་མགོན་དང་འབྲུག་ཆེན་སྐྱབས་མགོན་ སོགས་བཀའ་བརྒྱུད་བླ་ཆེན་རྣམས་ཀྱིས་ཀྱང་གནས་ཚུལ་མ་བྱུང་བ་ཞིག། དེང་སང་ཅོན་ཏ་རའི་སྤྲུལ་སྐུ་ཕྱུག་པོ་དེས་གང་འདྲ་བྱས་སོང། མ་ཟད་སྔོན་ལོ་ལའང་ཁྲིམས་འགལ་དངུལ་རྙོགས་གང་འདྲ་བྱས། དགོན་པ་ཐམས་ཅད་ལ་ཕན་བཏགས་སོང་ངམ་གནོད་པ་བཟོད་སོང་ཐུགས་ལ་ཞོག་
ག་་ཚོས་ག་རེ་གནང་ཡོད་པ། ཧ་གོ་གིས་ཡོད་ལགས། བྱས་ཙང་རང་གཞན་རོག་གསུམ་གཅིག་གི་བཙན་བྱོལ་མིའི་ལུང་པར་གཅིག་གིས་གཅིག་ལ་སྣ་ཚོགས་མ་བཤད་།་སོ་སོས་བོད་གཞི་བྱེས་གཉིས་ཀྱི་དོན་ལ་་ཕན་མ་ཐོག་ནསང་་ཞབས་འདྲེན་མ་ཞུས་པ་དགོས།
མཐའ་ཡས་རྡོ་རྗེ་མཆོག་གིས་བོད་པའི་གཞི་ཆགས་དང་དགོན་པ་ལ་སྐྱོན་ཆ་ག་རེ་གནང་སོང་ང་ལ་ཤོད་དང་། སྔོན་ལོ་དགོན་རྩིས་ཕྲ་ཞིབ་འཇུག་དང་དཀའ་ངལ་ག་ཚད་ག་ཚད་བྱུང་སོང་བས་མཐའ་ཡས་རྡོ་རྗེ་མཛད་སོང་ངམ།
འདི་ལོ་ཅོན་ཏ་རའི་སྤྲུལ་སྐུ་དེས་གཞིས་ཆགས་ཁག་དང་དགོན་པ་གཞུང་གིས་བལྟ་ཚུལ་མ་བདེ་བ་བྱུང་བ་དེ་མཐའ་ཡས་རྡོ་རྗེ་རེད་དམ།
ཁོང་ཁོང་བསྟན་དང་འགྲོ་བའི་དོན་བསླབ་པ་སློབ་གཉེར་གནང་བཞིན་བཞུགས་ཡིད་མཁྱེན་མ་སོང་ངམ།
༡༦༽ མཐོ་སྒང་དར་ཆེན་ལགས།
ཅོན་ཏ་རའི་སྤྲུལ་སྐུ་ཕྱུག་པོ་དེས་གང་བྱས་པའམ། ཡང་ན་ཁོང་ལ་མ་ཉེས་ཁ་གཡོག་གང་ཕོག་པ་ངས་མི་ཤེས། ངས་ག་རེ་ཞབས་འདྲེན་ཞུས་ཡང་ངས་ཤེས་མ་སོང་བས། ཁ་གསལ་ཙམ་དང་། ཁུངས་བཙན་པ་ཅིག་གསུངས་ཐུབ་ན་བླུན་རྨོངས་ངའི་བློ་སྐྱེད་ཕན་སྲིད་པ་རེད།
ད་དུང་བླ་མ་མང་པོའི་མཚན་དྲངས་འདུག་པ་དེ་ཚོ་ལ་རྒྱ་གར་གཞུང་མང་སུས་གནོད་བསྐྱལ་བ་དང་། གནོད་བསྐྱལ་སྟངས། གནོད་སྐྱེས་པའི་དུས་ཚོད་སོགས་གསུངས་ཐུབ་ན་ཅི་མ་རུང་སྙམ་ལགས།
བོད་དང་བོད་མིར། མའོའི་ཞྭ་མོ་དེ་ལས། པཎྡིད་ནེཧ་རུའི་ཞབས་ལྷམ་དེ་རྩ་ཆེ་བ་ཡིན་པ་དེ་ཡང་ཤེས་དགོས་པ་རེད།
ཨོ་རྒྱན་ཉི་མ་ལགས་ཀྱི་སྐད་ཆ་ཕལ་ཆེ་བ་བདེན་པ་མཐོང་སོང་། བོད་པའི་ན་གཞོན་ཚོ་གཡམ་རྒྱུག་ལ་ཤིན་ཏུ་དགའ་བས། རང་གི་རིན་ཐང་མཐོང་ཐུབ་མཁན་དཀོན་པོ་ཆགས་འདུག གཟབ་གཟབ་མ་བྱས་ན་ཚང་མ་བརླག་ཚར་དུས་གཞི་ནས་འགྱོད་སེམས་སྐྱེས་ཀྱང་འཕྱི་ཚར་བ་རེད། ད་དུང་ནང་ཁུལ་གྱི་རྩོད་རྙོག་རེ་ལ་ཐུག་དུས་མི་ཚང་མས་ཚང་ཁ་ཤིག་ཤིག་དང་རང་གི་འདོད་ཕྱོགས་ལ་ཨ་ཚུགས་མཐའ་སྐྱེལ་བྱེད་པ་འདི་རིགས་ནི་ང་ཚོ་ལ་མི་དགོས་པ་ཞིག་རེད།
རྒན་ལ་དྭགས་ལགས།
ནེའེ་རུས་བོད་སྐྱབས་བཅོལ་བ་ཚོར་ཁྱིམ་མཚེས་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་གང་དྲག་ཅི་དྲག་གནང་བར་བཀའ་དྲིན་རྗེས་དྲན་བྱེད་དགོས་པ་རེད་ལ། བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཞེས་པའི་ཁྱིམ་མཚེས་རྒྱལ་ཁབ་གཅིག་གི་དཔང་པོ་དང་པོ་ཐོན་མཁན་དེ་རྒས་པོ་ནེའེ་རུ་ཡིན་པ་མ་བརྗེད་པ་གནང་ལ། ད་དུང་བོད་པ་སྐྱབས་བཅོལ་བ་ཚོར་གནང་བཞག་པའི་RC. ཞེས་པ་དེ་ཕྱི་མི་ནང་སྡོད་ཀྱི་ཐོབ་ཐང་མ་གཏོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་བཞིན་གྱི་སྐྱབས་བཅོལ་ངོ་མའི་འདྲ་མཉམ་གྱི་ཐོབ་ཐང་མེད་པར་ལོ་ངོ་ཇི་ཙམ་ཕྱིན་ཡང་མདུན་ལམ་མེད་པ་དེ་མ་བརྗེད་པ་གནང་ལ། མ་གཞི་ནས་ཁྱེད་ལ་དྭགས་པ་ནང་བཞིན་ངེད་བོད་མི་སྐྱབས་བཅོལ་བ་ཚོ་གང་ཅིའི་ཐད་ནས་བསྡུར་ཐབས་མེད་པ་རེད་པ།
མཐོ་སྒང་དར་ཆེན་ལགས། བྲའུ་དཔོན་ལ་བྱས་རྗེས་གང་ཡང་མེད། ངའི་གོ་ཐོས་ལ་ཁོའི་ཕ་དེའི་སྐྱེ་རྒུ་མདོར་ཁ་ཆེ་ལྷ་ཁང་བཞེངས་བཅུག་ཡོད། འཇུ་ཆེན་བཀའ་ཁྲི་ཟུར་པ་རེད། ་བྱས་རྗེས་མི་ཉུང་བ་བཞག་ཡོད། རྒྱ་དམག་ལ་འཛིངས་ནས་དཔའ་བཞག་པའི་ལོ་རྒྱུས་་མེད། གང་ལྟར་ཆུ་སྒང་ནང་བརྒྱ་ཆ་དགུ་བཅུ་གོ་དགུ་དགེ་ལུགས་རེད། ཕྱིས་སུ་གློ་དམག་སྒར་ནང་གློ་དང་ཉེ་བའི་བོད་རིགས་འབྲོག་པ་དང་གཞན་བྲོས་བྱོལ་དུ་ཡོངས་མཁན་ཁམས་ནང་ཆེན་དང་བྱང་རིགས་ཧོར་འཚོ་སོགས་དགའ་ཤས་ཡོད། གང་ལྟར་ཁོང་ཚོའི་མོ་ལུང་ཞུ་ས་དོལ་རྒྱལ་རེད།
དགེ་བསྙེན་རྡོ་རྗེ། ཅོན་ཏ་རིའི་བཀའ་བརྒྱུད་སྤྲུལ་སྐུ་རྙིག་གྲ་རྒྱ་གར་གྱི་གསར་ཤོག་དང་། གསར་འགྱུར་གློག་བརྙན་བདུན་ཕྲག་བམ་ཁྱབ་སྤེལ་བྱས་པ་རེད། ཁྱེད་འགོག་སྙོམལ་བཞུགས་ཡོད་ན་མ་གཏོགས་ཚང་ནས་ཤེས་གསལ་རེད།
དགེ་བསྙེན་ལགས། ཁྱརད་ད་དུང་ཁ་གསལ་དགོས་ནདོན་རྟོགས་དགོས་ན
1-zee news..
2-aaj tak
3-Homachal news
4-ITP news
གཞན་གསར་ཤོག་གྲགས་ཅན།
1-times of India
2-Indian expertness
3- aamar ujla
4- denek jakran
5-dav himachal
6-pajab kessri
སོགས་ནང་ཉིན་བདུན་ལས་མང་བ་ཁྱབ་སྤེལ་བྱས་སོང། ཁྱོད་ད་དུང་ཧ་མ་གོ་ཁྱོད་རང་ུང་དེའི་གྲས་ཉེས་ཆེན་ཡིན་མམ།
དངོས་གནས་རང་ངས་ཧ་གོ་མ་བྱུང་། འོན་ཀྱང་ཡུལ་ཆུ་འཐུང་ནས། ཡུལ་ཁྲིམས་མ་འཁྱེ་མཁན་ཅིག་ངས་ཡིད་ཆེས་ད་དུང་བྱེད་མི་ཐུབ་སྟེ། རྒྱ་གར་གཞུང་མང་ཁྲིམས་ཀྱིས་དབང་བསྒྱུར་བ་དང་། ཆོས་དད་རིགས་གཞུང་ཕྱུག་པོ་ཡོད་མཁན་ཞིག་ལས། མ་འོ་ཅ་འོ་དང་། ཧུ་ཅིན་ཞིན་ཕིན་སྐྱེ་ས་ས་དེ་འདྲའི་མུན་ནག་གི་ཡུལ་ནག་མ་རེད་སྙམ། ད་ང་རང་སྒོམ་སྙོམ་ལས་ལངས་ནས་ཁྱེད་ཀྱི་གསར་འགྱུར་འགོ་བརྗོད་ལྟར་གསར་འགྱུར་རྩེད་གཅོད་ཀར་འགྲོ་བགྱི་ཡིན་ལ། རྗེས་སུ་མཇལ་ཡོང་ངོ། །
གསེར་འབྲུག་སྡེར་ལྔ་ལེགས
བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཞེས་པའི་ཁྱིམ་མཚེས་རྒྱལ་ཁབ་གཅིག་གི་དཔང་པོ་དང་པོ་ཐོན་མཁན་དེ་རྒས་པོ་ནེའེ་རུ་ཡིན་པ་མ་བརྗེད་པ་གནང་ལ། དེ་ལྟར་དཔང་པོ་དང་པོར་འཐོན་པ་ལ་ནེཧ་རུ་ལ་བྱ་ཐབས་མེད་པ་ཞིག་ཆགས་འདུག ངས་འཇིག་རྟེན་སྲིད་བྱུས་ཕར་ཞོག རང་གི་འགྲོ་སྟངས་ཡང་མི་ཤེས། ལ་དྭགས་སིང་པ་ལ་ཤོར་བའི་རྗེས་སུ་ཝ་ཟིར་སོ་ར་ཝས་བོད་ལ་དམག་འདྲེན་པ་ན། དེའི་དུས་ལ་དྭགས་ཙམ་དུ་མ་ཟད། བོད་ནའང་དེ་འདྲ་ཆོས་སྲིད་གཉིས་ཀ་མཁྱེན་པའི་སྐྱེས་བུ་བླ་མ་ཚུལ་ཁྲིམས་ཉི་མས་དམག་ལ་མི་དང་དུད་འགྲོ་ནོངས་མེད་མང་པོ་འཆི་བ་སྙིང་རྗེ་འཁྲུངས་ཏེ། བོད་དང་ལ་དྭགས་མི་འདྲ། གལ་ཏེ་ཁྱེད་བོད་ལ་རྒྱལ་ཀ་ཐོབ་ཀྱང་། མཐར་ཁྱེད་རྒྱ་ནག་པ་དང་འཐབ་དགོས་ཞེས་སོགས་བཀའ་སློབ་ཕན་པ་མང་པོ་གསུངས་ཀྱང་། མཐར་དུས་མིན་དགུན་ལ་བོད་ཟླ་༡༡ནང་བྱང་ཐང་དུ་སོང་བ། བོད་ཀྱི་བསོད་ནམས་ཀྱི་སིང་པའི་དམག་མི་རྣམས་གྲང་བས་ཁུམས་ནས་ཕམ། དེའི་རྗེས་སུ་ཨིན་ཇི་དམག་དཔོན་ཀ་ནིང་གྷམ་ཞེས་པས། ལ་དྭགས་རྒྱལ་ཁབ་ཞེས་པའི་ལ་དྭགས་ཀྱི་སྐོར་ལ་བྲིས་པ་ན། བོད་ལ་རྒྱ་ནག ཅེས་བྲིས་པ་སོགས་རྐྱེན་མང་པོ་ཞིག་གིས། ནེཧ་རུས་བོད་རྒྱ་ནག་གི་ཁུངས་ཡིན་པ་ངོས་འཛིན་མི་བྱ་ཐབས་མེད་པ་ལྟ་བུ་མཐོང་བ་ཞིག་ལགས་སོ།།
རྒན་ལ་དྭགས་པ་ལགས།
རྒས་པོ་ནེའེ་རུ་བྱ་ཐབས་ཟད་ནས་དཔང་པོ་ག་འདྲ་སེ་ཐོན་པ་རེད། གུང་ཁྲན་གྱིས་ནེའེ་རུའི་ཐོད་པར་མེ་མདའི་ཁ་ནི་བཞག་ཡོད་རྒྱུ་མ་རེད་པ། དོན་དངོས་བྱས་ན་དེ་འདྲ་མ་རེད། ༦༢ ལོར་མོན་རྟ་ཝང་ཕྱོགས་ནས་རྒྱ་དམག་གིས་རྒྱ་གར་ཕམ་ཉེས་ཆེན་པོ་བཏང་བ་དེས་རྒྱ་གར་སྙིང་རྩ་གཅིག་ཆད་པ་རེད་ལ། དེ་རྗེས་ནེའེ་རུ་རྒྱ་ནག་ཏུ་ཐེངས་དང་པོ་བསྐྱོད་དུས་ཀྲུང་ནན་ཧེའེ་ལ་ལག་རྟགས་མཚོན་བྱེད་དུ་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཞེས་བཤད་པ་རེད། མ་གཞི་བྱས་ན་རྒས་པོ་ཁོ་རང་གི་བསམ་པར་དེ་སྔོན་བོད་ཀྱི་ས་ཁུལ་ཡིན་པ་མོན་རྟ་ཝང་དང་བཀའ་རྡོར་སྒང་གསུམ་སོགས་རྩོད་གཞི་ཅན་གྱི་ས་ཁུལ་དེ་ཚོ་རྒྱ་གར་གྱི་ཆ་ཤས་རེད་ཞེས་བཤད་མི་ཡོང་ངམ་སྙམ་པའི་རེ་བ་ཆེན་པོ་བྱུང་ཡང་། དེ་ལས་ལྡོག་ཏེ་ཀྲུང་ནན་ཧེའེ་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་མ་ཟད་རྟ་ཝང་ལ་སོགས་པའི་རྩོད་གཞི་ཅན་གྱི་ས་ཁུལ་དེ་ཚོ་རྒྱ་ནག་གི་ཆ་ཤས་ཡིན་ཞེས་ལབ་པ་རེད། མ་ཟད་ལ་དྭགས་ཀྱང་དེ་དེ་བཞིན་རྩོད་གཞི་ཅན་རེད། དོན་དངོས་བྱས་ན་རྒས་པོ་ནེའེ་རུར་སུ་གཅིག་གི་ཀྱང་བཙན་དབང་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་དཔང་པོ་འཐོན་དགོས་པ་བཤད་མེད་པ་རེད། འོན་ཀྱང་རྒས་པོ་བྱེད་རྒྱུ་མང་ནས་དང་བླངས་ཀྱི་དཔང་པོ་ཐོན་པ་རེད། ད་ཆ་རའི་འུར་རྡོ་ར་ལ་ཕོགས་ནས་རྒྱ་གར་གནས་བཟོད་མི་བདེ་བར་སྟོད་ལ་དྭགས་ནས་ཤར་འབར་མ་ལ་འཐུག་ལ་ཉེ་བར་ཉིན་མཚན་མེད་པར་བསྲུང་དགོས་པ་མ་ཟད་བསྲུང་དམག་གི་འགྲོ་གྲོན་ཡང་ཧ་ཅང་གི་འཕོན་ཆེན་བཏང་དང་གཏོང་བཞིན་པ་དེ་རེད། མ་གཞི་བྱས་ན་རྒས་པོ་ནེའེ་རུ་དེ་མི་བཟང་པོ་ཞིག་ཡིན་སྲིད་ཀྱང་ཆབ་སྲིད་ཀྱི་གཡོ་ཁྲམ་ནང་ཚུད་ཚར་དུས་བྱས་ཉེས་མང་པོ་ཤོར་བ་རེད། གལ་ཏེ་རྒས་པོ་འདི་སེམས་དཔའ་ཆེན་པོས་གནའ་སྔ་མོ་བོད་ས་ཡིན་པའི་མོན་རྟ་ཝང་ལ་སོགས་པའི་རྩོད་གཞི་ཅན་གྱི་ས་ཁུལ་དེ་ཚོ་བཙན་བྱོལ་གཞུང་ལ་སྤྲད་ནས་ང་ཚོ་བཙན་བྱོལ་བ་ཚོ་གནས་སྐབས་རིང་དབུགས་བཏང་ས་ཞིག་བྱུང་ན་ཅི་འདྲའི་མི་ལེགས་སམ། ཨ་ཙི་ཀུ་རེ་ཡིན། དེ་འདྲ་ག་པར་ག་པར།
གསེར་འབྲུག་སྡེར་ལྔ་ལེགས
ནེཧ་རུའི་རང་བཞིན་བཟང་བས་ཁྲིམས་དང་འགལ་རུང་འགལ་མ་རུང་ཆབ་སྲིད་པ་དག་གིས་ཁྱེད་ལྟར་ཁོང་གི་སྲིད་ཀྱི་ལྡོག་ཕྱོགས་པ་དག་གིས་སྐྱོན་མང་པོ་བརྗོད་ཀྱང་། ད་ལྟ་ནི་ཁོང་སྐུ་གཤེགས་ཏེ་སྐུ་རུས་དེ་དག་ཧིནྡུའི་ལུགས་ཀྱིས་ཆུ་བོ་གངྒཱར་བསྐྱུར་སྲོལ་ཡོད་ཀྱང་དེ་ལྟར་མཔར་རྒྱ་གར་ས་གཞི་ལ་བཀྲམ་པ་རྒྱ་གར་ཡར་བསྐྱེད་ཀྱི་ལྗོན་ཤིང་ཚད་མེད་པ་བསྐྱེད་པའི་གྲོགས་སུ་གྱུར་པ་བདེ་ལེགས་སུ་གྱུར་ཅིག་ཡིན་
དེ་ལྟར་མ་ཡིན་པར་། ཞེས་པ་ཡོད་ཀྱང་། ཡིན་ཞེས་པ་དེ་ནས་དེ་ནས་བཅད་དེ་མཇུག་དེ་ལ་བསྐྱལ་འདུག
བོད་རྒྱ་ནག་གི་ཆ་ཤས་སུ་ཁས་བླངས་མཁན་དང་པོ་དེ་ནེཧ་རུ་ནས་བྱས་ནས་ད་ལྟ་བར་རྒྱལ་ཁབ་ཡོད་པའི་ཆབ་སྲིད་པ་ཚང་མས་དེ་ལྟར་སྒྲག་བཞིན་ཡོད་པ་ལ་ཡ་མཚན་ཆེ་རྒྱུ་གང་ཡང་མེད། ཆབ་སྲིད་པ་ནི་རང་སྡེའི་དོན་དུ་གཞན་སྡེ་དམར་གསོད་འཕྲོག་བཅོམ་ཧམ་བཤད་བྱེད་རྒྱུ་དེ། ཁ་ཚོས་ལས་འགན་རེད། ཧ་ཧ། ཧོ་ཧོ།
རྒན་ལ་དྭགས་པ་ལགས། སྐུ་ཁམས་བཟང་།
རྒས་པོ་ནེའེ་རུ་སྐུ་གཤེགས་ཏེ་སྐུ་རུས་རྒྱ་གར་ས་གཞི་ལ་བཀྲམ་པར་བྱས་ནས་རྒྱ་གར་ཡར་རྒྱས་ཀྱི་ལྗོན་ཤིང་ཚད་མེད་པར་བསྐྱེད་པའི་གྲོགས་སུ་གྱུར་ཀྱང་ཚད་ལྡན་གྱི་ཡར་རྒྱས་ཕྱིན་མེད་ལ། མའོ་སྡུག་ཤི་བརྒྱབ་ནས་སྡུག་རོ་ད་དུང་ཡང་རྫས་སྦྱོར་བྱས་ཏེས་དམར་གདུང་ལ་བཞག་ནས་རྒྱ་ནག་གི་ས་གཞི་ལ་བཀྲམ་མེད་ཀྱང་ཡར་རྒྱས་ནི་རྒྱ་གར་ལས་ལྡབ་ཁ་ཤས་ཆེ་བར་བཤད། མ་ཟད་གནད་དོན་དབྱེ་ཞིབས་པས་བཤད་ན་སྟོང་ལོ་གསར་པ་ཤར་མཚམས་ཀྱི་རྒྱ་ནག་གི་ཡར་རྒྱས་ཀྱི་མྱུར་ཚད་དེ་རྒྱ་གར་རྗེས་ཟིན་པར་ལོ་ངོ་ཉི་ཤུ་འགོར་བར་བཤད་ཀྱི་འདུག།
དེས་ན་ནེའེ་རུ་སྐུ་གཤེགས་ནས་སྐུ་རུས་རྒྱ་གར་གྱི་ས་གཞི་ལ་བཀྲམ་ནས་ཡར་རྒྱས་ཀྱི་ལྗོན་ཤིང་ཚད་མེད་བསྐྱེད་པར་བྱས་ཡོད་ཀྱང་བོད་རྒྱའི་དབར་དྲང་བདེན་མིན་པའི་དཔང་པོ་ཞིག་བྱས་འབྲས་ལ། བོད་དང་བོད་མི་རིགས་ཀྱི་དཀའ་སྡུག་རྒྱུན་རིང་དུ་བཏང་བ་དེ་རྒྱ་གར་གཞུང་དང་མི་དམངས་ཀྱིས་ངོས་འཛིན་གསལ་པོ་གནང་དགོས་པ་རེད་ལ་ད་དུང་དྲང་བདེན་གྱི་དཔང་པོ་ཞིག་གནང་རྒྱུའི་གོ་སྐབས་ཡོད་པ་རེད་ལ་རེ་འབོད་ཡང་ཞུ་ཡི་ཡོད།
དགེ་བསྙེན་ལགས།
བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་དཔང་པོ་རྫུན་མ་ཐོན་མཁན་གྱི་ཆབ་སྲིད་ཚོང་པ་ཚོར་ཡ་མཚན་སྐྱེ་མིན་ཇི་ལྟར་ཡང་།
ཅི་ཏེ་ནམ་ཞིག་རྒྱལ་སྤྱིའི་ཁྲིམས་ཁང་དུ་ཞུ་གཏུགས་བྱེད་པའི་གོ་སྐབས་ཤིག་ཤར་སྲིད་པས་སྐབས་དེ་དུས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་དྲང་བདེན་གྱི་དཔང་པོ་དེ་གལ་ཆེའི་ནང་གི་དོན་ཆེན་རེད་ན་སྣང་ཆུང་གཏོང་མི་ཉན་ཡ།
རྒྱལ་སྤྱིའི་ཁྲིམས་ཁང་གིས་མའོའི་རོ་འཁོགས་ཀྱང་། མེར་བསྲེགས་བཏང་ཡ་བཀའ་བཏང་མ་ཐུབ་པར་་་་
རྒྱ་ནག་དམར་གཞུང་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་ཀྱང་། རྒྱ་ནག་ཡར་རྒྱས་ཕྱིན་ཡོད་པ་ངས་མི་འདོད། སྔར་གྱི་ཇག་ཚོགས་དང་། དེང་གི་ཨིན་སྐད་དུ་མ་ཕི་ཡ་གཉིས་ལ་དཔལ་འབྱོར་དང་། བཙན་ཤུགས་ལ་འགྲམ་ཆུ་སུ་གང་གིས་ཀྱང་་་་་་་་་
ནོར་གྱི་མཆོག་ནི་ཆོག་ཤེས་ཀྱི། །
གསུང་ལ་ཚད་མར་མི་འཛིན་ནམ། །
འཇམ་གླིང་དཔལ་འབྱོར་རྒྱས་ཆེ་ན། །
ས་གཏེར་རྫོགས་ནས་མི་འཇིག་སམ། །
ས་གཏེར་རྫོགས་ནས་མི་འཇིག་གམ། །ལ་བཅོས་རོགས་ཞུ།
གསེར་འབྲུག་སྡེར་ལྔ་ལེགས།
ནེཧ་རུའི་སྲིད་བྱུས་ཀྱིས་རྒྱ་ནག་དང་མཐུན་ལམ་བྱས་ཏེ། རྒྱ་གར་བརྟན་པོར་གནས་ཐུབ། གལ་ཏེ་ཡུལ་དེ་དང་མཐུན་ལམ་མ་བྱས་པར་འཛིངས་པ་ཡིན་ན། རེ་གཉིས་ཀྱི་དཔེ་ལྟར་སྟོབས་ཆེན་དེ་ཡིས་རྒྱ་གར་ལ་ཡུན་རིང་འཛིངས་པ་ཡིན་ན། རྒྱ་གར་ཕམ་པར་ཐེ་ཚོམ་མེད། དེའི་ཚེ་གསེར་འབྲུག་ཁྱེད་ཀྱང་ནམ་མཁའ་ལ་ལྡིང་ན་མ་གཏོགས་རྒྱ་གར་ས་ལ་གོམ་པ་རྒྱབ་ཐུབ་པ་དཀའ། རྒྱ་གར་ཡར་རྒྱས། རྒྱ་ནག་ལྟར་ཡར་མཆོངས་མེད་ཀྱང་། རུས་སྦལ་དང་རི་བོང་གི་དཔེ་ལྟར་བརྟན་པོའི་ཡར་རྒྱས་འགྲམ་ཆུ་ལྡང་བ་ཞིག་འདུག ཅེས་ནུབ་ཕྱོགས་པས་སའི་གོ་ལ་ན་ཡར་རྒྱས་ལ་ལྟ་རྟོག་བྱེད་མཁན་མཁས་པས་བཤད་པ་ཨིན་ཡིག་ཏུ་བཀླགས་པ་བཞིན། མ་འོངས་པ་བདེན་ངེས་སོ།།
རྒན་ལ་དྭགས་པ་རྒྱ་གར་ལ་ཐུགས་ཞེན་གནང་བར་རྒྱབ་སྐྱོར་ཡོད། སྐབས་དེར་ནེ་རོ་ཕར་བཞག་ལྷ་ཡི་བརྒྱ་བྱིན་ཡོང་ནས་བོད་རང་བཙན་གཙང་མ་རེད་ལབ་པ་ཡིན་ན་ཡང་ཕན་ཐོགས་གང་ཡང་ཡོད་རེད། སྐབས་དེར་རྒྱ་ནག་གུང་བྲན་གྱི་དམག་ཤུགས་ལ་ཨ་རི་སོགས་རྒྱལ་ཁབ་ཚང་མ་དངངས་སྐྲག་གིས་ས་ཁོལ་ནས་ཡོད་པས། མའོ་ཙེ་ཏུང་སོགས་ཀྱིས་རང་ཉིད་འཛམ་གླིང་དབུལ་འཕོངས་དུང་ཕྱུར་མང་བོའི་མགོན་སྐྱབས་སུ་རློམ་བཞིན་པའི་སྒང་རེད། གང་ལྟར་ཡང་དེ་རྒྱ་གར་ལ་འཁང་ར་བྱ་དགོས་དོན་མེད་ལ། རྒྱ་གར་གཞུང་མང་གཉིས་ནི་བོད་མི་ལ་བཀའ་དྲིན་ཆེན་པོ་རེད། ཁྱི་ཞིག་ཡིན་ན་ཡང་རང་ལ་ཡག་པོ་བྱེད་མཁན་གྱི་བདག་པོ་དེ་ངོ་ཤེས་ཀྱིན་མི་འདུག་གམ། རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ།
རྒྱ་གར་བཀྲིན་ཆེན་པོ་རེད། མ་ཟད་ངས་བསམ་པར་ད་དུང་ ཀོངྒ་རེས་ཚོགས་སྡེ་བོད་མི་སྐྱབས་བཅོལ་སྤྱི་དང། ཧི་མ་ལ་ཡའམ་རྒྱ་གར་གྱི་གྲང་ཉུང་མི་རིག་ལ་བལྟ་སྟངས་ཆོས་ལུགས་སྡང་ཟུག་མེད་ཡག་ག་འདུག་བསམ།
(congress party) བྱས་ཙང་ང་རང་ཚོར་གཞུང་འཛིན་ཀོངྒ་རེས་དེ་ཡིན་ན་་ཨ་ཁུ་རྒས་པོ་ནེཧྲུ་མཆོག་གི་བུ་རྒྱུད་ཚོ་ཆབ་སྲིད་འཛིན་པར་ཤོག མ་ཟད་ང་རང་ཚོས་བོོད་མི་རིགས་ཧི་མ་ལ་ཡིསི་ཆོས་དག་རིག་གཞུང་སྲོག་རྩ་ནི་སྐ་དག་ཡི་གེ་འདི་ཉིད་ཀྱང་གཞུང་གི་ངོས་ལེན་ཡོང་བར་ཤོག། དངུལ་ལོར་ནང་བོད་ཡིག་གམ་བྷོ་ཊི་ཡི་གེ་འདི་ཚུད་པར་ཤོག།
དུས་དང་རྣམ་པ་ཀུན་ཏུ་ང་ཚོ་བོད་དང་ཧི་མ་ལ་ཡཱའི་མི་རིགས་རྣམས་གཅིག་ནི་རྒྱནག་པོའི་ནང་ཚུད་ཡོད། གཅིག་ཤོས་ནི་རྒྱ་དཀར་པོའི་འོག་ཏུ་ཡོད་། གང་ལྟར་ཁང་སྒོ་ལ་དར་ཅོག་བཙུག་པ་ཅན་ཐམས་ཅད་སྨད་རྒྱ་ནག་པོའི་ས་མཚམས་ནས་སྟོད་རྒྱ་དཀར་པོའི་ས་མཚམས་བར་ཐམས་ཅད་སྐད་ཡིག་དང་། རིག་གཞུང་གཅིག་ཆོས་རྒྱུད་་གཅིག་གི་རྒྱུད་པ་ཅན་ཡིན་པས། སྟོད་མངའ་རི་ལ་དྭགས་ནས་ཆོས་དང་རིག་གཞུང་དར་ཡོད་ན་བོད་སྤྱིའི་ཆོས་རིག་དར་བ་རེད། བོད་བས་ཆིས་རིག་ཉམས་ཆགས་ཕྱིན་ན་ང་ཚོ་ཧི་མ་ལ་ཡསི་ཡོངས་ཆོས་རིག་ལ་གོང་ཆགད་ཕྱིན་པ་རེད། དེ་དོན་ག་ཚོ་ཐམས་ཅད་ཁང་སྒོ་ལ་དར་བཙུག་ཅིང་། ཁ་ལ་རྩམ་པ་ཟོས་པའི་མི་རིག་ཆོས་རུགས་གཅིག་ཡིགས་རྫོགས་སེམས་ཤུག་ན་ཆགས་རོག
སེམས་ཤུག་མ་ཆགས་གནང་རོག།
རྒན་ལ་དྭགས་པ་ལགས།
རྒས་པོ་ནེ་རུ་རྒྱ་ནག་དང་མཉམ་གནས་མཐུན་ལམ་གནང་འདོད་ཡོད་པར་ངས་དགག་བྱ་གང་ཡང་མེད་མོད། འོན་ཀྱང་མཐུན་ལམ་གནང་བར་ཡིན་ཅིག་ཆ་རྐྱེན་ཅི་ཡང་མེད་པར་བོད་རྒྱའི་དབར་དཔང་པོ་རྫུན་མ་ཞིག་ཐོན་དགོས་དོན་རྩ་བ་ཉིད་ནས་མེད་པ་རེད། མ་གཞི་ངས་སྔ་ས་ནས་རྒས་པོ་ནེའེ་རུས་བོད་བཙན་བྱོལ་བ་ཚོར་གང་དྲག་ཅི་དྲག་གནང་བར་བཀའ་དྲིན་རྗེས་དྲན་བྱེད་དགོས་པ་རེད་ལ་བོད་རྒྱའི་གནད་དོན་དབར་ནག་ཐིག་གཅིག་བརྒྱབ་ཡོད་པར་བརྗེད་ནི་ཉན་ཡ་ཞེས་བཤད་ཡོད།
ལར་ནས་རྒས་པོ་ནེའེ་རུས་རྒྱ་ནག་དང་མཉམ་གནས་མཐུན་ལམ་ཆེད་བོད་དོན་ཚོང་རྫས་འདི་ཀྲུང་ནན་ཧེའེ་ཡི་སྣ་མང་བཤམ་སྟོན་ཁང་དུ་བསྐྱལ་ཡོད་ཀྱང་ཁེ་སང་རེགས་རྒྱུ་ལྟ་ཅི། མོན་རྟ་ཝང་ལ་སོགས་པའི་རྩོད་གཞི་ཅན་གྱི་ས་ཁུལ་བདག་དབང་གི་ཚོང་རྫས་རྣམས་ཕྱིར་སློག་བྱེད་དགོས་པར་བཤད་པ་རེད།
རྒས་པོ་ནེའེ་རུས་རྒྱ་ནག་དང་ཆབ་སྲིད་ཚོང་འབྲེལ་མཐུན་ལམ་དེས་རྒྱ་གར་བརྟན་གནས་ལ་འགན་ལེན་མི་ཐུབ་ལ་རྣོ་ངར་ཆེ་བའི་རྩོད་གཞི་ཅན་གྱི་ས་ཁུལ་བདག་དབང་དེས་རྒྱ་གར་ནམ་ཡང་གཉིད་སྐྱིད་པོ་འཁུག་མི་འཇུག་ལ། ནམ་ཞིག་རྩོད་གཞི་རྣོ་ངར་ཆེ་རུ་འགྲོ་རྒྱུ་གདོན་མི་ཟ་བས། སྐབས་དེ་དུས་ལག་པ་མ་འཆངས་རང་འཆངས་ཆགས་ཀྱི་རེད་ལ་ཡང་ཅིག་མིན་ན་ཡོད་ཚད་བློས་གཏོང་བྱ་རྒྱུ་མ་གཏོགས་ལྷག་མེད་པ་རེད། དེ་ལྟ་བས་ན་བོད་འདི་རྒྱ་ནག་དང་རྒྱ་གར་ཕྱོགས་གཉིས་དབར་གྱི་རྩོད་རྙོག་མེད་པར་བཟོ་མཁན་མེད་དུ་མི་རུང་བ་ལགས་ན་དུས་ད་ལྟ་ནས་ཁ་ཕྱོགས་མ་ནོར་བ་ངེས་པར་གནང་དགོས་པ་རེད། རྒྱ་ནག་སྟོབས་ག་ཚོད་ཆེ་ན་ཡང་ནང་ཁུལ་འགལ་ཟླ་ཆེ་རུ་འགྲོ་བཞིན་པ་མ་ཟད་གཅིག་སྡུད་རིང་ལུགས་ཀྱི་དམར་ཤོག་སྲིད་དབང་ཡུན་རིང་གནས་མི་སྲིད་པས་ད་ལྟ་ནས་གྲ་སྒྲིག་དགོས་པ་རེད། དཔེར་ན་དེ་སྔོན་སྟོབས་ཆེན་ཨུ་རུ་སུ་རྒྱལ་ཁབ་བསམ་ཡུལ་ལས་འདས་པའི་ཁ་ཐོར་ཕྱིན་པ་རེད། མཐའ་དོན་རྒན་ལ་དྭགས་པ་ཁྱེད་རྒྱ་གར་མི་སེར་ཡིན་པ་སོང་ཙང་རྒྱལ་ཁབ་ལ་ཞེན་ཁོག་དང་མི་རིགས་ཀྱི་ལྟ་བར་ངས་བསྔགས་བརྗོད་ཡོད།
བོད་ནི་དུས་རབས་ཉེར་གཅིག་པའི་རྒྱ་ནག་གི་རྩིབ་རུབ་གཉེ་པོ།
རྒྱ་ནག་སྐད་དུ་རྩོམ་པ་པོ། ཝང་ལི་ཞུང་།
བོད་སྐད་དུ་སྒྱར་བ་པོ། རྡོ་རྗེ་ཚེ་རིང་།
རྡ་སའི། བོད་གནས་ཉམས་ཞིབ་ཀྱི་དེབ་ཕྲེང་ལྔ་པ། འདི་ཚར་གཅིག་ངེས་ཀློག་གལ་ཆེ་བ་མཐོ་སོང་།
མཐོ་སོང་འདི་མཐོང་སོང་ལ་བཅོས།
འདྲེ་ནག་ནི་འདྲེ་ནག་རང་རེད། མཚན་མོར་རྒྱུ་བའི་ཁྱི་དང་འབྱུང་པོའི་ཚོགས་རྣམས་མ་གཏོགས་མཐོང་ནི་མ་རེད། ལྷ་ཡི་དབང་པོས་བོད་རང་བཙན་གཙང་མ་ལབ་དགོས་ཟེར་ན་ཤེས་པ་རང་བཞིན་རྣལ་དུ་མ་བབས་པའི་མངོན་རྟགས་མ་རེད་པས།
བོད་ནི་དུས་རབས་ཉེར་གཅིག་པའི་རྒྱ་ནག་གི་རྩིབ་རུབ་གཉེན་པོ་ལས།
་་་་་ ནུབ་ཕྱོགས་པ་རྣམས་ཀྱིས་བོད་ལ་བརྩེ་གདུང་ཟབ་མོ་འདི་ལྟར་བྱུང་དགོས་དོན་ཅི་ཡིན་ནམ། ་་་་་
འཇིག་རྟེན་སྒྱུ་མ་ལྟ་བུ་ཡིན། འདི་ལ་བསལ་བྱ་ཅི་ཡང་མེད་། བཞག་པར་བྱ་བ་ཅུང་ཟད་མེད། ད་རང་རེས་འཆལ་འཆོལ་གྱི་གཏམ་བཤད་པ་ལས། བྱེད་ཐུབ་པའི་སྐད་ཆ་འདྲ་བཤད་ན་ཕན་ཆེ། བོད་ཡིག་ཏུ། དའི་འོག་ཏུ་ཧ་འཇུག་དགོས་ན། ད་རྒྱབ་པའི་རྗེས་ལ། རང་གི་ལག་གཡོན་ཕྱོགས་ན། shift ཞེས་པ་མནན་ཏེ། རང་གི་ལག་གཡས་ཀྱི་ཕྱོགས། གོང་ན་སྐུ་རུ་ཁའི་འོག་ན། ཐིག་བརྩེགས་མ་ལྟ་བུ་ཞིག་ཡོད་པ་མནན་རྗེས། ཧ་ཡིག་མནན་ན། ད་ལ་ཧ་འོག་ཏུ་འཇུག་ཐུབ་པ་འདི་ལྟར། དྷ། དྷ་ས་ལ་རྡ་ས་མ་ཡིན་པར་དྷ་ས་འབྲི་ན་ཡི་གེའི་དག་ཆ་དང་མཐུན། ཡི་གེ་བརྩེགས་ཚུལ་འདི་བདག་ལ་གསར་དུ་རྙེད་པས་དགའ་བ་བྱུང་། ཁྱེད་རྣམས་ན་མཁྱེན་འདོད་མཁན་རེ་ཡོད་ན། ཐུགས་ཕན་གསོས་པར་བསམ་པ་ལགས་སོ།།
དྷ་ས་ལ། རྡ་ས་ཞེས་བྲིས་ནོར་ཐེབས་པ་ལ་དགོངས་དག་ཞུའོ།
བཀའ་དྲིན་ལ་བསམ་ཤེས་དང་། བྱས་རྗེས་རྒྱུན་འཛིན་གྱིས། རྩ་བ་བརྟན་པ་དང་རྩེ་མོ་རྒྱས་དགོས་པ་ལས། རྩ་བ་མི་བརྟན་པའི་རྩེ་མོ་རྒྱས་ཀྱང་ཡུན་རིང་མི་བརྟན་པར་ངེས་སོ། །
དྲང་པོར་བཤད་ན་ད་ལྟའི་བོད་ཡིག་འབྲི་སྲོལ་འདི་ཡང་ཞིབ་ཏུ་བསམ་ན་རྒྱ་གར་གྱི་ཡི་གེ་ཞིག་རེད། འདིའི་རྒྱ་གར་གྱི་ལེགས་སྦྱར་སྐད་ཧིན་དིའི་ཡིག་གཟུགས་ཅི་མ་ཅི་བཞིན་འབྲི་ཐུབ། བོད་ཡིག་འདིའི་ཁྱད་ཆོས་གཅིག་ཀྱང་འདི་རེད། བོད་རང་སྐད་འབྲི་ཐུབ་པ་མ་ཟད་རྒྱ་གར་གྱི་ལེགས་སྦྱར་ཧིན་དི་བཞིན་བརྩེགས་མ་སོགས་བྱས་ནས་འབྲི་ནུས། ཡིག་རིགས་གཞན་ཕལ་མོ་ཆེས་སྟེང་དུ་ལེགས་སྦྱར་འབྲི་སྐབད་བོད་ཡིག་ལྟ་བུར་སྒྲ་དག་སྒྲོས་གཙང་ཞིག་འབྲི་མི་ནུས། བོད་ཀྱི་རིག་གནས་ཡོངས་སུ་རྫོགས་པའི་ཁུངས་རྒྱ་གར་མིན་ན་ཡང་ནང་དོན་རིག་པ་གཙོ་བོར་གྱུར་པའི་རིག་གནས་ཧ་ཅང་མང་པོ་ཞིག་གི་ཁུངས་རྒྱ་གར་རེད།
རྒྱ་གར་ནི་བོད་ལ་དུས་ནམ་ཡང་བཀའ་དྲིན་ཆེན་པོ་ཡིན། དུས་གཏན་དུ། ཇི་སྲིད་དུ། བསྐལ་བ་མ་སྟོང་གི་བར་དུ།
རྒྱ་གར་རིག་གནས་ཀྱིས་བོད་ཀྱི་རིག་གནས་ཡར་རྒྱས་ལ་སྟོབས་ཤུགས་སྦྱིན་པ་ལྟ་བུ་ཞིག་ཁྱིམ་མཚེས་ཡུལ་ལུང་གང་གི་རིག་གནས་ལས་ཀྱང་བྱུང་མ་མྱོང་། ཡི་གེ་ཀྱག་གེ་ཀྱོག་གེ་ཞིག་འབྲི་རྒྱུ་ཡོད་པ་འདི་ནི་རྒྱ་གར་བ་ལ་དཔེ་བལྟས་ནས་བྱུང་བ་རེད། ཆོས་ལུགས་མཚན་ཉིད་རིག་པ་རྒྱས་པོ་ཞིག་ཡོད་པ་དེ་ནི་རྒྱ་གར་བ་ལས་ཐོབ་པ་རེད། ལྷ་སྐུ་མདའ་ངེ་མདོང་ངེ་རེ་བཞེངས་སྲོལ་ཡོད་པ་འདི་ནི་རྒྱ་གར་བས་བསླབས་པ་རེད། ལྷ་ཁང་བ་གེ་བུག་གེ་རེ་བཞེངས་སྲོལ་ཡོད་པ་དེ་ནི་རྒྱ་གར་ལ་དཔེ་བལྟས་ནས་བྱུང་བ་རེད། ཆབ་སྲིད་ཀྱི་ཕྱོགས་ནས་རྒྱ་གར་གྱིས་བོད་ལ་རྒྱར་སྐྱོར་བྱས་པ་ཙམ་ཞིག་འཛམ་གླིང་གི་རྒྱལ་ཁབ་ཆེ་ཆུང་སུས་ཀྱང་བྱས་མ་མྱོང་། དྲང་པོར་བཤད་ན་རྒྱ་ནག་ལ་མ་བརྟེན་ནས་འཚོ་སྡོད་བྱས་ཡོད་མཁན་ནི་དེང་སང་རྒྱ་གར་ཙམ་ལས་དཀོན་མོ་རེད་འདུག དེ་ཡིན་དུས་ངས་ཀྱང་མི་རིང་བར་རྒྱ་གར་བའི་བཀའ་དྲིན་བརྗོད་པའི་རྩོམ་ཞིག་འབྲི་འདོད་ཡོད།
འདིའི་སྐོར་ལ་ཐུགས་བསམ་བཞེས་དགོས་པར་འདོད།
སངས་རྒྱས་བཀའ་དང་དགོངས་འགྲེལ་གང་མང་ཀློགས། །
༸གོང་ས་ཆེན་པོའི་བཀའ་སློབ་ཡང་ཡང་ཉོན། །
འཇམ་གླིང་ཤེས་བྱ་སྣ་མང་ཤེས་ལ་བརྩོནད། །
མི་ཚེ་མཐོང་རྒྱ་ཆེ་བའི་ལམ་ལ་འཇུག། །
ལགས་སོ།