བཙན་བྱོལ་བོད་མི་ཚོས་འོས་འཕེན་པ། དམིགས་བསལ་ལས་རིམ། Posted on 2015-10-192015-10-19 By ཁ་བརྡ 6 Comments on བཙན་བྱོལ་བོད་མི་ཚོས་འོས་འཕེན་པ། དམིགས་བསལ་ལས་རིམ། གློག་བརྙན་།
བོད་རྒྱལ་ལོ།། བོད་མིའི་རང་དབང་དང་ཐོབ་ཐང་རྒྱལ་ལོ།། གཞིས་བཞུགས་བོད་མི་རྣམས་ལའང་འདི་ལྟར་གྱི་རང་དབང་དང་ཐོབ་ཐང་ཡོང་བར་སྨོན་ལམ་འདེབས་སོ།།
སྔོན་འགྲོ་ཚར་སོང། དངོས་གཞིའི་སྐབས་སུ་རང་གི་ཀླད་པ་རང་གིས་བཀོལ་དཔྱོད་བྱས་ཏེ་སྤྱི་ཚོགས་འཕན་པའི་མི་ཚད་ལྡན་ཞིག་བླུག་རོགས་གནང་།
༡༽ སྲིད་སྐྱོང་བློ་སེང་གིས་དང་པོ་རང་ནས་ནང་འགལ་ཅན་ཞིག་གསུངས་སོང་། དེ་ནི་ཁོང་གིས་དེ་རིང་དམངས་གཙོ་གལ་ཆེན་ཡིན་པ་གསུངས་སོང་བ་དང་། སྔོན་ཆད་ཨ་རིའི་གསར་འགོད་པ་ཞིག་དང་མཉམ་དུ་ང་ཚོས་དམངས་གཙོ་རྩོད་ཀྱི་མེད། རྒྱ་གཞུང་གི་རྩ་ཁྲིམས་འོག་གི་ཐོབ་ཐང་རྩོད་ལེན་བྱེད་ཀྱི་ཡོད་ཚུལ་ཞིག་གསུངས་མྱོང་བ་དེ་གཉིས་རེད། ༢༽ ད་རེབ་འོས་བསྡུ་བྱེད་སྐབས་ཀྱི་གྲ་སྒྲིག་དང་། འོས་ཤོག་བླུག་སའི་འོས་སྒམ། འོས་བསྡུའི་སྐབས་ཀྱི་འགན་སྲུང་། འོས་འཕེན་ཚོར་ལྟ་རྟོག འོས་བསྡུའི་ཆ་ཤས་ལེན་སྟངས་ཀྱི་གོ་རྟོགས་སྤེལ་ཚུལ་སོགས་ནི་སྔོན་མའི་སྐབས་དག་ལས་འཐུས་ཚང་མེད་པའི་བསམ་ཚུལ་མང་པོ་འདུག ༣༽ འོས་བསྡུ་ལྷན་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་གྱི་དྲིས་ལན་གསལ་བཤད་ཀྱི་ཤུགས་ན། མཚམས་རེར་འོས་བསྡུ་ལྷན་ཁང་གི་སྒྲིག་གཞི་ལ་གསལ་ཁ་དེ་ཙམ་མེད་པར་གོང་རིམ་ནས་ཤུགས་རྐྱེན་འདྲ་མེད་དམ་སྙམ་པ་ཡང་འདུག དམངས་གཙོ་ཚད་ལྡན་དང་དྲང་བདེན་ཞིག་ཡོང་བར་གཞོལ་གལ།
གོང་རིམ་ནས་ཤུགས་རྐྱེན་ཧ་ཅང་ཆེ་བའི་ཆོས་སྲིད་གཉིས་འབྲེལ་གི་དད་པ་གཙོ་བོ་ཡིན་པའི་འོས་བསྡུ་དང་པོ་དེ་ཚར་སོང།
གསར་འགྱུར་སྤེལ་མཁན་ནས་བློ་སེང་དང་ཨ་ཚོགས་སོགས་ལ་ཁྱེད་རང་གིས་འོས་ཤོག་སུ་ལ་བླུག་ཡོད་ཅེས་དྲིས་སོང་། ཁོང་རྣམ་གཉིས་ནས་དེའི་ལན་གསང་བ་ཡིན་ཞེ་གསུངས་སོང་། སྲིད་སྐྱོང་གི་འོས་གཞི་ལངས་མཁན་ཚོས་ཁོང་རང་ལ་ངེས་པར་དུ་བླུག་དགོས་པ་རེད། གལ་ཏེ་མ་བླུག་ན་རང་ཉིད་ལ་སྲིད་སྐྱོང་ལངས་པའི་གདེང་ཚད་མེད་པའི་རྟགས་བསྟན་པ་རེད། དེ་ལ་དྲི་བ་གང་ཡང་དགོས་ཀྱི་མ་རེད་ལ་གསང་དགོས་པའང་ཡོད་པ་མ་རེད། །
བོད་རྒྱལ་ལོ།། བོད་མིའི་རང་དབང་དང་ཐོབ་ཐང་རྒྱལ་ལོ།།
གཞིས་བཞུགས་བོད་མི་རྣམས་ལའང་འདི་ལྟར་གྱི་རང་དབང་དང་ཐོབ་ཐང་ཡོང་བར་སྨོན་ལམ་འདེབས་སོ།།
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་དུས་ལྟར་གལ་ཆེའི་གསར་འགྱུར་རྒྱང་སྲིང་གནང་བར་བཀའ་དྲིན་ཆེ་ཞུ།
སྔོན་འགྲོ་ཚར་སོང། དངོས་གཞིའི་སྐབས་སུ་རང་གི་ཀླད་པ་རང་གིས་བཀོལ་དཔྱོད་བྱས་ཏེ་སྤྱི་ཚོགས་འཕན་པའི་མི་ཚད་ལྡན་ཞིག་བླུག་རོགས་གནང་།
༡༽ སྲིད་སྐྱོང་བློ་སེང་གིས་དང་པོ་རང་ནས་ནང་འགལ་ཅན་ཞིག་གསུངས་སོང་། དེ་ནི་ཁོང་གིས་དེ་རིང་དམངས་གཙོ་གལ་ཆེན་ཡིན་པ་གསུངས་སོང་བ་དང་། སྔོན་ཆད་ཨ་རིའི་གསར་འགོད་པ་ཞིག་དང་མཉམ་དུ་ང་ཚོས་དམངས་གཙོ་རྩོད་ཀྱི་མེད། རྒྱ་གཞུང་གི་རྩ་ཁྲིམས་འོག་གི་ཐོབ་ཐང་རྩོད་ལེན་བྱེད་ཀྱི་ཡོད་ཚུལ་ཞིག་གསུངས་མྱོང་བ་དེ་གཉིས་རེད།
༢༽ ད་རེབ་འོས་བསྡུ་བྱེད་སྐབས་ཀྱི་གྲ་སྒྲིག་དང་། འོས་ཤོག་བླུག་སའི་འོས་སྒམ། འོས་བསྡུའི་སྐབས་ཀྱི་འགན་སྲུང་། འོས་འཕེན་ཚོར་ལྟ་རྟོག འོས་བསྡུའི་ཆ་ཤས་ལེན་སྟངས་ཀྱི་གོ་རྟོགས་སྤེལ་ཚུལ་སོགས་ནི་སྔོན་མའི་སྐབས་དག་ལས་འཐུས་ཚང་མེད་པའི་བསམ་ཚུལ་མང་པོ་འདུག
༣༽ འོས་བསྡུ་ལྷན་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་གྱི་དྲིས་ལན་གསལ་བཤད་ཀྱི་ཤུགས་ན། མཚམས་རེར་འོས་བསྡུ་ལྷན་ཁང་གི་སྒྲིག་གཞི་ལ་གསལ་ཁ་དེ་ཙམ་མེད་པར་གོང་རིམ་ནས་ཤུགས་རྐྱེན་འདྲ་མེད་དམ་སྙམ་པ་ཡང་འདུག དམངས་གཙོ་ཚད་ལྡན་དང་དྲང་བདེན་ཞིག་ཡོང་བར་གཞོལ་གལ།