༼ཡོང་ཁུངས། བོད་ཀྱི་བང་ཆེན།༽
དྲི་བ། ཆབ་སྲིད་ཀྱི་རྣམ་པ་མངོན་རིགས་མི་འབྱུང་བའི་གྲོས་ཆོད་དགོངས་དོན་བཞིན། གཞོན་ལྷན་ཚོགས་གཙོར་གསལ་བཤད་རེ་སྐུལ་ཞུས་ཀྱང་ནུས་པ་མ་ཐོན་སྐོར་གསུངས་འདུག་པས། དེ་ག་འདྲ་ཡིན་ནམ།
ལན། གོ་སྒྲིག་ཚོགས་ཆུང་གིས་དེ་རིང་གསལ་བསྒྲགས་ནང་བཀོད་པའི་ནང་དོན་དེ་ནི། རང་སྐྱོན་འགེབས་ཆེད་བཤད་པའི་སྐད་ཆ་གསར་པ་ཞིག་རེད། གང་ལགས་ཞེ་ན། ཐོག་མར་དུས་དབང་གཏན་འཁེལ་བ་ནས་བཟུང་ང་ཚོས་གོ་སྒྲིག་ཚོགས་ཆུང་ལ་ཡིག་ངག་གཉིས་ཐོག་ནས་ཚོང་ར་ཞིག་གནང་སྐྱོང་ཡོང་བའི་འབྲེལ་བ་རིམ་པས་ཞུས་སྐབས། ཆབ་སྲིད་ཀྱི་རྣམ་པའམ་ཆབ་སྲིད་རང་བཞིན་གྱི་ཅ་དངོས་བཙོང་མི་ཆོག་པ་ཟུར་ཙམ་ཡང་གསུངས་མྱོང་མེད་པ་མ་ཟད། དེ་བས་ཀྱང་ཁྲོམ་ས་ལེན་མཁན་ཚོར་བཀྲམ་པའི་ཁྲོམ་སའི་ལམ་སྟོན་ཡིག་ཆ་ཞིག་ང་ཚོར་ཕྱི་ཟླ་༤ ཚེས་༡ ཉིན་བཏང་འབྱོར་བྱུང་བ་དང༌། དེ་བཞིན་ཁྲོམ་སའི་ལམ་སྟོན་ཡིག་ཆ་དོན་ཚན་༡༣ ད་ལྟ་ཡང་དུས་དབང་དྲ་རྒྱའི་ནང་ཡོད་བཞིན་པ་བཅས་ཡིག་ཆ་དེ་གཉིས་ཀའི་ནང་དུ་ཡང་ཆབ་སྲིད་རང་བཞིན་གྱི་ཅ་དངོས་བཙོང་མི་ཆོག་ཟེར་བའི་དོན་ཚན་ཟུར་ཙམ་ཡང་བཀོད་མེད་པས། ད་ལྟ་ཁོང་ཚོས་གསལ་བསྒྲགས་ནང་ཆབ་སྲིད་ཀྱི་རྣམ་པ་མངོན་རིགས་མི་འབྱུང་བའི་གྲོས་ཆོད་དགོངས་དོན་ཟེར་བ་ནི། འུག་པའི་རྫུན་དྲུག་བཤད་པའི་གཏམ་རྒྱུད་ལྟར་སྔོན་རྗེས་ལྷུ་མི་ཐུག་པའི་སྐད་ཆ་ཞིག་རེད་ལ། དུས་དབང་གོ་སྒྲིག་ཚོགས་ཆུང་ནང་རྒྱུན་ལྡན་བཀུར་འོས་རེ་བ་ཅན་ཁག་ཅིག་ཀྱང་ཡོད་པ་གོ་རྒྱུ་འདུག་པས། ཁོང་རྣམ་པས་ངན་པའི་རྒྱབ་རོགས་མི་གནང་བར། ངེས་པར་བཟང་སྤྱོད་དང་འགན་འཁུར་ཡོད་པའི་སྒོ་ནས་ནོར་འཁྲུལ་ཡོ་བསྲང་གི་ཕྱོགས་སུ་ཕེབས་རྒྱུའི་རེ་བ་ཞུ་ཡི་ཡོད།
ལྷག་པར་ད་བར་དུས་དབང་གང་དུ་གནང་ཡང་དེ་ལྟའི་ཐབས་སྐྱོའི་ཆ་རྐྱེན་བཏོན་མྱོང་རྩ་བ་ནས་མེད་ལ། དེ་བས་ཀྱང་ངེས་པར་དྲན་དགོས་པ་ཞིག་ལ་ང་ཚོ་བཙན་བྱོལ་བོད་མིའི་སྡེ་ཁག་དང་མི་སྒེར་ཡོངས་རྫོགས་ཆབ་སྲིད་སྐྱབས་བཅོལ་བའི་མིང་ཐོག་ནས་ཡོང་ཞིང་འཚོ་སྡོད་བྱེད་མཁན་ཤ་སྟག་ཡིན་པས། ཆབ་སྲིད་ཀྱི་རྣམ་པ་མངོན་མི་ཆོག་ཟེར་བ་དེ་བོད་མི་ཞིག་གི་ངོས་ནས་བསམ་བརྗོད་མི་ཕོད་པའི་ཧ་ཅང་ཐབས་སྡུག་གི་གནས་ཚུལ་ཞིག་དང༌། དེ་ནི་ཁྱེད་རང་སུ་ཡིན་པའི་གདོང་པ་བསྟན་མི་ཆོག་པ་དང༌། ཁྱེད་རང་གི་འགན་འཁུར་གང་ཡིན་པ་བསྒྲུབ་མི་ཆོག་ཟེར་བ་དང་གཅིག་མཚུངས་མ་རེད་དམ།
དྲི་བ། ད་དུང་རྒྱལ་དར་འགྲེམས་སྤེལ་ཚོང་འགྲེམས་མི་ཆོག་པ་ཡང་བརྗོད་ཚུལ་འདུག་པས། དེ་བདེན་པ་རེད་དམ།
ལན། གོ་ཐོས་ལ། ཧ་ཅང་བློ་ཕམ་དགོས་པའི་གནས་ཚུལ་ད་དུང་གཉིས་ཙམ་བྱུང་འདུག དང་པོ་དེ། སྐབས་དེར་སྐལ་ལྡན་བློ་གྲོས་དང་མཉམ་དུ་ཡོང་བའི་དུས་དབང་གོ་སྒྲིག་ཚོགས་ཆུང་ནང་ལས་ཀ་བྱེད་མཁན་བོད་རིགས་ཤིག་གིས་བོད་ཀྱི་རྒྱལ་དར་ཚོང་འགྲེམས་བྱེད་པ་དེ་ཡང་མི་ཆོག་སྐོར་བརྗོད་འདུག གཉིས་པ་དེ། ཕྱི་ཉིན་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས། དུས་དབང་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་པ་ཡིན་ཟེར་བ་ཞིག་གིས་གོ་སྒྲིག་ཚོགས་ཆུང་གིས་དང་ཐོག་ནས་རྒྱ་མིའི་སྐྱོན་འཛུགས་མི་ཡོང་ཆེད་ཆབ་སྲིད་མི་ཡོང་བ་བྱ་རྒྱུའི་ཐག་གཅོད་ཡོད་སྐོར་བཤད་སོང༌། དེ་ལྟར་བཙན་བྱོལ་བོད་གཞུང་འཁོད་པའི་སྟོད་ཐུང་ཚོང་འགྲེམས་མི་ཆོག་པ་དང༌། གཞོན་ལྷན་ཚོགས་གཙོའི་ཐོག་ཉེན་རྟོག་མི་སྣ་སྐད་གཏོང་རྒྱུ་ཡིན་ཟེར་ནས་འཇིགས་སྐུལ་བྱས་པ་སོགས་སྤྱི་ཡོངས་དེ་རིང་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ལས་བྱེད་ཚོས་གསུང་སྟངས་བྱེད་སྟངས་དེ་ཚོ་ལ་བལྟས་ན། དེ་རིང་དུས་དབང་གོ་སྒྲིག་གནང་ཡུལ་དེ་རང་དབང་ཅན་གྱི་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་མིན་པར། བཙན་དབང་དང་བཀག་སྡོམ་ཅན་གྱི་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཡིན་པ་དང༌། དུས་དབང་གོ་སྒྲིག་ཚོགས་ཆུང་ནང་དུ་རྒྱ་རིགས་ལས་བྱེད་པ་ཡང་གང་འཚམས་ཤིག་སླེབས་ཡོད་པ་ལྟ་བུའི་ཚོར་སྣང་བྱུང་སོང༌།
དྲི་བ། རྣམ་པ་ཚོས་ཚེས་༡༥ གོང་སྐལ་ལྡན་བློ་གྲོས་ལགས་ཀྱིས་ཡིག་ངག་གཉིས་ཐོག་ནས་དགོངས་སེལ་མ་ཞུས་ཚེ། གདོང་ལེན་མཐར་ཕྱིན་བྱ་རྒྱུ་ཡིན་གསུངས་འདུག་པར། ད་བར་ལན་བྱུང་མིན་དང་གདོང་ལེན་ཇི་ལྟར་གནང་རྒྱུ་ཡིན་ནམ།
ལན། ལགས་རེད། ང་ཚོ་དབུས་རྒྱུན་ལྷན་ཚོགས་ཀྱིས་ཐག་གཅོད་བརྒྱུད་གསར་འགོད་ལྷན་ཚོགས་དང་གོ་སྒྲིག་ཚོགས་ཆུང་ལ་ཕུལ་བའི་ཡི་གེར་དགོས་ངེས་ཀྱི་བརྡ་ལན་ད་བར་མ་བྱུང་བས། ཐོག་མའི་བསྒྲགས་གཏམ་ལྟར་གདོང་ལེན་མཐར་ཕྱིན་བྱ་རྒྱུར་འགྱུར་བ་མེད། འོན་ཀྱང་དུས་དབང་མཇུག་བསྒྲིལ་བར་དུ་ཕྱིར་འཐེན་དང༌། དེ་རྗེས་ང་ཚོས་ངེས་པར་གདོང་ལེན་མཐར་ཕྱིན་བྱ་རྒྱུ་དེ། བོད་རང་བཙན་གྱི་འཐབ་རྩོད་དང༌། སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་འབྲེལ་བའི་གནད་དོན་གལ་ཆེན་ཞིག་དང་དབུས་རྒྱུན་ལྷན་འཛོམས་ཀྱི་ཐག་གཅོད་ཅིག་ཆགས་ཡོད།
དྲི་བ། གཞོན་ལྷན་ལ་དམིགས་བསལ་བྱས་ཏེ་གསུང་རའི་ནང་ས་ཆ་སྤྲད་པ་ལས། དེ་མིན་སྤྱི་སྒེར་སུ་ལ་ཡང་སྤྲད་མེད་གསུངས་འདུག་པས། དེ་ཅི་འདྲ་རེད་དམ།
ལན། གསུང་རའི་ནང་དུ་ང་ཚོ་གཅིག་པུ་མིན་པར། དཔེ་མཚོན་ཞིག་ཞུས་ན་ང་ཚོ་དང་མཉམ་དུ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཁྲོམ་ས་ཡང་ཡོད་འདུག་ཅིང༌། ཁོང་ཚོའི་ཚོང་ཆས་ནང་བོད་དོན་འཐབ་རྩོད་དང་འབྲེལ་བའི་བརྗོད་ཚིག་ག་རེ་ཡོད་མེད་དང་དེ་དག་ཆབ་སྲིད་དང་འབྲེལ་བ་ཡོད་མེད་ཀྱང་ཚང་མས་མཁྱེན་གསལ་ཡིན་ཞིང༌། གནད་དོན་དེ་ནས་དེ་རིང་གཡས་སྐོར་གཡོན་སྐོར་ཇི་ལྟར་བྱས་ཀྱང༌། ང་ཚོའི་ཚོགས་གཙོ་དང་ཚོང་ཆས་ཕྱིར་འཕུད་བྱས་པ་དེ་སྤྱི་ཡོངས་ཆབ་སྲིད་ཙམ་གྱི་གནད་དོན་མིན་པར། སྡང་ཟུག་དང་ཕྱིར་འཕུད་བྱ་དོན་གཙོ་བོ་དེ། བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་དེ་ལ་ཐུག་གི་འདུག དེ་ནི་ཧ་ཅང་གི་བློ་ཕམ་དགོས་པ་ཞིག་རེད་བསམ་གྱི་འདུག གང་ལགས་ཤེ་ན། བཙན་བྱོལ་བོད་གཞུང་གི་མཚན་བྱང་དེ་ནི་ལོ་རྒྱུས་རང་བཞིན་ཏེ། འདས་པའི་བོད་རང་བཙན་གྱི་བདེན་དཔང་དང༌། མ་འོངས་བོད་རང་བཙན་སླར་གསོའི་རེ་བའི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པས། དེར་བོད་མི་ཡོངས་ཀྱིས་ངོས་འཛིན་གུས་བཀུར་དགོས་པ་ལས། འཇིགས་སྣང་སྡང་ཟུག་བྱས་ཏེ་བཙན་བྱོལ་བོད་གཞུང་གི་མཚན་བྱང་བེད་སྤྱོད་བྱས་པ་དེ་ཁྲིམས་འགལ་ཡིན་ཚུལ་བཤད་པ་དང༌། དེ་བོད་གཞུང་དང་ྋགོང་ས་མཆོག་ལ་ཁ་གཏད་རེད་ཟེར་བ་སོགས་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་བཙུགས་པ་ནས་ད་བར་ལངས་ཕྱོགས་འགྱུར་བ་མེད་པར། བོད་རང་བཙན་སླར་གསོའི་ལངས་ཕྱོགས་དང་ལས་འགུལ་སྤེལ་བཞིན་པ་མ་རྟོགས་པའི་ཧམ་བཤད་ཅིག་ཡིན་པ་མ་ཟད། དེ་ལྟར་བཙན་བྱོལ་བོད་གཞུང་གི་མཚན་བྱང་བེད་སྤྱོད་བྱས་པར་འཇིགས་སྣང་སྡང་ཟུག་བྱས་པ་ནི། བོད་ཀྱི་ལོ་རྒྱུས་དང་རང་བཙན་འཐབ་རྩོད་ལ་རྩིས་མེད་ཁྱད་གསོད་བྱས་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ལྷག་པར་བོད་རང་བཙན་གྱི་དོན་དུ་སྐུ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་ཁྲི་འབུམ་ལ་གུས་བཀུར་མ་ཞུས་པའི་གནད་དོན་ཧ་ཅང་ཚབས་ཆེན་ཡིན་པ་ལས། གནད་དོན་ཆུང་ཆུང་ཞིག་གཏན་ནས་ཆགས་མེད།
གལ་ཏེ་བཙན་བྱོལ་བོད་གཞུང་གི་མཚན་བྱང་བེད་སྤྱོད་བཏང་བ་གྲོས་ཚོགས་དང་བོད་གཞུང་ལ་ཁ་གཏད་ཆགས་ཀྱི་ཡོད་ན། བོད་རང་བཙན་གྱི་འབོད་སྒྲ་དང༌། བོད་རང་བཙན་གྱི་ལོ་རྒྱུས་ཡིག་ཆ་ཁག་ཀྱང་ཁྲིམས་འགལ་དང༌། ཉེས་ཅན་ཆགས་ཀྱི་མ་རེད་དམ། ད་དུང་དེ་ལྟར་ན། ད་བར་བོད་རང་བཙན་ཆེད་རང་སྲོག་བློས་གཏོང་མཁན་གྱི་དཔའ་བོ་དཔའ་མོ་ཚོ་ཡང་ཁྲིམས་འགལ་ཆགས་ཀྱི་མ་རེད་དམ། མདོར་ན། དེ་རིང་གི་ཧམ་སྤྱོད་འདི་རིགས་ལ་གདོང་ལེན་མ་བྱས་ན། མ་འོངས་པར་མི་འདིའི་རིགས་ཀྱིས་རིམ་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡོད་མི་ཆོག་པ་དང༌། བོད་ཀྱི་རྒྱལ་དར་སྒྲེང་མི་ཆོག་པ། བོད་ཀྱི་རྒྱལ་གླུ་གཏོང་མི་ཆོག་པ་སོགས་ཀྱི་འཇིགས་སྐུལ་བྱས་ཏེ། རིམ་པས་བཙན་བྱོལ་ནང་བོད་རང་བཙན་འཐབ་རྩོད་འབུར་འཇོམས་རྩ་མེད་གཏོང་ངེས་རེད།
དྲི་བ། ཁ་ཤས་ཀྱི་དྲ་རྒྱའི་ནང་དུ་གནད་དོན་དེའི་ཐད་གཞོན་ལྷན་གྱི་གསལ་བསྒྲགས་སྤེལ་བ་མི་འགྲིག་ཚུལ་མརྗོད་མཁན་འདུག་པར་དགོངས་ཚུལ་ག་རེ་ཡོད།
ལན། དྲ་རྒྱའི་ནང་དུ་ག་རེ་གསུངས་མིན་རང་དབང་ཡིན་པའི་དབང་དུ་བཏང་ཡང༌། འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་དང༌། བོད་པ་ཞིག་ཡིན་པའི་ངོས་ནས་ངེས་པར་དྲང་པོ་དང༌། འཐབ་རྩོད་ལ་འགན་འཁུར་ནས་གསུང་དགོས། དེ་ནི། དཔེར་ན། དོན་མེད་བསྙོན་འཛུགས་ཀྱིས་གཞན་ལ་མུར་རྫོག་ཞུ་མཁན་དེར་སྡུག་ཅག་རེད་མ་བརྗོད་པར། མུར་རྫོག་གཞུ་ཡུལ་དེས་མུར་རྫོག་གཞུས་ནས་ན་ཚ་བཏང་བྱུང་བརྗོད་པར་སྡུག་ཅག་རེད་ཟེར་བ་དང་གཅིག་མཚུངས་ཡིན་པས། མང་ཚོགས་ནས་སུ་བདེན་སུ་མི་བདེན་གསལ་པོ་མཁྱེན་ངེས་རེད།།
མཐའ་མའི་བསྐྱར་བཅོས། ( ‘༢༠༡༡, ༠༧, ༡༨’ )
(དབུས་གཞོན་ནུའི་ཚོགས་གཞོན་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་ལགས་སུ་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་སྤེལ་བའི་གསལ་བཤད་དང་། དེའི་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ་གཉིས་ཀྱི་སྐོར་དང་འབྲེལ་བའི་དོན་གནད་ཁག་ཅིག་སྐོར་བཅར་འདྲི་ཞུས་པ།)
གང་བཤད་ཀྱང་རུང་མ་བཤད་ཀྱང་རུང་སོ་སོའི་གཞུང་གི་མིང་བྱང་འཁོད་པའི་སྟོས་གོས་བཙོང་མི་ཆོག་པའི་བཀའ་གཏོང་བ་ནི་ཨ་རིའི་མང་གཙོའི་ཁྲིམས་དང་འགལ་བ་ཞིག་རེད། དུས་དབང་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ནས་བོད་ཀྱི་གཞོན་ལྷན་ལ་་སྡིག་ར་བསྐུལ་བ་བཞིན་དུ་ཨ་རིའི་སྲིད་འཛིན་ནས་༧གོང་ས་མཆོག་དང་མཇལ་བར་རྒྱ་གཞུང་ནས་ཨ་རིའི་སྲིད་འཛིན་སྡིག་ར་བསྐུལ་སོང་། ད་ག་རེ་མཚོན་གྱི་འདིག་གམ།
གུས་རང་དུས་དབང་ལ་བཅར་བ་ཡིན་ཆབ་སྲིད་ཀྱི་རྣམ་པ་མངོན་རིགས་མང་པོ་མཐོང་རྒྱུ་འདུག་དཔེར་ན་དུས་འཁོར་དབང་ཆེན་ཚོགས་ར་ནང་དུ་བོད་ཀྱི་རྒྱལ་དར་དང་ཨ་རིའི་རྒྱལ་དར་འཁྱེར་མཁན་བྱུང་སོང་ལ་སྐབས་དེར་མི་མང་ཚོས་དགའ་ཚོར་ཆེན་པོས་ཐལ་མོ་ཡང་རྡབ་སོང་ དེ་ཡང་བོད་རོང་བཙན་སློབ་ཕྲུག་ཚོགས་པས་ཅ་དངོས་རྣམས་ཀྱང་ཆབ་སྲིད་ཀྱི་རྣམ་པ་མ་མངོན་པ་གང་འདྲ་སྲིད་པ་ཞིག་རེད་ ཕྱིར་གཞོན་ནུ་དང་སློབ་ཕྲུག་ཚོགས་པ་གཉིས་ནི་ཆབ་སྲིད་ལས་འགུལ་སྤེལ་མཁན་གྱི་ཚོགས་པ་ཞིག་ཡིན་པ་ཡོངས་གྲགས་སུ་མ་ཡིན་ནམ་དེ་མ་ཟད་པན་ཆེན་ཆུང་སྲས་དགེ་འདུན་ཆོས་ཀྱི་ཉི་མ་འཛམ་གླིང་གི་ཆབ་སྲིད་བརྩོན་པ་ལོ་ན་ཆུང་ཤོས་དེ་རེད་ཅེས་དང་ཆབ་སྲིད་འབྲེལ་ཡོད་པར་རིས་མང་དག་ཞིག་མངོན་གསུམ་དུ་མཐོང་རྒྱུ་འདུག་
གཞོན་ནུ་ཚོགས་གཙོ་ལ་སྡིག་ར་བྱེད་པ་དེ་གང་ཟག་སྒེར་གཅིག་གི་གནས་ཚུལ་མ་རེད་་དེ་གཞོན་ནུ་ལྷན་ཚོགས་སྒྲིག་འཛུགས་ལ་དམའ་འབེབས་དང་ཁྱད་གསོས་ཞིག་རེད་སྙམ་ བོད་གཞུང་འཁོད་པའི་སྟོད་གོས་ཚོང་མི་ཆོག་ཟེར་བ་དངོས་འབྲེལ་ཨ་རིའི་སྨྲ་བརྗོད་རང་དབང་དང་ཡོངས་སུ་་འགལ་བ་ཞིག་རེད་
སོ་སོའི་གཞུང་མི་འདུག་ལ་ མ་གཞི་དོན་མེད་ཕུ་དཀྲུག་མདའ་དཀྲུག་རིགས་སུས་བྱས་ཀྱང་ ང་ཚོ་བོད་པར་མི་མཁོ་བ་རང་རེད།
དོན་གྲུབ་ལྷ་དར་ལགས་ནས་གསལ་བཤད་ཡག་པོ་གནང་འདུག་ཐུགས་རྗེ་ཆེ། དུས་དབང་གོ་སྒྲིག་ཚོགས་ཆུང་ནས་གཞོན་ལྷན་ལ་དགོངས་སེལ་དང་འབྲེལ་ཁ་ནང་གི་རྨ་དེ་ཁ་ནང་རང་གསོ་ཐབས་གནང་གལ་ཆེ་བ་ལས་གནས་ཚུལ་འདི་གཞི་རྒྱ་ཆེ་རུ་འགྲོ་རྒྱུར་ངེས་པས་རྒྱ་དམར་གྱི་ཆབ་སྲིད་ལག་ཆར་བེད་སྤྱོད་བྱ་རྒྱུ་ཉན་ཁ་ཆེན་པོ་འདུག་པས་དགྲ་དགའ་གཉེན་སྡུག་ཏུ་མི་འགྲོ་བ་ཞིག་དུས་དབང་གོ་སྒྲིག་ཚོགས་ཆུང་ནས་དགོངས་པ་བཞེས་རོགས།
ད་ག་རེ་གླེང་བཞིན་ཡོད། བཙན་བྱོལ་བོད་གཞུང་ཞེས་པའི་མིང་དེ་བཀག་ཟིན་པ་མ་ཡིན་ནམ།
ད་མ་བཅུག་ན་ཏག་ཏག་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པའི་ཡི་གེ་ཅན་གྱི་སྟོད་གོས་བཟོ་དགོས་རེད།
སྐལ་ལྡན་བློ་གྲོས་ལ་གདོང་ལེན་མཐར་ཕྱིན་པ་བྱེད་རྒྱུ་ཡིན་ཚུལ་དང་། བྱེད་སྟངས་དེ་རིགས་ཧམ་སྤྱོད་ཡིན་ཚུལ་གསུངས་སྟངས་ལ་ལྟོས་ན། སྐད་ཆ་ཟེར་བ་འདི་འགྲེལ་བཤད་ཅིག་རྒྱབ་དུས་གང་དུ་ཁྲིད་ཆོག་ཆོག་འདྲ་ཞིག་འདུག་མོད་ཀྱང་། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་དུས་དབང་གི་སྦྱོར་དངོས་རྗེས་གསུམ་གཙང་མ་བྱེད་རྒྱུ་དེ་འོས་འགན་གཙོ་བོ་རེད། དེའི་མཉམ་པོར་ཆབ་སྲིད་དང་འབྲེལ་བའི་ལས་ཀ་བྱེད་ནའང་། གོ་སྒྲིག་ཚོགས་མི་རང་གི་ལྟ་གྲུབ་དང་མ་འབྲེལ་བ་བྱེད་རྒྱུ་དེ་གལ་ཆེན་རེད། སྐལ་ལྡན་བློ་གྲོས་ཀྱིས་༧རྒྱལ་མཆོག་ཐམས་ཅད་མཁྱེན་པས་ཡང་དུ་བསྐྱར་དུ་གསུངས་པའི་མིང་བརྗེ་བསྒྱུར་གྱི་གནས་སྟངས་དེ་ཐུགས་བསམ་བཞེས་ནས། རང་ཉིད་ལམ་སྟོན་དེའི་སྦྱོར་དངོས་རྗེས་གསུམ་ལ་ཡིད་ཆེས་གཙང་མ་བྱེད་མཁན་ཞིག་ཡིན་ན། རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་དེ་དང་མཚུངས་པ་ཞིག་བྱེད་དགོས་སྟབས། གལ་སྲིད་བོད་གཞུང་འཁོད་པའི་སྟོད་གོས་བཙོང་རྒྱུ་བཀག་ཀྱང་། དེ་ལ་ཆབ་སྲིད་ཀྱི་ཐད་དང་ལངས་ཕྱོགས་ཀྱི་ཆ་ནས་ཀྱང་ནག་ཉེས་ཤིག་ནམ་ཞར་དུ་འབབ་ཚོད་མི་འདུག་པས། གཞོན་ལྷན་ལ་ཚོར་ཤུགས་དྲག་པོ་ག་ཚོད་སླེབས་ཀྱང་། སྐལ་ལྡན་བློ་གྲོས་ལ་སྐབས་དེར་འགན་ཁུར་ཞིག་དང་ཐོབ་ཐང་ཞིག་ཀྱང་ཡོད་ངེས་པས་དེ་ལ་གསལ་བཤད་འདྲ་ནམ་ཞར་དུ་དགོས་པ་རེད་བསམ་བསམ་ཞིག་དྲན་གྱི་མི་འདུག
མ་གཞི་ནས་ཚོགས་གཞོན་དོན་གྲུབ་ལྷ་དར་མཆོག་ངར་ངར་རྫིག་རྫིག་བྱེད་སྟངས་འདི་དེ་སྔར་རྒྱ་ནག་ལ་ལན་འདེབས་བྱེད་སྟངས་ལས་ཚ་བ་ཞིག་འདུག་པས། གད་མོ་རེ་མི་ཤོར་རང་ཤོར་རེད།
དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ཀྱིས་བོད་གཞུང་གི་མིང་འཁོད་ཡོད་པས་མ་བཙོང་གསུངས་ན་འདྲ། འདི་ཆབ་སྲིད་དང་འབྲེལ་བ་ཆེན་པོ་འདུག་ཅེས་མ་བཙོང་གསུངས་ན་འདྲ། ཁོང་ཉིད་དུས་དབང་གོ་སྒྲིག་ཚོགས་གཙོ་ཡིན་ཚར་དུས། ཆོས་ཕྱོགས་ལས་ཀ་ཞིག་ལ་འགན་བླངས་ཚར་དུས། གནད་དོན་དེ་རིགས་ལ་གདོང་ལེན་བྱེད་དགོས་པ་ནི་ང་ཚོ་གླེན་པ་རྣམས་ཀྱིས་བསམ་བློ་བཏང་ན་རྟོགས་ཐུབ་པ་ཞིག་རེད། སྐད་ཆ་མང་པོ་མེད་པར། ང་ཚོས་ཚོད་དཔག་བྱས་ན། གལ་སྲིད་ཨ་རི་ནས་གཞོན་ལྷན་གྱིས་དུས་དབང་ཞིག་གོ་སྒྲིག་གནང་དགོས་པའི་དབང་དུ་བཏང་ན། འདི་བྱུང་སྲིད་པ་ཞིག་རེད་དམ་མ་རེད་ཅེ་ན། ངས་ལྟོས་ན་རྩ་བ་ཉིད་ནས་མ་རེད།
དོན་གྲུབ་ལྷ་དར་སོགས་ཀྱིས་ཀྱང་མཁྱེན་གསལ་བཞིན། ཁ་སང་༧རྒྱལ་མཆོག ཨོ་པ་མར་མཇལ་དུས་རྒྱ་གཞུང་གིས་གནོན་ཤུགས་ག་ཚོད་སྤྲད་མ་སོང་ངམ། ཡིན་ནའང་རྣམ་པར་རྒྱལ་ནས་ཨོ་པ་མར་མཇལ་སོང་། ཨ་རིའི་རྒྱལ་ཁམས་བོད་དང་༧ཏཱ་ལའི་བླ་མས་བདུན་ཕྲག་གཅིག་གཉིས་ཤིག་ལ་ས་སྒུལ་གནམ་སྒུལ་བྱས་སོང་། འདི་གལ་མི་ཆེ་བར་གཞོན་ལྷན་གྱི་དཔལ་འབྱོར་འདུ་འགོད་གལ་ཆེན་པོ་རེད་དམ། མི་གླེན་པ་ཞིག་ཡིན་ཡང་། ཨ་རིའི་གཞུང་ནས་ད་ཐེངས་རྒྱ་ནག་གི་གནོན་ཤུགས་ཕར་ལ་བཞག་ནས་དུས་དབང་བདེ་བླག་ངང་མཇུག་སྒྲིལ་ཏུ་བཅུག་པ་འདི་གལ་ཆེན་མིན་པར་གཞོན་ལྷན་གྱི་དཔལ་འབྱོར་འདུ་འགོད་གལ་ཆེན་ཡིན་པ་ཞིག བོད་ཀྱི་གནས་སྟངས་དངོས་གནས་མཁྱེན་མཁན་ཞིག་ཡིན་ན་གནད་དའགག་གཟིགས་ཀྱི་རེད་དམ།
ཁྱེད་ཚོ་དཔལ་འབྱོར་འདུ་འགོད་ལ་མཁས་པ་ཡོངས་གྲགས་ཐོག དཔལ་འབྱོར་ཡར་རྒྱས་ཡིན་པའང་བཤད་རྒྱུ་ཡོད་མོད་ཀྱང་། ད་ཐེངས་གཟས་ནས་བོད་གཞུང་འཁོད་པའི་སྟོད་གོས་ཤིག་བཟོ་རྒྱུ་དྲན་པ་འདི་ཆབ་སྲིད་མ་རེད་དམ། དེའང་གཟས་ནས་དུས་དབང་སྐབས་བཙོང་བ་འདིའང་ཆབ་སྲིད་མ་རེད་ཟེར་མཁན་གཅིག་ཀྱང་ཡོད་ནི་མ་རེད། དེ་སྤྱིར་བཏང་འགྲིག་ཡོད་མེད་དང་བཙོང་མི་ཆོག་ཅེས་སྐལ་ལྡན་བློ་གྲོས་ཀྱིས་གསུངས་ཀྱི་མ་རེད་ལ། དེ་འདྲ་སྨྲ་མཁན་དཀོན་པོ་རེད། འོན་ཀྱང་ཁོང་གིས་འགན་ཁུར་པའི་དུས་དབང་གི་ལས་དོན་ནང་མ་འབྲེལ་བར་བྱེད་རྒྱུ་ནི་ཐག་གཅོད་ནོར་མེད་པ་ཞིག་རེད་སྙམ།
འོན་ཀྱང་ཁྱེད་ཚོས་སྐད་ཆ་དེ་ཡར་ཁྱེར་མར་ཁྱེར། རྒྱལ་ཁབ་ཀྱི་ཞེན་ཁོག་སྟེང་ཁྱེར། མཚན་གནས་རྗེས་འབྲེལ་གྱི་སྟེང་ཁྱེར་བ་ནི་དངོས་གནས་བྱས་ན་མི་རྣམས་དགོད་མི་བྲོའམ། གཞོན་ལྷན་དང་སྐལ་ལྡན་བློ་གྲོས་གཉིས་ཀྱི་ལར་ཞེན་དང་བློས་གཏོང་སུས་དབྱེ་འབྱེད་ཐུབ་ཀྱི་རེད་དམ། ཁྱེད་ཚོ་རྣམ་རྟོག་ཆེན་པོ་ལངས་པ་ནི་དངོས་གནས་ཡ་མཚན་མ་རེད་དམ། དེ་བས་བརྡ་འདེད་གཏོང་དགོས་པ་དང་ཡན་གར་འཇོག་མི་ཉན་པའི་ལས་དོན་ནོར་མེད་སྒྲུབ་ན་དགའ་ས་རེད་ལ། གཟས་ནས་དམིགས་དོན་གཞན་ལ་མདའ་འཕེན་རྩིས་ཡིན་ན་དེ་བས་ཀྱང་ཡག་པོ་མ་རེད། གང་ལྟར་ང་སྒེར་ནི་ཁྱེད་ཚོའི་བྱེད་སྟངས་འདིར་ཁོངས་དགོད་སྟེང་ནས་ཤོར་སོང་ལགས།
བོད་མི་རིགས་ནི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པར་རྟེན། ཆབ་སྲིད་དང་ཁ་བྲལ་ཐབས་མེད། གང་དུ་གོ་སྐབས་ཡོད་པ་དེ་རུ་བརྩོན་ལེན་བྱེད་དགོས་པ་ང་ཚོའི་བོད་མིའི་ལས་འགན་ཡིན། འོ་ན་འདི་ལོའི་དུས་དབང་སྐབས། ཆབ་སྲིད་ཀྱི་རྣམ་པ་མི་མངོན་ཆེད་ཡིན་ན། བོད་གཞུང་གི་བཀའ་སྤྱི་གཉིས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་རྣམ། ཨ་རིའི་གྲོས་ཚོགས་གོང་འོག་གིས་ཚོགས་གཙོ་དང་ཚོགས་མིར་མཇལ་འཕྲད་གནང་བ་དང་། ༧གོས་ས་མཆོག་དང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་མཇལ་འཕྲད་གནང་བ་སོགས། ཆབ་སྲིད་རང་རེད། བཙན་བྱོལ་བོད་གཞུང་འཁོད་པའི་སྟོད་གོས་བཙོང་མི་ཆོག་ཟེར་བ་འདི་ནི་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་རྩ་དོན་ལ་འགན་མ་ཁྱེར་བ་མ་ཟད། བོད་མི་རིགས་ཀྱི་རྩ་དོན་གྲུབ་མཁན་གྱི་གཞོན་ནུ་ལྷན་ཚོགས་ལ་སྡང་སེམས་དང་མཐོང་ཆུང་བྱས་པར་བསམ་ཡུལ་ལས་འདས་པའི་བློ་ཕམ་ཡོད།
ད་དུང་གསལ་བཤད་བྱེད་རྒྱུ་ཞིག་ལ། སྐད་ཆ་བཟོ་ཕྱིར་དང་འགན་ལེན་མེད་ཕྱིར་ཤར་ཕྱོགས་ཁུག་རྟ་ཟེར་བ་གསང་མིང་འོག་འདུག་མཁན་ཞིག་རེད་ཅེས་ལྟོས་བཅས་ཀྱིས་འགྲེལ་བཤད་སྟབས་བདེ་མ་གནང་རོགས། ངའི་མིང་ལ་ཆོས་འབྱོར་དང་ཤར་ཕྱོགས་ཁུག་རྟ་སྨྱུག་མིང་ཡིན། ད་དུང་ཁ་པར་ཨང་གྲངས། ༩༨༨༢༥༣༣༧༧༣ ཡིན། གོང་གི་སྐད་ཆ་འདི་དང་འབྲེལ་བའི་འགན་ཚང་མ་ཁུར་ཐུབ་ཀི་ཡོད་ལགས། དེ་བས་གནམ་ས་ཆ་ལིང་མ་བརྡབ་པར་གནང་དགོས་པ་དག་གནང་རོགས་གནང་ཞུ་རྒྱུ་ཡིན།
གཞོན་ནུ་ལྷན་ཚོགས་ལ་མཐོང་ཆུང་སུས་ཀྱང་གནང་ཡོད་པ་མ་རེད་ལ། ད་དུང་བོད་གཞུང་འཁོད་པའི་སྟོད་གོས་ཀྱི་ལས་འགུལ་འགྲིག་ཡོད་མེད་སུས་ཀྱང་བཤད་ཡོད་པ་མ་རེད། དཔལ་འབྱོར་གྱི་འདུ་འགོད་གལ་ཆེ་ཡིན་པའི་ཚོང་ལས་དེ་རིགས་གནང་ཆོག་དང་མི་ཆོག་གི་དབང་ཚད་གོ་སྒྲིག་ཚོགས་ཆུང་ལ་ཡོད་དུས། ག་རེ་ཐག་གཅོད་གནང་ནའང་འགྲིག་གི་ཡོད་པ་རེད། འོན་ཀྱང་། དོན་གྲུབ་ལྷ་དར་ལགས་ཀྱིས་བཅར་འདྲི་འདིར་སྟོད་གོས་དེ་དག་ལས་འགུལ་ཡིན་ཚུལ་གྱིས་འགྲེལ་བཤད་རྒྱག་སྟངས་ལ་འགྱུར་བ་ཕྱིན་འདུག དེའང་མི་སྐྱོན་གི དཔལ་འབྱོར་དང་ལས་འགུལ་གང་གི་ཆེད་དུ་ཡིན་ན་ཡིན། དྲི་བ་གཏོང་དགོས་པ་ཞིག་ནི་ཕྱི་གླིང་བ་དང་རང་རིགས་ཆོས་ཞུ་བ་ཚོས་སྟོད་གོས་ཀྱི་མདུན་ངོར་བོད་གཞུང་ཡོད་པ་སྟོང་ཕྲག་མང་པོ་གྱོན་ནས་༧གོང་ས་མཆོག་གི་མདུན་སར་ཐོན་ཐུབ་པ་ཡིན་ན། ལས་འགུལ་གྱི་དམིགས་ཡུལ་བྱེ་བྲག་པ་ཞིག་འགྲུབ་སོང་བ་རེད་དམ། ཡང་ན་དུས་དབང་གི་སྐབས་མིན་པར། གཞིས་ཆགས་ཁག་དང་བོད་རིགས་འདུས་སྡོད་ཡོད་ས་ཚང་མར་སྟོད་གོས་འབུམ་གཅིག་ལྷག་བཀྲམ་མ་ཐུབ་པ་དང་། མ་བཀྲམ་པ་ག་རེ་ཡིན་ནམ།
xxxxxxxxxxxxxxxxxxxxxxxxxxxxxxx
xxxxxxxxxxxxxxxxxxxxxxxxxxxxxxxxxx
ཕྱོགས་གཉིས་ཀྱི་གསལ་བཤད་ཁག་དང་ཟིན་བྲིས་སོགས་ལ་བལྟས་ན་་་་གཞོན་ལྷན་ཕྱོགས་ལ་རྒྱུ་མཚན་ཡོད་པ་མཐོང་བས་གུས་པར་མཚོན་ན་་་་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་་་བོད་ཀྱི་བདེན་པའི་འཐབ་རྩོད་ནི་ནང་བསྟན་ཆོས་ལུགས་ཀྱི་དར་རྒུད་དང་འབྲེལ་ནས་ཡོད་པ་༧ གོང་ས་མཆོག་གི་ལན་བརྒྱ་ཁྲག་གསུངས་མྱོང་ལ་་་བོད་རྒྱལ་ཁབ་་་བོད་རང་བཙན་་་བོད་གཞུང་ཟེར་བ་འདི་ཚོ་་་འཇིག་རྟེན་མི་སྡེའི་སྤྱི་ཚོགས་འདིར་དངོས་བྱུང་གི་ལོ་རྒྱུས་ཀྱི་བདེན་དོན་ཞིག་ཡིན་པ་ལས་གཞོན་ལྷན་གྱིས་རྟོག་བཏགས་བྱས་པ་ཞིག་ག་ལ་ཡིན ། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་ད་ལན་གོ་སྐབས་དང་བསྟུད་བོད་ཀྱི་རྩ་དོན་ལ་ཕན་པའི་ལས་འགུལ་རིགས་ལ་བར་ཆད་བྱུང་བ་བློ་ཕམ་ཆེན་པོ་བྱུང་ ། ༧ གོང་ས་མཆོག་གིས་དུས་དབང་གི་བར་སང་གང་ཡོད་ལ་་་ཨ་རིའི་གྲོས་ཚོགས་གོང་འོག་་་ཕྱི་སྲིད་མཐོ་རིམ་མི་སྣ་་་་་སྲིད་འཛིན་ཨོ་བྷ་མ་སོགས་མཇལ་འཕྲད་དགོས་་་བོད་ཀྱི་འཁོར་ཡུག་མགྲོ་བ་མི་ཡི་ཐོབ་ཐང་་རང་ཐག་རང་གཅོད་་་བོད་ལ་མང་དོན་མཚུངས་བའི་རང་བསྐྱོང་སྐོར་སོགས་གསུངས་བ་ཆབ་སྲིད་འམ་བོད་ཀྱི་རྩ་དོན་ཆེད་ཡིན་པ་ལས་་དུས་དབང་དང་འབྲེལ་བའི་ཆོས་ཕྱོགས་སྐོར་ཡིན་པར་འདོད་མཁན་འཇིག་རྟེན་འདི་ན་མཐོང་དཀོན ། ལོས་ཡིན་བོད་མི་ཞིག་ཡིན་ན་བོད་མའི་རྩ་དོན་དང་ཁ་བྲལ་སོང་ན་དེ་ལ་ལས་འབྲས་ཟེར་བ་ཞིག་གང་ནས་བཤད་ས་ཡོད་་་ཁ་བདེ་ལྕེ་བདེ་འདི་ཚོ་ངོ་མ་ང་རྒྱལ་ཆེ་གི་་་་ང་བླ་མ་སྡོམ་ཤོར་ཆོས་འབྱོར་ཟེར་བ་འདི་ཚོ་ངོ་མ་མི་ཆོས་ཟེར་ནི་མེད་་་ད་མི་བཤད་འབྲེལ་བ་མེད་གི་་་་་བོད་རྒྱལ་ལོ །
ཚངས་དབྱངས་ཟེར་བ་འདིས་ཞབས་འདྲེན་བྱས་འདུག འཇོན་ཐང་དང་ཤེས་རབ་ཡོད་ན་རྒྱུ་མཚན་པ་བྲིས་ན་འགྲིག་གི མི་ལ་སྐྱག་པ་ཟོ་ཟེར་བ་ལས་་རང་གིས་སྐྱག་པ་བཏང་རྗེས་ལྐུབ་ཆུ་བཤལ་ཡག་པོ་ཞིག་བརྒྱག་རོགས།
གཞོན་ལྷན་གྱིས་དང་པོ་མིང་བསྒྱུར་དང་འབྲེལ་ནས་བོད་གཞུང་གི་མཚན་གནས་རིན་པོ་ཆེ་ཉར་སྟངས་ཉར་ལུགས་གསུངས་པ་དེ་དངོས་གནས་རང་འོས་ཤིང་འཚམས་པ། ནང་དོན་ལྡན་པ་ཞིག་ཚོགས་པ་རང་གི་ལྟ་གྲུབ་དང་གང་ཅིར་འགྲིག་བསྡད་པ་ཞིག་རེད། ལྷག་པར་ཏུ་འགོ་ཚོས་མཁན་གྱི་ཕྱག་ལས་གནང་སྟངས་རང་རེད།
འོན་ཀྱང་ཁ་སང་ལམ་སེང་རང་། ཉར་ལུགས་ཉར་སྟངས་དེ་འདྲའི་ཐབས་ཆག་ཅིག་དྲན་པར་འཁོར། ༧གོང་ས་མཆོག་གི་སྤྱན་གྱི་མདུན་དུ་གཟས་ནས་ཅིག་བྱེད་ཀི་ཡིན་ཁུལ་འདི་ལ་ལྟོས་པས་དངོས་གནས་བློ་ཕམ་ནས་ཐང་ཆད་སོང་། དེའང་དང་པོར་དཔལ་འབྱོར་རིན་པོ་ཆེ་ཁ་ནས་ཐོན། གཉིས་པ་ལས་འགུལ་རིན་པོ་ཆེ་ཁ་ནས་ཐོན།བྱེད་ལུགས་བྱེད་སྟངས་འདི་དག་མི་རྣལ་མ་ཞིག་གི་ལས་ཀ་བྱེད་སྟངས་གང་ནས་ཡིན།
ད་དུང་གསར་འགོད་བསྒྲགས་གཏམ་སྤེལ། གདོང་ལེན་མཐར་ཕྱིན་པ་བྱེད་རྒྱུ་ཡིན་རབ་ཀྱིས་གཞོན་ནུའི་སྒྲིག་འཛུགས་ཀྱི་ཆེ་མཐོང་གཟི་བརྗིད་བསླངས་བར་བསམ་པ་ནི་ཅི་འདྲིའི་གླེན་ཤེད་ཆེ་བ་ཞིག་མིན་ནམ། གཞོན་ལྷན་ལ་ཤེས་རབ་དང་ཡོན་ཏན་གྱིས་ཕོངས་མེད་ན། ལོ་རྒྱུས་ལྡན་པའི་ཐ་སྙད་འདི་དག་ཉར་སྟངས་འདི་འདྲ་ཞིག་མིན་པ་གླེན་པ་ངས་ཀྱང་གསལ་བོ་ཤེས། གཞོན་ལྷན་ལ་ཚོར་བ་བཤད་རྒྱུ་ལས། ལོ་རྒྱུས་བཤད་རྒྱུ་གང་ན་ཡོད། གང་དུ་བཤད་ཡོད་དམ། རང་གི་ལྟ་གྲུབ་ཀྱི་གཞི་རྟེན་ལོ་རྒྱུས་ལ་གནའ་དེང་གཉིས་ཀའི་ལུགས་དང་མཐུན་པའི་དཔྱད་པ་ཤེས་རབ་ཀྱི་འོད་ཆེམ་ཆེམ་འཕྲོ་བ་ཞིག་གང་དུ་བྱས་འདུག་གམ། དགོས་རྒྱུའི་ལས་མི་བྱེད་པར་མི་དགོས་རྒྱུའི་ལངས་ཕྱོགས་འཐབ་རྩོད་ཀྱི་ཉི་ཚེ་བའི་ར་བར་ནས་འཁོར་འདུག་པ་འདི། དངོས་གནས་རང་ཚོགས་པ་འདི་གནས་ན་ཕན་མིན་གྱི་ཚད་འབྱེད་ས་ཞིག་ཆགས་ན་ག་རེ་བྱེད་དམ། སྒྲིག་འཛུགས་ཀྱི་ཡབ་མེས་རྣམས་ལ་ངོ་མི་ཚའམ།
བོད་ཀྱི་ལོ་རྒྱུས་ལ་ལྟ་སྟངས་ཐད་རང་ཕྱོགས་དང་རྒྱ་ནག་གཞུང་ཕྱོགས། དེ་བཞིན་རྒྱལ་ཁབ་གཞན་གྱི་གཞུང་འབྲེལ་གྱི་ལྟ་ཕྱོགས། རྒྱལ་ཁབ་གཞན་གྱི་མི་སྒེར་རམ་ཉམས་ཞིབ་པ་དང་མཁས་པའི་ལྟ་ཕྱོགས། རང་ཕྱོགས་ཀྱི་མཁས་པའི་ལྟ་ཕྱོགས་བཅས་ཕྱོགས་དྲུག་གི་ད་ཡོད་ཡིག་ཚང་ཚང་མ་བསྐྱར་ཞིབ་མཐིལ་ཕྱིན་པ་ཞིག་གནང་། རང་བཙན་ལྟ་གྲུབ་རྒྱབ་ཀྱི་ལོ་རྒྱུས་ཀྱི་གནས་སྟངས་གསལ་ཞིང་གསལ་བ་ཞིག་འཁོ་འདོན་གནང་རྗེས། བཙན་བྱོལ་བོད་མི་ཡོད་ས་ཚང་མར་ལོ་རྒྱུས་ཀྱི་བསླབ་བྱ་གྱ་ནོམ་པ་རེ་སྤྲད། རང་གི་གནས་ཚུལ་རང་གིས་ཤེས་པའི་བོད་མི་ཁྲི་ནས་ཁྲི་བརྒལ་རྒྱུའི་རྩོལ་བ་བྱས། གྲུབ་འབྲས་ཐོབ་མཚམས། སྟོད་གོས་སྒང་དུ་བོད་གཞུང་འཁོད་པ་འབུམ་ཕྲག་བཟོས་ཏེ་བཙོང་ན་མ་བཙོང་ལོ་རྒྱུས་ཀྱི་ཐ་སྙད་དེ་དག་ལ་བདག་པོ་རྒྱབ་པ་རེད་ལགས།
གལ་སྲིད་དེ་འདྲ་རྒྱ་ཆེན་མི་ཡོང་ནའང་། གཞོན་ནུའི་ཚོགས་མི་ཁྲི་ཚོ་བརྒལ་བར་ལོ་རྒྱུས་ཀྱི་ཟབ་སྦྱོང་ཡག་པོ་ཞིག་སྤྲོད་རྒྱུ་བྱས་ན་ད་གཟོད་བདག་པོ་རྒྱག་རྒྱུའི་ལམ་དུ་ཆས་པ་རེད་ལགས།
སྤེལ་དུས། 2011-07-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་རིང་།
ཀྲུང་གོའི་བོད་ལྗོངས་དྲ་བ་ནས་ཕབ་ལེན་བྱས། སྤྲ་ནག་ཁག་དགུ
ཉེ་ལམ་ལས་འཁྱུར་ངལ་གསོ་བྱས་པ་ཁྱབ་བསྒྲགས་བྱས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་རང་ཁེར་རྐྱང་དུ་འདུག་མ་གཟོད་པར་ཡང་བསྐྱར་ཨོ་གླིང་དང་ཨ་རི་སོགས་ས་ཁུལ་དུ་དབང་གསུང་བའི་ཆོས་ཀྱི་བྱེད་སྒོ་སྤེལ་བ་རེད། ད་ལོའི་ལོ་འགོར་ཏཱ་ལའི་བླ་མས། རང་ཉིད་ཀྱི་ཚེ་སྨད་དེ་ནང་སེམས་ཀྱི་འཇིག་རྟེན་ལ་དབང་བ་བྱེད་རྒྱུ་ཡིན་ཚུལ་དང་། དུས་ད་ལྟ་ནས་བཟུང་ངས་རང་བཞིན་གྱིས་ནང་སེམས་ཀྱི་ལས་ལ་གཞོལ་བར་དོ་སྣང་བྱ་རྒྱུ་ཡིན་ཚུལ་བསྒྲགས་པ་མ་ཟད། དེ་ནི་ད་ལྟ་ངའི་ཆབ་སྲིད་ཀྱི་དབང་ཆ་དེ་འདེམས་ཐོན་བྱུང་བའི་འགོ་གཙོའི་ལག་ཏུ་སྤྲོད་རྒྱུ་ཡིན་པ་མཚོན་ཡོད་ཚུལ་གསལ་འགྲེལ་རྒྱབ་བྱུང་། ཁོས་ཨོ་གླིང་གི་མཚམས་སྦྱོར་ཚན་པར། ང་ཚེ་ལས་མ་འདས་པའི་ཡར་སྔོན་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་བཞིའི་བར་ཏེ། སྐུ་ཕྲེང་དང་པོ་དང་། གཉིས་པ། གསུམ་པ། བཞི་བའི་བར་གྱི་མཛད་པ་ཇི་བཞིན་དུ་བསྐྱངས་ནས་ཆོས་ལུགས་ཁོ་ནའི་འགོ་འདྲེན་པ་ཞིག་བྱེད་རྒྱུ་ལས། ཆབ་སྲིད་ཀྱི་གནད་དོན་གང་རུང་ལ་ཞུགས་པའམ་ཐེ་གཏོགས་མི་བྱེད་ཅེས་ཁས་ལེན་དམ་བཅའ་ཡི་ཚུལ་དུ་བཤད་མྱོང་བ་རེད།
སྙིང་རྗེ་དང་བྲལ་བའི་དོན་དངོས་ཀྱིས་ཁོ་བོའི་རྫུན་གཏམ་གྱི་མཐིལ་བརྟོལ་བྱུང་། ཟླ༧པའི་ཟླ་འགོར། ཏཱ་ལའི་བླ་མས་ཝ་ཧྲེང་ཐོན་ནས་དུས་ཡུན་ཉིན་བཅུའི་རིང་གི་དུས་འཁོར་དབང་ཆེན་གསུང་རྒྱུ་ཁྱབ་བསྒྲགས་བྱས། དེར་བལྟས་ཚོད་ཀྱིས་ཆོས་ལུགས་རྐྱང་རྐྱང་གི་བྱེད་སྒོ་ཞིག་ཡིན་པ་འདྲ་ཡང་། ཞིབ་ཏུ་ལྟ་དུས་ཆོས་ལུགས་ཀྱི་བྱེད་སྒོ་དེ་ནི་ཡུལ་བྱོལ་སྲིད་གཞུང་གི་བཀའ་བློན་ཁྲི་བ་ཟམ་གདོང་དང་ཟླ༨པའི་ནང་བཀའ་བློན་ཁྲི་བའི་འགན་བཞེས་གནང་མཁན་བློ་བཟང་སེང་གེ་གཉིས་ཀྱིས་གཡས་གཡོན་དུ་འདེགས་སྐྱོར་བྱེད་དགོས་པས། བྱེད་སྒོ་དེའི་ཆབ་སྲིད་ཀྱི་དམིགས་ཡུལ་ཡང་མ་སྨྲས་རང་གསལ་དུ་སོང་འདུག མིང་ཐོག་ནས་ལས་འཁྱུར་ངལ་གསོ་བྱས་ཟིན་པར་ཁྱབ་བསྒྲགས་བྱས་པའི་ཏཱ་ལའི་བླ་མ་ཡིས། དོན་དངོས་སུ་བོད་ཀྱི་བཙན་བྱོལ་སྲིད་གཞུང་གི་མགོ་ཁྲིད་ཀྱི་དབང་ཆ་ལག་ཏུ་དམ་པོར་བཟུང་ཡོད། ལས་འཁྱུར་བྱས་ཡང་ངལ་མི་གསོ་བའི་བྱེད་སྤྱོད་ངོ་མ་ལས། ཏཱ་ལའི་བླ་མས་ཆོས་ཀྱི་བྱེད་སྒོ་དེ་རང་གི་ཆབ་སྲིད་སྐྱོང་བའི་ལག་ཆ་ཞིག་ཏུ་བརྩིས་ཡོད་པ་ཤེས་ཐུབ་པོ། །
གལ་ཏེ་ཏཱ་ལའི་བླ་མ་ཆབ་སྲིད་ཀྱི་གནད་དོན་གང་རུང་ནང་དུ་མི་ཞུགས་པར་ཆོས་ཁོ་ན་བསྒྲུབ་རྒྱུ་ཡིན་ཕྱིན། ཨ་རིའི་ནང་བསྟན་ལས་རིགས་བར་བགྲོ་གླེང་བྱེད་འོས་པ་དང་། ཨ་རིའི་ཆོས་ལུགས་ལས་རིགས་གཞན་པའི་མི་སྣའི་བར་བགྲོ་གླེང་བྱེད་འོས་པ་ནི་ཁོས་དོ་སྣང་བྱ་ཡུལ་ཞིག་ཡིན་ངེས་མོད། འོན་ཀྱང་བླ་མ་བགྲེས་པོ་འདིས་རང་གི་དགུང་ལོ་བགྲེས་པར་མི་བལྟོས་བར་ངེས་པར་དུ་སྲིད་འཛིན་ཨོ་པཱ་མར་ཐུག་འཕྲད་བྱེད་པ་དེར་བལྟས་ན། ཁོས་ད་དུང་རྒྱལ་ཁོངས་གཞན་གཏོགས་ཀྱི་སྲིད་འཛིན་ཞིག་རང་གི་སློབ་མར་འཇུག་འདོད་པ་མ་ཡིན་ནམ། སྤྱིར་ཨོ་པཱ་མ་ནི་ནང་བསྟན་ལ་དད་པ་བྱེད་མཁན་ཞིག་མིན་པས་ན། ཏཱ་ལའི་ཡིས་ལོ་དུ་མའི་རིང་གི་ཆོས་ལུགས་ཀྱི་ཐོབ་ཐང་ལ་ཁ་གཡར་ནས་ནུབ་ཕྱོགས་སྲིད་དོན་ཁག་ལ་ཐུག་འཕྲད་བྱས་པ་བརྒྱུད་ནས་བོད་རང་བཙན་གྱི་ཆབ་སྲིད་ལྟ་བ་ཁྱབ་བསྒྲགས་བྱེད་སྟངས་དེ་མུ་མཐུད་དུ་རྒྱུན་སྐྱོང་འདོད་པ་ལས་གཞན་མ་ཡིན། ཨོ་པཱ་མས་ཀྱང་རང་ཉིད་ད་ལྟ་རྙོག་དྲ་ཆེ་བའི་དོན་དག་མང་པོ་ཞིག་ལ་འཕྲད་ཡོད་པ་དེར་དམིགས་ནས་རང་གི་བློ་བཀོད་ཅིག་སེམས་ལ་བཅངས་ནས་ཐུག་འཕྲད་གནང་བ་ཡིན་པ་རེད།
ཨོ་པཱ་མ་སྲིད་འཛིན་ལ་བསྐོ་བཞག་མ་མཛད་པའི་ཡར་སྔོན་དུ། ཨ་རིའི་ཏང་གཉིས་ཀྱི་སྲིད་འཛིན་གསུམ་གྱིས་ཏཱ་ལའི་བླ་མར་ཐེངས་བཅུ་གཅིག་ལ་ཐུག་འཕྲད་བྱས་མྱོང་བ་རེད། དེ་རིང་ཡང་སྲིད་འཛིན་ཨོ་པཱ་མ་ཡིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་ངོ་རྒོལ་དྲག་པོ་བྱེད་པར་མི་བལྟོས་པར་ཡང་བསྐྱར་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་པ་དེས་ཀྲུང་གོའི་མི་དམངས་ཡོངས་ལ་ཁོང་ཁྲོ་ཆེན་པོ་ཞིག་ལངས་སུ་བཅུག་པ་དང་། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་ལ་གེགས་རྐྱེན་བཟོས། ཨོ་པཱ་མ་ཡིས་ཁོ་བོའི་བྱེད་སྤྱོད་ངན་པ་ལས་འབྱུང་ངེས་པའི་མཇུག་འབྲས་ཐམས་ཅད་ལ་ངེས་པར་དུ་འགན་འཁུར་དགོས། ཨ་རིའི་ཕྱོགས་ཀྱིས་བྱ་སྤྱོད་གང་རུང་གི་ཐོག་ནས་བོད་ལྗོངས་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པར་ཁས་ལེན་དང་། བོད་རང་བཙན་ལ་ངོ་རྒོལ་བྱེད་པའི་དམ་ཚིག་བརྟན་སྲུང་བྱས་ཏེ། ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་གསུམ་གྱི་སྤྱི་བསྒྲགས་དང་《ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་གསལ་བསྒྲགས》སྐོར་གྱི་འབྲེལ་ཡོད་རྩ་དོན་དང་དགོངས་དོན་རྒྱུན་འཁྱོངས་དང་། བོད་ལྗོངས་ཀྱི་གནད་དོན་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་དང་དོ་སྣང་བྱ་ཡུལ་གལ་ཆེན་ཞིག་ཡིན་པ་ངེས་ཟིན་གསལ་བོ་བྱས་ནས། བོད་ལྗོངས་གནད་དོན་ཐད་ནས་ནོར་འཁྲུལ་གྱི་ཁ་ཚོན་མི་གཅོད་པ་བྱེད་རྒྱུ་ལགས།
ཏཱ་ལའི་བླ་མའི“ལས་འཁྱུར་ངལ་གསོ”དང་ཨོ་པཱ་མའི་ཐུག་འཕྲད་གཉིས་ཕལ་ཆེར་དུས་གཅིག་ཏུ་འཁེལ་བྱུང་བས། ཆབ་སྲིད་ཀྱི་སྣང་ཚུལ་འདི་ལ་སེམས་པ་དཀར་བོ་བཅངས་པའི་མི་རྣམས་ཀྱིས་བསམ་བློ་གཏིང་ཟབ་ཅིག་གཏོང་དགོས་འདུག །
གཞོན་ནུའི་ཁྲོམ་ས་ཕྱིར་བསྡུ་བྱུང་བའི་གནད་དོན་དེ་ལ་མང་པོ་ཞིག་གིས་འགྲེལ་བརྗོད་ལོག་པར་གནང་གི་འདུག དུས་བབ་ཐོག་དྲྭ་གྲོགས་ཤིག་གིས་མཆན་དུ་གསུངས་པ་བཞིན་གནད་དོན་ཐུག་ས་དེ་བཙན་བྱོལ་བོད་གཞུང་འཁོད་པའི་སྟོད་གོས་དེ་རེད་སྙམ། བོད་གཟུང་དགའ་ལྡན་ཕོ་བྲང་གི་མཚན་དེ་ཕྱིར་བསྡུ་དང་། འབྱུང་འགྱུར་རང་རེའི་ད་ལྟ་སྒྲུབ་བཞིན་པའི་ལས་འགུལ་འདི་མུ་མཐུད་སྤེལ་ཐུབ་པའི་ཆེད་དུ་བོད་ཡིག་ནང་སྤྱོད་བཞིན་པའི་བོད་གཞུང་མཚན་བསྒྱུར་གྱིས་བོད་མིའི་སྒྲིག་འཛུགས་སུ་བསྐྱར་བཅོས་གནང་བ་དེ་ཡང་རྒྱལ་སྤྱིའི་ནང་དབྱིན་ཡིག་ཐོག་བོད་མིའི་སྒྲིག་འཛུགས་ཞེས་སྤྱོད་བཞིན་པ་དེ་ཡིན། དེ་ལ་ཧང་སང་དགོས་ན་དེ་སྔ་ནས་བོད་དབྱིན་གཉིས་ཀར་བཙན་བྱོལ་གཞུང་འཁོད་དགོས་པའི་རེ་འདུན་མ་བཏོན་པ་གང་ཡིན་ནམ། གཞོན་ནུ་ཚོགས་པས་དབུས་སུ་ཞིག་གིས་ད་བར་ཚིག་གཅིག་གསུངས་མཁན་མེད། ད་ལམ་དུས་དབང་གནང་ཡུལ་དུ་སྐུའི་འཁྲུངས་སྐར་ཉིན་དེའི་སྐོར་བཀའ་སློབ་གསལ་ཞིང་གསལ་བ་གནང་སོང་བ་ཚང་མས་གསན་ཡོད་ཤག ༧གོང་ས་མཆོག་ནས་རང་རེའི་སྒྲིག་འཛུགས་འདིར་འབྱུང་འགྱུར་འཁྲད་ལ་ཉེ་བའམ་འཁྲད་སྲིད་པའི་དཀའ་ངལ་ལས་གྲོལ་ཆེད་འགྱུར་བ་དེ་ལྟར་གནང་བར་སྤྱི་འཐུས་གྲོས་ཚོགས་ནས་བསམ་ཞིབ་ཀྱིས་དགོས་གལ་གཟིགས་ཏེ་མང་མོས་ཐག་ཆོད་ཀྱིས་ཁྲིམས་སུ་བཅས་ཟིན་པ་དེར་མང་གཙོའི་འགྲོ་ལུགས་ལྟར་ཚང་མས་གུས་བཀུར་དགོས་པ་ལས་འདོད་བློ་མེད་པ་རྒྱུ་མཚན་དུ་བྱས་ནས་གང་བྱུང་དུ་དཀྲོག་གཏམ་སྤེལ་རྒྱུ་ཨེ་ཡོད། གལ་སྲིད་སྲིད་བྱུས་ལ་འགྱུར་བ་འགྲོ་དགོས་ན་ལུགས་མཞུན་གྱི་སྒོ་ནས་མང་ཚོགས་ཀྱི་རྒྱབ་སྐྱོར་བཙལ་ནས་གྲོས་ཚོགས་ཐོག་བགྲོ་གླེང་དང་སྲིད་བྱུས་གཏན་འབེབས་ཡོང་ཐབས་གནང་གལ།
གལ་སྲིད་བཙན་བྱོལ་བོད་གཞུང་ཞེས་པའི་མིང་འདིར་དམ་འཛིན་བྱས་པའི་རྐྱེན་གྱིས་རྒྱ་གར་གཞུང་ནས་རྒྱལ་ཁབ་གཅིག་གི་ནང་དུ་གཞུང་གཉིས་ཡོང་ཐབས་མེད་གསུངས་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་ཁུངས་སྒོ་རྒྱག་དགོས་པའི་བཀའ་བཏང་ན་དེའི་འགན་སུས་འཁྱེར་ཐུབ་བམ། མདོ་དོན་༧གོང་ས་མཆོག་གི་དེའི་སྐོར་བཀའ་སློབ་སྔ་རྗེས་རིམ་པ་དང་ལྷག་པར་འདི་ལོའི་འཁྲུངས་སྐར་སྐབས་གནང་བའི་བཀའ་སློབ་ལ་ཚང་མས་དོ་སྣང་ཆེན་པོས་བསམ་ཤེས་ངེས་པར་གནང་རོགས། དེ་མིན་ཕྱོགས་ཞེན་ལྟ་བུས་གཅིག་རྒྱབ་གཅིག་ལངས་གིས་སྤྱི་ཚོགས་ཞོ་ལྟར་ཆགས་པ་ཁྲག་ལྟར་མ་དཀྲུགས་རོགས་གནང་ཞེས་སྙིང་ཁོང་རུས་པའི་གཏིང་ནས་འབོད་སྐུལ་ཞུ་རྒྱུ།
དམངས་གཙོ་དང་སྨྲ་བརྗོད་རང་དབང་ཞེས་ལབ་ན་། སྤྱི་ཚོགས་རང་བཞིན་གྱི་བསམ་ཚུལ་དངོས་བརྗོད་ཆོག་ལ་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་སྒྲུབ་བྱ་གལ་ཆེན་ཞིག་རེད་ འོན་ཀྱང་འགའ་ཞིག་གིས་༧གོང་ས་མཆོག་དང་བོད་མིའི་སྒྲིགས་འཛུགས་ཁ་ལ་འཁྱེར་ནས་སྤྱི་ཚོགས་རང་བཞིན་གྱི་བསམ་ཚུལ་དངོས་སླེབས་མི་ཆོག་པ་འདྲ་ཞིག་བཤད་འདུག། གཞོན་ནུ་ལྷན་ཚོགས་ཀྱི་ལྟ་གྲུབ་ནི་རང་བཙན་རེད་ལ་༧གོང་ས་མཆོག་གིས་ཀྱང་གཞོན་ནུའི་ལངས་ཕྱོགས་བརྟན་པོ་གནས་དགོས་པའི་བཀའ་སློབ་སྔ་ཕྱི་བར་གསུམ་དུ་གནང་གནང་ཡིན་པ་ཚང་མས་མཁྱེན་གསལ་རེད་པ། གཞོན་ནུ་ལྷན་ཚོགས་ཀྱི་བསྒྲུབ་བྱ་རང་དབང་བཙན་པོ་དེ་ཡིན་ན་བོད་གཞུང་ཡང་རང་བཙན་ལ་མཁོ་བའི་བསྒྲུབ་བྱ་གལ་ཆེན་ཞིག་ཡིན་ཡིན་པ་རེད་། དེ་ནི་གཞོན་ནུ་ཚོའི་ལྷན་སྐྱེས་ཀྱི་འཐོབ་ཐང་རེད་ལ་སུས་ཀྱང་བཀག་འགོག་བྱེད་མི་ཐུབ། ཡང་འགའ་ཞིག་གིས་བོད་གཞུང་བྲིས་པའི་སྟོད་ཐུང་དེས་༧གོང་ས་མཆོག་ལ་ངོ་རྒོལ་གྱི་རྣམ་པ་མཚོན་བྱེད་ཡིན་པ་འདྲ་ཞིག་རང་གིས་རྟོག་བཟོས་བསྒྲུབས་འདུག། བོད་གཞུང་བྲིས་པའི་སྟོད་གོས་དེས་༧རྒྱལ་བའི་ལྷ་དགོངས་དང་འགལ་གྱི་ཡོད་མེད་ཐད་ཀར་༧གོང་ས་མཆོག་ལ་བཀའ་འདྲི་ཞུ་དགོས་པ་རེད་། གལ་ཏེ་༧རྒྱལ་བའི་ལྷ་དགོངས་དང་འགལ་གྱི་ཡོད་ན་གཞོན་ནུ་ལྷན་ཚོགས་ཀྱིས་ཆབ་སྲིད་ལས་འགུལ་ཐ་དག་འཚམས་འཇོག་བྱ་རྒྱུ་མ་གཏོགས་ལྷག་མེད་པ་རེད་། ངས་ངོས་འཛིན་ལྟར་བྱས་ན་གཞོན་ནུ་ལྷན་ཚོགས་ཀྱིས་༧རྒྱལ་བའི་དབང་པོ་ལ་ནམ་ཡང་ངོ་རྒོལ་བྱེད་མི་སྲིད་ལ་༧རྒྱལ་བའི་དབང་པོས་ཡང་དགོངས་འཚོམས་དེ་བས་མཛད་མི་སྲིད་། ༧རྒྱལ་བས་དམངས་གཙོ་མར་གསོལ་རས་གནང་ཚར་བའི་ཕྱིར་། མ་གཞི་སྐལ་བློས་གཙོས་དུས་འཁོར་གྲ་སྒྲིག་པ་ཚོས་མི་འདུ་འཛོམས་ཆེ་ས་དང་ཆབ་སྲིད་འཁྲུག་ཆ་དོད་ཤོས་འཛམ་གླིང་ཆབ་སྲིད་པ་ཚོས་དོ་སྣང་བྱེད་ཡུལ་ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན་དུ་བོད་དོན་དྲིལ་བསྒྲགས་མི་བྱེད་པར་། ཆབ་སྲིད་ཀྱི་རྣམ་པ་མི་མངོན་པ་བྱེད་རྒྱུ་ཟེར་ན་ཡ་མཚན་རེད་། འོ་ན་ཆོས་སྲིད་གཉིས་ཁག་ཁག་ཕྱིན་ཚར་བ་རེད་པས? འདི་ལ་རྣམ་པ་མི་མངོན་པའི་གནད་དོན་ཞིག་འདུག། ངས་ངོས་འཛིན་ནོར་མེད་ན་གུང་ཁྲན་འཐབ་ཕྱོགས་གཅིག་གྱུར་པུའི་བཀོད་འདོམས་འོག་ཡོད་པ་འདྲ་ཞིག་འདུག། དེ་ནས་སླེབས་ལ་ཉེ་བའི་རྡོར་གདན་དུས་དབང་སྐབས་བཀའ་ཁྲི་གསར་པའི་གཏམ་བཤད་སོགས་ཆབ་སྲིད་ཀྱི་རྣམ་པ་མི་མངོན་པ་གང་འདྲ་བྱས་སོང་བལྟ་རྒྱུ་རེད་པ།
གོང་དུ་འཐབ་ཕྱོགས་གཅིག་གྱུར་པུའི་རྩོམ་ཡིག་དེ་སུས་འདིར་ལུང་འདྲེན་བྱས་པ་རེད་། ཕ་རོ་ཟ་རྒྱུ། ཀྲུང་ནན་ཧེའེ་ནས་དྲང་གཏམ་ཞིག་ནམ་ཡང་འཐོན་མི་སྲིད་ལ། འདི་ནི་འཐབ་ཕྱོགས་གཅིག་གྱུར་པུའི་དམིགས་ཡུལ་ངོ་མ་དེ་རེད་། བཙན་བྱོལ་བ་ཚོས་རྣམ་ཀུན་ལྟར་འཐབ་ཕྱོགས་གཅིག་གྱུར་པུའི་རྩོམ་ཡིག་ནང་རུལ་འདི་ཚོ་ནམ་ཡང་ལག་པ་འཆངས་མི་སྲིད་། འོན་ཀྱང་གོང་དུ་ལུང་འདྲེན་པ་འདིས་གལ་ཆེན་དོན་ཆེན་འདྲ་ཞིག་ཡིན་ཁུལ་གྱིས་འདིར་ལུང་འདྲེན་བྱས་འདུག། སྐལ་བློ་དང་དུས་འཁོར་གྲ་སྒྲིག་པ་ཚོའི་ཁ་གཡར་ས་དང་ཁོ་ཚོའི་འཇིགས་ཞུམ་ཞུམ་དང་དཔའ་ཁུམས་ཁུམས་ལ་ཀྲུང་ནན་ཧེའེ་ནས་བསྡོམས་ཚིག་ཞིག་བརྒྱབས་འདུག།
ངེད་བོད་པ་ཚང་གི་གཏམ་དཔེ་རང་རེད་ལ། བླ་མས་གང་གསུང་ཆོས་རེད། མཛུབ་མོ་གར་བསྟན་ཤར་རེད། ་་་་་་་་་་་་་་་་། མི་ཉག་ཤེས་རབ་འོད་ཟེར་གྱིས། །ཆོས་ལྡན་རྒྱལ་ཁབ་འཛམ་གླིང་ཀུན་ལ་ཡོད། །ཆོས་སྲིད་ཟུང་འབྲེལ་བོད་ཀྱི་ཡུལ་དུ་དར། ། ཆོས་ལྡན་ཙམ་གྱིས་རྒྱལ་ཁབ་མི་ཡོང་ཡང་། ། ཟུང་དུ་འབྲེལ་བས་གཉིས་ཀ་མེད་པར་ཤོར།།
གཞོན་ལྷན་ལངས་ཕྱོགས་འཐབ་རྩོད་ཀྱི་རྭ་བ་རྙིང་པ་ན་འཁོར་འདུག་པས་ཀུན་གྱིས་མཐོང་གསལ་ལ། ཡིན་རྒྱུ་མདོ་རྩ་དེ་སྐལ་ལྡན་བློ་གྲོས་ལ་ཐུག་བསྡད་པས་རེད་མ་གཏོགས། གཞན་གང་ཡང་མ་རེད་བསམ་སོང་། འདི་ནི་སྐལ་བློས་ནམ་རྒྱུན་རང་གི་ལངས་ཕྱོགས་ཁ་སྤྱོད་མཐུན་པ་གནང་བས་རེད་ལ། དེའི་ཟིལ་ཤུགས་ལ་ངོམས་མ་ཐུབ་པས་ཀྱང་ཡིན་པར་འདོད། འོན་ཀྱང་འདི་དག་ནི་རྡ་སའི་རི་ངོགས་དེའི་སྐྱུག་བྲོ་བའི་དོན་དག་ཡིན་སྟབས། དངོས་གནས་རྩ་དོན་རང་ལ་ཕན་པ་ཞིག་སུ་ཡིན་ཡང་གནང་དགོས་ཚོད་གདའ་ཞེས། སྐུལ་མ་བྱེད་འདོད་བྱུང་།
དངོས་གནས་དྲང་གནས་བོད་ཀྱི་ཤེས་ཡོན་པ་དང་ཆབ་སྲིད་པའི་སྡེ་ལ་གསོལ་བ་འདེབས་རྒྱུ་ཞིག་ནི། ལངས་ཕྱོགས་འཐབ་རྩོད་ཀྱི་ར་བ་ཆུང་ཆུང་དེར་མ་འཁོར་རོགས་ཞེས་ངས་སྙིང་ནང་དྲན་སྐུལ་གཏོང་རྒྱུ་ཡིན། དེས་ཕན་རྒྱུ་ལས་གནོད་ཚབས་ཆེ་བ་ཀུན་མངའ་རེད་ལགས།
དྲ་གྲོགས་འདྲེ་མགོ་ལགས། གཞོན་ལྷན་གྱི་ལངས་ཕྱོགས་འཐབ་རྩོད་རྭ་བ་ཆུང་ཆུང་དང་རྙིང་པ་ཡིན་ན་། བཞེངས་ཕྱོགས་ཁྱད་པར་བ་དང་འཐབ་རྩོད་རྭ་བ་ཆེན་པོ་དང་གསར་པ་ཞིག་གང་ན་འདུག། དབུ་མའི་བཞེངས་ཕྱོགས་ལ་བརྗོད་ཀྱི་ཡོད་ན་། ལམ་དབུ་མའི་བཞེངས་ཕྱོགས་ཡང་དག་པ་ཞིག་ཡིན་ཀྱང་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་འགྱུར་བ་མ་ཕྱིན་བར་དུ་ལམ་དབུ་མའི་བཞེངས་ཕྱོགས་དང་རང་བཙན་ལངས་ཕྱོགས་གཉིས་འབྲས་བུའི་དོན་ལ་མཉམ་གནས་རེད་། རྒྱུ་མཚན་ལམ་དབུ་མའི་བཞེངས་ཕྱོགས་ཀྱིས་བོད་རྒྱ་འབྲེལ་མོལ་ཐེངས་དགུའི་བརྒྱུད་རིམ་དང་ཞི་མོལ་གྲོས་མོལ་ལ་བསྒྱུར་གྲོས་མོལ་འབྲེལ་མོལ་ལ་བསྒྱུར་ཡར་བསྒྱར་མར་བསྒྱུར་བྱས་པའི་བརྒྱུད་རིམ་ནང་ལ་འབྲས་བུ་དོན་སྟོང་ཡིན་པ་ཚང་མས་མཁྱེན་གསལ་རེད་པ། ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་ནང་གུང་ཁྲན་ཏང་མི་ནང་ཁུལ་ལ་འགལ་ཟླ་ཆེ་རུ་ཕྱིན་ཏེ་ཏང་ཀྲུང་དབྱང་སྲིད་གཞུང་མགོ་རྟིང་བསློགས་པ་ཡིན་ན་། དབུ་མའི་བཞེངས་ཕྱོགས་པས་བསྒྲུབ་བྱ་རང་སྐྱོངས་འཐོབ་སྲིད་ལ་རང་བཙན་ལྟ་གྲུབ་པས་བསྒྲུབ་བྱ་རང་བཙན་གཙང་མ་ཡང་འཐོབ་སྲིད་།
དེ་ནས་ངས་གསལ་པོར་བརྗོད་འདོད་པ་ནི་། དམངས་གཙོའི་སྤྱི་ཚོགས་ནང་རང་རང་གི་ལྟ་གྲུབ་འདྲ་མིན་འཁྱེར་ཆོག་ལ་ཡོངས་དགོས་ངེས་རེད་། སྐལ་བློའི་ལངས་ཕྱོགས་ག་རེ་འཛིན་མིན་རང་དབང་གཙང་མ་རེད་། འོན་ཀྱང་སྐལ་བློའི་བྱ་སྤྱོད་དེ་སྐུ་སྒེར་དྲུང་ཆེ་རྒྱབ་གཉེར་ཡོད་མདོག་བྱེད་པ་ད་དུང་ཉེན་རྟོག་པ་བོས་ནས་འཇིག་སྐུལ་བྱེད་སྟངས་འདི་དམངས་གཙོ་ཚད་མཐོ་བའི་རྒྱལ་ཁབ་གཅིག་གི་ནང་དམངས་གཙོའི་སྒྲིག་གཞི་དང་འགལ་བའི་བྱ་སྤྱོད་སྤེལ་བ་འདི་ངན་པ་ལང་ཤོར་མིན་ན་ག་རེ་རེད། འདི་བོད་མི་རིགས་ཀྱི་དམངས་གཙོ་ཡར་རྒྱས་ལ་འགོག་རྐྱེན་ཡང་འཕྲད་སྲིད། སྐལ་བློའི་ལངས་ཕྱོགས་ཁ་སྤྱོད་མཐུན་པ་བྱེད་སྟངས་འདི་ཅི་འདྲའི་ཡིད་སྐྱོ་བ་ལ། དངོས་གནས་ཁ་སྤྱོད་མཐུན་དགོས་ན་འཐབ་ཕྱོགས་གཅིག་གྱུར་པུའི་གསོལ་མགྲོན་ལ་མི་ཕེབས་པ་ཅི་ཡིན་ནམ། གཞོན་ལྷན་གྱི་ལྟ་གྲུབ་ནི་རང་བཙན་གཙང་མ་ཡིན་ལ་ཆེ་ཆུང་དང་གསར་རྙིང་གི་དབྱེ་བ་དེ་བས་མེད་། ནམ་ཞིག་བསྒྲུབ་བྱ་རང་བཙན་གཙང་མ་འཐོབ་པའི་གཞུང་དེ་ལ་བོད་གཞུང་མི་ཟེར་ན་ཏང་ཀྲུང་དབྱང་སྲིད་གཞུང་ཟེར་དགོས་ནི་ཨེ་རེད་། དེ་ནི་གཞོན་ནུ་ཚོའི་ལྷན་སྐྱེས་ཀྱི་འཐོབ་ཐང་རེད་ལ་སུས་ཀྱང་བཀག་འགོག་བྱེད་མི་ཐུབ། མ་ཟད་དུས་རབས་གསར་པས་མི་རབས་གསར་པར་འཁྲི་བའི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་རེད། དེ་ལ་སུས་ཀྱང་བརྙས་བཅོས་བྱ་མི་རུང་།