གཞུང་པ་ཚེ་དབང་བསོད་ནམས།
མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་ཡིན་ཀྱང་གཞུང་འཛིན་སྐྱོང་བྱེད་མཁན་གྱི་སྒྲིག་འཛུགས་སམ་མང་གཙོའི་ཀ་བ་གསུམ་ངེས་པར་དུ་ཚང་དགོས་པ་མང་གཙོའི་ལྟ་གྲུབ་ནས་གསལ་སྟོན་གནང་ཡོད་པ་ནི་འདི་ལྟར། ༼ A Democratic Government has 3 Organs .They are the
1 Legislature, ཁྲིམས་བཟོ་སྡེ་ཚན།
2 Executive འཛིན་སྐྱོང་སྡེ་ཚན།
3 Judiciary ཁྲིམས་ལུགས་དབང་འཛིན་སྡེ་ཚན། ༽ བཅས་སྡེ་ཚན་དེ་གསུམ་མང་གཙོའི་གཞུང་འཛིན་སྐྱོང་བྱེད་པ་ལ་མེད་དུ་མི་རུང་བའི་མགོ་དང་འཇིང་པ་ལྟབུ་ཡིན་པ་ནས་ནམ་ཡང་ཁ་བྲལ་ཐབས་མེད་པའི་སྡེ་ཚན་གསུམ་དེའི་ནང་ནས་ཀྱང་གལ་ཆེ་ཤོས་དེ་ཁྲིམས་ལུགས་དབང་འཛིན། ༼ Judiciary ༽ ཡིན་པ་འདི་ལྟར། 1 ༽ Legislature – the one who make the Law known as the Law making body. 2 ༽ the Executive- Execute and enforce the Law made by Legislature , and run the Administration of Country . 3 ༽ the Judiciary – its duty to Protect the violation of Law made by Legislature and enforced by Executive. ༽ ཅེས་གསལ་བ་ནས་མང་གཙོའི་ཀ་བ་གསུམ་གྱི་ནང་ནས་ཁྲིམས་ལུགས་དབང་འཛིན་ནི་མཐའ་མའི་ཐག་གཅོད་གནང་མཁན་གྱི་སྒྲིག་འཛུགས་བླ་ན་མེད་པ་དང་གོང་ན་མེད་པ་དེ་ཡིན་པ་མང་གཙོའི་ལྟ་གྲུབ་ནས་གསལ་སྟོན་གནང་བ་ལྟར་ང་ཚོའི་བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་དྲུག་པའི་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་སྐོར་ཆ་ཚང་གསལ་ཡོད་པ་མང་ཚོགས་ནས་མཁྱེན་རྟོགས་ཐུབ་པའི་ཆེད་དོན་ཚན་ཆ་ཚང་འདིར་བཀོད་ཡོད། ༼ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བདུན་པ། ཁྲིམས་ལུགས་དབང་འཛིན། དོན་ཚན་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད།
༡ ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན། ༢ བཙན་བྱོལ་དུ་གནས་རིང་གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་འོག་ཏུ་གནས་དགོས་སྟབས་ནག་ཉེས་དང་མཁར་དབང་རྩོད་རྙོག་གི་ཁྲིམས་ཞིབ་བྱ་རྒྱུར་འབྲེལ་བ་མེད་ནའང་གཙོ་ཆེར།
ཀ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་དང་།
ཁ བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལས་ཁུངས་སམ། ལས་བྱེད་པའི་ལས་དོན་བྱེད་ཕྱོགས་དང་། དྲང་བདེན་བྱུང་མིན་ལ་བརྟེན་པའི་རྩོད་གླེང་།
ག བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁག་གི་ལས་དོན་དང་། ཁེ་ཕན་རྗེས་འབྲེལ་གྱི་རྩོད་གླེང་།
ང བོད་མིའི་སྡོད་སྒར་ཁག་གི་ས་ཁང་སྐོར་གྱི་རྩོད་གླེང་།
ཅ བོད་མིའི་སྤྱི་ཚོགས་ཀྱི་རྩོད་རྙོག་དང་། སྤྱི་ཚོགས་ཀྱི་བདེ་འཇགས།
ཆ གོང་གསལ་དོན་ཚན་ཁག་ནང་མ་གསལ་བའི་རྩོད་གཞི་ཁག་བཅས་ལ་གཟུ་བོའི་ཚུལ་གྱིས་ཁྲིམས་ཞིབ་ཐག་གཅོད་བྱ་རྒྱུ་དང་།
ཇ གཞན་ཡང་ཁྲིམས་ཞིབ་ཁང་འོག་མ་རྣམས་དང་། ཁྲིམས་དོན་དང་འབྲེལ་བའི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་དང་། འཛིན་སྐྱོང་གི་བྱ་བར་ཞིབ་འཇུག་ལམ་སྟོན་དང་། སྟངས་འཛིན་བྱ་རྒྱུའི་དབང་ཆ་ཡོད། ༽ ཅེས་གསལ་བ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་ཁྲིམས་ཁང་སྟོང་པར་ལྷག་པ་དེའི་འགན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་འཛིན་སྐྱོང་བཀའ་ཤག་དང་། ཁྲིམས་བཟོ་སྤྱི་འཐུས་ལྷན་ཚོགས་སུ་ལ་ཡོད་མི་མང་ལ་གསལ་བཤད་གནང་དགོས་པ་དེ་མང་གཙོ་དང་། དྲང་བདེན། འདྲ་མཉམ། ཕྱི་གསལ་ནང་གསལ། ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་ཐ་སྙད་ལ་ང་ཚོའི་འགན་འཁུར་དགོས་པ་ལས་ཁྲིམས་འགལ་དང་སྒྲིག་འགལ་འོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་ཁྲིམས་ཁང་སྟོངས་པར་ལྷག་པ་ནི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ནང་སུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ནག་པོའི་ལེའུ་གསར་པ་ཞིག་སྒོ་ཕྱེ་ནས་འཛམ་གླིང་མི་མང་མདུན་སླར་ཡང་ཁྲོམས་བསྟན་པ་མ་རེད་དམ།