༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ཉིན་འགོ་འཛུགས་གནང་བའི་རྡ་ས་ནས་བོད་བར་ཞི་བའི་གོམ་བགྲོད་གནང་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་ཟླ་བ་གཉིས་རིང་གོམ་བགྲོད་ཀྱིས་རྒྱ་གར་དང་བལ་བོའི་ས་མཚམས་སུ་འབྱོར་སྐབས། རྒྱ་གར་དམག་མིས་ས་མཚམས་ནས་བཏང་ཡོད་ནའང། བལ་བོའི་དམག་གིས་བོད་དར་ཕབས་ན་བདེ་འཇགས་ངང་གཏོང་གི་ཡིན་ཚུལ་ལ་ཁས་ལེན་མ་ཞུས་པ་སོགས་ཀྱིས་དམག་མིས་གཅར་རྡུང་བཏང་སྟེ་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག།
གླིང་ཚ་ཚེ་བརྟན་རྡོ་རྗེས་ཕྱི་ཟླ ༥ ཚེས ༡༡ ཉིན་གྱི་ཞོགས་པར་རྒྱ་བལ་ས་མཚམས་སུ་ཨ་མ་དང་སྲིང་མོ་བཞག་སྟེ་བལ་ཡུལ་ས་ཐོག་ཏུ་ཁོང་གཅིག་པུས་ཞི་བའི་གོམ་བགྲོད་གནང་བཞིན་པ་རེད། སྐབས་དེར་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱི་སྐུ་ཚབ་རེ་མོས་མཉམ་བཅར་ཞུ་བཞིན་པའི་ཁྲོད། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐུ་ཚབ་སྤྱི་འཐུས་རྨོག་རུ་བསྟན་པ་དང་མདོ་སྨད་དབུས་རྒྱུན་སྐུ་ཚབ་རྒྱ་མཚོ་ལགས་གཉིས་འཁེལ་ཡོད་ཅིང། ཁོང་རྣམ་གཉིས་ཀྱིས་ཨ་མ་དང་སྲིང་མོ་རྣམ་གཉིས་ཕྱིར་བཞུགས་སྒར་རྡ་རམ་ས་ལར་གདན་འདྲེན་ཞུས།
རྡ་སར་འབྱོར་མ་ཐག་རྡ་ས་ས་གནས་འགོ་འཛིན་དང་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ། གཞན་ཡང་རྡ་སའི་ཁུལ་གྱི་མི་མང་གིས་ལག་ཏུ་ཁ་བཏགས་དཀར་གཙང་ཐོག་སྟེ་ཁོང་ཚོའི་བློས་གཏོང་ལ་མི་སེམས་གཡོ་བའི་བཀའ་དྲིན་རྗེས་དྲན་ཞུས་ཡོད་པ་རེད། ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་སླར་ཡང་སྐུ་གཟུགས་ཀྱི་གནས་སྟངས་སོགས་གང་ལའང་འཛེམས་མེད་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་ཆེན་མདུན་ཆུ་ཚོད་ ༤༨ རིང་ཟས་བཅད་ངོ་རྒོལ་དབུ་བཙུགས་འདུག
གླིང་ཚ་ཚེ་བརྟན་རྡོ་རྗེའི་མི་ཚེ་གཅིག་གི་ཞི་བའི་འཐབ་རྩོད་འདི་ནི་བཙན་བྱོལ་བོད་མིའི་ངེས་ཤེས་རྙེད་པའི་དམངས་ཁྲོད་ཆབ་སྲིད་ཀྱི་ལས་འགུལ་ཡོངས་སུ་དབུ་བརྙེས་པའི་མཚོན་རྟགས་ཤིག་ཡིན་ཞིང། ལྟ་གྲུབ་ཙམ་ལ་རྒྱབ་བསྙེས་པའམ། རྒྱ་ནག་ལ་ཁ་རྡུང་གཏོང་རྒྱུ་ཙམ་གྱི་རྒྱ་ལས་བརྒལ་སྟེ། རང་གི་ཆབ་སྲིད་ལངས་ཕྱོགས་ཀྱི་དམིགས་དོན་རང་ངོས་ནས་ལག་ལེན་དངོས་ཀྱི་ཐོག་རྩོལ་སྒྲུབ་བྱེད་པ་ནི་བཙན་བྱོལ་བོད་མི་མང་གིས་ཁྲིམས་མཐུན་དང། ཞི་བ། གཟི་བརྗིད་ལྡན་པ་བཅས་ཀྱི་ཆབ་སྲིད་ལས་འགུལ་བརྒྱུད་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་བྱ་རྒྱུའི་ལས་འགུལ་གྱི་དབུ་ཁྲིད་ཆགས་ཡོད་པས། མིང་དོན་མཚུངས་པའི་རང་སྐྱོང་རྩོད་པའི་དམངས་ཁྲོད་ལས་འགུལ་ནང་ཁོང་ནི་དོན་དམ་གྱི་བོད་ཀྱི་སྟག་ཤར་གྷན་རྡི་རྗེ་ཆགས་ཡོད།
༼ ཁ་བྱང་འདི་དང་འབྲེལ་བའི་དཔྱད་རྩོམ་རིང་མོ་གང་མགྱོགས་ཐོན་ངེས། ༽
སྟག་ཤར་གྷན་རྡི་རྗེ་ལ་མངོན་པར་བསྟོད་དོ། ཁྱེད་ཉིད་བོད་གཞུང་མང་གི་མིང་དོན་མཚུངས་པའི་རང་སྐྱོང་རྩོད་པའི་འཐབ་རྩོད་ཀྱི་དབུ་ཁྲིད་པ་རེད་ཟེར་བ་དེ་ངར་མོས་མཐུན་ཡོད། རྗེས་མར་སྐུ་ཉིད་༧གོང་ས་མཆོག་གི་སྐུ་ཚབ་ཚོགས་ཆུང་ནང་བསྐོ་བཞག་བྱ་དགོས་ཀྱི་འདུག་པས་༧གོང་ས་མཆོག་གིས་དེ་དོན་རྣམ་མཁྱེན་ཆོས་ཀློང་དུ་མངའ་བ་ཞུ་ཞུ།
རྒྱ་རི་རིན་པོ་ཆེ་དང་ཁྱེད་རྣམ་པ་གཉིས་ཀྱིས་ང་ཚོ་བོད་མི་རིགས་ལ་དོན་དམ་གྱི་རང་སྐྱོང་རྩོད་པའི་དབུ་ཁྲིད་དགོས། བོད་རྒྱལ་ལོ། རྒྱ་ནག་རྒྱལ་ལོ། རང་སྐྱོང་རྒྱལ་ལོ། མི་མང་གི་མངོན་འདོད་རྒྱལ་ལོ། བདེན་པ་རྒྱལ་ལོ། དངོས་ཡོད་གནས་ཚུལ་རྒྱལ་ལོ། འཚེ་མེད་ཞི་བ་རྒྱལ་ལོ། ཚེ་བརྟན་རྡོ་རྗེ་རྒྱལ་ལོ།
བོད་ཞེན་དང་མ་བུའི་བརྩེ་སེམས་ཆེ་ཆེར་ལྡན་པའི་ཨ་མ་ལགས། ཁྱེད་ཀྱི་སྙིང་སྟོབས་ལ་ང་ཚོས་ཡིད་རང་ལོས་ཞུ། ཁྱེད་ནི་གངས་ཅན་པ་རྣམས་ཀྱི་མིག་དཔེར་འོས་པ་རང་རེད་ཁྱེད་ལྟ་བུའི་སྐུ་ཚེར་ང་ཚོས་མཐོང་ཆེན་བརྩིས་བཞིན་མཆིས་ན་སྐུ་གཟུགས་ལ་ཐུགས་འཇགས་གནང་རོགས་ཞེས་ཡང་སྐྱར་ཞུ་བཞིན་ཡོད།།
རྡ་སའི་རི་གྲོང་གི་སེམས་འདུན་མཚོན་པའི་ཁ་བཏགས་དཀར་གཙང་དག་བསམ་ཚེ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐུ་ཚབ་སྤྱི་འཐུས་རྨོག་རུ་བསྟན་པ་དང་མདོ་སྨད་དབུས་རྒྱུན་སྐུ་ཚབ་རྒྱ་མཚོ་ལགས་གཉིས་ཀྱི་བཀའ་དྲིན་བརྗོད་དུ་མེད་པ་རེད་བསམ་ཀྱིན་ཡོད་མོད། ཡིན་ནའང་ཕྱིར་རྡ་སར་བསྙེགས་ནས་ཡོང་བ་འདི་རྒྱུ་མཚན་ཆེར་མི་འདུག་བསམ་པའི་སྣང་བ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས་སོང་། རི་གྲོང་འདི་ན་གླིང་ཚ་མ་བུ་གཉིས་ཀྱི་གཟུགས་གཞིའི་འཕྲོད་བསྟེན་ལ་ཕན་པའི་སྨན་བཅོས་ཁང་ཆེན་པོ་དེ་འདྲ་དཀོན་ཞིང་། ལྷག་ཏུ་ཁོང་མ་བུ་གཉིས་ཀྱི་འདོད་འདུན་ལྟར་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་དམིགས་བྱ་འགྲུབ་པར་རམ་འདེགས་བྱེད་མཁན་དེ་བས་དཀོན།
རྡ་སའི་རི་གྲོང་གི་སེམས་འདུན་མཚོན་པའི་ཁ་བཏགས་དཀར་གཙང་དག་བསམ་ཚེ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐུ་ཚབ་སྤྱི་འཐུས་རྨོག་རུ་བསྟན་པ་དང་མདོ་སྨད་དབུས་རྒྱུན་སྐུ་ཚབ་རྒྱ་མཚོ་ལགས་གཉིས་ཀྱི་བཀའ་དྲིན་བརྗོད་དུ་མེད་པ་རེད་བསམ་ཀྱིན་ཡོད་མོད། ཡིན་ནའང་ཕྱིར་རྡ་སར་བསྙེགས་ནས་ཡོང་བ་འདི་རྒྱུ་མཚན་ཆེར་མི་འདུག་བསམ་པའི་སྣང་བ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས་སོང་། རི་གྲོང་འདི་ན་གླིང་ཚ་མ་བུ་གཉིས་ཀྱི་གཟུགས་གཞིའི་འཕྲོད་བསྟེན་ལ་ཕན་པའི་སྨན་བཅོས་ཁང་ཆེན་པོ་དེ་འདྲ་དཀོན་ཞིང་། ལྷག་ཏུ་ཁོང་མ་བུ་གཉིས་ཀྱི་འདོད་འདུན་ལྟར་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་དམིགས་བྱ་འགྲུབ་པར་རམ་འདེགས་བྱེད་མཁན་དེ་བས་དཀོན།
ཆབ་སྲིད་པ་དག་གིས་གླིང་ཚའི་ཨ་མ་ལགས་ལ་ཟས་བཅད་ངོ་རྒོལ་འདིམཚམས་འཇོག་བྱེད་དགོས་བའི་འབོད་སྐུལ་བྱེད་རྒྱུ་གལ་ཆེན་རེད་སྙམ།མོ་རང་གི་གཟུགས་པོའི་བདེ་ཐང་གང་གཟབ་བྱས་ན་ལེགས།ཟླ་བ་གཉིས་རིང་གོམས་བགྲོད་ཀྱིས་དཀའ་ལས་རྒྱབ་ད་རུང་ཟས་བཅད་ངོ་རྒོལ་བྱས་ན་ནད་པར་འགྱུར་ངེས་བས་ཚང་མས་ཐུགས་སེམས་བཞེས་རོགས་ཞུ།
ཨ་མ་མ་ངུ་ཡར་ལ་བཞེང་དང་གཅིག།
ཨ་མས་བུ་ལ་ཞེ་འདང་ཆེ་དང་གཉིས།།
ཨ་མ་ད་དུང་བོད་ལ་མཁོ་དང་གསུམ།།
ཨ་མ་ངེད་ཚོ་བོད་ཀྱི་བདག་མོ་ཡིན།།
ཨ་མ་མ་ཁོ་མ་ཞུགས་ཡར་ལ་ལོང་།
ཨ་མ་ཁྱོད་ནི་ང་ཚོས་གཞོན་རབས་ལ།
ཨ་མ་ཁྱོད་ཀྱི་སྙིང་སྟོབས་ལྷག་བསམ་བཅས།
ཨ་མ་དྲིན་ཅན་ཁྱོད་ཀྱིས་བརྩེ་བའི་གཟིགས་པར་འཚལ།
ཨ་མའི་བུ་མོ་གཅེས་ཕྲུག་མ་ལྷ་མོ་སྐྱིད་མགྱོགས་པོ་སློབ་གྲར་འགྲོ་དགོས་ ཁྱོད་ལ་ལས་ཀ་མ་འོངས་པར་ཡོད།
ཨ་ཁ་ཁ་
དབུ་བརྙེས་པ་ཞིག་མ་རེད། བོད་མིའི་ཚོགས་སྒེར་མང་པོ་ཞིག་ནས་སྔོན་མ་ནས་ད་བར་རྣམ་པ་མི་འདྲ་བའི་ལས་འགུལ་འདྲ་མིན་རབས་དང་རིམ་པར་སྤེལ་ཡོང་བ་དག་གི་གཞུང་བསྲིངས་པ་དང་མཇུག་སྐྱོང་བ་ཞིག་རེད། རྩོམ་མིང་དབུ་བརྙེས་པ་ཞེས་བྲིས་ཡོད་ཀྱང་ནང་དོན་དབུ་བརྙེས་པའི་སྐོར་བྲིས་མེད་པར་ལས་འགུལ་གྱི་སྐོར་བྲིས་འདུག ལས་འགུལ་བ་རྣམས་ལ་རྒྱབ་སྐྱོར་ཡོད།
རྩོམ་ཡིག་གི་ཁ་བྱང་དེ་ཁྱད་མཚར་ཞིག་མི་འདུག་གམ།
བཙན་བྱོལ་ནང་ ༡༩༥༩ ལོ་ནས་ད་བར་དམངས་ཁྲོད་ལས་འགུལ་ཇི་སྙེད་ཅིག་སྤེལ་དང་སྤེལ་བཞིན་པར། འདིར་གླིང་ཚ་མ་བུ་གསུམ་གྱི་ལས་འགུལ་འདིས་དབུ་བརྙེས་ཟེར་བ་རྒྱུ་མཚན་རྩ་བ་ནས་མི་འདུག
ཨ་གསར་རང་རྟ་ལས་མགྱོགས་པ།
མཇུག་མ་ལུག་ལས་ཐུང་བ། ཟེར་བ་དེ་ཁྱོད་ཚོ་རེད།
སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་དོན་རང་གཅེས་ཀྱིས་ལས་འགུལ་སྤེལ་མཁན་ཚང་མར་རྗེས་སུ་ཡི་རངས་ཡོད་ལ། རྒྱབ་སྐྱོར་དེ་བས་ཡོད། འོན་ཀྱང་ང་ཚོས་འགྲེལ་བཤད་སྐྱོན་སྟངས་མ་ནོར་བ་གནང་དགོས་གལ་ཆེར་མཐོང་། རྒྱ་མི་གད་མོ་ཤོར་ཡོང་།
གདའ་ཚན་པ་དང་ཡེ་ཤེས་སྤྱན་ལགས་ཀྱི་དགོངས་ཚུལ་ལ་རྒྱུ་མཚན་འདུག
བོད་མི་ཞིག་ཡིན་ཕྱིན་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་སྙིང་སྟོབས་དང་ལས་འགུལ་ལ་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ངེས་པར་དུ་དགོས། འོན་ཀྱང་བསྟོད་མ་ཤེས་པའི་བསྟོད་པ་ལས།། སྨད་ཤེས་པ་ཞིག་གིས་སྨད་ན་ལེགས་པའི་དཔེ་ལྟར། བཙན་བྱོལ་བོད་མིའི་དམངས་ཁྲོད་ཆབ་སྲིད་ཀྱི་ལས་འགུལ་དབུ་བརྙེས་པ། ཞེས་པའི་ཁ་བྱང་འདི་ནི་ཧ་ཅང་གི་འུར་བསྟོད་ཆེ་དྲགས་པ་ཞིག་རེད། དུས་རབས་ཉི་ཤུ་རྩ་གཅིག་ཏུ་སླེབས་ཡོད་པས། མི་རྣམས་ཀྱི་དཔྱད་པ་བྱེད་ཀྱི་རེད། བཤད་ཚད་བདེན་པར་འཛིན་གྱི་མ་རེད། ང་དགུ་སྐབས་ཀྱི་དམག་འཁྲུག་ནང་ཞུགས་མྱོང་བའི་རྒས་པོ་རྣམས་ཀྱིས་བཤད་པར་གཞིགས་ན། བོད་པ་མི་གཅིག་གིས་སྟ་གྲི་དང་དཔའ་དམ་ལག་ཏུ་བཟུང་ནས་དེང་དུས་ཀྱི་མཚོན་ཆ་ལག་ཏུ་ཐོགས་པའི་རྒྱ་དམག་བརྒྱ་སྐོར་བསད་རབས་འདུག དུས་སྐབས་གཅིག་ལ་འུར་དེ་འདྲ་མིའི་རྣ་བར་འགྲོ་སོང་བ་རེད། འོན་ཀྱང་ང་ཚོ་དམག་ཤོར་ནས་མིའི་ལུང་པར་གྱར་བ་རེད། ད་དུང་ཡང་འུར་སྒྲ་བརྒྱབ་རྒྱུ་མཚམས་མ་ཆོད་ན་ང་ཚོ་ལ་མདུན་ལམ་ཡོད་མ་རེད། ཐག་རིང་པོ་ཤོད་མ་དགོས་པར་ཉེ་བའི་འཆར་ཏེ་སྤྱི་ལོ་ ༢༠༠༨ ལོར་གཞིས་བྱེས་བོད་མི་རྣམས་ཀྱི་རྒྱ་གཞུང་ལ་ངོ་རྒོལ་གྱི་རྦ་རླབས་འཕྱུར་སྐབས། བལ་ཡུལ་དུ་སྡོད་པའི་ངམ་རིང་བ་ཚེ་བརྟན་ནོར་བུ་སོགས་ཀྱི་བོད་སར་བོད་ཀྱི་རྒྱལ་དར་བཙུགས་པ་འུར་སྒྲའི་བདག་པོ་ཁྱོད་ཀྱིས་གོ་ཨེ་མྱོང་། དེ་དམངས་ཁྲོད་ཀྱི་ལས་འགུལ་མ་རེད་ལབ་རྒྱུ་ཡིན་ནམ།
ཨ་མ་སེམས་པ་རྒྱང་རིང་བུ་ལ་འཁོར།།
རྒྱང་རིང་བུ་ཆུང་རང་དབང་ཆེད་དུ་འཁོར།།
མ་བུའི་བོད་དོན་རྩོད་པའི་བར་གསེང་ན།།
ཚོགས་པའི་མིང་ཅན་རྡ་ས་གཉིད་ནས་འདུག།
མིག་ཆུ་གདོང་ནས་ལྷུང་བ་བོད་ཀྱི་དོན།།
ཉིན་མཚན་གོམ་བགྲོད་བྱས་པ་བོད་ཀྱི་དོན།།
བོད་དོན་སེམས་ལ་བཟུང་ནས་བསྒྲུབ་སོང་ན་ཡང་།།
རྡ་སའི་རི་ལོངས་འདི་ན་གླེང་རྒྱུ་མང་།།
ལོ་ངོ་དྲུག་བཅུ་དལ་ཀྱིས་བགྲོད་ན་ཡང་།།
གླིང་ཚའི་ནང་མི་ལྟ་བུ་འདི་ན་མེད།།
གླིང་ཚའི་སྙིང་སྟོབས་འདྲ་བ་འདི་ན་མེད།།
གླིང་ཁྱིམ་ཚང་འདྲ་བ་འདི་ན་མེད།།