གླང་དར་ཚ་བོ། (ཨ་རི།)
བོད་པའི་སྤྱི་ཚོགས་ཀྱི་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། དེང་སང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གསར་ལམ་ཆེ་ཆུང་ཡོད་དོ་ཅོག་མི་སྒེར་གྱི་བསམ་ཚུལ་སྤེལ་ས་རུ་གྱུར་ཡོད་པའི་སྐོར་རེད། ལྷག་པར་དུ་སྒེར་འཁོན་གྱི་དབང་གིས་ཕན་ཚུན་ཡིག་ངག་གཉིས་ཐོག་ནས་ཁ་དམག་དང་ཡིག་དམག་རྒྱག་སའི་གཡུལ་ངོ་ལྟ་བུ་ཞིག་ཏུ་ཡང་ཆགས་ཟིན་ཡོད་འདུག
གནད་དོན་དེ་ལ། བོད་དོན་དང་བོད་ཀྱི་གནས་བབ་ལ་དེ་ཙམ་དོ་སྣང་མེད་མཁན་དག་གིས་ནི་ཅི་ཡང་མི་སྨྲ་བར་ཁ་རོག་རང་སར་བསྡད་ཡོད་འདུག་ལ། བོད་དང་བོད་མིར་ཤ་ཚ་དང་གློ་བ་དཀར་མཁན་འགའ་ཡི་ངོ་གདོང་ལ་ནི་སྔར་ལས་སྐྱོ་མདངས་འཆོར་གཞི་རུ་གྱུར་ཡོད་སྐད།
དེའང་བོད་ལ་མི་དགའ་མཁན་དང་བོད་མིར་སྡང་སེམས་འཛིན་མཁན་དག་གིས་ནི་བོད་ཀྱི་ལོ་རྒྱུས་ཐོག་བདག་དབང་ཡོད་པའི་རང་དབང་རང་བཙན་གཙང་མའི་ལྟ་བ་འཛིན་མཁན་ཚོ་ལ་དགྲ་བོ་ངོ་མའི་འདུ་ཤེས་འཛིན་བཞིན་པ་དང་། ལྷན་དུ་གསར་ལམ་ཁག་དེ་དག་བེད་སྤྱོད་ཀྱིས་ཧ་ཅང་གི་སྐྱུགས་བྲོ་བའི་ཟློས་གར་ནག་པོ་འགའ་འཁྲབ་ཀྱིན་པར་གསལ།
ད་དུང་གནད་དོན་དབྱེ་ཞིབ་པ་འགའ་ཡིས་ཟེར་ན་གསར་ལམ་ཁག་དེ་དག་གི་རྩ་བའི་གསར་འགོད་ལས་རིགས་ཀྱི་ཁྲིམས་སམ་ཡང་ན་ལམ་དང་ལུགས་སྲོལ་མཐའ་དག་ལས་ཡོངས་སུ་འགལ་ཟིན་པ་དང་། མ་ཟད་སྤྱི་ཚོགས་ཁྱོན་ཡོངས་སུ་ཞེ་འཁོན་སློང་བའི་རྒྱུ་ལྟ་བུར་གྱུར་ཡོད་པ་ཡང་ཟེར།
ནམ་ཞིག་ཉི་མར་བོད་དོན་དང་རང་དབང་རང་བཙན་གཙང་མའི་སྐད་ཆ་དག་མིང་གི་ལྷག་མར་རུ་འགྱུར་སྐབས། ཆོལ་ཁ་དང་ལུང་ཚན། སྒེར་འཁོན་རྩོད་སའི་གསར་ལམ་ཁག་དེ་དག་གི་རྩ་བའི་དམིགས་ཡུལ་དེ་འགྲུབ་རྒྱུ་ཡིན་འདུག
གནད་དོན་དབྱེ་ཞིབ་སུ་དང་སུས་ཟེར་གྱི་འདུག ཧ་ཧ་ཧ་་་
ཡག་པོ་རེད། འཐབ་ཕྱོགས་གཅིག་གྱུར་ཁང་གི་མགྲིན་ཚབ་པར་གྱུར་ཤག དུས་བབ་གཙོ་སྒྲིག་པར་རྒྱ་དངུལ་དེ་སེ་རེག་ངེས་རེད།
དུས་བབ་རྩོམ་སྒྲིག་པར་རྒྱ་དངུལ་གང་ཤེས། ཀརྨ་བློ་གསལ་ལ་ཏག་ཏག་རྒྱ་དངུལ་རེག་ཡོད་ཁོ་ཐག་རེད། ག་དུས་ཡིན་ནའང་གོང་ས་མཆོག་ལ་ཁ་གཏོང་སྟངས་འདིས་སྟོན་གྱི་འདུག རྒྱ་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་ལས་དོན་རང་སྒྲུབ་ཀྱིན་འདུག
༅༅། རྒྱ་དངུལ་ལེན་མཁན་ནང་སྟོང་པ་ཚོ་་་་་ངོ་འདྲ་་་ཚ་རྒྱུ་མི་འདུག་གམ།
རང་ཡུལ་བཙན་འཕྲོག་བྱས། སྤུན་གྲོགས་མང་པོ་བསད། སྐད་ཡིག་རྩ་མེད་གཏོང་བའི་ཤིན་ཏུ་ནས་
ཡིད་སྡུག་པའི་ཀླ་ཀློའི་སྲིད་བྱུས་ལ་ངོ་མ་ལོག་པར་བོད་མི་ནང་ཁུལ་ལ་སྐྱོན་བརྗོད་དཀྲུགས་ཤིང་
བརྒྱབ་མཁན་སུ་ཡིན་ངོས་ལོའི་འཛིན།
ནམ་ཡང་སྐྱིད་པ་ཞིག་མི་ཡོང། སྡུག་བསྔལ་ནས་སྡུག་བསྔལ་དུ་ལྷུང།
ལུས་སེམས་གཉིས་ནམ་ཡང་མི་བདེ་མི་སྐྱིད་པ་ཡོད་བཞིན་པ་རེད།
སྐྱེས་པའི་ཕ་ཡུལ་གང་ནས་རེད། ལྷ་ཀླུ་གཞི་བདག་གིས་ཀྱང་ནམ་ཡང་གཉིད་སྐྱིད་པོ་ཞིག་
ཁུག་ཏུ་དུ་མི་བཅུག་ ཉལ་ལངས་སྒུར་གསུམ་ནས་ལྟོས་ཨང།