གཞུང་པ་ཚེ་དབང་བསོད་ནམས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་བླ་གནས་སའི་མཐར་ཐུག་གི་ཁྲིམས་ཡིག་བླ་ན་མེད་པ་དེ་ཡིན་པ་དང་། སྤྱི་འཐུས་སྐབས་བཅུ་གཅིག་གི་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པ་གཏན་འབེབས་གནང་བའི་བཅའ་ཁྲིམས་དེའི། ༼ དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང་། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ་མཉམ་འབྲེལ། ཡུལ་མིའི་རྒྱལ་ཁབ་ཞིག་བྱ་རྒྱུ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང་། གཤམ་འཁོད་ལེའུ་བཅུ་གཅིག་པའི་དོན་ཚན་ཁག་གཞིར་བཟུང་མ་གཏོགས་བཅའ་ཁྲིམས་འདི་ལ་བསྒྱུར་བཀོད་གཏོང་རྒྱུ་མིན། ༽ ཅེས་གསལ་བ་དང་། བཅའ་ཁྲིམས་བསྐྱར་བཅོས་ཁག་ནང་། མང་གཙོ། ལས་མང་གཙོ་མཉམ་འབྲེལ་འཁོད་མི་འདུག སྤྱི་འཐུས་གྲོས་ཚོགས་རིམ་པའི་ནང་བཅའ་ཁྲིམས་བསྐྱར་བཅོས་ཕྱིན་རིམ་བཞིན་བཅའ་ཁྲིམས་པར་སྐྲུན་གནང་ལམ་ཡོད་པ་ལྟར་སྤྱི་ལོ་ ༢༠༡༩ ལོར་པར་སྐྲུན་གནང་བའི་ནང་། ༼མང་གཙོ། ༽ ལས་མང་གཙོ་མཉམ་འབྲེལ་འཁོད་མི་འདུག་ལ་སྤྱི་འཐུས་སྐབས་བཅུ་དྲུག་ནས། ༼ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་ཕྱོགས་བསྒྲིགས། ༽ བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༡༠ པ་བོད་རྒྱལ་ལོ་ ༢༡༤༧ ཕྱི་ལོ་ ༢༠༢༡ ཟླ་བ་ ༣ ཚེས་ ༣༠ བར་གྱི་བསྐྱར་བཅོས་གཏན་འབེབས་ཕྱོགས་བསྒྲིགས། ༽ ཟེར་བའི་དེབ་ལྗང་ཁུ་དེའི་ནང་དུ་ཡང་མང་གཙོ་ལས། ༼ མང་གཙོ་མཉམ་འབྲེལ།༽ འཁོད་མི་འདུག་ན་སྤྱི་ལོ་ ༡༩༩༡ ལོར་སྤྱི་འཐུས་སྐབས་བཅུ་གཅིག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བའི་ནང་། ༼ མང་གཙོ་མཉམ་འབྲེལ། Federation ༽ ཟེར་བའི་ཚིག་འདི་འཁོད་ཡོད་པ་ནི་མང་གཙོའི་ལྟ་གྲུབ་ནང་། ༼མང་གཙོ་གཅིག་སྒྲིལ། Unitary ༽ དང་། ༼ མང་གཙོ་མཉམ་འབྲེལ། Federation ༽ བཅས་མང་གཙོའི་ལམ་ལུགས་གཉིས་ཡོད་པ་ནས་ཨ་རི་ལྟབུ། ༼ མང་གཙོ་གཅིག་སྒྲིལ། Unitary Government ༽ དབང་ཆ་ཡོངས་རྫོགས་དབུས་གཞུང་གི་ལག་ཏུ་ཡོད་པ་ལ་མང་གཙོ་གཅིག་སྒྲིལ་གྱི་གཞུང་ཟེར་བ་དང་། རྒྱ་གར་ལྟབུ། ༼ Federation Government ༽ དབང་ཆ་ཚང་མ་དབུས་གཞུང་ནས་མ་ཉར་བ་ཆ་བགོས་བྱས་ནས། ༼ Decentralized or Separation of Power ༽ ཕྱི་འབྲེལ་དང་བདེ་སྲུང་གཉིས་དབུས་གཞུང་གི་ལག་ཏུ་ཉར་ནས་དེ་མིན་སྤྱི་ཚོགས་དང་འབྲེལ་བའི་སྡེ་ཚན་ཁག་མངའ་སྡེ་སོ་སོའི་ལག་ཏུ་བཞག་པ་ལྟར་ང་ཚོའི་ཡང་མང་གཙོ་མཉམ་འབྲེལ་ཟེར་བའི་ཐ་སྙད་འདིའི་འོག་ཏུ་བཅའ་ཁྲིམས་ལེའུ་བདུན་པ་བཀོད་སྒྲིག་གནང་ནས་བཅའ་ཁྲིམས་དོན་ཚན་དོན་བརྒྱད་འོག་ས་གནས་འཐུས་མིའི་ཚོགས་འདུ་བཀོད་སྒྲིག་གནང་བ་འདི་ཡང་མང་གཙོ་མཉམ་འབྲེལ་ཟེར་བའི་ཐ་སྙད་ལ་འགན་འཁུར་བ་འདི་མང་གཙོའི་རིག་པའི་གཞུང་ལུགས། ༼ Democracy Theory ༽ དང་མཐུན་པ་དབང་ཆ་ཡོངས་རྫོགས་དབུས་ནས་མ་ཉར་བར་དབང་ཆ་ཆ་བགོས། ༼ Decentralized or Separate of Power ༽ བྱས་ནས་དབུས་དང་ས་གནས་གཉིས་དབང་ཆ་ཆ་བགོས་ཀྱི་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་དང་། ས་གནས་འཐུས་མིའི་ཚོགས་འདུ་གཉིས་འགན་དབང་དབྱེ་ནས་བཞག་པ། ༼ བཅའ་ཁྲིམས་དོན་ཚན་སོ་དྲུག་པ། ཁྲིམས་བཟོའི་དབང་ཆ། ཁྲིམས་ལུགས་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་པ་ལ་སྲིད་སྐྱོང་གི་ཆོག་མཆན་མིང་རྟགས་བཀོད་དགོས། ༽ ཅེས་གསལ་བ་དང་། ༼ བཅའ་ཁྲིམས་དོན་ཚན་གྱ་གཉིས་པ། ས་གནས་འཐུས་མིའི་ཚོགས་འདུའི་དབང་ཚད། ས་གནས་ཀྱི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་འགན་དབང་ཡོངས་རྫོགས་ས་གནས་འཐུས་མིའི་ཚོགས་འདུར་ཡོད། འོན་ཀྱང་མཐའ་མའི་གཏན་འབེབས་མ་བྱས་གོང་ས་གནས་འགོ་འཛིན་དང་། འགོ་འཛིན་ལས་རོགས་ལ་གོ་བསྡུར་བྱེད་དགོས། ༽ ཅེས་གསལ་བ་ནས་ ༼ མང་གཙོ་མཉམ་འབྲེལ། Federation ༽ གྱི་གོ་དོན་ཡང་འདི་ཡིན་པ་ནས་་བཅའ་ཁྲིམས་པར་སྐྲུན་ནང་། མང་གཙོ་ལས་མང་གཙོ་མཉམ་འབྲེལ་འཁོད་མི་འདུག་ན་སྤྱི་འཐུས་ཚོའི་ཐུགས་ཞིབ་ཆེ་ཙམ་གནང་མ་ཐུབ་ཚེ་ང་ཚོའི་མང་གཙོ་དེ་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས། ༼ Democracy Theory ༽ དང་མ་མཐུན་པའི་མང་གཙོ་ཞིག་ཏུ་ཁ་ཕྱོགས་་སྲིད་པ་ནི་དེ་སྔོན་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་གསལ་བའི་ཡུལ་མིའི་རྒྱལ་ཁབ། ༼ Republic ༽ དེ་ཡུལ་མིའི་སྲིད་སྐྱོང་ལ་ཁ་ཕྱོགས་པ་ནས་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་སམ་རིག་པའི་ལྟ་གྲུབ་དང་མ་མཐུན་པའི་མང་གཙོའི་ལམ་ལུགས་ཞིག་ང་ཚོའི་གསར་གཏོད་གནང་ནས་ལག་ལྟར་བྱས་ཚེ་ང་ཚོ་སླར་ཡང་གངས་རིའི་འཕྲོད་དུ་འཛམ་གླིང་ལ་ཁ་ཕྱོགས་མ་ཐུབ་པ་ཟུར་འཚོ་བྱ་འདོད་པ་མ་རེད་དམ།