སྤོབས་པ་མཐའ་ཡས།
བཙན་བྱོལ་བོད་མིས་གཞུང་འཛིན་འདེམས་སྟངས་དེ་ལ་དམངས་གཙོའི་ཁྱད་ཆོས་ཧ་ཅང་ཉུང་། ད་བར་དུ་དམངས་གཙོའི་མིང་བཏགས་རུང་གལ་གནད་ཅིག་ལ་ཐུག་དུས་གང་ཟག་ག་གེ་མོའི་ཡེ་ཤེས་དབྱིངས་དཔྱད་ཁོ་ན་མ་གཏོགས་མི་མང་གི་ལྟ་གྲུབ་ལངས་ཕྱོགས་འདི་རེད་ཟེར་ནས་སྐད་ཆ་བཤད་ཡོང་རྒྱུ་གང་ཡང་མེད། དེའི་གནད་དོན་ནི་འཐུས་མི་ཡོངས་ཁུངས་ཀྱི་མི་མང་ཚོགས་པ་ཁག་ལ་ཆབ་སྲིད་ཀྱི་ལྟ་གྲུབ་འདི་རེད་ཟེར་བ་གང་ཡང་མེད་བཞིན་དུ་འཐུས་མི་བདམས་ནས་གྲོས་ཚོགས་ནང་དུ་བཅུག་བཞག་པས་རེད། དམངས་གཙོ་ཟེར་བ་དེ་མི་མང་གི་སྐུ་ཚབ་ཡིན་དགོས། དེ་ཡང་མི་མང་གིས་བསམ་བློ་བཏང་། ཐིག་ཚད་བརྒྱབ། གྲོས་ཐག་བཅད་ནས་ཡོང་དགོས་པ་མ་གཏོགས་དེ་ག་ཙམ་དུ་མི་ཡག་པོ་ཡིན་བསམ་བསམ་རེ་གྲོས་ཚོགས་ནང་ལ་བཅུག་པས་སྤྱི་ཚོགས་དེ་ཡར་རྒྱས་གང་ཡང་ཡོང་གི་མ་རེད།
ང་ཚོའི་གྲོས་ཚོགས་ནི་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐུས་མི་ལས་གྲུབ་ཡོད། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐུས་མི་ཟེར་བ་དེ་ཚོ་སྤྱི་ཚོགས་རེ་རེས་བདམས་པ་ཡིན་ན་ཡང་ཆབ་སྲིད་ལངས་ཕྱོགས་དམིགས་བསལ་བ་གང་ཡང་མེད། དེ་ཚོ་ནི་ཆོས་བརྒྱུད་རེ་རེ་དང་ས་ཁུལ་རེ་རེའི་ཁོངས་སུ་འདུས་པའི་མིའི་ཚོགས་སྡེ་རེ་ཡིན་པ་མ་གཏོགས་ལངས་ཕྱོགས་དམིགས་བསལ་བ་གང་ཡང་མེད་སྟབས་གྲོས་ཚོགས་ནང་དུ་སླེབས་པའི་མི་དེ་ཚོ་མགོ་ལ་རྡོ་བརྒྱབ་བཞིན་དུ་ཅི་བྱེད་འདི་བྱེད་ཟེར་བ་མེད་པར་གྱུར་སོང་བ་རེད། འཐུས་མི་ཁོ་རང་ཚོའི་སྐྱོན་མ་ཡིན་པར་ཁོང་རྣམ་པ་གྲོས་ཚོགས་ནང་དུ་འཇུག་མཁན་གྱི་མི་མང་གི་སྐྱོན་རེད། དེ་ཡང་མཐར་གཏུག་ན་ལམ་ལུགས་འདིའི་སྐྱོན་རེད། མི་མང་གི་རེ་བ་འདི་རེད་ཟེར་བ་དང་། དམིགས་ཡུལ་འདི་རེད་ཟེར་བ། ལངས་ཕྱོགས་འདི་རེད་ཟེར་བ། ལྟ་གྲུབ་འདི་རེད་ཟེར་བ་གསལ་པོ་གང་ཡང་མེད་སྟབས་འཐུས་མི་ཚོར་ལངས་ཕྱོགས་བརྟན་པོ་འདི་རེད་ཟེར་བ་མེད་པར་གྱུར་སོང་བ་རེད།
དམངས་གཙོ་ཚད་ལྡན་ཞིག་དགོས་ན་ཆབ་སྲིད་ཚོགས་པ་དགོས་པ་རེད། ཚོགས་པ་རེ་རེ་བཞིན་དུ་ཚོགས་པ་དེའི་སྤྱི་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་། དམིགས་ཡུལ། ལངས་ཕྱོགས། ཕུགས་བསམ། འཆར་གཞི། དགའ་ཕྱོགས་མི་དགའ་ཕྱོགས་ཚང་མ་གསལ་གསལ་ཐིངས་ཐིངས་བཟོས་ཡོད་རེད། ཚོགས་པ་དེའི་ལྟ་གྲུབ་ལངས་ཕྱོགས་ཚང་མ་མང་ཚོགས་ལ་དྲིལ་བསྒྲགས་བྱས་ནས་ཤེས་སུ་འཇུག་དགོས་རེད། དེ་ནས་ཚོགས་པ་གང་གི་རྗེས་ལ་མི་མང་ཆེ་བ་འབྲངས་ན་དེ་གཞུང་འཛིན་ཚོགས་པར་འགྱུར་བ་རེད། ཨང་གཉིས་པ་དེ་ཁ་གཏད་ཚོགས་པར་འགྱུར་བ་རེད། ང་ཚོའི་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐུས་མི་འདེམས་མཁན་ཚོས་མི་ཡག་པོ་སུ་རེད་ཟེར་ནས་འདེམས་པ་མ་གཏོགས་དེ་ཚོའི་ལྟ་གྲུབ་གང་ཡིན་ལ་ཇུས་གཏོགས་བྱེད་མཁན་མེད་པ་རེད།
ད་བརྒྱ་བཤད་ཚིག་གི་རྩ་བ་དེ་ང་ཚོའི་གཞུང་འཛིན་ལམ་ལུགས་ལ་འགྱུར་བ་གཏོང་དགོས་ཀྱིན་འདུག དམངས་གཙོ་ངོ་མ་ཞིག་དགོས་ན་ང་ཚོ་ལ་ཆབ་སྲིད་ཚོགས་པ་དགོས་ཀྱི་འདུག ང་ཚོའི་ཆབ་སྲིད་ཀྱི་ཚོགས་པ་དེ་ཚོས་ཀྱང་རང་རང་གི་ལྟ་གྲུབ་ལངས་ཕྱོགས་གསལ་པོ་བཟོས་ནས་མང་ཚོགས་ལ་ཤེས་སུ་འཇུག་དགོས་ཀྱིན་འདུག མི་མང་གིས་ཀྱང་བསམ་བློ་གསལ་ཞིབ་བཏང་ནས་སྤྱི་ཚོགས་འདི་ལམ་གང་འདྲ་ཞིག་ལ་འགྲོ་མིན་ལ་འགན་འཁུར་དགོས་ཀྱི་འདུག དེ་ནས་ད་ཡོད་ཀྱི་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐུས་མི་ཡོང་སྲོལ་དེ་མེད་པ་བཟོས་ནས་ཆབ་སྲིད་ཚོགས་པས་གཞུང་འཛིན་པའི་ལམ་སྲོལ་འཛུགས་དགོས་ཀྱི་འདུག
དཔེར་ན། ང་རང་ཚོའི་ད་ཡོད་ཀྱི་ལྟ་གྲུབ་མི་འདྲ་བའི་ཟོལ་འདྲ་བོ་དེ་བོད་རང་བཙན་གྱི་འདོད་བློ་འཛིན་མཁན་དང་བོད་རང་སྐྱོང་གི་འདོད་བློ་འཛིན་མཁན་ལྟ་བུ་རེད། དེ་ལ་ཡང་དབུ་མའི་ལམ་མི་མང་ལས་འགུལ་ཁང་ཟེར་བ་ལྟ་བུ་དང་། གཞོན་ནུ་ཚོགས་པ་ལྟ་བུ་དེ་ཚོ་ལ་སྤྱིར་ཆབ་སྲིད་ཚོགས་པ་ཚད་ལྡན་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཚང་མ་གང་ཡང་མི་འདུག ཆ་རྐྱེན་མི་ཚང་ས་གཙོ་བོ་དེ་སྤྱི་ཚོགས་ཀྱི་བདེ་དོན་བསྒྲུབ་སྟངས་གསལ་པོ་རྒྱས་པོ་གང་ཡང་མེད་པ་རེད། ཡིན་ན་ཡང་། ཁ་རྒྱ་ནག་ལ་འཁོར་བའི་ཆབ་སྲིད་འཐབ་རྩོད་ཀྱི་དམིགས་ཡུལ་མི་འདྲ་བ་རེ་ཡོད་པའི་ཆ་ནས་ཚོགས་པ་དེ་གཉིས་བརྒྱུད་ནས་འཐུས་མི་ཡོང་བའི་དབང་དུ་བཏང་ན་ཡང་ད་ལྟའི་གཞུང་ལས་ནུས་པ་ཆེ་བ་ཡོང་གི་རེད། རྒྱུ་མཚན་གང་རེད་ཟེར་ན། མི་མང་གིས་བསམ་བློ་བཏང་ནས་འགན་འཁུར་ཤེས་ཀྱི་རེད།
ཐོག་མར་ང་ཚོར་དེངས་རབས་སྤྱི་ཚོགས་འཛིན་སྐྱོང་གི་ཉམས་མྱོང་མེད་པ་རེད། ང་ཚོས་ཅིག་ཤེས་པ་དེ་ཆོལ་ཁ་ཟེར་བ་དང་ཆོས་བརྒྱུད་ཟེར་བའི་ཁོངས་སུ་བོད་མི་ཚང་མ་འདུས་ཡོད་པ་ཙམ་ཞིག་ཤེས་པ་རེད། ཡིན་ན་ཡང་དེ་ནི་ས་ཁུལ་དང་ཆོས་བརྒྱུད་ཡིན་པ་མ་གཏོགས་དམངས་གཙོའི་ལམ་ལུགས་ལ་མཁོ་བའི་ཆབ་སྲིད་ཚོགས་པ་མིན་སྟབས་སྤྱི་ཚོགས་མདུན་སྐྱོད་ཀྱི་ནུས་ཤུགས་ཧ་ཅང་ཆུང་སོང་བ་རེད། གང་ཡིན་ཟེར་ན་རང་རང་གི་རྣམ་དཔྱོད་བེད་སྤྱད་ནས་ཐག་གཅོད་པའི་ལྟ་གྲུབ་དེ་མེད་སོང་བ་རེད། ད་ལྟ་ང་ཚོ་བོད་མི་ཚོ་སྟབས་མ་ཡག་པ་ཞིག་ལ་རང་ཁྱིམ་རང་ལ་མི་དབང་བར་གྱུར་ན་ཡང་། མི་མང་པོ་ཞིག་གིས་དམངས་གཙོའི་སྤྱི་ཚོགས་གཞན་ལ་གནས་ཚང་གཡར་ཐུབ་པའི་བཀའ་དྲིན་གྱིས་དམངས་གཙོ་ཟེར་བ་དེ་གང་འདྲ་ཡིན་པ་ཤེས་ཀྱིན་ཡོད་པ་རེད། དེ་ཡིན་དུས་མིག་ལྡན་གཡངས་མཆོང་མི་བྱ་རྒྱུ་དེ་གལ་ཆེན་རེད།
དེ་བཞིན་དུ། སྲིད་སྐྱོང་འདེམས་སྟངས་དེ་ཡང་ཆབ་སྲིད་ཚོགས་པ་བརྒྱུད་ནས་འདེམས་དགོས་པ་མ་གཏོགས་བཤས་ལུག་འདེམས་པ་བཞིན་དུ་མི་རེ་ལ་ཕར་བལྟས་ནས་འདེམས་སྲོལ་དེ་ནི་དམངས་གཙོའི་གཞུང་འཛིན་འདེམས་སྟངས་མ་རེད། དེ་ལྟར་ན། གཞོན་ནུ་ཚོགས་པ་དང་དབུ་མའི་ལམ་གྱི་ཚོགས་པ་གཉིས་མི་མང་གིས་འོས་འདེམས་བརྒྱུད་གཞུང་སུས་འཛིན་ལ་རྒྱལ་ཕམ་བརྩད་ན་གང་འདྲ་འདུག་ཅེས་དྲི་བ་འདི་བཏོན་པ་ལགས་སོ།།
སྤོབས་པ་མཐའ་ཡས་ལགས། ཁམས་བཟང་།
ཆབ་སྲིད་ཚོགས་པ་ཁག་གི་ལྟ་གྲུབ་དང་ལངས་ཕྱོགས་འདི་རེད་ཟེར་བ་མེད་པ་ཡང་མ་རེད། བོད་མི་དམངས་ཀྱི་མངོན་འདོད་འདི་རེད་ཟེར་བ་མེད་པ་ཡང་དེ་ལས་མ་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུ་ཆབ་སྲིད་ཚོགས་པ་ཁག་གི་ལྟ་གྲུབ་ཕྱི་གསལ་ནང་གསལ་བཟོས་ཡོད་པར་མ་ཟད་གང་ཟག་སྒེར་པ་མང་པོའི་ལྟ་གྲུབ་ཕྱི་གསལ་ནང་གསལ་རེད།
ཡིན་ཀྱང་འཐུས་མི་ཚོས་ཚོགས་པའི་ལྟ་གྲུབ་དང་ལངས་ཕྱོགས་འཛིན་ཐུབ་ཀྱི་ཕར་ཞོག སོ་སོའི་ལྟ་གྲུབ་དང་ལངས་ཕྱོགས་ཀྱང་དོར་ནས་ཅི་གསུངས་བཀའ་སྒྲུབ་དང་གང་གསུངས་ཤར་བསྐྱོད་ཡིན་ཟེར་གི་རེད། གྲོས་འཚོགས་ནང་གི་སྤྱི་འཐུས་དེ་དག་མི་མངོན་པའི་བྲན་གཡོག་རེད། རང་དབང་གཙང་མ་ཞིག་ཡོད་མ་རེད།
རང་ཐག་རང་གིས་བཅད་ནས་ལངས་ཕྱོགས་གསལ་པོ་བཟོས་ན་ཀརྨ་ཆོས་འཕེལ་ལ་འོང་གྱི་དེ་འོང་གི་རེད། དེར་བརྟེན་མི་མངོན་པའི་བྲན་གཡོག་ཚོས་ཡེ་ཤེས་དབྱིངས་དཔྱད་ཁ་ནའི་ཕྱོགས་སུ་ལག་པ་བཀྱགས་ནས་རྒྱབ་སྐྱོར་མི་བྱེད་དཀའ་མེད་རེད།
དེ་མིན་ཕྱོགས་གཞན་ཞིག་ནས་བཤད་ན་བློ་བཟང་སེང་གེ་ལགས་སྔོན་མ་གཞོན་ནུའི་ཚོགས་པའི་ཚོགས་མི་རེད། བཀའ་ཁྲིའི་འོས་ལངས་དུས་ཀྱི་གཞོན་ལྷན་ནང་དུ་ལས་ཀ་བྱས་པའི་ཉམས་མྱངས་ཡོད་རབས་བསྒྲགས་ནས་འོས་ལངས་བྱས་པ་རེད། དེ་དང་དེ་བཞིན་གཞོན་ལྷན་གྱིས་ངོས་ནས་ཀྱང་བློ་སེང་གཏམ་བཤད་ཆེད་དུ་གདན་འདྲེན་ཞུས། བློ་སེང་ལ་རྒྱབ་སྐྱོར་བྱས་པ་རེད།
མ་ཟད་དགུ་བཅུ་གསུམ་ཚོགས་པས་ཀྱང་བློ་སེང་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་པ་རེད། ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་དངོས་སུ་རྩོམ་ཡིག་བྲིས་ནས་བློ་སེང་ལ་རྒྱབ་སྐྱོར་བྱས་པ་རེད། བཀའ་ཁྲིའི་འོས་ཐོབ་ཚར་དུས་རྒྱབ་སྐྱོར་བྱེད་མཁན་དང་འོས་སྤྲད་མཁན་ཚོའི་མངོན་འདོད་བརྗེད་ཚར་བ་རེད་ཟེར་ནའང་འདྲ། རང་དབང་ཡོད་མ་རེད་ཟེར་ནའང་རེད། མདོ་དོན་ཡེ་ཤེས་དབྱིངས་དཔྱད་མ་གཏོགས་མི་དམངས་ཀྱི་མངོན་འདོད་སྒྲུབ་པའི་དབང་ཆ་མེད་པར་གསལ་རེད། མི་དམངས་ཀྱི་མངོན་འདོད་སྒྲུབ་ཐུབ་ཀྱི་ཕར་ཞོག སོ་སོའི་མངོན་འདོད་དོན་གཅོད་ཁང་གི་ནང་དུ་ཁོ་རང་གི་འདྲ་དཔར་ཆེ་ཙམ་བཤམས་པའི་དབང་ཆ་མེད་པར་ཚང་མས་མཁྱེན་རེད་བ།
མ་འོངས་པའི་སྤྱི་འཐུས་རྣམས་པ་གཞོན་ལྷན་དང་དབུ་མའི་ཚོགས་པ་གཉིས་ཀྱི་ཁུངས་ནས་བསླེབས་པའི་དབང་དུ་བཏང་ཡང་གྲོས་འཚོགས་ནང་དུ་བསླེབས་དུས་མི་མངོན་པའི་བྲན་གཡོག་ཆགས་ཚར་བ་རེད། གཅིག་པ་རེད། ངས་བྱས་ན་མི་མངོན་པའི་བྲན་གཡོག་བཅིངས་གྲོལ་གཏོང་དགོས་རེད་འདོད། སྤྱི་འཐུས་རྣམས་པ་ལ་རང་དབང་གཙང་མ་ཞིག་ཡོད་ན་མི་དམངས་ཀྱི་མངོན་འདོད་སྒྲུབ་ཐུབ་པའི་རེ་བ་ཡོད་རེད་འདོད་དོ། གཞན་པ་་བྱི་ལ་དཀར་ནག་གཉིས་ལ་ཁྱད་པ་མེད་་་ཙི་ཙི་སུས་བསད་ན་གཅིག་པ་རེད་ཅེས་པ་ལྟར་་འཐུས་མིའི་ཡོང་ཁུངས་ལ་ཁྱད་པར་མེད་་་མི་མངོན་པའི་བྲན་གཡོག་སུས་བྱས་ན་གཅིག་པ་རེད་བ།་་་་ཧཧཧ
ཡང་རྨོངས་རྒན་ཚོའི་ཀླད་པ་དཀྲུགས་བྱེད་ཅིག་ཐོན་ཐལ།
འཛམ་གླིང་རྒྱལ་སྤྱིས་ངོ་ལེན་དང་རྒྱབ་སྐྱོར་ལྡན་ཞིང་། ཡེ་ཤེས་དབྱིངས་དཔྱད་མིན་པའི་ཐབས་ལམ་ཡང་དག་པ་ཞིག་ཁྱེད་ཚོས་སྟོན་དང་། དེས་ནས་ཡེ་ཤེས་དབྱིངས་དཔྱད་རང་བཞིན་གྱིས་དགོས་མཁོ་མེད་པར་འགྱུར་འགྲོ་ཞེས་རྒྱ་རྒན་གྱི་རྩོམ་བསྒྱུར་ཅིག་ཏུ་མཆན་འདེབས་ཟིན། ལར་ནས་ཇག་པས་རྟ་འཕྲོག་པར་ཚུར་བོང་བུ་དགོས་ཞེས་རྩོད་པ་དང་མཚུངས་ཟེར། དེས་ན་རང་ཉིད་ཇག་སར་ཁེར་རྒྱུགས་བྱའམ་དཔུང་དང་གྲོགས། ཁེར་རྒྱུགས་ཡིན་ན་རང་ཉིད་ཇག་པའི་ལག་ནས་རྟ་ཕྱིར་ལེན་རྒྱུའི་ནུས་པ་ཆ་ཚང་ཡོད་དགོས། དེ་ཁྱེད་ཚོ་ལ་མངའ་འམ། དཔུང་དང་གྲོགས་ཟེར་ན་དཔུང་ལ་བསྟུན་དགོས། དཔུང་དང་ཇག་པས་ཁྱེད་ལག་ནས་འཕྲོག་ནོ་དེ་རྟ་མིན་བོང་བུ་རེད་ཟེར་བཞིན་ཡོད་པ་ཤེས་ན་རེད།
ཨ་རོགས། སྤོབས་པ་མཐའ་ཅན། ཡང་རྨོངས་རྒན་ཚོའི་ཀླད་པ་དཀྲུགས་རྒྱུ་ཡིན་ནམ།
འཛམ་གླིང་རྒྱལ་སྤྱིས་ངོ་ལེན་དང་རྒྱབ་སྐྱོར་ལྡན་ཞིང་། ཡེ་ཤེས་དབྱིངས་དཔྱད་མིན་པའི་ཐབས་ལམ་ཡང་དག་པ་ཞིག་ཁྱེད་ཚོས་སྟོན་དང་། དེས་ནས་ཡེ་ཤེས་དབྱིངས་དཔྱད་རང་བཞིན་གྱིས་དགོས་མཁོ་མེད་པར་འགྱུར་འགྲོ་ཞེས་རྒྱ་རྒན་གྱི་རྩོམ་བསྒྱུར་ཅིག་ཏུ་མཆན་འདེབས་ཟིན། ལར་ནས་ཇག་པས་རྟ་འཕྲོག་པར་ཚུར་བོང་བུ་དགོས་ཞེས་རྩོད་པ་དང་མཚུངས་ཟེར། དེས་ན་རང་ཉིད་ཇག་སར་ཁེར་རྒྱུགས་བྱའམ་དཔུང་དང་གྲོགས། ཁེར་རྒྱུགས་ཡིན་ན་རང་ཉིད་ཇག་པའི་ལག་ནས་རྟ་ཕྱིར་ལེན་རྒྱུའི་ནུས་པ་ཆ་ཚང་ཡོད་དགོས། དེ་ཁྱེད་ཚོ་ལ་མངའ་འམ། དཔུང་དང་གྲོགས་ཟེར་ན་དཔུང་ལ་བསྟུན་དགོས། དཔུང་དང་ཇག་པས་ཁྱེད་ལག་ནས་འཕྲོག་ནོ་དེ་རྟ་མིན་བོང་བུ་རེད་ཟེར་བཞིན་ཡོད་པ་ཤེས་ན་རེད།
གྲོགས་ཅོ་རི་ལགས་ནས་བཤད་པར་རྒྱབ་སྐྱོར་ཡོད། ཆབ་སྲིད་ཚོགས་པ་ཡོད་མེད་ཁྱད་ལར་མ་རེད། ཆབ་སྲིད་ཚོགས་པ་བཅུ་ཕྲག་ཡོད་ཀྱང་ནུས་པ་འདོན་མི་ཐུབ། ཅི་སྟེ་འོས་འཕེན་དུས་བསམ་ཚུལ་དང་དམིགས་ཡུལ་མི་འདྲ་བ་ཡོད་ཚུལ་དང་ཁྱེད་ཚོའི་དམིགས་ཡུལ་འགྲུབ་ངེས་སོགས་ཀྱིས་ཁས་ལེན་བྱེད་མོད། གྲོས་ཚོགས་དང་བཀའ་ཤག་ཏུ་སླེབས་དུས་བརྒྱ་ཁ་གཅིག་ཆོད་ཀྱི་ལམ་བུར་མི་འགྲོ་དཀའ་མེད་རེད། གལ་ཏེ་རང་གི་སྔར་གྱི་ཁས་ལེན་དང་མཐུན་པར་འགྲོ་དགོས་ཚེ་མི་མངོན་པའི་དབྱིངས་ནས་གནམ་རྡོ་འཕང་ངེས་མ་ཟད་རྨོངས་དད་པ་ཁྱུ་ཚོགས་ཀྱིས་འོག་ནས་རྡོ་ཆར་ཀྱང་འབེབ་ངེས་ཡིན་པ་ནི་གསལ་གསལ་ཐིང་ཐིང་རེད། དཔེར་ན་ཀརྨ་ཆོས་འཕེལ་ལ་བྱུང་བ་བཞིན་ནོ། དེ་འདྲ་དགོས་པ་ལ་མི་དམངས་ཀྱི་རྨོངས་དད་ཀྱི་མགོ་བོ་དེ་བཅོམ་དགོས་པ་ལས་དེ་མིན་འཆར་གཞི་ཇི་ཙམ་བསྒྲིགས་རུང་ལག་སྟོང་ནང་གི་ཤོག་སྟོང་རང་རེད་དོ།
གཤམ་གྱི་རྩོམ་ཡིག་འདི་གཉིས་མཉམ་དུ་ཀློག་དང་།
http://www.tibettimes.net/news.php?id=9905
མདོར་བསྡུས་ན་བཙན་བྱོལ་སྤྱི་ཚོགས་འདི་ད་དུང་རྨོངས་དད་ཀྱི་ལྕགས་སྒྲོགས་ལས་གྲོལ་བར་དུ་དམངས་གཙོའི་ལམ་ཆེན་དུ་བསྐྱོད་པར་ཧ་ཅང་ལམ་ཐག་རིང་། རྩོམ་པ་པོས་གསུངས་པ་ལྟར་ཆོལ་ཁ་དང་ཆོས་རྒྱུད་སྤྱི་མཐུས་དེ་ཚོ་དེང་དུས་ཆབ་སྲིད་རིག་པའི་གཞུང་ལུགས་ལ་སྦྱངས་པ་དང་གོ་རྟོགས་མེད་མཁར་ཆོལ་ཁ་དང་ཆོལ་རྒྱུད་རང་གི་རྙོག་གླེང་ནང་མགོ་བོ་བརྒྱུད་མ་ཚར་བ་བསྡད་ཀྱིན་པ་རེད། མ་ཟད་སྤྱི་མཐུས་བདམས་མཁན་ཡང་ཕལ་ཆེ་བ་དེ་དེ་བཞིན་རང་ཕྱོགས་དང་ངོ་ཤེས་ལུང་ཚན་སོགས་ཕྱོགས་སུ་ལྷུངས་ནས་བདམས་པ་ཞིག་ཕལ་ཆེར་རེད། གལ་ཏེ་ཆབ་སྲིད་རིག་པའི་གཞུང་ལུགས་ལ་ཐོས་རྒྱ་མཐོང་རྒྱ་ཏོག་ཙམ་ཡོད་མཁན་དང་ཀྲུང་གོའི་བྱ་བྱེད་ལས་གསུམ་ལ་ཆ་རྒྱུས་ཡ་རྒྱུས་ཡོད་མཁན་རང་ཉིད་ལངས་ཕྱོགས་གཏན་པོ་ཡོད་མཁན་རེ་བཟུང་ཡོད་མཁན་དེ་ཚོ་སྤྱི་ཚོགས་ཀྱི་མཐའ་འབུད་གཏོང་རྒྱུར་བྲེལ་བསྡད་པ་རེད། དཔེ་མཚོན་གསལ་ཤོས་དེ་ཀླུ་མཁར་བྱམས་ལགས་མདོ་སྨད་སྤྱི་མཐུས་བར་མའི་འོས་བསྡུ་སྐབས་སྒུག་ཐོའི་ཨང་རིམ་དང་པོ་ཡིན་བཞིན་དུ་འོས་བསྡུ་ལས་ཁུངས་ཀྱིས་འོས་བསྡུའི་ཁྲིམས་སྒྲིག་ལ་རྩིས་མེད་བཏང་སྟངས་དེ་ནས་གསལ་སྟོན་བྱས་པ་རེད། ད་འདི་མི་མངོན་པའི་བཙན་བྱོལ་གྱི་ས་འོག་དར་ཐག་འདི་ནས་ཐར་མི་སྲིད་པ་རེད། ད་གལ་ཆེ་ཤོས་དེ་དེང་དུས་ཀྱི་ཤེས་ཡོན་རྒྱས་པའི་དམངས་གཙོའི་ལྟ་གྲུབ་དང་ཆབ་སྲིད་རིག་པའི་གཞུང་ལུགས་ལ་སྦྱངས་ཆ་ངེས་ཅན་ལྡན་པའི་མི་རབས་གསར་པ་ཚོས་བསྒྱུར་བཅོས་བྱེད་ཐུབ་པའི་ནུས་པ་ཡོད་པ་རེད་ལ་རེ་བ་ཡང་དེ་ལས་ལྷག་མེད་པ་རེད།
གང་ཞིག་ཏུ་ཆབ་སྲིད་ཀྱི་གཡུལ་འགྱེད་དང་། ཆབ་སྲིད་ཀྱི་གྲོས་མོལ། ཆབ་སྲིད་ཀྱི་རྩོད་རྙོག་གང་ཞིག་ཡིན་རུང་། ཆབ་སྲིད་ཀྱི་འདུ་ཤེས་རབ་ཏུ་དམའ་ཞིང་། ཆོས་ལུགས་ཀྱི་འདུ་ཤེས་ཆེས་ཆེར་མཐོ་བའི་སེར་མོ་བའི་རིགས་ཡིན་གཅིག་མིན་གཅིག་ཡོང་དགོས་མ་བྱུང་ཚེ། དགོན་སྡེ་གང་དེར་དཔེ་ཁྲིད་གནང་སྟེ་དགོན་སྡེ་གང་དེའི་སྤྱི་ཚོགས་ལ་ཕན་ནུས་བསྒྲུབ་ཚེ་དེ་ལས་དཀོར་རིན་ཞིག་མེད་པ་འདྲ། གྲོས་ཚོགས་རྒྱས་འཛོམས་སར་སེར་མོ་བ་ཚོས་ཇུས་གཏོགས་བྱེད་པ་ནི། མདོ་སྟོད་སྨད་ཀྱི་ཕྱོགས་སུ་གཟན་ཤམ་གྱོན་ཏེ་འཁོར་བ་འཛིན་པ་དང་། གཟན་ཤམ་གྱོན་ཏེ་ཕྱུགས་རྫི་བྱེད་པ་དང་དབྱེར་མ་མཆིས། མདོར་དེད་ན། སྤྱི་འཐུས་གྲོས་ཚོགས་ནང་ལ་ཁོ་ཚོ་སྟེ་སེར་མོ་བ་དེ་ཚོ་རང་ངོས་ནས་གྲ་སྒྲིག་བྱས་ཏེ་འཁྱེར་ཡོང་བའི་གླེང་གཞི་ཕན་ནུས་ཅན་གཅིག་ཀྱང་མེད་དོ།
སྤོབས་པ་ལགས་ཁྱེད་རང་གི་གང་གསུངས་པ་རྣམས་ལ་རྒྱུ་མཚན་འདུག་འོན་ཀྱང་ང་ཚོ་ད་ལྟ་མིའི་ལུང་པར་སྐྱབས་བཅོལ་ལ་བསྡད་ཡོད་པ་ཁྱེད་ཀྱི་རྗེས་པ་ཡིན་ས་རེད་་་་་་་་་དེ་ལས་ད་ལྟ་ཡོད་པ་དེར་ཡར་རྒྱས་གཏོང་ཐབས་གཅིག་གསུང་དང་་་་་་་་་ངའི་བསམ་པར་ཆོས་རྒྱུད་སྤྱི་འཐུས་ཟེར་བ་དེ་དགོས་འཁོ་གང་ཡང་མཐོང་གི་མིན་འདུག་
ཟམ་གདོང་བླ་མའི་སྐད་ཆ་དེ་རང་གི་ཡིན་་དོགས་བྱེད་ནས་མ་བཤད།
ཅོ་རི་ཉི་མ་ལགས་གཞན་གྱི་ད་བར་གང་གནང་བ་དེར་འགྲིག་མིན་འདུག་ཀྱང་ཀྱང་མ་གསུང་་་་་་་་ཁྱོད་རང་གི་སྤྱི་དོན་ལ་ཕན་པའི་ལས་ཀ་གང་བྱས་ཡོད་གཅིག་གསུང་དྭ་་་་་་་་་་་གང་མེད་པ་དེ་བསྐྲུན་ཐབས་གནང་དགོས་པ་ལས་ཡོད་པ་དེ་མེད་པ་བཟོ་རྩིས་མ་གནང་རོག་གནང་་་་་་་་་་་་སྤྱིར་བཏང་ཏོག་ཙམ་ཉུང་ཙམ་གསུང་ནའང་སྐྱོ་གང་ཡང་ཡོད་པ་མ་རེད།
གྲོས་འཚོགས་ནང་གི་སེར་མོ་བའི་སྤྱི་འཐུས་རྣམས་པས་ལྐོག་ཟ་རུལ་སུངས་ཚོའི་ཁ་ཕོར་ལ་རྡོ་རྡུངས་བྱས་ཙང་་་་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་མཁན་རུལ་སུངས་པ་མང་རེ་འགྲོ་བཞིན་འདུག་མོད། མི་ལོ་བརྒྱད་བརྒྱ་ཙམ་ལ་བོད་བླ་མའི་དེང་རབས་ནང་དུ་བླ་སྤྲུལ་ཚོས་བཀའ་བཀོད་རྒྱུད་འཛིན་གྱི་བྲན་གཡོག་ལམ་ལུགས་འཛིན་དུས་ཕྱུགས་རྫི་ཆགས་འདུག་ཟེར་མཁན་མེད་པར་་་་་དམངས་གཙོའི་ལམ་ནས་འོས་བསྡུ་བྱུང་བའི་སེར་མོ་བའི་སྤྱི་འཐུས་དེ་དག་ཕྱུགས་རྫི་ཇི་ལྟར་ཆགས་སོང་བ་རེད་དམ།
སྤྱི་སྟངས་ནས་ཕྱུགས་རྫི་ལྟ་བུའི་སེར་མོ་བའི་སྤྱི་འཐུས་དེ་དག་མེད་ན་བ་གླང་ལྟ་བུའི་ལྐོག་ཟ་རུལ་སུངས་དེ་དག་གིས་གྲོས་འཚོགས་ཀྱི་ཚོགས་ཁང་ཡང་སྒེར་བདག་བྱེད་འགྲོ་ས་རེད། རྒྱུ་འབྲས་ཅན་ཆོས་འཐུས་ཚོས་ཆོས་འཇིག་རྟེན་གཉིས་ཀ་དང་མཐུན་པའི་ཕྱག་གནང་བར་བོད་མི་དམངས་ཀྱིས་ངོས་ནས་དགའ་བསུ་ཞུ་དགོས་ཡོད།
ཚེ་རིང་་་་ཁྱོད་ཀྱིས་བོད་སྤྱི་པའི་དོན་གང་བྱས་ཡོད་ཅེས་ང་ལ་མ་དྲིས་པའི་སྔོན་དུ་ཁྱོད་ཀྱིས་གང་བྱས་ཡོད་དམ། དེར་གསལ་པོ་ཞིག་བཟོས་དང་། དེ་ནས་གཞན་ལ་འདྲི་ཆོག་གི་རེད་བ། ཡོད་པ་དེར་མེད་པ་བཟོ་རྩིས་ཁྱོད་ཀྱིས་བཤད་བཞིན་མེད་པེ། ཆོས་རྒྱུད་ཀྱི་སྤྱི་འཐུས་ཡོད་དེར་མེད་བཟོ་དགོས་ཟེར་བཞིན་མེད་པེ།་་་་་ཧཧཧ
སོ་སོ་གང་ལ་ཕྱོགས་ན། དེ་ལ་སྐྱོར་བ་བྱེད་པ་ནི་རང་དབང་ཡིན་པ་རེད།
མི་བུ་སོ་སོས་སོ་སོའི་ལྟ་བ་བསྟན་ནས། སྤྱིད་ཚོགས་ལ་འུར་སྒྲ་བྱས་ན། དེ་ནི་མི་དམངས་ཀྱིས་འདོད་པའི་དམངས་གཙོ་མིན།
ཚོགས་པ་དང་སྒྲིག་འཛུགས་མེད་པའི་ཆབ་སྲིད་པ་ནི། མི་དམངས་ལ་ཤ་ཚ་དང་ལ་རྒྱ་མེད་པའི་ཕོ་གཏམ་ཡིན།
ཅི་བྱས་མྱིག་གིས་མ་རིག་ན། བཤད་ཚད་བདེན་དུ་འཛིན་མི་རུང་།
ཁ་བརྡ་ཚང་གི་ཡ་བོ་ཚོ། གོ་ཨེ་བྱུང་།
ངས་བོད་སྤྱི་ལ་ཕན་པའི་བྱ་བ་གང་འགྲུབ་མེད་ནའང་ཁྱོད་རང་འདྲ་བོ་སྐྱོན་འཛུག་དང་ཟུར་ཟ་གཅིག་པུ་བྱས་ནས་བསྡད་མེད་་་་་་་་་་གཞན་ལ་མང་པོ་གསུངས་ཐུབ་དུས་ཁྱེད་རང་གིས་སྤྱི་ལ་ཕན་པའི་ལས་ཀ་མང་པོ་གནང་ཡོད་ཀྱི་བསམ་ནས་བཀའ་དྲི་ཞུས་པ་ཡིན་་་་་་་་་་་་་་་་་་་རྒན་ལགས་ཕན་ཐོག་མེད་ན་ཁའི་ནང་གི་སོ་ཡང་ཀོག་ནས་གཡུག་ཟེར་བ་ལྟར་རང་ཉིད་ཀྱི་བསམ་ཚུལ་ཞུས་པ་ལས་ཁྱོད་རང་འདྲ་བ་རྒྱུ་མཚན་མེད་པའི་བཀའ་མོལ་་་་་ཡིན་ཀྱང་འཐུས་མི་ཚོས་ཚོགས་པའི་ལྟ་གྲུབ་དང་ལངས་ཕྱོགས་འཛིན་ཐུབ་ཀྱི་ཕར་ཞོག སོ་སོའི་ལྟ་གྲུབ་དང་ལངས་ཕྱོགས་ཀྱང་དོར་ནས་ཅི་གསུངས་བཀའ་སྒྲུབ་དང་གང་གསུངས་ཤར་བསྐྱོད་ཡིན་ཟེར་གི་རེད། གྲོས་འཚོགས་ནང་གི་སྤྱི་འཐུས་དེ་དག་མི་མངོན་པའི་བྲན་གཡོག་རེད། རང་དབང་གཙང་མ་ཞིག་ཡོད་མ་རེད།
རང་ཐག་རང་གིས་བཅད་ནས་ལངས་ཕྱོགས་གསལ་པོ་བཟོས་ན་ཀརྨ་ཆོས་འཕེལ་ལ་འོང་གྱི་དེ་འོང་གི་རེད། དེར་བརྟེན་མི་མངོན་པའི་བྲན་གཡོག་ཚོས་ཡེ་ཤེས་དབྱིངས་དཔྱད་ཁ་ནའི་ཕྱོགས་སུ་ལག་པ་བཀྱགས་ནས་རྒྱབ་སྐྱོར་མི་བྱེད་དཀའ་མེད་རེད།
དེ་མིན་ཕྱོགས་གཞན་ཞིག་ནས་བཤད་ན་བློ་བཟང་སེང་གེ་ལགས་སྔོན་མ་གཞོན་ནུའི་ཚོགས་པའི་ཚོགས་མི་རེད། བཀའ་ཁྲིའི་འོས་ལངས་དུས་ཀྱི་གཞོན་ལྷན་ནང་དུ་ལས་ཀ་བྱས་པའི་ཉམས་མྱངས་ཡོད་རབས་བསྒྲགས་ནས་འོས་ལངས་བྱས་པ་རེད། དེ་དང་དེ་བཞིན་གཞོན་ལྷན་གྱིས་ངོས་ནས་ཀྱང་བློ་སེང་གཏམ་བཤད་ཆེད་དུ་གདན་འདྲེན་ཞུས། བློ་སེང་ལ་རྒྱབ་སྐྱོར་བྱས་པ་རེད།
མ་ཟད་དགུ་བཅུ་གསུམ་ཚོགས་པས་ཀྱང་བློ་སེང་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་པ་རེད། ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་དངོས་སུ་རྩོམ་ཡིག་བྲིས་ནས་བློ་སེང་ལ་རྒྱབ་སྐྱོར་བྱས་པ་རེདxxx
ཡེ་ཤེས་དབྱིངས་དཔྱད་དང་། བྲན་གཡོག་གི་ཚིག་གཉིས་འདིར་མི་དགོས། གཞན་རྩོད་རྒྱུ་ཡོད་ན་རྩོད་དང་། ང་ཚོས་་་་་་་
བོད་ཀྱི་སྤྱི་ཚོགས་ནང་ཡེ་ཤེས་དབྱིངས་དཔྱད་ལ་གུས་བཀུར་བྱེད་ཀྱིན་པ་དེ་སྐབས་ལ་ལར་དགོས་མཁོ་ཡོད་སའང་འདུག་མོད། དེང་སྐབས་ཀྱི་ཡེ་ཤེས་དབྱིངས་དཔྱད་ནི་ཚད་ལས་བརྒལ་ནས་བསམ་ཚུལ་བཏོན་མི་ཆོག་པའི་རིམ་པར་སླེབས་ཡོད་པས། སྤོབས་པ་ལགས་དང་ཅོ་རི་ལགས་ཀྱི་གསུངས་པ་ནི་དཔྱད་བསྡུར་བྱེད་ཡུལ་ཞིག་ལས་དམོད་མོ་བྱེད་ས་ཞིག་མ་རེད། གནས་ལུགས་ཡོད་ན་གང་ལའང་སླེབས་ཐུབ། གནས་ལུགས་མེད་ན་གོམ་གང་ཡང་མི་ནུས།
གྲོགས་སྤོབས་པས། ཡེ་ཤེས་དབྱིངས་དཔྱད་ལ་སྐྱོན་བརྗོད་བྱེད་ན། དེ་ཅི་ཞིག་ཡིན་མིན། དགེ་སྐྱོན་ཅི་ཞིག་བྱུང་ཡོད་མེད་འདི་དང་གན་ཞེས་མ་གླེང་བར། གཡག་ཞར་རྩ་ལ་རེམས་པ་ལྟར་གནང་ན། ཅལ་འདྲོགས་ཚོས་དེ་ག་ཟིག་འཆོང་རྐྱང་བྱེད་ཀྱི་རེད། གཅིག་བྱས་ན་གླེང་གཞི་དེ་འདྲ་བསྐྲུན་འདོད་ཡོད་ཀྱང་སྲིད། དེ་འདྲ་ཡིན་ཚེ་ཤེས་ཡོན་པའི་དམ་ཚིག་དང་འགལ་སོང་བ་རེད། མདོ་དོན། ཡེ་ཤེས་དབྱིངས་དཔྱད་དང་མི་མང་གི་གཟིགས་ཕྱོགས་གཉིས་རིག་པ་དང་མཐུན་པའི་ལམ་ནས་གཤིབ་བསྡུར་གནང་སྟེ། དགེ་སྐྱོན་ལག་མཐིལ་གྱི་རི་མོ་བཞིན་རང་གིས་གཟིགས། གཞན་ལ་བསྟེན་ན་བོད་མི་རིགས་ལ་ཕན་ཐོགས་ཀྱི་རེད་ལ། བོད་ཀྱི་བུ་ལ་སྐྱེ་བའི་དོན་གོ་ཡང་ཆོད་སོང་བ་རེད། དེ་མིན་ལས་དང་པོ་བ་ཚོའི་ལུག་ཁྱུར་འུར་རྡོ་སྐོར་གཡུག་བྱས། འདྲོགས་ཡ་མ་གཏོགས་གེ་མེད་པ་གསལ་བོ་རེད།།
དང་པོ་དམངས་གཙོ་སུས་གསོལ་རས་གནང་བ་རེད་དེ་ཤེས་པར་གྱིས་ལ། གཞི་ནས་དམངས་གཙོ་རྡོག་རོལ་གཏོང་མཁན་སུ་ཡིན་མིན་བཤད་ན་ལན་པོ་ཡོད། དུས་དེང་སང་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་བཙན་བྱོལ་གཞུང་ལ་ཡོད་པ་རེད། བུའི་འཇོན་ན་སྲིད་སྐྱོང་ལ་ལང་ཆོག་གི་རེད་ལ་སྤྱི་འཐུས་ལ་ལང་ཆོག་གི་རེད། ཆབ་སྲིད་ཚོགས་པ་བཙུགས་ན་ཡང་རང་དབང་རེད། དེ་མིན་སོ་སོས་ཅི་ཡང་མ་འཇོན་པར་མི་མང་གི་འདོད་བློ་དང་འགལ་བ་ཞིག་བཤད་སྡད་ན་དེ་ལ་མི་མང་གིས་ངོ་རྒོལ་བྱེད་ཀྱི་རེད། འདི་ནི་དད་པའི་གནད་དོན་མ་རེད་དད་པ་མེད་པའི་སྤྱི་ཚོགས་ཤིག་ཡིན་ཡང་མི་མང་གི་འདོད་བློ་དང་མ་མཐུན་ན་འགྲོ་ས་མེད་པ་གསལ་པོ་རེད། དེས་ན་འུར་བཤད་མཁན་པོ་ཚོས་ཁ་ཕར་སྐོར་ནས་བཤད་རྒྱུའི་ཚབ་ལ་སོ་སོ་རང་ཉིད་ལ་ཞུ་དག་ཡག་པོ་ཞིག་གཏོང་དགོས་པ་རེད། དེ་མིན་ཅི་ཞིག་བཤད་ཀྱང་ངལ་བའི་རྒྱུ་ལས་མ་འདས།
བཙན་བྱོལ་ནང་ལ་ཆབ་སྲིད་ཚོགས་པ་དགོས་མཁོ་མེད། བཤད་ཚུལ་ལ། བོད་མི་བརྒྱ་ཆ་༩༩ དབུ་མའི་ལམ་ལ་འགྲོ་གི་ཡིན་ཟེར། ད་བོད་མི་ཚང་མ་མེས་རྒྱལ་པང་དུ་ལོག་རྩིས་བྱེད་རོགས།
ཡེ་ཤེས་དབྱིངས་དཔྱད་རང་ངོས་ནས་ནོར་པ་དང་འགྲིག་པ་གཉིས་ཀ་ཡོད་རེད་ལ་དགོས་པ་དང་མི་དགོས་པ་ཡང་གཉིས་ཀ་ཡོག་རེད། འོན་ཀྱང་ཡེ་ཤེས་དབྱིངས་དཔྱད་བེད་སྤྱོད་ལོག་པ་གཏོང་སྟངས་ཤེས་མཁན་ཆོས་པ་དང་སྲིད་དོན་པ་དང་རྨོངས་དད་པ་གསུམ་པོ་དེས། བོད་པའི་ཆབ་སྲིད་དང་བོད་པའི་མ་འོངས་པ་གཉིས་ཀ་མེད་རླགས་ལ་སྔར་ཡང་བཏང་ད་ཡང་གཏོང་མ་འོངས་པར་ཡང་གཏང་བར་བྱ་བ་ཉིད་རེད་ལ། དེ་རྟོགས་སད་པའམ་ཡང་ན་མཁས་པ་ཡང་ན་ཤེས་ལྡན་པ་ཡང་ན་ཕུགས་བསམ་པ་སུས་ཀྱང་བསྒྱུར་མི་ཐུབ་པ་ཞིག་རེད། དེ་དངོས་ཡོད་གནས་ཚུལ་རེད།
རྒྱ་གར་དམངས་གཙོ་ལུང་པའི་ནང་དུ་སྐྱབས་བཅོལ་ནས་སྡོད་དགོས་པ་དང་གཅིག ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་གི་རོགས་སྐྱོར་ལ་བརྟེན་དགོས་པ་དང་གཉིས། དམངས་གཙོའི་ལུང་པའི་ནང་དུ་བཀའ་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་གཅོད་ལམ་ལུགས་ཡོང་ཐབས་མེད་པ་དང་གསུམ་གྱིས་བཀའ་དྲིན་ལ་བརྟེན་ནས་ཆོས་སྲིད་ཟུང་འབྲེལ་གྱི་དམངས་གཙོ་ཞིག་བཙན་བྱོལ་བོད་མི་དམངས་ཀྱི་མགོ་ཐོག་ཏུ་ལྷུང་བྱུང་བ་རེད་ད།་་་་ཧཧཧ
དམངས་གཙོ་གསོལ་རས་གནང་མཁན་གནས་ལུགས་འདི་གསུམ་པོ་རེད། མ་གཏོགས་གཞན་མི་ལོ་བཞི་བརྒྱའི་རིང་དུ་བཀའ་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་བདག་བྱེད་མཁན་སུ་གང་གིས་ཀྱང་དམངས་གཙོ་གསོལ་རས་གནང་མི་སྲིད་པ་རེད། མཛུབ་མོ་ག་སྟོན་ས་ལ་ཤར་སྐྱོད་བྱེད་བཅུག་འདོད་ཡོད་པར་གསལ་གསལ་དག་དག་རེད་ད།
གལ་སྲིད་ཅང་མ་འཇོན་པའི་དབང་དུ་བཏང་ནའང་་་་ཡུལ་ལུང་ཕུང་ལ་མ་སྦྱར་ན་དེ་ཡང་འཇོན་སྟངས་ཆེན་པོ་ཞིག་ལ་བརྩིས་ན་འགྲིག་གི་རེད་བ། ང་ལྟ་བུ་ཡིན་ན་སུག་བཞི་ས་ལ་བཙུགས་མཁན་གྱི་མི་མངོན་པའི་བྲན་གཡོག་ཞིག་གི་འོས་མིར་ལང་ཆོག་དང་མ་ཆོག་ཁྱད་པར་ཅང་མེད། དེ་ལས་རང་ཉིད་ལ་རང་དབང་གཙང་མ་ཞིག་བྱུང་ན་དེས་དགའ་ཁུ་མོ།
རྩོམ་པ་པོས་རང་གི་བསམ་ཚུལ་སྤེལ་བ་ལ་ཐུགས་རྗེ་ཞུ། ད་ལྟའི་བོད་མའི་སྒྲིགས་འཛུགས་འདིའི་དམངས་གཙོ་ལམ་ལུགས་ནི་འཚར་ལོངས་བྱུང་བཞིན་པའི་བུ་ཕྲུག་ལོ་བདུན་བརྒྱད་ཙམ་གྱི་ཚད་རེད། དེའི་ཕྱིར་གནས་སྐབས་རིང་ཕྱོགས་འགལ་ཚོགས་པས་གནོད་མ་སྐྱེལ་ནའང་ཕན་ཐོགས་ཀྱིན་མེད་པ་གསལ་པོ་རེད། ད་ལྟའི་དུས་འདིར་ལམ་ཁ་གཅིག་ཏུ་བོད་མི་ཡོངས་རྫོགས་ཤར་བསྐྱོད་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་རེད་སྙམ། དེ་མིན་ཚོགས་པ་མང་བོ་ཞིག་གིས་ནང་ལོགས་སུ་ལྟ་གྲུབ་མ་མཐུན་པར་གནས་ན་གར་ཡང་སླེབ་ཐུབ་ཀྱི་མ་རེད། གནད་འགག་ཆེ་ཤོས་ནི་རང་བཙན་དང་དབུ་མ་གང་གི་ལམ་ཁར་བསྐྱོད་ཀྱང་རྡོག་རྩ་གཅིག་སྒྲིལ་ནི་མེད་དུ་མི་རུང་བ་ཞིག་རེད། དེའི་ཕྱིར་ད་ལྟའི་བབས་དང་བསྟུན་ན་༧གོང་ས་མཆོག་གིས་བསྟན་པའི་ལམ་ཁར་ཤར་བསྐྱོད་བྱས་ན་དགེ་མཚན་ཆེན་པོ་མངོན། །
བཙན་བྱོལ་བོད་མིའི་སྤྱི་ཚོགས་འདིར་མང་གཙོ་ཚད་ལྡན་ཡོད་མེད་སྐོར་དང་ཆབ་སྲིད་ཚོགས་པ་དགོས་མིན་བཅས་ལ་མང་པོ་གླེང་འདུག། ༡༽ བཙན་བྱོལ་བོད་མིའི་མང་གཙོ་ནི། གསོལ་རས་གནང་བའི་མང་གཙོ་ཡང་དག་ཞིག་ཡིན་ཚུལ་བཤད་བཞིན་ཡོད། འོན་ཀྱང་དེ་ནི་རིན་ཐངས་མེད་པའི་མང་གཙོ་ཞིག་ཡིན་པར་དོན་དུ་སོང་བ་རེད། སྤྱིར་མང་གཙོ་ནི་མི་དམངས་ཀྱིས་རྩོད་ལེན་བྱས་ནས་ཐོབ་པ་ཞིག་བྱུང་ན་རིན་ཐངས་ལྡན་པ་ལས་གསོལ་རྩལ་གྱི་མང་གཙོ་ནི་དེ་ལྟར་མིན། ༢༽ བོད་ཀྱི་བླ་མའི་ཆོས་ལུགས་སམ་ཆོས་སྲིད་གཉིས་ལྡན་གྱི་ལམ་ལུགས་འདི་ལེགས་ལམ་མ་སོང་བར་དུ་མང་གཙོར་ཇི་ཙམ་འབོད་ཀྱང་མང་གཙོ་མཚན་ཉིད་ཚང་བ་ཞིག་མི་ཡོང་བ་གསལ་པོ་རེད། ཆོལ་ཁ་དང་ཆོས་རྒྱུད་ཀྱི་གྲུབ་པའི་ཁྲིམས་བཟོ་ལྷན་ཁང་འདི་བཞིན་ཇི་སྲིད་ནམ་གནས་བར་དུ་བོད་ལ་མང་གཙོ་ཡང་དག་ཞིག་མི་ཡོང་།
སྤོབས་པ་མཐའ་ཡས་དང་ཅོ་རི་ཉི་མ་ཟེར་བ་ངོ་མ་ཆབ་སྲིད་ཀྱི་བསམ་བློ་ལྡན་ནོ། ཆབ་སྲིད་ཚོགས་པ་དང་ཁ་གཏད་ཚོགས་པ་མེད་པའི་གཞུང་ལ་དམར་ཕྱོགས་ཟེར
བོད་པའི་མང་གཙོ་དམར་ཕྱོགས་ལས་ཀྱང་ཧ་ཅང་སྡུག
དེ་རིང་སྤོབས་པས་སྤོབས་པ་ཆེན་པོས་གང་ཟག་ག་གེ་མོ་ཞེས་ཚིག་གསལ་བྲིས་གནངས་མཛད་བཞག ད་ནས་བཟུང་ང་ཚོས་ཡུལ་དངོས་ལ་ཆེ་གེ་མོ་དང་གང་ཟག་ལ་ག་གེ་མོ་ཞེས་འབོད་དགོ་ས་རེད། ཚང་མའི་ཐུགས་ལ་འཇགས་རོགས།
པ་པ་པོ་པོ་བརྗོད་ནས་ཁ་དཀྱིལ་སྐོར་དང་ཡང་བཙུམ་ཡང་བརྡབ་རྒྱག་རྒྱུ་ཁ་ལས་ཁག་རེད། ཞ་ཞ་ཞུམ་ཞུམ། ག་ག་གུག་གུག པ་པ་པོ་པོ་ལ་ཞེ་དྲག་ཉམས་ཡོད་པ་མ་རེད་གདའ།
དགོངས་དག་མཆན་རྒྱག་ནོར་ཐེབས་འདུག
རྣམ་པ་ལྷན་རྒྱས་ནས་དགོངས་ཚུལ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། ང་ཚོའི་འཐུས་མི་ཚོས་མང་ཚོགས་ཀྱི་སྐུ་ཚབ་མི་ཡོང་དོན་དེ་ངས་གོང་དུ་བཤད་ཡོད། དཔེར་ན། བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་རང་བཙན་ཡིན་ཚུལ་བཤད་པ་དེ་ཁོ་རང་སྒེར་གྱི་ལྟ་ཚུལ་ཡིན་ན་མ་གཏོགས་བཀའ་བརྒྱུད་མི་མང་གི་བསམ་བློ་མཚོན་ཐུབ་ཀྱི་མ་རེད། བོད་ཀྱི་བཀའ་བརྒྱུད་མི་མང་གིས་རྒྱལ་བ་རིན་པོ་ཐུགས་སྨོན་གྱི་ཚིག་དེའི་ནང་དོན་འདི་རེད་ཟེར་ནས་བཀྲལ་མ་མྱོང་བས་རེད། ཁོ་རང་གི་འདོད་འདུན་བོད་རང་བཙན་ཡིན་ན་ཡང་དེ་བཀའ་བརྒྱུད་མི་མང་གི་འདོད་འདུན་རེད་ཟེར་ཚུལ་མེད་པས་ཁོའི་སྐད་ཆ་ལ་ནུས་པ་མེད་པ་རེད། གལ་སྲིད་ཁོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་བྱས་ནས་ཡོང་ཡོད་ན་ཁོའི་སྐད་ཆ་དེ་ཁོ་འདེམས་མཁན་གྱི་མི་མང་གི་འདོད་འདུན་ཡིན་སྟབས་ནུས་པ་ཆེ་བ་རེད། ང་ཚོའི་འཐུས་མི་ཚོའི་སྐད་ཆས་བོད་མི་མང་གི་འདོད་འདུན་མཚོན་མི་ཐུབ་ཚུལ་དེ་འདྲ་རེད།
དཔེར་ན། དཔེར་ན། ལུང་རྟོགས་ལགས་སྲིད་སྐྱོང་གི་འོས་གཞི་ལ་ལངས་ན་ཅིག་བྱས་ན་ཐོབ་སྲིད་པ་རེད། ཡིན་ན་ཡང་། ཁོང་འདེམས་མཁན་གྱི་མི་མང་གི་བསམ་བློ་འདི་རེད་ཟེར་ནས་ཁོང་གིས་ཤེས་ཀྱི་མེད་པ་རེད། གལ་སྲིད་ཁོང་ཆབ་སྲིད་ཚོགས་པ་ཞིག་གི་མིང་ཐོག་ནས་མི་མང་གིས་འདེམས་པ་ཡིན་ན་ཁོ་རང་གི་ཆབ་སྲིད་ཚོགས་པའི་དམིགས་ཡུལ་དང་། འཆར་གཞི། ཐེག་པ་རིམ་བགྲོད་ཀྱིས་དམིགས་ཡུལ་ཏག་ཏག་འདྲ་ཞིག་ཡོད་པ་རེད།
ང་ཚོའི་སྤྱི་འཐུས་ཚོ་ཡང་དེ་འདྲ་རེེད། མི་མང་གི་ཚོགས་སྡེ་སོ་སོ་ནས་བདམས་པ་ཡིན་ན་ཡང་། མདོ་སྟོད་མདོ་སྨད་དབུས་གཙང་མངའ་རིས་མི་མང་གི་བསམ་ཚུལ་ཟེར་ནས་ཁྱད་པར་མེད་པ་རེད། ཁྱད་པར་མེད་སྟབས་ཁྱད་ཆོས་མེད་པ་རེད། དེ་མེད་པས་དམངས་གཙོའི་ཡོན་ཏན་མེད་པ་རེད། མི་མང་གི་དོ་སྣང་སེལབས་ཐུབ་ཀྱིན་མེད་པ་རེད། ང་ཚོའི་སྒྲིག་འཛུགས་དང་མི་མང་གི་བར་གྱི་འབྲེལ་ཐག་ཉེ་བོ་མེད་དོན་ཡང་དེ་རེད།
ང་ཚོའི་མི་མང་ལ་འདེམས་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མིང་ཙམ་ཞིག་ཡོད་ན་ཡང་བསམ་བློ་དང་རྣམ་དཔྱོད་རྩལ་དུ་འདོན་ས་མེད་པ་རེད། མི་མང་གི་སྐྱིད་སྡུག་དང་། བསམ་བློ་འཁོར་ཕྱོགས། ཕུགས་འདུན་སྒྲུབ་ལུགས་མི་འདྲ་བས་ན་ལྟ་གྲུབ་མི་འདྲ་བའི་ཆབ་སྲིད་ཚོགས་པ་ཡོད་དགོས་པ་དེ་མང་གཙོའི་ཁྱད་ཆོས་ཡོད་ན་མེད་ན་དེ་རེད། ང་ཚོའི་ཆོལ་ཁ་དང་ཆོས་བརྒྱུད་ཚོའི་བར་ན་དེ་འདྲའི་ཁྱད་པར་གང་ཡང་མེད་པ་རེད། ཆབ་སྲིད་ཀྱི་ལྟ་གྲུབ་གསལ་པོ་དང་ཞིབ་མོ་ཡོད་པའི་ཆབ་སྲིད་ཚོགས་པ་ཁ་ཤས་ཡོད་ན་གཞུང་འཛིན་ཚོགས་པ་ཡོང་གི་རེད། དེའི་འོག་ཏུ་ཁ་གཏད་ཚོགས་པ་ཡོང་གི་རེད། མདོར་ན་མི་མང་གི་དོ་སྣང་འགུགས་ཐུབ་པའི་འཁྲུག་པོ་འདྲ་བོ་ཡོད་རེད།
སྲིད་སྐྱོང་དང་། སྲིད་གཙོ་རྣམ་པ། འཐུས་མི་རྣམ་པ་སུ་ཡིན་ཡང་ཉོབ་ཏོ་ཉོབ་ཏོ་བྱས་ནས་འཚོགས་འདུ་འཚོགས། ཉོབ་ཏོ་ཉོབ་ཏོ་བྱས་ནས་ཚོགས་འདུ་གྲོལ་ཡོང་གི་འདུག དེ་ལ་ཁག་ཀྱང་མི་འདུག མདོ་སྟོད་མདོ་སྨད་དབུས་གཙང་མངའ་རིས་ཀྱི་མི་མང་གི་ངོས་ནས་མི་གང་བཟང་བཟང་འདེམས་ནས་ཡར་བསྐོས་པ་མ་གཏོགས་ཁོང་ཚོར་ངའི་རེ་བ་འདི་ཡིན། ལངས་ཕྱོགས་འདི་ཡིན། ཕུགས་བསམ་འདི་ཡིན། ཁྱོད་ཚོའི་ཚོགས་པའི་ལངས་ཕྱོགས་དེ་ངའི་ལྟ་བ་དང་མཐུན་ཤོས་རེད་འདུག ཟེར་ནས་བདམས་ཡོད་པ་མ་རེད།
ང་ཚོ་ལ་ཆབ་སྲིད་ཚོགས་པ་ཡོད་ན་ཚོགས་པ་གཅིག་གི་ནང་ལ་མདོ་སྟོད་མདོ་སྨད་དབུས་གཙང་མངའ་རིས་དང་། བོན་རྙིང་བཀའ་ས་ཇོ་དགེ་སོགས་ཀྱི་མི་ཚང་མ་ཡོང་ཆོག་པ་རེད། དེའི་བོད་ཟེར་བའི་སྒྲོམ་གཞི་འདི་ཚགས་ཇེ་དམ་ལ་འགྲོ་གི་རེད། བོད་སིལ་བུར་འཐོར་བའི་ཉེན་ཁ་ཇེ་ཆུང་ལ་འགྲོ་གི་རེད། ཁ་གཏད་ཚོགས་པ་ཡོད་ན་གཞུང་འཛིན་ཚོགས་པའི་ལས་ཀ་སྤུས་ཇེ་དག་ལ་འགྲོ་གི་རེད།
ད་ལྟའི་ང་ཚོའི་ཆོལ་ཁ་ཆོས་བརྒྱུད་ནས་འཐུས་མི་ཡོང་སྲོལ་འདི་སྟབས་མ་ལེགས་ན་མ་འོངས་པར་བོད་སིལ་བུར་འཐོར་བའི་རྒྱུ་རྐྱེན་བྱེད་མི་སྲིད་པ་ཡང་མ་རེད། མདོ་སྟོད་མདོ་སྨད་དབུས་གཙང་ཟེར་ནས་ཤུགས་ཆེན་པོ་བཤད་ན་བོད་གོང་བུ་གཅིག་གྱུར་མི་ཡོང་བར་ཤུགས་རྐྱེན་ངན་པ་ཐེབས་ངེས་རེད། དེ་བཞིན་དུ་ཆོས་བརྒྱུད་ཁག་ནི་གུང་ཁྲན་ཏང་གི་དྲག་གནོན་དེའི་ཐུགས་རྗེ་བཀའ་དྲིན་གྱིས་དེང་སང་ཞི་ཞིང་དུལ་བའི་ངང་དུ་བཞུགས་འདུག་མོད། སྤྱིར་ན་དེང་དུས་སུ་ཆོས་བརྒྱུད་ཁག་ཀྱང་གནའ་དུས་དང་མི་འདྲ་བར་ཆོས་དང་དམ་ཚིག་གི་འབྲེལ་བ་ཐག་ཇེ་རིང་ལ་འགྲོ་གི་འདུག་ཟེར་ནས་གསུངས་མཁན་འདུག ཆབ་སྲིད་ཚོགས་པ་བརྒྱུད་ནས་འཐུས་མི་ཡོང་སྲོལ་བཟོ་ཐུབ་ན་ཉེན་ཁ་དེ་རིགས་སེལ་བར་ཕན་ཐོགས་ཆེན་པོ་ཡོད་རེད་སྙམ།
སྤོབས་པ་མཐའ་ཡས། ཅོ་རི། ཨ་ནུ་ཐང་ལྟ་བུ་ཆབ་སྲིད་གོ་རྟོགས་བཟང་པོ་ཡོད་པ་དག་གིས་ཆོས་ལུགས་དང་ཆོལ་ཁའི་འགོ་ནད་མི་ཕོག་པའི་ཐབས་ལ་འཛེམས་དགོས། ཁྱོད་ཅག་གི་རྣམ་དཔྱོད་ཀྱིས་བོད་ཀྱི་སྣེ་ཁྲིད་ཡོང་བའི་རེ་བ་ཆེ། གནམ་ལྡེ། ཀླུ་མཁར། ཁུག་རྟ་སོགས་སྤྱིར་ཆབ་སྲིད་གོ་རྟོགས་ལེགས་ཀྱང་སྐབས་རེར་ཡིད་དཔྱོད་དུ་ཤོར་བའི་དུས་ཡང་ཡོད། ཁ་ཕྱོགས་བརྟན་ཅིང་གཞི་མེད་ཀྱི་རྟོག་བཟོ་མ་མང་ན་ཁྱོད་ཅག་ཡང་བོད་ཀྱི་སྣེ་ཁྲིད་ཡིན། མཁས་དབང་ཚུལ་ཁྲིམས་བློ་གྲོས། སེར་ཤུལ་ཁྲི་བ་ལྟ་བུ་བོད་ན་ཁྲི་གདུགས་ཀྱི་ཉི་མ་མང་། དེ་རྣམས་སྐུ་ཚེ་བརྟན་དགོས། ཀརྨ་པ་རྣམ་གཉིས། ས་སྐྱའི་གདུང་སྲས་རྣམས། གླིང་རིན་པོ་ཆེ་སོགས་བོད་ཀྱི་ཆོས་ལུགས་ཀྱི་སྒྲོན་མེ་ཡིན། ཀརྨ་པ་རྣམ་གཉིས་ཀྱི་རྩོད་པ་ཆོས་ཕྱོགས་སུ་ཞི་ཐུབ་ན་དུས་རབས་ཉི་ཤུ་བའི་ནང་པའི་ཁྲོད་ཁྱོད་རྣམས་ལ་སྟེགས་བུ་མཐོན་པོ་ཞིག་ཡོད་པ་བཤད་ཅི་དགོས། ཕྲན་ལྟ་བུ་ཆོས་དང་ཆབ་སྲིད་གང་ཡང་མི་ཤེས་མི་འཇོན་མཁན་དུ་མ་ཞིག་གཞན་གྱི་ལེགས་ཉེས་བཤད་པ་ལས་རང་ཉིད་གྲིབ་མ་ནག་པོ་ཞིག་གི་ནང་དུ་འཐོམ་མེར་བསྡད་ཡོད། །
སྤོབས་པས་དགོངས་འཆར་ལེགས་པོ་བྲིས་གནང་འདུག ཡི་རང་ཞུ།
ཆོས་རྒྱུད་སྤྱི་འཐུས་ལས་རྙོག་སྒྲ་ཆེ་་བ་འདས་ད་མ་འོངས་ན་བྱུང་དང་འབྱུང་རྒྱུ་མེད་པས་ཕྱིར་བསྡུས་རྫ་དྲག་བྱ་དགོས། ཆོལ་གསུམ་ཟེར་བས་ཆིག་བསྒྲིལ་གྱི་ནུས་པ་ཞིག་བསྟན་གྱི་ཡོད་ཟེར་ཡང་། དོན་དུ། དབུས་གཙང་གི་མི་འབོར་དང་། མདོ་སྟོད་སྨད་ཀྱི་མི་འབོར་བསྡུར་ན་འོས་མཐུན་གྱི་འཐུས་ཚབ་ཅིག་རྩ་ནས་མ་རེད།
ཆོལ་ཁ་རེ་འགར་འོས་གྲངས་ ༢༠༠ ཙམ་ཞིག་གིས་སྤྱི་འཐུས་འོས་མིར་སླེབས་འགྲོ་བ་དང་། རེ་འགར་འོས་ཤོག་ལྡབ་འགྱུར་མང་པོ་བླངས་ཀྱང་འོས་མིར་སླེབས་མི་ཐུབ་པའི་གནས་སྟངས་འདི་ཚོ་མང་གཙོ་ཚད་ལྡན་གྱི་སྒྲོམ་གཞི་ཞིག་རྩ་ནས་མ་མཐོང་།
གང་ལྟར་སྤྱི་འཐུས་འོས་མི་སླེབ་ཕྱོགས་ལ་དུས་བསྟུན་གྱི་འགྱུར་བ་ཞིག་སྐབས་བཅུ་དྲུག་པའི་འོས་བསྡུ་ཆེན་པོའི་སྔོན་དུ་འགྱུར་བ་ཞིག་བཏང་མ་ཐུབ་ན། སྒྲུང་རང་འཇགས་རེད།
རྒྱ་གར་དམངས་གཙོའི་ལུང་པ་མ་དགོས་གང་ཞིག་ཡིན་ཡང་དམངས་གཙོ་གསོལ་རས་མ་གནང་ན་རྩོད་མཁན་མེད་པ་ཕྱི་གསལ་ནང་གསལ་རེད། ད་དུང་དམངས་གཙོ་མི་དགོས་ཤེས་ཨུ་ཚུགས་ཇི་ཙམ་རྒྱབ་ཡོད་པ་ཚང་མས་ཤེས་གསལ་རེད། དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་བྱས་ནས་བདེན་པ་ནམ་ཡང་ཆགས་ཀྱི་མ་རེད། མི་ལོ་བཞི་བརྒྱའི་རིང་ལ་སྲིད་དབང་སྒེར་བདག་བྱེད་མཁན་མི་གཅིག་མ་རེད་ད། རྒྱལ་དབང་བསྟན་འཛིན་རྒྱ་མཚོ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོར་ཕེབས་ནས་ལོ་དྲུག་བཅུ་རེ་གྲངས་ལས་སོང་མེད་པ་ཨེ་ཤེས། ཁོང་གིས་བོད་ས་མ་ཤོར་སྔོན་ནས་དམངས་གཙོའི་བཅོས་བསྒྱུར་གྱི་དགོངས་པ་ཇི་ལྟར་བཞེས་ཡོད་པ་ལོ་རྒྱུས་ཀྱིས་གསལ་བཤད་བྱས་ཡོད་པ་རེད། གང་ལྟར་རིན་ཐང་ཡོད་ན་འདྲ་མེད་ན་འདྲ་བཙན་བྱོལ་བོད་མིའི་དམངས་གཙོ་འདི་གསོལ་རེས་གནང་བཞག་པའི་དམངས་གཙོ་ཞིག་ཡིན་པ་དངོས་ཡོད་ཡིན་པས། བོང་བུ་བསླངས་པར་ཡག་བྱུང་མེད་པར་འཇུག་མ་བཀོག་པའི་ཡ་ལ་བཙུག་ན་རྒྱུ་འབྲས་ཀྱིས་ཐར་པར་གཏོང་མི་སྲིད་པ་རེད། གང་ལྟར་ཁྱོད་ཚོ་མང་པོ་ཞིག་གི་འདོད་པ་ནི་བཙན་བྱོལ་སྒྲིག་འཛུགས་འདི་ཁ་འཐོར་དགུ་འཐོར་ལ་འགྲོ་རྒྱུ་དེ་ཡིན་པ་ལས་ཡག་པོ་ཞིག་ཡོང་རྒྱུ་དེ་མིན་པ་དཔྱོད་ལྡན་སུས་ལྟས་ཀྱང་ས་རིས་ཐང་གསལ་རེད།
ད་དུང་ཅོ་རི་ལ་བཤད་རྒྱུ་ཞིག་ཡོད། ཁྱོད་རང་བཙན་བྱོལ་སྒྲིག་འཛུགས་ནང་ལ་འཛུལ་འདོད་མེད་པ་ཁག་མེད། བཙན་བྱོལ་སྒྲིག་འཛུགས་ནང་ལ་འཛུལ་ན་བོད་དོན་ཆད་དུ་དཀའ་ལས་རྒྱག་དགོས་པ་ལས་སྒེར་ལ་ཁེ་ཕན་ཆེན་པོ་གང་ཡང་རག་རྒྱུ་མེད་པ་རེད། དེ་ལས་པད་ཤག་ཟ་བཞིན་དྲ་རྒྱའི་ནང་ལ་ལྷོད་ལྷོད་བྱས་ནས་ཕུ་དཀྲུག་མདའ་དཀྲུག་གི་ཡིག་ཉོག་བྲིས་ནས་སྡད་ན་ལོས་དགའ།
སྤོབས་མཐའ་ལགས་ཀྱི་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པ་དགོས་པའི་དགོངས་ཚུལ་དེ་ལ་ང་རང་གི་བསམ་ཚུལ་ཞུས་ན། སྤྱིར་དམངས་གཙོའི་ལུང་པ་ཕལ་མོ་ཆེར་དེ་འདྲ་ཡོད་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་བོད་པའི་དམངས་གཙོ་ནི་ན་མ་ལོན་པའི་བྱིས་པ་ལྟ་བུ་ཞིག་ཡིན་པ་མ་ཟད། བོད་པ་ཚོ་དམགས་གཙོའི་གོ་རྟོགས་ཀྱང་ཧ་ཅང་ཞན་པོ་ཡིན་པས་ཚོགས་པ་གཉིས་བཙུགས་ན་མི་མང་དུམ་བུ་གཉིས་སུ་གྱུར་ནས། ད་ལྟ་ཆོས་རྒྱུད་དང་ཆོལ་ཁའི་ཞེན་ཕྱོགས་ཡོད་བཞིན་པའི་སྟེང་ལ་རྙོག་འདྲ་ཞིག་གསར་དུ་སྣན་པ་ལྟ་བུ་ལས་དགེ་མཚན་ཆེར་མེད་པར་འདོད།
ཚང་མས་ཕྱོགས་ལྷུང་མེད་པར་བགྲོ་གླེང་ཡག་པོ་གནང་བགྱིད། དགའ་བསུ་ཡོད། ཐུགས་རྗེ་ཆེ།
བོད་ཀྱི་ཆབ་སྲིད་ཁ་ཕྱོགས་ཡེ་ཤེས་དབྱིངས་དཔྱད་རེད་ཟེར་བ་དེ་བདེན་པ་མ་རེད། མི་མང་རང་ནས་མང་མོས་རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་འཕོ་འགྱུར་དང་བསྟུན་ནས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་གནང་རོགས་གནང་ཟེར་ནས་གསོལ་བ་བཏབ་པ་ལས་སྒེར་བཀོད་གནང་བ་དེ་ཞིག་མ་རེད་བ་་་་
ལར་ནས་ད་ནས་ཡེ་ཤེས་དབྱིངས་དཔྱད་ཀྱི་གོ་སྐབས་ཟིན་ཚར་པ་རེད།
སྐབས་འགར་བཀལ་སློབ་ལམ་སྟོན་འདྲ་ཕེབས་སྲིད་པ་ཞིག་རེད། དཔེར་ན། ཉེ་ཆར་ཐེ་ཝན་གྱི་གསར་འགོད་པ་ཞིག་གིས་བཅར་འདྲིར་བཀའ་སློབ་དགོངས་འཆར་གནང་འདུག་པ་ལྟར་་་་་་་དེ་ཡང་ཉན་དང་མ་ཉན་མང་མོས་རང་རེད་ལགས།
སྤོབས་པས་བཙན་བྱོལ་ཟེར་བ་འདི་གཏན་ནས་ཧ་གོ་མི་འདུག། འདིའི་འགྲོ་ཕྱོགས་འདུག་ཕྱོགས་ཀྱི་ཆ་གང་ཡང་མྱིག་ལ་ཤར་མི་འདུག།
མི་མང་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་བགོ་བྱ་བགོ་བྱེད་མེད་པའི་བཙན་བྱོལ་ཞིག་ལ་མཚོན་ན། དགྲ་སྔུན་ནས་རྫིག་རྫིག་བྱེད་སྟངས་ཀྱི་ཐབས་བཀོད་ཙམ་ལས།
རྒྱལ་སྲིད་ཆོས་སྲིད་རྩེ་དར་ཡོད་པའི་རྒྱལ་ཁབ་དག་གི་བསམ་བློ་དང་འགྲོ་སྟངས་ང་ཚོ་ལ་མི་འདུག་ཟེར་ནས་འབྱོན་མི་འདུག་ཟེར་ན། སྤོབས་པོས་ཉལ་སའི་ནང་ནས་བསམ་བློ་གཏོང་རྒྱུ་མང་སོང་བ་རེད།
ང་ཚོ་ལ་དམངས་གཙོ་ཡོད་པ་རེད། དམངས་གཙོ་ཡིན་པ་རེད། དམངས་གཙོ་ཡོད་པའི་མི་ཞིག་གིས། སོ་སོའི་འཐུས་མི་དེ་ལྷ་འདེམས་ན་འདྲ། ཀླུ་འདེམས་ན་འདྲ། མྱི་བཟང་པོ་འམ་མ་རབ་སུ་ཞིག་འདེམས་ན་ཡང་། དམངས་གཙོའི་ཐོབ་ཐང་རེད། དེ་ནས་གོང་གིས་མ་འགྲིག་པ་འམ་འོག་གིས་མ་བྱུང་བ་རེད་ག་ཚོད་ལབ་པ་ཡིན་ན་ཡང་། མང་གཙོ་ནི་མང་གཙོ་ཡིན་པས། ཁྱོས་རྒྱལ་ཁབ་གཞན་ལ་དཔེ་བལྟས་ཀྱིས་ང་ཚོས་འཇོན་པ་མི་འདུག་ག་ཚོད་ཟེར་ན་ཡང་། ཁྱོ་ནི། གཡས་གཡོན་མི་རིག་པའི་སྤོབས་པ་ཞིག་ལས། གཞན་གང་ཡང་ཤེས་ནི་ཞིག་མ་རེད་ལོ།
བོད་ཁ་བ་ཅན་ལ་བུ་རྒོད་གཅིག་ཡོད་པ་དེ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་རེད། xxxx
སྤོབས་མཐས་ཉོན་ཨ། ག་རེ་ལབ་ཀྱི་ཡོད་ཨ། གདོང་ལ་ཕག་སྤུ་སྐྱེས་པ་དང་ཡིན་གྱི་མ་རེད་བ། ཁྱོད་ཀྱིས་་་་《ད་ལྟའི་ང་ཚོའི་ཆོལ་ཁ་ཆོས་བརྒྱུད་ནས་འཐུས་མི་ཡོང་སྲོལ་འདི་སྟབས་མ་ལེགས་ན་མ་འོངས་པར་བོད་སིལ་བུར་འཐོར་བའི་རྒྱུ་རྐྱེན་བྱེད་མི་སྲིད་པ་ཡང་མ་རེད། 》་་་་ཞེས་བཤད་བཞིན་ཡོད་དམ།
སྐད་ཆ་འདི་འདྲ་བཤད་དགོས་ན་བོན་རྒྱལ་བསྟན་འཛིན་རབ་རྒྱས་ཀྱི་སྐུ་མདུན་དུ་པུས་མོ་ས་ལ་བཙུགས་ནས་དགོངས་དག་་ནོར་འདུག་ཅེས་ཞུས་བ་འབུལ་ན་མ་གཏོགས་འགྲིག་གི་མ་རེད་ད། ༢༠༡༠་ལོར་བོན་རྒྱལ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་པའི་གནས་ལུགས་དམར་ཧྲེང་མ་ཞེས་པའི་རྩོམ་ཡིག་ལ་ཁྱོད་དང་ངེད་གཉིས་ཀྱིས་དགག་པ་ག་ཚོད་བརྒྱབ་མེད་དམ། ཨ་སྤོབས་མཐའ། ངོ་ཚ་མེད་པེ།
ཁྱོད་ཀྱིས་བྲིས་པའི་ཆོས་ལུགས་སྤྱི་འཐུས་མེད་དུ་མི་རུང་ཚུལ་བརྒྱ་ཁ་གཅིག་གཅོག་མ་ཞེས་པའི་རྩོམ་ཡིག་ནང་དུ་ག་རེ་བཤད་ཡོད་མེད་ཁྱོད་ཀྱིས་བརྗེད་ཡོད་ནའང་ངས་བརྗེད་མེད་ད།
འཇིག་རྟེན་གྱི་གཏམ་དཔེར་་་་་ཕོ་གཏམ་ལྕགས་ཀྱི་རིལ་བུ་དེ་ཚེ་སྟོད་བཤད་ན་ཚེ་སྨད་ཡོད། མོ་གཏམ་ས་ལུ་སི་ལ་དེ་སྔ་ལོར་བཤད་ན་ད་ལོར་མེད་ཟེར་ལེ་རེད་དོ།
དྲ་གྲོགས་ཚོས་འདི་ལ་གཟིགས་རོགས་བྱོས།
http://www.tibettimes.net/news.php?id=2376&search_url=%2Fsearch.php%3Fq%3D%E0%BD%96&&cp=5
http://www.tibettimes.net/news.php?id=2158
སྤོབས་མཐའ་དང་འཇམ་ནོར་གཉིས་ཀྱིས་སོ་སོས་སོ་སོ་ལ་དགག་པ་རྒྱབ་འོང་གི་འདུགདང་པོར་ཅིག་ཡིན་མདོག་མདོག་་་་ཅིག་ཤེས་མདོག་མདོག་ཞིག་བཤད། དེ་ནས་ཟླ་བ་ནས་ལོ་མཐུད་ཡོང་དུས་རང་གཏམ་སྔ་ཕྱི་འགལ་བའི་སྐད་ཆ་བཤད་འོང་གི་འདུག དེ་འདྲ་ཡིན་དུས་ཁྱོད་གཉིས་སྐབས་འཚོལ་བ་མཁས་པ་གཉིས་ཡིན་པ་ལས་ལྟ་གྲུབ་བརྟན་པོ་ཡོད་མཁན་དེ་འདྲ་རེད་མི་འདུག་ཅེས་མི་ཞུ་དཀའ་མེད་བྱུང།
ཁ་བརྡ་ཚང་མཆན་བུ་༤༡་པ་ཡར་གཏོང་རོགས་བྱོས་དང་། སྤོབས་མཐའ་ལ་དེ་འདྲ་ལབ་ན་འགྲིག་པ་ཡོད།
སྤོབས་པ་ལགས། ཆོས་ལུགས་སྤྱི་འཐུས་མེད་དུ་མི་རུང་ཚུལ་བརྒྱ་ཁ་གཅིག་གཅོག་མ་ཞེས་པ་དེ་སྤོབས་ཁ་གཅིག་གཅོག་མ་ཡིན་ས་རེད་ད་་་་ཨོ་ཧཧཧཧཧ་་་དགོད་མོ་ཤོར་ནས་ཤི་ཁུ་ཡ།
་་་་་་་་་་་་ རྒྱ་ནག་གི་སྲིད་འཛིན་ཞེ་ཅེན་ཕེན་གྱིས་བལ་ཡུལ་ལ་རྒྱ་སྒོར་ས་ཡ་དགུ་བརྒྱ་ཐམ་པའི་རོགས་རམ་བྱ་རྒྱུའི་ཁས་ལེན་གནང་ཡོད་འདུག བལ་ཡུལ་ཕྱི་སྲིད་ལྷན་ཁང་གི་མི་སྣས་བརྗོད་དོན་ལྟར་ན། རོགས་དངུལ་དེ་དག་བལ་ཡུལ་དང་བོད་དབར་གྱི་རྒྱང་ཐག་སྤྱི་ལེ་༡༡༥ཙམ་ཡོད་པ་ཨ་ར་ནི་ཀོ་ཟེར་བའི་ལམ་ཆེན་ཉམས་གསོ་དང་། བལ་ཡུལ་ནང་གི་རྨང་གཞིའི་འཛུགས་བསྐྲུན་གྱི་ལས་གཞི། གཞན་ཡང་ཆུ་ཤུགས་གློག་འདོན་ལས་འཆར་སོགས་ཀྱི་ཐོག་གཏོང་རྒྱུ་ཡིན་པ་བརྗོད་འདུག
ལས་འཆར་རོགས་རམ་གྱི་དངུལ་འབོར་འདི་ནི་རྒྱ་ནག་གིས་བལ་ཡུལ་ལ་ལོ་ལྟར་ཨ་སྒོར་ས་ཡ་ཉི་ཤུ་རྩ་བཞི་སྤྲོད་བཞིན་པ་དེ་ཚུད་ཀྱི་མེད་པ་རེད། ་་་་་་་་་་་་་་་་་
ང་བལ་ཡུལ་མི་སེར་ཡིན་ན་ངོ་མི་ཚའམ། འོ་ན་ཁྱེད་རང་་་་་་་་
ངས་རྟག་པར་ལབ་བགྱིད་ཡོད། བོད་པ་རང་བཙན་བྱས་ནས། བལ་རྒྱལ་ནང་བཞིན་འདི་ལྟར་བྱེད་མི་སྲིད་ཡིན་ནམ། ང་རང་བཙན་འདོད་ཀྱང་་་་་་་ དབུས་ལམ་ལ་ཁྱད་ཕན་མེད་པ་རེད་དོ།།
ཀརྡོ་ལགས། བོད་མི་རིགས་ཀྱི་འཇོན་སྟངས་དང་། ཆེད་ལས་གནས་རིག་ནང་འདྲེན་དང་བོད་མི་ཆེད་ལས་པ་གསོ་སྐྱོང་བྱེད་ཐུབ་མིན་ལ་རག་ལུས་བསྡད་ཡོད་རེད།
ས་ཆ་ཡོད་ཀྱང་ཞིང་ལས་བྱས་མ་ཤེས།
འོ་མ་ཡོད་ཀྱང་ཆུར་བ་བཟོ་མ་ཤེས།
གཏེར་ཁ་ཡོད་ཀྱང་བཟོ་གྲྭ་བཙུགས་མ་ཤེས།
རྒྱུགས་ཆུ་ཡོད་ཀྱང་གློག་ཁང་བརྒྱབ་མ་ཤེས། བོད་མི་རིགས་ཀྱིས་མ་ཤེས་རྨོངས་པའི་དབང་གིས་དཀའ་སྡུག་འདིས་ནང་དུ་ལྷུང་སོང་བ་རེད། ངས་༢༠༠༩ལོ་ནས་མང་་པོ་བཤད་ཡོད། དེང་རབས་གསར་པའི་ཆེད་ལས་རིག་གནས་ནང་འདྲེན་དང་ཆེད་ལས་པ་གསོ་སྐྱོང་བྱེད་མ་ཐུབ་ན་་རང་བཙན་ཐོབ་ནའང་རང་མགོ་འཐོན་ཁག་པོ་རེད་ད།་ཡིན་ནའང་རང་མགོ་འཐོན་ས་མ་རེད་་་རང་བཙན་མི་དགོས་ཟེར་མཁན་གྱི་མི་རྣམས་ལ་མིའི་རེ་བ་མེད་པའི་རྟགས་རེད་བ་་ཧཧཧ་་་དཔེར་ན་་་ཁྱོད་རང་བཞིན་རེད། སོ་སོས་མི་འཇོན་དུས་བོད་མི་ཡོངས་ཀྱིས་རང་དང་གཅིག་པ་འཇོན་གྱི་མ་རེད་བསམས་ན་ནོར་འཁྲུལ་རེད་་་ལོ་་་་་དཀོར་གཉེར་ལགས།
དཔྱོད་ལྡན་ཅོ་རི་ཉི་མ་ལགས། སྔོན་མ་སྤྱི་འཐུས་འདེམས་དུས་སུ་ཁོང་ཚོས་ཆོས་ལུགས་སྤྱི་འཐུས་མེད་པ་བཟོས་ནས་ཆོལ་ཁའི་སྤྱི་འཐུས་ཁོ་ནས་འགྲིགས་པ་བྱེད་དགོས་ཞེས་བཤད་པ་རེད། དེ་ཉེན་ཁ་ཆེན་པོ་རེད། ཆོལ་ཁའི་སྤྱི་འཐུས་ཟེར་བ་འདེ་ཡོད་དུས་ཆོས་བརྒྱུད་སྤྱི་འཐུས་མེད་ན་སིལ་བུར་འཐོར་བའི་ཉེན་ཁ་དེ་ལས་ཆེན་པོ་རེད། ཆོལ་ཁའི་སྤྱི་འཐུས་ཀྱིས་ཆོལ་ཁ་ཕྱོགས་ཕྱོགས་སུ་འཐེན་ཡོང་གི་རེད། དེ་དུས་ཆོས་བརྒྱུད་སྤྱི་འཐུས་ཚོས་ཕྱོགས་གཞན་ཞིག་ལ་འཐེན་གི་རེད། དེ་དུས་ཕྱོགས་འཐེན་དེ་ཆ་སྙོམ་པོ་འདྲ་ཞིག་ཡོང་བ་ལ་ཕན་ཐོགས་ཡོད་རེད་བསམ་ནས་ངས་སྐབས་དེར་ཆོལ་ཁའི་སྤྱི་འཐུས་ཡོད་ན་ཆོས་བརྒྱུད་སྤྱི་འཐུས་ངེས་པར་དུ་ཡང་དགོས་ཞེས་བཤད་པ་ཡིན། ཡིན་ན་ཡང་། སྐབས་འདིར་དེ་ལྟར་བཤད་གི་མེད། སྤྱིར་དམངས་གཙོའི་ལམ་ལུགས་ལ་ཆོས་བརྒྱུད་དང་ཆོལ་ཁའི་སྤྱི་འཐུས་ཟེར་བ་དེ་འདྲ་ཡོང་སྲོལ་མེད་པ་བཤད་ཀྱིན་ཡོད་ལགས། ཡིན་ན་ཡང་། ངའི་ལྟ་བ་བ་ཟེར་ན་རེད། འདོད་འདུན་ཟེར་ན་རེད། དེ་ནི་ནམ་ཡིན་ཡང་བོད་མི་མང་འདི་ཚོ་ཙམ་དང་སྣུམ་ཙམ་ཡོང་ན་བསམ་པ་དེ་ཡིན། དེ་ལ་ནི་འགྱུར་བ་གང་ཡང་མེད།
ཁྱེད་ཀྱིས་བཀའ་བཀྱོན་གནང་ནས་ངའི་སེམས་ལ་ན་ཡོང་རྒྱུ་དང་ཚ་ཡོང་རྒྱུ་གང་ཡང་མི་འདུག་མོད་ཡིན་ལུགས་ཞུས་ན་དེ་འདྲ་རེད།
་་་་་་་་་་་་་ ་ཡིན་ནའང་རང་མགོ་འཐོན་ས་མ་རེད་་་རང་བཙན་མི་དགོས་ཟེར་མཁན་གྱི་མི་རྣམས་ལ་མིའི་རེ་བ་མེད་པའི་རྟགས་རེད་བ་་ཧཧཧ་་་དཔེར་ན་་་ཁྱོད་རང་བཞིན་རེད། སོ་སོས་མི་འཇོན་དུས་བོད་མི་ཡོངས་ཀྱིས་རང་དང་གཅིག་པ་འཇོན་གྱི་མ་རེད་བསམས་ན་ནོར་འཁྲུལ་རེད་་་ལོ་་་་་དཀོར་གཉེར་ལགས། ་་་་་་་་་་་་་་
ཅོ་རི་ལགས།
དང་པོ་དེ་རིང་འདིར། ལན་དང་པོར་ལན་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། ཁྱེད་རང་བཙན་པས། དབུས་ལམ་བསྒྲུབ་ཐུབ་པའི་ནུས་པ་མེད་མཁན་ཚོས། རང་བཙན་ལེན་འདོད་རྔམས་སེམས་ལ་ང་ཡིད་སྐྱོ་བགྱིད་འདུག གཞན་ཅང་ལབ་རྒྱུ་ལྷག་མེད།
ཕྲན་གྱིས་བསམ་བློ་ལ་བག་ཆགས་ཟབ་མོ་བཞགས་སོང་བས་བཀྲིན་ཆེ་ཞུ། འོན་ཀྱང་། ད་ལྟའི་ཆར་ང་ཚོའི་གནས་བབ་ནི་བཙན་བྱོལ་བ་ཡིན་པས་བྱིས་སུ་གནས་པའི་བོད་མི་ཚང་མས་ནུས་པ་གཅིག་འདོན་བྱེད་དགོས་པ་གལ་ཆེ་ཤོས་སུ་མཐོང་ལ། ཆབ་སྲིད་ཤོག་ཁག་རིགས་བཙུགས་ནའང་བྱིས་ཡུལ་ཏུ་གཏན་འཇགས་སུ་གནས་མི་དགོས་པའི་དེ་ཙམ་གྱི་རྒྱུ་མཚན་མ་མཐོང་སྟེ། བོད་རྒྱ་དཀའ་རྙོགས་ལའང་ཕན་ཐོགས་ཡོང་བ་མི་སྲིད་པ་ཞིག་ཡིན། མང་གཙོ་རྒྱལ་ཁབ་གཞན་དང་མཚུངས་བསྡུར་བྱས་ནས། ང་ཚོས་མང་གཙོ་འདི་ཚད་ལྡན་མིན་ལུགས་ཤོད་པ་ནི་གནས་ལུགས་ཤོད་མི་ཤེས་པ་ཙམ་ལས་གོ་བ་རྙེད་པ་དཀོན། མང་གཙོའི་ལྟ་གྲུབ་ནི་གཅིག་མཚུངས་ཡང་ན་འདྲ་མཉམ་དང་། ཐོབ་ཐང་། འགན་འཁྲིད་ལ་སོགས་ཡིན་ཙང་བཙན་བྱོལ་སྒྲིག་འཛུགས་ཡང་མང་གཙོ་ཡིན་ནམ་མིན་གཙོ་བོ་ལྟ་གྲུབ་འདི་དག་ལ་རག་ལུས་ཡོད། མདོར་ན། ཆབ་སྲིད་ཚོགས་པ་བཙུགས་པའི་དབང་དུ་བཏང་ཡང་དབུས་མའི་ཤོག་ཁག་དང་རང་བཙན་ཤོག་ཁག་གཉིས་ཀྱི་གཞུང་འཛིན་ཆབ་སྲིད་ཚོགས་པ་བྱེད་དགོས་ཟེར་བ་ནི་མྱི་གཅིག་ལུས་གཅིག་ལ་ཕོ་མོ་བརྗེ་རེ་དགོས་ཟེར་ན་དང་ཁྱད་གང་ཡོད།