Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་པར་ཐེངས་དྲུག་པ་ཕྱི་ལོ་ ༢༠༡༩ དེབ་གྲངས་ ༢༥༠༠ ཟེར་བའི་ནང་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བདུན་པ། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ། ཟེར་བའི་ནང་སྤྱི་འཐུས་ལྷན་ཚོགས་དེ་གསལ་མི་འདུག་ན་དེའི་སྐོར་ལ་དཔྱད་པའི་གཏམ།

Posted on 2024-10-252024-11-13 By ཁ་བརྡ་ 2 Comments on བཙན་བྱོལ་བོད་མིའི་བཅའ་ཁྲིམས་པར་ཐེངས་དྲུག་པ་ཕྱི་ལོ་ ༢༠༡༩ དེབ་གྲངས་ ༢༥༠༠ ཟེར་བའི་ནང་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བདུན་པ། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ། ཟེར་བའི་ནང་སྤྱི་འཐུས་ལྷན་ཚོགས་དེ་གསལ་མི་འདུག་ན་དེའི་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་གི་རྩ་ཁྲིམས་ལ་རྒྱུས་ལོན་གནང་མཁན་ཞིག་ཡོད་ན་གྲོས་ཚོགས་ཀྱི་འཐུས་མི་ཆ་ཚང་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ཡོད་པ་བཞིན་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༡༤ ཉིན་སྤྱི་འཐུས་སྐབས་བཅུ་གཅིག་གི་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་སྟེ་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་མཆོག་མཆན་མཚན་རྟགས་ཕེབས་པའི་ཉིན་དེ་ནས་དངོས་སུ་ཁྲིམས་ཡིག་ཏུ་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བདུན་པའི་ནང་སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་བཅས་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དེ་བཞག་ཡོད་པ་འདི་ལྟར། ༼ དོན་ཚན་ང་བདུན་པ། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ།

༡ རྒྱལ་ཁབ་དང་། མང་ཚོགས་ཀྱི་ཁེ་ཕན་ཆེད་བཅའ་ཁྲིམས་འདིའི་དོན་ཚན་ཁག་ནང་གསལ་ལྟར་༧ གོང་ས་༧ སྐྱབས་མགོན་ཆེན་པོས་བཀའ་ཤག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ་བཅས་ལ་བཀའ་བསྡུར་བསྐྱངས་རྗེས་སྤྱི་འཐུས་ལྷན་ཚོགས་གནས་སྐབས་ལས་དོན་བར་མཚམས་འཇོག་པའམ། འཕོ་འགྱུར་གནང་འཐུས། ༽ ༼ Dissolution of the Tibetan Assembly and Removal of a Member.Article no 57 . (a). In the interest of Tibet and its people , His Holiness the Dalai Lama may , in consultation with the Kashag , the Chief Tibetan Justices Commissioner, the Speaker and Deputy Speaker of the Tibetan Assembly , either prorogue or dissolve the Tibetan Assembly in accordance with the provisions of this Charter, ༽ ཅེས་གསལ་ཡོད་ན་ཡང་སྤྱི་ལོ་ ༢༠༡༩ བཅའ་ཁྲིམས་པར་ཐེངས་དྲུག་པ་དེབ་གྲངས་ ༢༥༠༠ ཟེར་བའི་ནང་དང་། ༄༅། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་ཕྱོགས་བསྒྲིགས། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༡༠ པ་བོད་རྒྱལ་ལོ་ ༢༡༤༧ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༣ པའི་ཚེས་ ༣༠ བར་བསྐྱར་བཅོས་གཏན་འབེབས་ཕྱོགས་བསྒྲིགས། ཟེར་བའི་དེབ་ལྗང་ཁུ་ཡིག་ཆ་དེ་གཉིས་ཀྱི་ནང་དུ་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བདུན་པ། སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་གཏོང་རྒྱུ་ཟེར་བ་དེ་གསལ་མེད་པ་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དེ་རང་འཇགས་བཞག་འདུག་པ་འདི་ལྟར། ༼ དོན་ཚན་ང་བདུན་པ། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར། ༡ ༽ སྤྱི་འཐུས་སུ་འོས་འདེམས་ཟིན་པའི་སྐྱེ་བོ་གང་ཞིག་བཅའ་ཁྲིམས་འདིའི་དོན་ཚན་ ༣༨ པར་གསལ་བའི་སྤྱི་འཐུས་འོས་ཆོས་གང་རུང་མ་ཚང་བར་གྱུར་པའམ། སྤྱི་འཐུས་ལྷན་ཚོགས་ནས་འཕོ་འགྱུར་བྱ་རྒྱུར་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་ཐག་གཅོད་བྱུང་བ་བཅས་ཀྱི་སྐབས་རང་ཉིད་སྤྱི་འཐུས་ནས་འཕོ་དགོས། ༢ ༽ དེ་ལྟའི་འཕོ་འགྱུར་བྱུང་བ་དང་། གཞན་ཡང་སྤྱི་འཐུས་སུ་རུང་དགོངས་ཞུས་དང་། དུས་ཆོས་སུ་གྱུར་པ། བཀའ་བློན་དུ་འདེམས་ཐོན་བྱུང་བ་ཡིན་ན། འོས་བསྡུ་ཆེན་མོའི་སྐབས་སྤྱི་འཐུས་ཡོངས་ཁུངས་སོ་སོ་ནས་འོས་ཐོབ་མང་རིམ་རྩེ་བཏོག་གིས་སྤྱི་འཐུས་གྲངས་ཚད་ལོངས་རྗེས་དེའི་འོག་དགོས་ངེས་འོས་ཤོག་ཐོབ་པའི་འོས་གཞི་ལྷག་མ་རྣམས་འོས་ཐོབ་མང་ཉུང་གོ་རིམ་ལྟར་སྒུག་ཐོ་དབུས་འོས་བསྡུ་ལས་ཁང་དུ་བདག་ཉར་ཡོད་པ་དེ་ནས་གོ་རིམ་བཞིན་ཚབ་གསར་འཕྲལ་དུ་དམ་འབུལ་ཞུ་དགོས། གལ་ཏེ་སྒུག་ཐོའི་ནང་སུའང་མེད་ཚེ་ས་སྟོང་བྱུང་བའི་ཉིན་མོ་དེ་ནས་བཟུང་ཉིན་གྲངས་ ༡༨༠ ནང་ཚུན་སྤྱི་འཐུས་གསར་པའི་འོས་བསྡུ་ཟིན་པ་དགོས་རྒྱུ། གལ་སྲིད་བྱུང་རྐྱེན་རྒྱུ་མཚན་ཚད་ལྡན་བཟློག་མེད་དབང་གིས་གོང་གསལ་ཉིན་གྲངས་ནང་ཚུད་འོས་བསྡུ་མ་ཐུབ་པ་བྱུང་ཚེ། འོས་བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་འོས་བསྡུ་འཕར་འགྱངས་བྱེད་འཐུས་དང་། སྤྱི་འཐུས་ལྷན་ཚོགས་འཚོགས་བཞིན་པ་ཡིན་ན་དེ་ཐོག་དང་། དེ་མིན་དེ་མ་ཐག་པའི་ཚོགས་དུས་རྗེས་མའི་ནང་འོས་བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་རྒྱུ་མཚན་ཞིབ་འཁོད་ཀྱི་སྙན་ཞུ་དང་སྦྲགས་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་འཕར་འགྱངས་ཆོག་པའི་བཀའ་འཁྲོལ་ཞུ་དགོས་ཤིང་། སྤྱི་འཐུས་ལྷན་ཚོགས་ཀྱི་བཀའ་འཁྲོལ་དུས་ཚེས་ནང་འོས་བསྡུ་ངེས་པར་ཟིན་པ་དགོས། ༽ ཅེས་གསལ་འདུག་ན་སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དེ་མ་གསལ་བ་ནས་པར་བསྐྲུན་སྐབས་ཆད་ལྷག་ཤོར་བ་ཡིན་ནམ་བཅའ་ཁྲིམས་བསྐྱར་བཅོས་བརྒྱུད་ནས་ཕྱི་འཐེན་གནང་བ་ཡིན་གསལ་པོ་མ་ཤེས་པ་ནས་པར་བསྐྲུན་སྐབས་ཆད་ལྷག་ཤོར་བ་ཡིན་ན་པར་བསྐྲུན་རྗེས་མའི་སྐབས་ཆད་ལྷག་མ་ཤོར་བ་གནང་དགོས་པ་དེ་སྤྱི་འཐུས་ལྷན་ཚོགས་ཀྱི་ཐུགས་འགན་ཡིན་པའི་ངོས་འཛིན་ཞུ་གི་ཡོད། བཅའ་ཁྲིམས་བསྐྱར་བཅོས་བརྒྱུད་ནས་ཕྱི་འཐེན་གནང་བ་ཡིན་ཚེ་སྤྱི་འཐུས་ལྷན་ཚོགས་དེ་དམངས་གཙོ་གཅིག་བསྡུད་གྲལ་རིམ་དམངས་གཙོ། ༼ Proletarian ༽ ལ་ཁ་ཕྱོགས་འདོད་པ་མ་རེད་དམ། འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་་ག་འདྲ་ཞིག་ཡིན་ཀྱང་མང་གཙོའི་གཞུང་འཛིན་སྐྱོང་གནང་མཁན་གྱི་ཀ་བ་གསུམ། ༼ Three Pillar of Democracy Government ༽ ༡ འཛིན་སྐྱོང་སྡེ་ཚན། ༼ Executive ༽ ༢ ཁྲིམས་བཟོ་སྡེ་ཚན། ༼ Legislature ༽

༣ ཁྲིམས་ལུགས་དབང་འཛིན་སྡེ་ཚན། ༼Judiciary ༽ བཅས་སྡེ་ཚན་གསུམ་དེ་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གཏན་འབེབས་གནང་བཞིན་པ་ལྟར་ང་ཚོའི་བཅའ་ཁྲིམས་ཐོག་མ་གཏན་འབེབས་གནང་སྐབས་བཅའ་ཁྲིམས་དོན་ཚན་ཉི་ཤུ་རྩ་དགུ་པའི་ནང་གསེས་གསུམ་པའི། ༼ ཀ ༽པ་ནང་བཀའ་ཤག་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་གསལ་ཡོད་པ་དང་། བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བདུན་ནང་སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་གསལ་ཡོད་པ་དང་། བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བཞིའི་ནང་ཆེས་མཐོའི་ཁྲིམས་ཞིབ་ཚོ་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་གསལ་ཡོད་པ་ནས་འདི་དག་ནི་ང་ཚོའི་མང་གཙོ་དེ་ཡང་དག་པ་ཁྲིམས་ཀྱི་དབང་བསྒྱུར། ༼ Rule of Law ༽ཟེར་བའི་གོ་དོན་ངོ་མ་ཡང་དེ་ཡིན་པའི་གསལ་སྟོན་བྱས་ཡོད། ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་འཛིན་སྐྱོང་བཀའ་ཤག་དང་། ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གཉིས་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དེ་རང་འཇགས་བཞག་ནས་སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དེ་མེད་པ་བཟོས་པ་ཡིན་ཚེ་ང་ཚོའི་མང་གཙོ་དེ་གྲལ་རིམ་དམངས་གཙོ། ༼ Proletarain ༽ ལ་ཁ་ཕྱོགས་འདོད་པ་མ་རེད་དམ། དེ་སྔོན་སྤྱི་འཐུས་སྐབས་བཅོ་ལྔ་ནས་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་འཁོད་པའི་ཁྲིམས་མཐུན་གྱི་ཐ་སྙད་ཡུལ་མིའི་རྒྱལ་ཁབ། ༼ Republic ༽ དེ་མང་གཙོའི་སྤྱིའི་ལྟ་གྲུབ། ༼ Democracy Theory ༽ དང་ཡོངས་སུ་མ་མཐུན་པའི་ཐ་སྙད་གསར་པ། ༼ ཡུལ་མིའི་སྲིད་སྐྱོང་། ༽ ལ་ཁ་ཕྱོགས་འདུག་པ་འདི་དག་ལ་བསམ་ཞིབ་བྱ་སྐབས་ང་ཚོ་སླར་ཡང་འཛམ་གླིང་ལ་རྒྱབ་བསྟན་ནས་གངས་རིའི་ཁྲོད་ཟུར་འཚོ་བྱ་འདོད་པ་མ་རེད་དམ། ༈ སྤྱི་ལོ་ ༡༩༩༡ ཟླ་བ་ ༢ པའི་ཚེས་ ༢༨ ཉིན་གཏན་འབེབས་གནང་བའི་བཅའ་ཁྲིམས་དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང་། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ་མཉམ་འབྲེལ། ཡུལ་མིའི་རྒྱལ་ཁབ་ཅིག་བྱ་རྒྱུ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང་། གཤམ་འཁོད་ལེའུ་བཅུ་གཅིག་པའི་དོན་ཚན་གཞིར་བཟུང་མ་གཏོགས་བཅའ་ཁྲིམས་འདི་ལ་བསྒྱུར་བཀོད་གཏོང་རྒྱུ་མིན། ཅེས་གསལ་ཡོད། ༼ བཅའ་ཁྲིམས་པར་ཐེངས་དྲུག་པ། སྤྱི་ལོ་ ༢༠༡༩ དེབ་གྲངས་ ༢༥༠༠/ འཁོད་པའི་བཅའ་ཁྲིམས་དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང་། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ། ཡུལ་མིའི་སྲིད་སྐྱོང་ཞིག་བྱ་རྒྱུ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང་། གཤམ་འཁོད་ལེའུ་བཅུ་གཅིག་པའི་དོན་ཚན་ཁག་གཞིར་བཟུང་མ་གཏོགས་བཅའ་ཁྲིམས་འདི་ལ་བསྒྱུར་བཀོད་གཏོང་རྒྱུ་མིན། ཅེས་གསལ་བ་ནས། ༼ མང་གཙོ་ལས། ༽ མང་གཙོ་མཉམ་འབྲེལ། འཁོད་མི་འདུག་ལ། ༼ ༄༅། ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་ཕྱོགས་བསྒྲིགས། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༡༠ པ་བོད་རྒྱལ་ལོ་ ༢༡༤༧ ཕྱི་ལོ་ ༢༠༢༡ ཟླ་བ་ ༣ པའི་ཚེས་ ༣༠ བར་གྱི་བསྐྱར་བཅོས་གཏན་འབེབས་ཕྱོགས་བསྒྲིགས། ༽ ཟེར་བའི་དེབ་ལྗང་ཁུ་དེའི་ནང་དུ་ཡང་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་གསལ་བའི། ༼ མང་གཙོ་མཉམ་འབྲེལ། ༽ ལ། ༼མང་གཙོ། ༽ ལས་མཉམ་འབྲེལ་འཁོད་མི་འདུག་ན་མང་གཙོ་མཉམ་འབྲེལ་ཟེར་བའི་གོ་དོན་ནི། ༼ Federation ༽ ལ་གོ་དགོས་པ་ནས་བཅའ་ཁྲིམས་ལེའུ་བདུན་པ་དེ་ཡང་མང་གཙོ་མཉམ་འབྲེལ་གྱི་འོག་ཏུ་གཏན་འབེབས་གནང་བ་ཞིག་ཡིན་པ་ནི་དབུས་དང་ས་གནས་གཉིས་དབང་ཆ་ཆ་བགོས་བྱས་ནས།༼ Decentralized ༽ སྒང་ལ་བཞག་ནས་བཅའ་ཁྲིམས་དོན་ཚན་སོ་དྲུག་པ། ཁྲིམས་བཟོའི་དབང་ཆ། སྤྱི་འཐུས་གྲོས་ཚོགས་ཀྱི་འགན་དབང་སྐོར་ཡིན་པ་དང་། བཅའ་ཁྲིམས་དོན་ཚན་གྱ་གཉིས་པ། ས་གནས་འཐུས་མིའི་ཚོགས་འདུའི་དབང་ཚད། ས་གནས་འཐུས་མིའི་འགན་དབང་སྐོར་ཡིན་པ་ནས་མང་གཙོ་མཉམ་འབྲེལ་ཟེར་བའི་ཁྱད་ཆོས་ཡང་དེ་ཡིན་པ་ནས་མ་འོངས་བཅའ་ཁྲིམས་པར་བསྐྲུན་གནང་སྐབས་སྤྱི་འཐུས་ཚོའི་ཐུགས་སྣང་ཆེ་ཙམ་གནང་དགོས་པའི་འབོད་བསྐུལ་ཡང་ཞུ་འདོད་བྱུང་། དེ་སྔོན་སྤྱི་འཐུས་སྐབས་བཅོ་ལྔ་ནས་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་གསལ་བའི་ཡུལ་མི་རྒྱལ་ཁབ། ༼ Republic ༽ དེ་ཡུལ་མིའི་སྲིད་སྐྱོང་ལ་ཁ་ཕྱོགས་པ་ནི་སྤྱི་འཐུས་གྲོས་ཚོགས་ནས་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་སམ་ལྟ་གྲུབ། ༼ Democracy Theory ༽ ལ་སྦྱང་པ་ཆུང་བའི་སྐྱོན་ཡིན་ནམ་གང་ལྟར་ཡུལ་མིའི་རྒྱལ་ཁབ། ༼ Republic ༽ ཟེར་བའི་གོ་དོན་ངོ་མ་འདི་ལྟར་ཡིན་པ། ༼ The head of Nation and head of state is elected by people is called Republic Nation ༽ རྒྱལ་ཁབ་ཀྱི་དབུ་ཁྲིད་དང་། སྲིད་གཞུང་གི་འགོ་ཁྲིད་དེ་མི་མང་ནས་འདམས་པའི་མི་ཞིག་དགོས་པའི་ལམ་ལུགས་ལ་ཡུལ་མིའི་རྒྱལ་ཁབ་ཟེར་བ་དང་། ༼ དེ་སྔོན་སྤྱི་ལོ་ ༢༠༡༡ ལོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ནས་ཆབ་སྲིད་ཀྱིས་སྐུ་དབང་བོད་མི་མང་ལ་གནང་སྐབས་སྤྱི་འཐུས་སྐབས་བཅུ་བཞི་ལ་གསུང་འཕྲིན་ཕེབས་པའི་ནང་དུ་ཡང་ང་ཚོའི་བཅའ་ཁྲིམས་ནང་ཡུལ་མིའི་རྒྱལ་ཁབ་ཟེར་བའི་ཚིག་འཁོད་པའི་སྐོར་ལུང་འདྲེན་གནང་ཡོད་པ་དང་། ཡུལ་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་དེ་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་སམ་ལྟ་གྲུབ་དང་མཐུན་མིན་ཐེ་ཚོམ་ནང་ལྷག་མི་འདུག་གམ། ང་ཚོའི་མང་གཙོའི་ལམ་ལུགས་དེ་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་སམ་ལྟ་གྲུབ་དང་མཐུན་པ་ཞིག་མ་བྱུང་ཚེ་ང་ཚོ་སླར་ཡང་གངས་རིའི་གསེབ་ཏུ་འཛམ་གླིང་ལ་ཁ་ཕྱོགས་མ་ཐུབ་ནས་ཟུར་དུ་འཚོ་བ་སྐྱོང་འདོད་པ་མ་རེད་དམ།

 

བསམ་ཚུལ།

Post navigation

Previous Post: གཱན་དྷི། ཡ་མཚན་ཆེ་བའི་བུ།
Next Post: དྲ་རྒྱའི་དུས་རབས་དང་སྤྱི་ཚོགས་ཀྱི་འགན་འཁུར་སྐོར་ལ་དཔྱད་པའི་གཏམ།

Comments (2) on “བཙན་བྱོལ་བོད་མིའི་བཅའ་ཁྲིམས་པར་ཐེངས་དྲུག་པ་ཕྱི་ལོ་ ༢༠༡༩ དེབ་གྲངས་ ༢༥༠༠ ཟེར་བའི་ནང་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བདུན་པ། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ། ཟེར་བའི་ནང་སྤྱི་འཐུས་ལྷན་ཚོགས་དེ་གསལ་མི་འདུག་ན་དེའི་སྐོར་ལ་དཔྱད་པའི་གཏམ།”

  1. ཚེ་བརྟན་འགྱུར་མེད། says:
    2024-11-03 at 11:24 am

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་པར་ཐེངས་དྲུག་པ་ཕྱི་ལོ་ ༢༠༡༩ དེབ་གྲངས་ ༢༥༠༠ ཟེར་བའི་ནང་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བདུན་པ། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ། ཟེར་བའི་ནང་སྤྱི་འཐུས་ལྷན་ཚོགས་དེ་གསལ་མི་འདུག་ན་དེའི་སྐོར་ལ་དཔྱད་པའི་གཏམ།
    Posted on2024-10-25
    གཞུང་པ་ཚེ་དབང་བསོད་ནམས།
    ༈ གོང་དུ་མཆན་འགོད་ཞུས་པའི་གཞུང་པ་ཚེ་དབང་བསོད་ནམས་ལགས་ཀྱི་དཔྱད་ཞིབ་བམ་ཞིབ་ཚུལ་འདི་གནང་ནས་ད་ཉིན་བར་ཉིན་བཅུ་ཙམ་མམ་དུས་ཚོད་མི་ཐུང་ཙམ་འདས་ཟིན་འདུག ཡིན་ཀྱང་གནས་དོན་ཐད་བསམ་ཚུལ་དང་གླེང་ཀློང་ཙམ་ཡང་མཐོང་རྒྱུ་མིན་འདུག དངོས་གནས་མིན་པ་ཞིག་གཞུང་པ་ལགས་ནས་ག་ནས་གླེང་། གནད་དོན་གལ་ཆེ་འདི་འདྲ་མ་ཚོར་བར་ལུས་པ་ཁྱད་འཚར་རེད། ད་དུང་དོག་གནས་སུ་བཞག་ནས་ཞུས་ན། འདིས་རང་རེའི་སྤྱི་ཚོགས་ནས་དགོས་མེད་ཀྱི་ཞེན་རྩོད་དུ་དྭང་ཁུར་ཙམ་ལས་སྤྱི་དོན་དུ་སེམས་ཁུར་མེད་པ་དེ་མི་མཚོན་ནམ། གཉིས་སུ་སྤྱི་ཚོགས་ནང་གི་གསང་མྱུར་བ་རང་དབང་ཅན་གྱི་གསར་སྤེལ་བ་ཚོས་ཀྱང་རང་ཕྱོགས་ཀྱི་འདོད་མོས་སྤེལ་རྒྱུའི་ལམ་བུ་ཙམ་ལས་ཚད་ལྡན་གྱི་གསར་སྤེལ་བ་ཞིག་ཞུ་ཡི་མེད་པའམ་མི་ཤེས་པའི་་ནད་རྟགས་ཞིག་མ་རེད་དམ། གསུམ་པ་བོད་དམངས་གཙོའི་སྤྱི་ཚོགས་ཀྱི་ཀ་བ་གསུམ་གྱི་ལས་སུ་རྟོགས་པའི་ཕོགས་གཞུང་པ་ཚོས་དོ་ནན་ཞུ་ཡི་མེད་པ་ཡང་མ་རེད་དམ།

    དོན་ཚན་གསུམ་འདི་གཞུང་པ་ལགས་སུ་དྲི་བ་ཞིག་གམ་ནན་གཏན་གྱི་རེ་འདུན་ངོ་འཕྲོད་ཐོབ་རྗེས་ཞུས་ན་ཆ་ལེགས་ངེས་ཀྱང་དེ་ལྟའི་དུས་ཤིག་ཐོབ་དཀའ་བའང་ཡོང་སྲིད་པས་གོང་འདིར་ཞུས་ཡིན་པའི་རི་བོང་ཅལ་འདྲོགས་ཀྱི་དྲི་གནོད་བྱུང་ན་དགོངས་སེལ་ཞུ།།

    གཞུང་པ་ལགས་སུ་རེ་འདུན་ཞུ་རྒྱུ་ལ། ཁྱེད་ཉིད་ནས་གསུངས་པའི་བཅའ་ཁྲིམས་དོན་ཚན་ང་བདུན་པ། གཉིས་དེ་ཚང་མའི་ཤེས་ཆུབ་ངེས་གཏན་ཆེད་པར་ཐེངས་སོ་སོའི་ངོ་བཤུས་རེས་དྲྭ་ལམ་འདི་བརྒྱུད་གནང་ལམ་བྱུང་ན་ཚིགས་ཉུང་དོན་འཁེལ་ཆེ་གནས་དང་། ཁྱེད་ཉིད་ནས་གནད་དོན་ཆེད་གལ་པོ་ཆེ་ལ་ནན་གཏན་ཚུལ་དུ་བོད་དམངས་གཙོའི་གཞུང་གི་ཀ་བ་གསུམ་སོགས་སུ་དྲན་སྐུལ་ཞུ་ལམ་བྱུང་ཡོད་མེད་དང་། མེད་ན་དེ་ལྟར་ཞུ་ཐབས་མི་དགེའམ།།

  2. གཞུང་པ་ཚེ་དབང་བསོད་ནམས། says:
    2024-11-10 at 8:07 am

    སྐུ་ཞབས་ཚེ་བརྟན་འགྱུར་མེད་ལགས་ཀྱི་ཞུ་དོན་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་པར་ཐེངས་དང་པོའི་དོན་ཚན་ལྔ་བཅུ་ང་བདུན་དང་། དོན་ཚན་གསུམ་པ་དང་། བཅའ་ཁྲིམས་པར་ཐེངས་དྲུག་པའི་དོན་ཚན་ལྔ་བཅུ་ང་བདུན་དང་། དོན་ཚན་གསུམ་པ་བཅས་ཁ་བརྡར་ཕུལ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (58)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (44)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme