གཞུང་པ་ཚེ་དབང་བསོད་ནམས།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧ སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དུས་གསུམ་གསལ་གཟིགས་འོག་ནས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མང་གཙོའི་ལམ་ལུགས་ལ་ཁ་བསྒྱུར་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱས་ནས་བཅའ་ཁྲིམས་ཀྱིས་ལམ་སྟོན་འོག་བཀོད་སྒྲིག་གནང་བའི་ཁྲིམས་བཟོའི་སྡེ་ཚན། ༼ Legislature ༽ དང་། འཛིན་སྐྱོང་སྡེ་ཚན། ༼ Executive ༽ དང་། ཁྲིམས་ལུགས་དབང་འཛིན་སྡེ་ཚན། ༼ Judiciary ༽ བཅས་མང་གཙོའི་ཀ་བ་གསུམ་འགན་དབང་འདྲ་མཉམ་དུ་ཐ་དད་དུ་ཡོད་པ། ༼ Check and Balance System ༽ དང་། གཅིག་གི་གཅིག་ལ་འགན་བཀུར་དགོས་པ་དང་ལན་རྒྱག་དགོས་པ། ༼ Responsible and Answerable ༽ བརྒྱུད་ནས་བཙན་བྱོལ་སྒྲིག་འཛུགས་འདི་མང་གཙོ་ཁྲིམས་ལུགས་ཀྱིས་དབང་བསྐྱུར་འོག་འཚོ་དགོས་པ་ནས་མང་གཙོའི་ཀ་བ་གསུམ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་མི་མང་གི་འཚོ་བའི་ལས་དོན་ཁག་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མ་འགལ་བའི་ཐོག་ནས་བཅའ་ཁྲིམས་ཀྱིས་བཀུར་བའི་ལས་དོན་ཁག་སྒྲུབ་དགོས་པ་དང་། མང་གཙོའི་སྒྲིག་འཛུགས་ནང་མི་མང་ནི་མང་གཙོའི་སྲོག་རྩ། ༼ Root life of Democracy ༽ འམ་ཡང་ན་མང་གཙོའི་ཀ་བ་ ༼ Pillar of Democracy ༽ ཡིན་པ་ནས་གོང་གི་ཁྲིམས་བཟོ་སྡེ་ཚན་དང་། འཛིན་སྐྱོང་སྡེ་ཚན། ཁྲིམས་ལུགས་དབང་འཛིན་སྡེ་ཚན་བཅས་སྡེ་ཚན་གསུམ་ནས་བཅའ་ཁྲིམས་དང་མ་མཐུན་པའི་ལས་ཀ་བྱས་ཚེ་མི་མང་ནས་དགེ་སྐྱོན་ལ་ཡོ་སང་དུས་ཐོག་གནང་མ་ཐུབ་ཚེ་མང་གཙོ་གཉིད་ཤོར་བ་་༼ Sleeping Democracy ༽ ཆགས་ནས་ཁྲིམས་འགལ་དང་སྒྲིག་འགལ་ཡོངས་རྫོགས་གོང་ནས་ཡོང་བཞིན་པ་ནི་སྤྱི་འཐུས་སྐབས་བཅུ་དྲུག་གི་ཁྲིམས་འགལ་གྱི་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བ་དང་། སྤྱི་འཐུས་སྐབས་བཅུ་བདུན་གྱིས་གྲོས་ཚོགས་ཚོགས་དུས་དྲུག་པ་ཉིན་གསུམ་ལས་ཚོགས་མ་ཐུབ་པ་མ་ཟད་འཇུག་ཡང་བསྡུ་མ་ཐུབ་པ་དང་། ཚོགས་དུས་དྲུག་པའི་ལས་རིམ་འཇུག་སྐྱོང་ཆེད་བཅའ་ཁྲིམས་དོ་ཚན་བཞི་བཅུ་བཞི་དགུའི་ནང་གསེས་གཉིས་པ་ཆ་ཆེན་གྱི་གྲོས་ཚོགས་འདུ་བསྐོང་གནང་རྒྱུའི་དོན་ཚན་འོག་གྲོས་ཚོགས་འདུ་བསྐོང་གནང་བ་སོགས་ཁྲིམས་འགལ་དང་སྒྲིག་འགལ་ཡོངས་རྫོགས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་མུ་མཐུད་ནས་བཅའ་ཁྲིམས་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་ལ་འོས་འཕེན་རྒྱ་ཆེ་མི་མང་ནས་དོ་སྣང་ཙམ་ཡང་མེད་པ་ནི་མང་གཙོའི་འགན་སྲུང་ ༼ Watch Dog ༽ བྱེད་མ་ཐུབ་པ་ནས་མང་གཙོ་གཉིད་ཤོར་བ ༼ Sleeping Democracy ༽ ལ་ངོས་འཛིན་བྱེད་ཆོག་པ་དང་། འོས་འཕེན་རྒྱ་ཆེ་མང་ཚོགས་ནས་རང་གི་འཐུས་མིའི་བཅའ་སྒྲིག་དང་མཐུན་པའི་གྲོས་ཚོགས་ཀྱིས་ལས་རིམ་ཁག་ལ་བཟང་སྤྱོད་དང་ཁ་མ་བྲལ་བར་ཁྲིམས་མཐུན་གྱི་ཆ་ཤས་ལེན་གྱི་ཡོད་མེད་ལ་དོ་སྣང་ཙམ་ཡང་མེད་པ་ནི་འབྲོག་པས་གཡག་ལུག་རི་ལ་བདག་མེད་དུ་བཏང་བ་དང་འདྲ་བ་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱིས་ཡུལ་མིའི་ལས་འགན་མ་འགྲུབ་པ་མ་རེད་