སྐལ་བཟང་དོན་གྲུབ།
ཕྱི་ལོ་༢༠༡༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་ནས་དེང་གི་ཆར། སྲིད་སྐྱོང་གི་འོས་མི་རྣམས་ས་གནས་ཁུལ་ལ་གཏམ་བཤད་བྱེད་པར་འགྲོ་བཞིན་ཡོད་པ་དང་། ཐབས་སྐྱོ་པོ་དང་ངོ་གནོང་དགོས་པའི་གནས་ཚུལ་ཁ་ཤས་བྱུང་ཡོད་པ་ནི། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སྲིད་སྤྱིའི་འོས་མི་ཚང་མ་དང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་སྦེང་ལོར་བོད་ཁྱིམ་སྡོད་ཁང་གིས་ཨ་ཚོགས་ཀླུ་མཁར་བྱམས་ལ་རང་ཉིད་ཀྱི་བསམ་ཚུལ་དང་མ་འོངས་ཀྱི་འཆར་གཞི་སོགས་མཐོ་སློབ་ཀྱི་སློབ་ཕྲུག་ལ་གཏམ་བཤད་བྱེད་པའི་ཆོག་མཆན་མ་སྤྲད་པ་དེ་རེད།
དེ་བཞིན་སེ་ར་དང་རྒྱུད་སྨད་གྲྭ་ཚང་གིས་ཨ་ཚོགས་ཀླུ་མཁར་བྱམས་ལ་གཏམ་བཤད་བྱེད་དུ་བཅུག་གི་མིན་ཟེར་བ་དང་སྤྱི་འཐུས་ཚོགས་གཙོས་དེ་ལ་བསྟོད་བསྔགས་བྱས་པ་བཅས་ནི་མང་གཙོ་ལ་རྡོག་རོལ་དང་འགན་མ་བླངས་པ་རེད། ཆེ་ས་ནས་བཤད་ན་བོད་མི་རིགས་ཀྱི་རྩ་དོན་ལ་འགན་ཁུར་མ་བྱས་པ་རེད་ཟེར་ནའང་མི་འགྲིག་པ་མེད་པར་སེམས།
སྤྱིར་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་ལ་མཐོ་རིམ་སློབ་ཕྲུག་ཚོར་ཆབ་སྲིད་ཀྱི་གོ་རྟོགས་དང་རང་དབང་ཤིན་ཏུ་ཆེན་པོ་ཡོད་པ་མ་ཟད། སློབ་ཕྲུག་ཚོའི་སྣེ་ཁྲིད་འོག་ཆབ་སྲིད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་མང་པོ་ཞིག་སྤེལ་དང་སྤེལ་མུས་རེད། དཔེར་ན། ཧོང་ཀོང་གི་ཉི་གདུགས་ཀྱི་ཞི་རྒོལ་ཆེན་པོ་དང་ཕྱི་ལོ་༡༩༨༩ ལོར་རྒྱ་ནག་གི་གནམ་སྡེ་སྒོ་མོར་མང་གཙོའི་ལས་འགུལ། དེ་བཞིན་བོད་ནང་རེབ་གོང་བོད་རིགས་སློབ་མ་ཚོས་རང་ཉིད་ཀྱི་སྐད་ཡིག་གི་ཆེད་དུ་ཞི་རྒོལ་སོགས་ལས་སློབ་ཕྲུག་གི་ནུས་པ་སྟོན་ཐུབ་པ་ཡིན། འོན་ཀྱང་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་ནག་གི་ང་ཚོ་ལ་རང་དབང་སྤྲོད་ཀྱི་མི་འདུག་ཅེས་སྐད་ངན་བརྒྱབ་ཀྱི་ཡོད་དེ། མཐོ་རིམ་སློབ་གྲྭ་ཁག་ཏུ་སྲིད་སྐྱོང་གི་འོས་མི་ཚོར་གཏམ་བཤད་བྱེད་པའི་གོ་སྐབས་གཅིག་མཚུངས་མི་སྤྲད་པ་ནི་མང་གཙོ་དང་མི་མཐུན་པ་མ་ཟད། སློབ་ཕྲུག་ཚོར་ཆབ་སྲིད་ཀྱི་རང་དབང་མ་སྤྲད་པ་ཡང་ཡིན།
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་འོས་མི་ཚང་མར་གཅིག་མཚུངས་ཀྱི་གཏམ་བཤད་བྱེད་དུ་བཅུག་མེད་པ་དེ་ཡང་ཕྱོགས་རིས་བྱས་མེད་པ་རེད་དེ། དེ་ལྟར་བྱས་པ་དེ་ཡང་གོང་ནས་བཀའ་བཏང་བ་ལས་སློབ་མ་ཚོས་དེ་ལྟར་བྱེད་རོགས་ཞེས་འབོད་སྐུལ་བྱེད་མི་སྲིད་པ་རེད། དེ་བཞིན་ཏཱ་ལའི་བླ་མ་མཐོ་སློབ་དང་སྦེང་ལོར་བོད་ཁྱིམ་སྡོད་ཁང་གཉིས་ཀྱིས་འོས་མི་གཞན་ལ་གཏམ་བཤད་བྱེད་བཅུག་ཡོད་པ་དང། ཨ་ཚོགས་ཀླུ་མཁར་བྱམས་ལ་ཐོག་མར་ཆོག་མཆན་སྤྲད་ཡོད་འདུག། འོན་ཀྱང་རྗེས་སུ་གཏམ་བཤད་བྱས་ན་མི་འགྲིག་ཚུལ་བརྗོད་ཡོད་འདུག མཐོ་སློབ་ཀྱི་སློབ་ཕྲུག་ཚོར་ཆབ་སྲིད་ཀྱི་གོ་རྟོགས་ཡོད་རུང་མེད་རུང། དེ་དག་ལ་ཆབ་སྲིད་ཀྱི་རང་དབང་དགོས་གལ་ཆེན་པོ་ཡིན་པ་བརྗོད་མི་དགོས།
སློབ་ཕྲུག་དེ་དག་མ་འོངས་པར་ལས་ཀྱི་སྣེ་མོ་ལ་སྡོད་མཁན་ཆགས་པའི་རེ་བ་རྒྱག་ཡུལ་ཡིན་པས། ལངས་ཕྱོགས་འདྲ་མིན་དང་བསམ་ཚུལ་འདྲ་མིན་ལ་གོ་རྟོགས་དགོས་གལ་ཆེན་པོ་ཡིན་པ་རེད། དེ་མིན་དེ་དག་མ་འོངས་པར་བསམ་བློ་གཞི་རྒྱ་ཆེན་པོ་གཏོང་མི་ཐུབ་མཁན་ཆགས་མི་སྲིད་པ་མ་རེད། དེ་བཞིན་མཐོ་སློབ་ཞིག་ལ་མཚོན་ན་སློབ་སྦྱོང་བྱེད་ཡུལ་ཞིག་ཡིན་པ་ལས་ཆབ་སྲིད་ཀྱི་ལངས་ཕྱོགས་ལྡན་པའི་ཚོགས་པ་ཞིག་ག་ལ་ཡིན།
དེས་ན་སློབ་སྦྱོང་གི་བརྒྱུད་རིམ་དང་ལྷག་པར་དུ་ང་ཚོ་བཙན་བྱོལ་བ་ཡིན་པའི་ཆ་ནས། ཆབ་སྲིད་ཀྱི་རང་དབང་དང་གོ་རྟགས་དེ་ནི་གལ་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པས། སྒེར་གྱི་ཕྱོགས་རིས། ཡང་ན་ཡོང་ཁུངས་གཞན་གྱིས་གནོན་ཤུགས་སྤྲད་པ་གང་ལ་བརྟེན་ནས། མང་གཙོའི་ཐོབ་ཐང་ལ་རྡོག་རོལ་བྱས་པ་ནི་ཉེས་པ་ཆེན་པོ་ཞིག་ཡིན་པས། དེ་ལ་སྤྱི་ཚོགས་དང་འོས་བསྡུ་ལྷན་ཁང་གིས་དང་ལེན་བྱེད་མི་རུང་བ་མ་ཟད། དེའི་སྐོར་ལན་འདེབས་གསལ་པོ་གནང་དགོས་གལ་ཆེན་སེམས་སོ།།
དཔེ་ཡག་པོ་བྲིས་འདུག་་་་་་་དབང་ཆ་སྒེར་བདག་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་རྒྱུན་འཛིན་ལྷག་མ་རྣམས་ཡང་བསྐྱར་རང་མདོག་སྟོན་ཀི་ཡོད་རེད། རང་དབང་དང་སྨྲ་བརྗོད་སོགས་ཐོབ་ཐང་འདྲ་མཉམ་མེད་པ་ཀུན་གསལ་རེད། ལྷག་པར་དུ་གོང་ས༧ མཆོག་ལ་ཞེན་ཁུལ་གྱིས་མི་རིགས་དབྱེ་འབྱེད་བྱས་ན་དེས་གོང་ས༧ མཆོག་གི་ཐུགས་མཉེས་པའི་རྒྱུ་རུ་འགྲོ་མིན་ཅིག་ལྟོས་ཨ།
ཏྲེ་བྱམས སྲིད་སྐྱོང་འོས་མི་ཚང་མ་མི་རིགས་གཅིག་རེད་དོའོ
གང་ཤེས་དེང་སོང་བོད་ཀྱི་དུས་བབས་ཚང་ལ་ཡང་དམངས་གཙོ་ཟེར་བ་ངོ་མ་མི་འདུག་་མཆེན་ཐེངས་མང་པོ་ལ་བཀོད་རོགས་བྱས་མ་སོང་་གསར་ཁང་ལ་བསམ་འཆར་ཁ་ཤས་བཤད་ཡིན་པས་ཉན་མ་ཆོག་པ་འདྲ་་་
ཀླུ་བྱམས་ལ་གདིང་ཆ་མ་སྤྲད་པ་ལ་སྙིང་ཐག་པ་ནས་རྗེསུ་ཡི་རང་དང་དགའ་བསུ་ཡོད། །
དམངས་གཙོ་ཁ་ནས་བཤད་ནས་དམངས་གཏོར། །
རང་བཙན་་རང་བཙན་ཟེར་ནས་བོད་པ་སྤྲུགས།།
བཟང་སྤྱོད་ནོར་གྱི་དབེན་པའི་མི་འདིས་རིགས།།
ནམ་ཡང་པའི་ནང་ལ་མེད་པར་སྨོན།།
དམངས་གཙོ་གནང་ཡོད་ཟེར་ཡང་ཁ་གཡང་ཙམ།།
དབུ་མ་དབུ་མ་ཟེར་ཡང་མགོ་འདོགས་རེད།།
དད་པ་ལོག་སྤྱོད་མང་བའི་སྤྱི་ཚོགས་ནང་།།
འདྲ་མཉམ་དྲང་ཚུགས་ཐར་ལམ་མེད་ཁོ་ཐག།།
འཇར་མ་ནིའི་མཚན་ཉིད་རིག་པ་བ། ཤོ་ཕིན་ཧ་ཝར་Scopenhauer གྱིས་འདི་འདྲ་ཞིག་གསུངས་ཡོད་རེད། བདེན་པ་ཟེར་བ་དེ་གནས་རིམ་པ་གསུམ་བརྒྱུད་ནས་འགྲོ་གི་རེད། དང་པོ་འཕྱ་སྨོད་བྱེད་ཀྱི་རེད། དེ་ནས་དྲག་རྒོལ་བྱེད་ཀྱི་རེད། མཐའ་མ་དང་ལེན་བྱེད་གྱི་རེད། ཅེས་གསུངས་པ་དེ་དྲན་སོང་།
རང་བཙན་རང་བཙན་ཟེར་བ་རང་དོན་རེད།།
དབུ་མ་དབུ་མ་ཟེར་ཡང་དབུ་སྐོར་ཙམ།།
མདོར་ན་བཀའ་སྤྱིའི་འདྲན་རྩོད་ཆེན་པོ་འདི།།
བོད་འབངས་ཕུང་ལ་སྦྱོར་བའི་སྔ་ལྟས་ཡིན།།
བོད་ཁྱིམ་ནང་དུ་རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཀླུ་མཁར་བྱམས་ཡོང་བར་འགག་རྐྱེན་སྤྲད་ཡོད་ཀྱང་། ལྷ་འདྲེ་བཤད་མཁན་གྱི་དགེ་བཤེས་མགོ་མཁྲེགས་པོ་ཁ་ཤས་ནམ་རྒྱུན་ཅིག་བཤད་བཅུག་ནས་བོད་ཕྲུག་རྣམས་བླུན་བསྒྱུར་བྱས་ཚར་ཡོད།
བོད་པ་ན་གཞོན་བོད་ཁྱིམ་ནས་ཐོན་པ་ཞིག་ཡིན་པའི་གནས་ཚུལ་འདི་ཐོས་ནས་བློ་ཕམ་བྱུང་།
ཀླུ་བྱམས་ལ་གདིང་ཆ་མ་སྤྲད་པ་ལ་སྙིང་ཐག་པ་ནས་རྗེསུ་ཡི་རང་དང་དགའ་བསུ་ཡོད། །
འདི་འབྲི་མཁན་བོད་ཁྱིམ་ནས་ཐོན་པའི་བོད་ཕྲུག་ཡིན་པ་བདེན་ན་ནི་སེམས་ལ་གདོན་ཞུགས་པ་ཡིན་སྲིད། དེ་མིན་༧གོང་ས་མཆོག་དང་བོད་ཁྱིམ་གྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་འཚར་ཡོང་བའི་མི་ཞིག་གིས་འདི་རིགས་འབྲི་མི་སྲིད།
ཁ་བའི་འདབ་མ་ལགས། ང་རང་བོད་ཁྱིམ་ནས་འཚར་ལོངས་བྱུང་བ་ཡིན་པ་དང། ༧གོང་ས་མཆོག་དང་བོད་ཁྱིམ་གྱི་བཀའ་དྲིན་ལ་བརྟེན་ནས་བསམ་བློའི་རང་དབང་ལ་དགའ་མོས་བྱེད་མཁན་ཞིག་ཏུ་ཆགས་སོང་བས། ངས་རྟག་ཏུ་བཀའ་དྲིན་ཆེན་པོ་ཚོར་གྱི་ཡོད་དེ། བྱེད་སྟངས་མ་འགྲིག་པ་ཡིན་ན། འགྲིག་གི་མིན་འདུག་ཞེས་ལབ་ཐུབ་པ་བྱེད་རྒྱུ་ནི་ཤེས་ཡོན་སྦྱངས་པའི་དགོས་པ་ཡིན་ལ། ཚོགས་པ་དེ་ལ་ཤ་ཚ་དང་ལ་རྒྱ་ཡོད་པ་ཡིན་པ་ལས། བཀའ་དྲིན་ལ་བསམ་ཤེས་མེད་པ་ཞིག་གཏན་ནས་མིན།།
གོང་ས་མཆོག་རྒྱལ་བཙོང་བ་རེད་ཟེར་མཁན་ཞིག་ལ་སྡིང་ཆ་སྤྲད་ན་རྒྱུ་འབྲས་ཀྱི་ཆོས་ཉིད་གོ་སྡོག་བྱས་པ་རེད། བོད་ཁྱིམ་ཚང་གིས་བྱ་བ་བཟང་པོ་གཅིག་སྒྲུབ་ཡོད་པ་ནི་འདི་ཁོ་ནའོ།།
གཞིས་ལུས་བོད་པ་ཚོ་ལ་རྒྱ་གུང་ཁྲན་བཀའ་དྲིན་ཆེ།
བྱེས་འབྱོར་བོད་པ་ཚོ་ལ་༧རྒྱལ་བ་རིན་པོ་ཆེ་བཀའ་དྲིན་ཆེ།
མདོར་ན་བོད་མི་ས་ཡ་དྲུག་པོ་ལ་འཇོན་ཐང་དང་ཤེས་ཡོན་མེད་པ་ཤུགས་ཀྱི་བསྟན་ཡོད། ཡག་པོ་སོམས།
ས་ར་སློབ་གྲྭ་ན་དགེ་སློབ་ཡོན་ཏན་རེ་ཡོད་བསམ་ཡོད། འོན་ཀྱང་ད་ཐེངས་ཁོ་ཚོ་ཡང་གྲགས་འགུལ་བྱས་མི་འདུག བཀག་པ་འགྲིག་ཡོད་ཟེར་མཁན་ཡིན་ས་རེད་པ།