བསམ་གྲུབ།
བཀུར་འོས་བཀའ་རྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས། བཙན་བྱོལ་བོད་མིའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མི་གསོད་ལག་དམར་བ་ཡིན་ཚུལ་གྲོས་ཚོགས་སུ་གཏམ་བཤད་དང་སྐྱོན་བརྗོད་བྱས་པ་ལ། བོད་མིའི་ཁྲོད་དུ་གླེང་སློང་སྣ་ཚོགས་ཡོང་བཞིན་མཆིས།
ད་ཐེངས་ཀྱི་གནས་ཚུལ་འདི་ནི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་འབྲེལ་བ་གཏིང་ཟབ་ཆགས་ཡོད། རྒྱུ་མཚན་ནི། གལ་ཏེ་གནས་ཚུལ་འདི་བདེན་པ་ཡིན་པའི་དབང་དུ་བཏང་ན། ཚོགས་གཙོ་ལག་དམར་བ་ཞིག་ཡོད་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་མཚན་ཤས་རེད། འོན་ཀྱང་གནས་ཚུལ་དེ་བདེན་པ་མིན་པར། གང་བྱུང་ཁུངས་ལུང་མེད་པར་ཆགས་སྡང་འཁོན་འཛིན་གྱིས་གྲོས་ཚོགས་སུ་བཤད་པ་ཡིན་ན། དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཚན་ཤས་རེད། རྒྱུ་མཚན་ནི་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་སྒྲིག་སྲོལ་བེད་སྤྱོད་ལོག་པར་བཏང་ནས་བཀུར་འོས་ཚོགས་གཙོ་ཞིག་ལ་དོན་མེད་མཚན་ཤས་བཟོས་པ་རེད།
དེར་བརྟེན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་རྣམ་པས་ཐབས་ལམ་ཡོད་ཚད་ཀྱིས། ད་ཐེངས་ཀྱི་གནས་ཚུལ་འདི་བཞིན་ལྷ་ཡིད་ཆེས་པ་དང་། འདྲེ་ཁོ་ཐག་ཆོད་པ་ཞིག་ངེས་པར་དུ་བཟོ་དགོས། དེ་ལྟར་སྣང་མེད་ནར་འགྱངས་སུ་ལུས་ཚེ། གྲོས་ཚོགས་འདི་མི་གསོད་ལག་དམར་བས་ཁེངས་སྲིད་པ་རེད་ལ། ཡང་ན་སྒེར་འཁོན་རྩོད་སའི་དམག་ས་ཞིག་ཆགས་སྲིད་པ་རེད།
གལ་ཏེ་དེ་འདྲ་ཞིག་ཆགས་ཚེ། རྒྱ་ཆེའི་བོད་མི་དམངས་ཀྱི་བློ་གཏད་བཅོལ་སའི་བོད་གཞུང་དེའི་ལོ་རྒྱུས་རྫོགས་ཟིན་པར་བརྩི་ཆོག།།།
ཐབ་སྡུག་གི་གནས་ཚུལ་ཞིག་རེད། ང་ཚོའི་སྤྱི་ཚོགས་འདིར་༧རྒྱལ་བ་ཡིད་བཞིན་ནོར་བུ་ལས་ལྷག་པའི་བོད་དོན་འཐབ་རྩོད་གནང་མཁན་ཁ་ཞེ་གཉིས་མེད་ཅིག་ཨེ་ཡོད།
ཆོལ་ཁ་དང་ཆོས་རྒྱུད་ཀྱི་ཞེན་ཁོག་མེད་པའི་གཟུར་གནས་བོད་རིགས་མཐོ་སློབ་འགྲིམ་མཁན་དང་། ཤེས་ཡོན་་ཅན་གྱི་གྲྭ་པ། དགེ་རྒན། མི་དམངས། བཀའ་ཟུར་དང་། ཤེས་ཡོན་ཅན། སྤྱི་ཟུར། བུ་མེད། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཚང་མས་ད་རེས་ཁ་ཁུ་མི་སིམ་པར་གནད་དོན་འདིར་བརྡ་འདེད་ཅིག་ངེས་པར་བྱ་དགོས། དེ་མིན་བོད་མི་སྒྲིག་འཛུགས་འདི་ཉིད་འཐོར་རྒྱུ་རེད།
གྲོས་འཚོགས་ནང་དུ་ལྐོག་ས་རུལ་སུངས་དང་སྤྱིའི་རྒྱུ་སྒེར་བདག། མི་གསོད་ཁྲག་སྦྱར་གྱི་གནད་དོན་བཤད་མི་ཆོག་པའི་སྒྲིག་སྲོལ་ཞིག་བཅའ་ཁྲིམས་ལེའུ་གང་གི་ནང་དུ་ཡོད་རེད་དམ། གཅིག་སྟོན་རོགས་བྱོས་དང་།
གནད་དོན་འདི་ངེས་པར་དུ་ཁྲིམས་ལུགས་གཞིར་བཞག་གིས་ཐག་གཅོད་གསལ་བོ་བྱེད་དགོས་པར་མཐོང་། གསལ་ལ་མི་གསལ་བའི་ནག་ཉེས་འདི་འདྲ་དངོས་བྱུང་ཡིན་མིན་བོད་མི་མང་གི་འཐུས་ཚབ་གྲོས་ཚོགས་ཀྱིས་གཙོ་བྱས་ཏེ་གསལ་སྟོན་གནང་དགོས།
དུས་ལ་བབས་པའི་ནག་ཉེས་འདི་འདྲ་མགོ་འཐོམས་ཀྱི་མི་མང་ལ་གསལ་བཤད་དུས་ལྟར་མ་བྱས་ཚེ། དེའི་འགན་ཚང་མ་བཀའ་རྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གཙོས་པའི་བོད་མི་མང་གི་སྤྱི་འཐུས་གྲོས་ཚོགས་ཀྱིས་རྐང་འགན་ལེན་དགོས་པར་འདོད།
ད་ཡིན་ན་་་་་ཞབས་འདྲེན་ལུང་པ་གང་བཞག་འདུག
བཀའ་རྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་ཚོར་ཤུགས་ཆེན་པོའི་ཐོག་ལ་གསུང་འདུག་པས་་་་
སྔ་ས་ནས་གྲབས་སྒྲིག་ཨང་སར་ཡོད་པ་འདྲ།
སོང་ཙང་གཞི་མེད་སྐྱོན་འཛུག་དེ་འདྲ་ཡིན་རྒྱུ་མ་རེད་སྙམ་་
སྐུ་ངོ་འཇུ་ཆེན་ཐུབ་བསྟན་མཆོག་གི་གསུང་ནང་དུའང་་་་་སྤེན་པ་ཚེ་རིང་་་མི་གསོད་ལག་དམར་བ་ཡིན་པ་གསལ་བཤད་གནང་འདུག་
སོང་ཙང་་་་་ང་ཚོའི་སྤྱི་འཐུས་གྲོས་ཚོགས་འདི་ནི་་་་་མི་བསོད་ཁྲ་སྦྱོར་བྱེད་ས་ཞིག་ཏུ་ཆགས་ཉེན་ཡོད་པས་་་་་
ཚང་མས་་་་ཡིད་གཟབ་གནང་རོགས།
ད་རེ་འདི་་་་་་ལབ་ཁག་པོ་འདུག་་་་་་དོལ་ཚོགས་རེད་ལབ་ས་མི་རག་་་་་་རྒྱ་མིིའི་རྒྱུགས་རེད་ཟེར་ནའང་མི་འགྲིག་་་་
གོང་ས་མཆོག་ལ་ངོ་ལོག་པ་རེད་ལབ་ན་ཡང་་་་ཁྱད་མཚར་པོ་ཞིག་འདུག
དེ་འདྲ་སོང་ཙང་་་་་ཐག་གཅོད་ཡག་པོ་ཞིག་གནང་ན་མ་གཏོགས་་་་་་མི་དམངས་ཚོ་་་་་བོད་མི་སྒྲིགམའཛུག་ལ་ཡིད་ཆེས་བརླག་ཉེན་ཡོད།
སྤྱི་འཐུས་སྒེར་གྱི་བྱ་སྤྱོད་ཅི་ཞིག་བྱུང་ནའང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དོ་ཕོག་དེ་ཙམ་བྱུང་མི་ཐུབ། རི་བོང་གནམ་རྡིབས་ཀྱི་སེམས་ཁྲལ་བྱེད་མི་དགོས། བོད་ཀྱི་སྒྲིག་འཛུགས་སྤེན་པ་ཚེ་རིང་སོགས་གང་ཟག་སྒེར་གྱི་ཁྱིམ་ཚང་གི་ཚོགས་པ་ཞིག་ཡིན་ཕྱིར་རོ།
ལག་དམར་བ་ཡིན་ན་ཡིན་པའི་ཁུངས་བསྐྱེལ་དགོས། སྤྱིར་བཏང་ཚོགས་གཙོ་བྱས་ནས་ལོ་ངོ་དེ་དག་གི་རིང་། སྤྱི་འཐུས་གཞན་གྱི་མ་གོ་མཚོར་བ་གང་ཡིན་ནམ། གང་ལྟར་བསྟན་པ་ཡར་འཕེལ་ལ་ཁུངས་གཅིག་ཡོད་འགྲོ དེ་མིན་ན་ཁོ་རང་དགོངས་པ་ཞུ་དགོས།
མང་གཙོ་ཟེར་བ་སྲིད་དབང་སྒེར་གཅོད་པར་འུ་ཐུག་ཐབས་ཟད་དེ། མི་མང་གི་མངོན་འདོད་མི་མང་རང་གིས་འགྲུབ་ཐུབ་པའི་ཆབ་སྲིད་ཀྱི་ལྟ་བ་ཚད་མཐོ་ཡིན་པར་གྲགས་པ་ལྟར། མང་གཙོའི་གཞུང་ནང་ལེགས་ཉེས་གང་རུང་བགྲོ་གླེང་དང་གཏན་འབེབས། ཕན་ཚུན་དགེ་སྐྱོན་ཡོ་བསྲང་བཅས་འཛེམས་མེད་བྱེད་ཆོག་པས། ད་ལམ་གྲོས་ཚོགས་སྟེང་བྱུང་བའི་གནད་དོན་དེས་ཚད་མཐོའི་རང་དབང་དང་མང་གཙོའི་སྟེང་བསྐྱོད་བཞིན་པ་གསལ་སྟོན་བྱས་འདུག་ན། ལར་ནས་བཙན་བྱོལ་སྒྲིག་འཛུགས་འཐོར་ཉེན་དུ་དོགས་པ་ནི། རི་བོང་གནམ་སྡིབ་ཀྱི་སེམས་ངལ་ཡིན་ནོ། །
སྡུག་སྐད་བརྒྱག་དགོས་པ་མ་རེད། བཙན་བྱོལ་སྲིད་གཞུང་དམངས་གཙོ་ཡར་རྒྱས་འགྲོ་ཡི་ཡོད་པའི་མངོན་རྟགས་རེད། དམངས་གཙོ་ཡར་ཐོན་ཅན་གྱི་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་སུ་ལག་པ་བསྐྱངས་རེས་བྱེད་མཁན་ཡོད་པ་རེད།
བློ་མཐུན་འབྲོང་ལགས། སྐུ་བདེ་པོ་ཡིན་ནམ། ཁྱོད་མཐོང་ཡ་མེད་ན་སེམས་མ་བདེ་བ་ཆགས་ཡོང་གི་འདུག ག་པ་ཕྱིན་པ་ཡིན་ནམ་སྙམ་ནས་ཐེངས་མང་པོ་དྲན་བྱུང་། དེ་རིང་འདིར་མཐོང་བར་དགའ་པོ་བྱུང་།
གལ་ཏེ་བཙན་བྱོལ་སྒྲིག་འཛུགས་འཐོར་ཉེན་ཡོད་ན་གྲོས་ཚོགས་ནས་ཕྱིར་ཐོན་པ་དང་གྲོས་ཚོགས་ཚུགས་འཚམས་འཇོག་དགོས་རབས་བཤད་མཁན་རྒྱུད་ལམ་གཞན་ལ་འདུག་ལ། སྤེན་ཚེའི་རྒྱབ་ཏུ་ལངས་དགོས་རབས་བཤད་མཁན་དེ་ཚོས་གཏོར་ཉེན་ཡོད་པ་རེད། རྒྱུ་མཚན་གཅིག་རྒྱབ་གཅིག་གི་ལངས་ན་རང་བཞིན་གྱིས་འཐོར་འགྲོ་ཡི་རེད།
ཆུ་དང་འོ་མ་སོ་སོར་ག་ལེར་འབྱེད་ནས་འོངས། སེམས་ཚབ་མ་གྱིས།
གྲུ་གཟུགས་ཅན་འགོངས་འདྲེན་འདི་ཚོ་ལ་ནམ་ཡིན་ན་ཁ་མ་དྲོ་བ་བཀྲ་མ་ཤིས་པ་ཞིག་མ་གཏོགས་མི་བཅའ་རྒྱུ་མེད། ངེས་པ་དོན་གྱི་དགེ་ཚུལ་སློང་རྣམ་དག་དེ་ཚོ་གྲྭ་བ་འདུག་ས་དགོན་ཞེས་པའི་དཔེ་བཞིན་གྲྭ་ས་ན་གྲྭ་བ་ཞིག་ལ་འཁྲི་བའི་ཆོས་འཆད་ཉན་ལ་བརྩོན་བཞིན་ཡོད་པ་ལས་སྤྱི་ཚོགས་དཀྲུགས་ཤིང་གི་ལས་ལ་དུས་ནམ་ཡང་ཡོང་གི་མ་རེད། ཕེ་ཕེ་ཕེ། གྲྭ་གཟུགས་སྤྱི་ཚོགས་དཀྲུགས་ཤིང་འདི་ཚོའི་ཉེས་པ་ནམ་མཁར་མི་ཤོང་། འདི་ཚོར་གཟའ་རྒྱོབས།
བློ་མཐུན་ཅོ་རི་ལགས། བདེ་པོ་ཡིན་ཐུགས་རྗེ་ཆེ། ཁྱེད་ཀྱང་སྐུ་ཁམས་བཟང་ལགས་སམ། བར་སྐབས་དྲ་ལམ་མྱུལ་རྒྱུར་གཏོག་ཙམ་བསུན་སྣང་སྐྱེས་སོང་། བཙན་བྱོལ་ཆབ་སྲིད་འཁྲུགས་ཆ་དེ་གཉིད་ཡུར་བ་འདྲ་ཞིག་རེད་ལ་སེམས་ཤུགས་དང་མི་རིགས་ལྟ་བ། ལ་རྒྱ་གདུང་ཞེན་ཡོད་མཁན་ཚོ་མཐའ་འདེེད་གཏོང་བའི་བསྟན་པ་དར་བཞིན་པ་ཡིན་ཙང་ཉོབ་སྣང་སྐྱེས་ནས་བསྡད་ཡོད། བྱས་ཙང་ད་རེས་གངས་སྐྱིད་ཀྱི་གྲོས་རྭ་འདི་དམངས་གཙོ་ཡར་རྒྱས་འགྲོ་ཡི་ཡོད་པའི་བཟོ་འདྲ་ཞིག་མཐོང་ཙང་མཛུབ་མོ་འདི་འགུལ་སྐྱོད་བྱེད་འདོད་འདྲ་སྐྱེས་སོང་།
འོ་ཙི། དེ་འདྲའི་སྨོད་པ་མ་བོར། གྲྭ་གཟུགས་ཅན་འདི་ཚོ་མེད་ན་བཙན་བྱོལ་གྲོས་རྭའི་དམངས་གཙོའི་བསྟན་པ་མི་དར་ཡ། མ་ཟད་སྟེང་གི་ལྷ་དང་འོག་གི་ཀླུ་ལ་གནོད་ཡོང་། ཧེ་ཧེ།
ཡ་་་བློ་མཐུན་ལགས། སྤེན་པ་ཚེ་རིང་གིས་བློ་ཁོག་ཡོད་ན་ཕྱི་ལ་ཐོན་ཤོག ཕྱི་ལ་ཐོན་ཤོག་དང་ག་རེ་བྱེད་དགོས་ན་བྱེད་ཀྱི་ཡིན་ཟེར་ནས་ཕྱིན་སོང་། འཇིགས་སྐུལ་དྲག་སྤྱོད་པའི་བྱེད་སྟངས་འདྲ་པོ་འདུག བསྟན་པ་ཡར་འཕེལ་མི་སྒེར་ལ་གཏུག་རྩིས་རེད་འདུག
གྲོས་འཚོགས་ནང་གི་རྩོད་རྙོག་ཁྲིམས་གཏུག་བྱེད་ཆོག་གི་མ་རེད་ཅེས་བཤད་སོང་། སྐད་ཆ་ཁྱད་མཚར་འདྲ་ཞིག་བཤད་སོང་། ག་རེ་ཡིན་ཟེར་ནས་གྲོས་འཚོགས་ནང་གི་རྩོད་རྙོག་ཁྲིམས་གཏུག་མི་ཆོག་པ་ཡིན་ནམ། གྲོས་འཚོགས་ནང་གི་རྩོད་རྙོག་ཕྱི་ལ་འགྲོ་ནས་བློ་ཁོག་ཡོད་མེད་བལྟ་དགོས་ན་ལུགས་མཐུན་ཞིག་ཅང་མ་རེད་བ།
གྲྭ་སའི་རྡོག་རྡོག་དག་གིས་རྩོད་རྙོག་བྱེད་དུས་་་དགོན་པའི་ལྕགས་རིའི་ཕྱི་ལ་འགྲོ་ནས་བློ་ཁོག་སུ་ཡོད་བལྟ་ཟེར་ནས་འགྲོ་མཁན་ཞིག་མ་གཏོགས་་་གྲོས་འཚོགས་ཀྱི་ཕྱི་ལ་གཏུག་མཁན་འགྲོ་ཟེར་མཁན་སྤེན་པ་ཚེ་རིང་མ་གཏོགས་འཛམ་གླིང་ཤར་ནུབ་གང་དུའང་མཐོང་མྱངས་མེད་་་་ཧཧཧ
ཞེ་མེར་ལོག་པའི་རྙོག་གཏམ་རྐྱང་རྐྱང་རེད་བསྟན་པ་ཡར་འཕེལ་ཟེར་བ་དེ་སུ་རེད་བཀྲ་ཤིས་ས་ནས་བཀྲ་མི་ཤིས་བའི་སྣ་ནག་མ་རང་རེད་ཁུངས་མེད་ལུགས་མེད་ཀྱི་སྐད་ཆ་དགའ་མི་དགའ་སྡུག་གི་རྙོག་གཏམ་་་་ངོ་མ་ཡིད་སྐྱོ་བ་རང་རེད་འཚོགས་དབུས་ནས་འཚོག་པ་སྤྱི་ཐོག་དང་འབངས་མི་མང་ལ་ཕན་པའི་བྱ་བཞག་གམ་ཡང་ན་གཏམ་བཤད་སོགས་ལ་འབད་རྒྱུ་ལས་དང་པོ་ནས་སྐྱོན་འཛུག་དང་ཕྲག་དོག་གིས་སེམས་མནར་ནས་ཡོད་པ་འདི་ཅི་ཡིན་ནམ་་་་་དོན་དངོས་སུ་བྱ་ངན་དེ་འདྲ་ཡོད་ན་གསལ་པོ་གསལ་རྐྱང་ལབ་ཤོག་མོད་ཡིན་ཅིག་མིན་ཅིག་རྙོག་དྲ་ཞིག་སྤྱི་མཐུས་འཚོག་བཞིན་པའི་སྐབས་འདིར་ལབ་དོན་ཅི་རེད་་་་་༼་་་གོང་ནས་དགེ་ལུགས་བྱང་ཆུང་ཟེར་བ་ཞིག་གིས་སྤེན་ཚེ་མི་གསོད་ལག་དམར་ཡིན་པའི་ཁུངས་ལ་འཇུ་ཐུབ་དྲངས་འདུག་དཔེ་ཡག་པོ་རེད་མྱི་ཆེན་དེ་འདྲ་ཞིག་གིས་གསལ་བཤད་གནང་ཡོད་ན་བདེན་པ་ཡིན་རྒྱུ་རེད་་་་་་་་་མ་གཞི་འཇུ་ཆེན་ཟེར་བ་འདི་མི་ཡག་པོ་ཞིག་ཡིན་མིན་མི་ཤེས་འདི་ནི་ཕལ་ཆེལ་འཇུ་ཆེན་མི་ཡུལ་དུ་བྱོན་པའི་ལག་རྗེས་ངོ་མ་ཞིག་ཡིན་རྒྱུ་རེད་་་་་མ་ཟད་ང་ཚོ་ཕྱི་རབ་པ་ལ་བཞག་པའི་ངོ་བོ་རྩ་ཆེན་ཞིག་ཀྱང་ཡིན་རྒྱུ་རེད་་་༼དགེ་ལུགས་བྱང་ཆུང་ལགས་འཇུ་དེབ་ཤོག་གྲངས་དང་དེབ་གྲངས་གང་ཡིན་ཁ་གསལ་ཞིག་གནང་རོགས།
ཨ་ཨ་ཁྱབ་སྲིད་ཀྱི་བལྟ་བ་ལ་རང་སྐྱ་འཕུར་བའི་སྤྱི་འཐུས་དེ་ནམ་ཞིག་གི་ཚེ་ན་་་་་་་་ངའི་རྨི་ལམ་་་་
རེད་ད། མི་སྐྱ་ཞིག་དང་གྲྭ་པ་ཞིག་ཕྱི་ལ་བུད་ནས་གཏུགས་དགོས་ན་ལྟད་མོ་ཡོད་རྒྱུ་རེད། ཧེ་ཧེ།
གྲྭ་སྐྱ་གཉིས་ཀའི་རྒྱབ་ལངས་བྱེད་དགོས་མ་རེད། དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་སྤྱི་ཚོགས་ཞིག་སྐྲུན་ཐབས་བགྱིས།
བསྟན་པ་ཡར་འཕེལ་ལ་ཁུངས་སྐྱེལ་ཡོད་རྒྱུ་རེད། དེ་མིན་མེ་མེད་པའི་དུ་བ་དང་གཟུགས་མེད་པའི་གྲིབ་ནག་ཤིག་ཡོད་རྒྱུ་མ་རེད།
འཇུ་ཆེན་ལ་དེབ་གྲངས་མང་པོ་ཡོད་པས་གྲངས་ཀ་སོགས་གསལ་པོ་གསུང་རོགས་དེ་འདྲ་ཡོད་ན་སྔ་ས་ནས་བཤད་ན་རེད་མ་གཞི་འཇུ་ཆེན་རང་ཉིད་མི་ཡུལ་ན་ཡོད་པའི་སྐབས་སུ་གནད་དོན་འདི་ཁོང་གི་ཤེས་ཡོད་ན་གསལ་བཤད་མི་གནང་བའི་རྒྱུ་མཚན་ཅི་ཡིན་ནམ་སྤེན་ཚེ་ནི་མི་དྲག་དང་མི་རྗེ་སོགས་གང་ཡང་མིན་པའི་མི་ཚང་དབུལ་བོ་ཞིག་གི་བུ་རེད་སྐུ་རྗེ་འཇུ་ཆེན་སྤེན་ཚེ་ལ་སྐྲག་གི་ཟེར་ན་ཧ་ཅང་ཁག་པོ་རེད།
བསྟན་པ་ཡར་འཕེལ་ཟེར་བ་དེ་བཀའ་རྒྱུད་པའི་སྤྱི་འཐུས་རེད། དམངས་གཙོ་ཡར་རྒྱས་གཏོང་མཁན་རེད། བོད་མི་དམངས་ཀྱི་ཁྲག་འཇིབ་མཁན་ཚོའི་ཁ་གཏད་བཅག་མཁན་རེད། ཉམ་ཐག་བཙན་སྒྲིག་འཛུགས་ཀྱི་སྤྱི་རྒྱུར་སྲུང་སྐྱོབ་བྱེད་མཁན་རེད། ལས་རྒྱུ་འབྲས་ཅན་རེད། ཚེ་འདི་ཕྱི་ཅན་རེད། བོད་མི་རིགས་ལ་མཁོ་བའི་སྤྱི་འཐུས་རེད། ལྐོག་ཟ་རུལ་སུངས་དང་མི་གསོད་ལག་དམར་བ་ཚོ་སྐྱུག་མེར་ལངས་ས་རེད་་་་ལགས་་་རྒྱ་ཞིང་མཆོག
གྲྭ་གཟུགས་ཅན་ཟེར་ནས་དབྱུག་པ་ལེབ་རྡུང་མ་བྱེད་ན་ཡག དེ་འདྲ་བཤད་ཕོད་པའི་བློ་ཁོག་ཀྱང་མེད། བོད་ཕྱི་ནང་གཉིས་ན་བྱས་རྗེས་ཅན་མང་ནི་རེད། ཆོས་འཆད་ཉན་ལ་འབད་པ་ལྷོད་མེད་གནང་མཁན་ངེས་པ་དོན་གྱི་དགེ་ཚུལ་དེ་འདྲ་ཡོད་པ་གོང་ན་བཤད་ཡོད། དེ་རིང་གྲྭ་གཟུགས་ཅན་དེ་མ་མཐར་ཡང་དགོན་པ་ག་གེ་མོ་ཞིག་ནས་ཉུང་མཐར་ཡང་ལོ་ངོ་བཅུ་གྲངས་ཤིག་ལ་དཀོར་ཟ་ཞོར་སེམས་ཅན་ཐམས་ཅད་ཟེར་ནས་ཅིག་སྦྱངས་ཁུལ་བྱས་ཡོད་ཤག དེ་རིང་གི་གྲྭ་རྒན་དེའི་ང་རྒྱལ་ལ་ལྟོས་དང་། ངོ་མ་ཡིན། ད་སྐབས་ངས་གྲྭ་བ་ཞིག་མཐོང་ན་སྐྲག་སྣང་སྐྱེས་ཡོང་གི གུང་ཁྲན་ཏང་གི་དམག་ལ་འདི་འདྲའི་སྐྲག་མ་མྱོང་། འོ་ཅོ་རི། ཁྱོད་ཀྱིས་མ་ཤེས་པ་དང་མ་མཐོང་བ་མང་ནི་རེད། སྤེན་པ་ཚེ་རིང་གིས་ཕྱི་ལོག་ནས་སྐད་ཆ་བཤད་ཆོག་ཟེར་བ་དེ་འཇིགས་སྐུལ་བྱས་པ་མ་རེད། ཁྲིམས་སྲུང་བ་རེད། གྲོས་ཚོགས་ར་བའི་ནང་གི་རྙོག་གླེང་ཁྲིམས་སྒོར་བསྐྱལ་མི་ཆོག་པ་ད་དུང་ཤེས་མེད་ན་ཁྱོད་ཀྱི་ཤེས་པ་ཆུང་བ་ལ་དཔེ་ཞིག་མི་འདུག གྲྭ་གཟུགས་དེའི་སྐད་ཆ་ལ་བདེན་དཔང་ཡོད་ན་སྤེན་པ་ཚེ་རིང་གིས་མི་བསད་པ་དེ་ཁ་སང་ཡིན་རྒྱུ་མ་རེད་ལྦཱ། གྲོས་ཚོགས་ཚོགས་དུས་མ་གཏོགས་ཁྲིམས་ཁང་སྒོ་བརྒྱབ་བཞག་པ་ག་ནས་ཡིན། འདི་ཆེད་དུ་རྙོག་སློང་གི་ཡོད་རེད་ལྦཱ།
གནད་དོན་འདི་ཆུང་ཆུང་རེད། དེ་ལས་ལྡོག་པ་ནི་ཉེ་འཆར་ཨ་རིར་སུམ་དུས་སྲུང་བརྩི་ཞུ་སྟངས་དེ་རེད། དེ་ནི་མི་རིགས་ཀྱི་འཐབ་རྩོད་དེ་སྲིད་དབང་སྒེར་གཅོད་བྱས་པ་དེ་རེད། འདི་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་ཁྲིམས་ལུགས་འགལ་བ་ཞིག་རེད།
ད་ལོའི་ལོ་འདི་ཟང་ཟིང་ངང་ལ་འགྲོ་ས་རེད། གནས་ཚུལ་གསལ་པོ་མ་ཆགས་བར་དུ་ང་ཚོ་ཚང་མས་ཁྱི་རུབ་བརྒྱབས་ཀྱང་། ཤ་ཁྱི་རྐང་པ་ན་རོགས་དང་། ཇོ་ལགས་སྐུ་ཐང་མཉེས་རོགས་རེད།
བསྟན་པ་ཡར་འཕེལ་ཟེར་བ་འདི་གྲྭ་བ་རེད་བེ་་་་དེ་འདྲ་ཡིན་ན་སྟབས་ཡག་པ་ལ་གྲྭ་བ་ཞིག་གིས་སྐད་ཆ་འདི་འདྲའི་རིགས་ཁུངས་མེད་དུ་བཤད་མི་ཆོག་མོད་གལ་སྲིད་བཤད་ཚེ་གྲྭ་བ་མིན་པ་ཆགས་འགྲོ་བ་དྲ་ཐོག་ན་ཡོད་པའི་གྲྭ་ཚོའི་མཁྱེན་ནས་ཡོད་ནི་རེད།
བཙན་པོ་ལགས། ཁྱོད་ཤེས་རྒྱ་ཆེན་པོ་ཡིན་དུས་་་གྲོས་འཚོགས་ནང་གི་རྩོད་རྙོག་ཁྲིམས་གཏུག་མི་ཆོག་ཅེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་གང་གི་ནང་དུ་བཀོད་ཡོད་རེད་དམ། གཅིག་སྟོན་རོགས་བྱོས། སྟོན་ཡ་མེད་ན་ཁུངས་མེད་ལུང་མེད་ཀྱི་སྐད་ཆ་ལ་ངོས་འཛིན་གྱི་ཡིན།
ཨ་ཁོ་རེ། སྨྲ་བརྗོད་རང་དབང་དང་མང་གཙོ་ཟེར་ནས་ཐོབ་ཐང་བཤད་ཤེས་ན་དེ་ལ་རང་བཞིན་གྱིས་འགན་ཞིག་ཀྱང་ཡོད་དཱ། ངས་སྨྲ་བརྗོད་རང་དབང་བེད་སྤྱད་ནས་འཛམ་བུ་གླིང་ལ་ཁྱོད་ཀྱིས་མི་བསད་སོང་ཟེར་ན་ཁྱོད་ཕལ་ཆེར་སྨྱོ་ཡོད་འགྲོ། མང་གཙོ་ཡིན་ན་རེད་སྨྲ་བརྗོད་རང་དབང་ཡིན་ན་རེད་དེ་ལ་ཚད་དང་ཚོད་ཅིག་ཡོད་རེད་དཱ།
བསྟན་པ་ཡར་འཕེལ་ལགས་ཀྱིས་མི་གསོད་ཁྲག་སྦྱོར་དང་ལྐོགས་ཟ་རུལ་སྲུང་། སྤྱི་རྒྱུ་སྒེར་བདག་ཅན་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པ་མ་ཟད་གྲོས་རྭ་འདིའི་ནང་ལ་ཡོད་པ་རེད། དེས་ན་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་སྔོན་ལ་བཤགས་སྡོམ་བྱེད་དགོས་པ་རེད་ཞེས་བཤད་སོང་། ཚོགས་གཙོ་མཆོག་གིས་མི་གསོད་ཁྲག་སྦྱོར་ཟེར་བ་དེ་ང་ལ་ཟེར་གྱི་ཡོད་པ་རེད་ཞེས་ངོས་ལེན་གྱིས་ཕྱི་ལ་ཐོན་སོང་། འདི་ཡང་བསྟན་པ་ཡར་འཕེལ་ལགས་ཀྱིས་ཚོགས་གཙོ་གྲེས་པོ་མཆོག་ལ་མཛུབ་མོ་བཙུགས་མ་སོང་ང་། ཡང་དྲང་པོ་བཤད་དགོས་པ་རེད། གཡས་འཁྱོག་གཡོན་འཁྱོག་བཤད་བསྡད་ན་རང་མདོག་བསྟོན་རོག་རེད།
ཡ་ཁོ་རེ་བཙན་པོ། བསྟན་པ་ཡར་འཕེལ་དང་སྤེན་ཚེ་གཉིས་ཀྱིས་ཁྲིམས་ཐོག་ནས་གཅིག་གིས་བསད་པ་དང་གཅིག་གིས་བསད་མེད་པ་ཁུང་སྐྱེལ་ར་སྤྲོད་མ་བྱུང་བར་དུ་ཁྱོད་འདི་གཉིས་དབར་མགོ་བརྒྱུད་ནས་བསད་མེད་པ་དང་སྨྲ་བརྗོད་རང་དབང་ལས་འགལ་བའི་སྨྲ་བརྗོད་རང་དབང་གི་ཁྲིམས་ལུགས་འགྲེལ་བཤད་ཇི་ལྟར་བརྒྱག་གམ། སྨྲ་བརྗོད་རང་དབང་དབང་གི་ཚད་གཞི་ཇི་ལྟར་འཇོག་གམ། ཨ་རོགས་བླུན་རྟགས་མ་བཏོན།།
ཞོལ་གཡག། མ་གཞི་ནས་ཁྱོད་ཀྱིས་དོན་དག་འདིའི་འགོ་རྔ་ཅི་གང་ཤེས་ཀྱི་མི་འདུག་གཱ མི་ཤེས་ན་ཁྱོད་ལ་ཡིན་གཅིག་མིན་གཉིས་ཅིག་བཤད་དགོས་པའི་ཁྲལ་ཡོད་རྒྱུ་མ་རེད་ལྦཱ། དགོད་བྲོ་བོ་རེད། བཤད་ལ་དགའ་འདི་ཚོ།
ཅོ་རི། ཁྱོད་ཀྱིས་རྒྱུན་ཤེས་འདི་ཙམ་པོ་མ་ཤེས་པར་ད་དུང་ཁ་ཕོད་ཆེ་མདོག་ཁ་ལ། མི་ཤེས་ན་བཅའ་ཁྲིམས་དོན་ཚན་ཞེ་དྲུག་པའི་ནང་གསེས་དང་པོ་ལ་ལྟོས། བོད་པས་བོད་པའི་ཁྲིམས་དང་སྒྲིག་གཞི་མི་ཤེས་ན་གང་དྲན་དྲན་མ་བཤད་ན་ཡག་གཱ བལྟས་ཡོང་ན་ཁྱོད་ཀྱིས་གྲོས་ཚོགས་དང་བཅའ་ཁྲིམས་ཟེར་བ་ཟ་རྒྱུ་འཐུང་རྒྱུ་ཞིག་རེད་བསམ་ཡོད་པ་འདྲ།
འོ་ན་ཁྱོད། གཅིག་ཤེས་ཀྱིན་པའི་ཁུལ་ཨེ་རེད། ཤེས་ན་ཁྱོད་ལ་བདེན་རྫུན་དབྱེ་འབྱེད་ཀྱི་ཁུངས་སྐྱེལ་དཔང་རྟགས་འདྲ་ལག་གསོན་ཨེ་བྱུང་ངམ། དེ་མིན་ན་ཁྱོད་ལ་གཅིག་བཤོད་རྒྱུའི་ཁྲལ་བསྐུལ་མཁན་འདྲ་བྱུང་སོང་ངམ། ཧ་ཧ་ཧེ་ཧེ།
དེ་ག་རང་རེད། ཁྱོད་དང་ཁྱོད་འདྲ་བའི་རིགས་ལ་གནས་ལུགས་དང་རྒྱུ་མཚན་བཤད་རྒྱུ་མེད་ལ་བཤད་ས་ཡང་མེད། ངས་གོང་ན་སྐད་ཆ་ཅི་ཞིག་བཤད་ཡོད་མེད་གསལ་བོ་ལྟོས། དེ་དང་ལུགས་མཐུན་ཁྲིམས་མཐུན་གྱི་སྐད་ཆ་བཤད་རྒྱུ་མེད་ན་འུ་གཉིས་བར་ལ་སྐད་ཆ་མི་འདུག དེ་བཞིན་གཉིད་གོང་གི་གཏམ་དེ་འདྲ་བ་ལ་ལན་ཡང་མེད་དོ།
བསྟན་པ་ཡར་འཕེལ་ཟེར་མཁན་འདིའི་རྒྱབ་ན་བྱུས་ངན་རྒྱབ་སྐྱོར་བ་ཁག་གཅིགས་ཡོད་པ་གསལ་པོ་རེད། དེའི་སྔོན་ནས་རྒྱུས་ལམ་ཁག་ནང་མི་དེའི་གྲལ་ནས་མིང་གཅས་འདི་འདྲ་འཔེལ་སོང་། གད་སྲིད་ཚོགས་གཙོ་ལ་ཉེད་པ་འདི་དངོས་ནས་ཡོད་ན་སྔ་ས་ནས་ཁྲིམ་གཏུགས་མ་བྱེད་པ་ག་རེ་ཡིན་ནའ་། གོང་གི་དྲ་གྲོག་གཅིག་ནས་གསུང་ན་འཇོ་ཆེན་དེབ་ནང་བྲིས་ཡོད་གསུང་སོ་དེབ་འཕྱོག་སྒྲིགས་བྱེད་ཉན་ནང་སྤྱི་མཐུས་སྨོན་ལམ་འཐར་ཆིན་ཡོད་པ་དེབ་སྒོ་བྱེས་སྐབ་འདུགས། ད་དུང་ཞུ་རྒྱུར་དོན་སྐྱེན་འདི་དངོས་ནས་བྱུང་ཡོད་ན་འཇོ་ཆེན་བཀའ་བློན་ཡིན་དུས་ནས་རེད། བཀའ་བློན་སྐབ་དང་དེ་རྗེས་ཆེ་ཐོའི་ཁྲིམ་དཔོན་ཡིན་དུས་ནས་ཁྲིམ་ཐོགས་ནས་ཐག་གཅོས་མེ་བྱེད་པ་ག་རེ་ཡིན་ནའ། ད་ལྟ་བཞི་ནས་དུས་ཚོས་གཉན་གྲང་འདྲའི་སྐབ་གྲོས་ཚོགས་ར་བའི་གླེང་དོན་ག་རེ་ཡིན་ནའ། ད་ཡག་ཏགས་མིན་འདུགས།
ཉེ་ཆར་ནིའུ་ཡོག་གིི་གནས་ཚུལ་བཅས་ལ་གཏད་ན་ད་བྱེད་ཞུགས་བོད་པ་ཚོ་སོ་སྟེ་ཀམ་འགྲོ་གི་ཡོད་ས་རེད་ ང་སྤེན་པ་ཚེ་རིང་གི་ངོ་ཤེས་པ་དེ་འདྲ་གང་ཡང་མིན། གྲོས་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ཆ་ནས་ཡིན་བསྟན་པ་དར་རྒྱས་ནང་བཞིན་ཁ་ཏིང་མ་ཚུང་པ་དེ་འདྲ་མིན། གང་ལ་ཟེར་ན་དང་པོ་ཁོང་གི་བཀུར་འོས་ཚོགས་གཙོ་མཆོག་ཟེར་སོང་ང་། དེ་ནས་གང་ཙམ་ཅི་ནས་མི་སོད་མཁན་རེད་ཟེར་སོང་བ་ཚང་མས་ཁྱེན་གསལ་རེད། དག་ཆ་ཡག་པོ་མེད་པས་དགོང་སེལ་ཞུ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལས།
དོན་ཚན་ཞེ་དྲུག་པ། སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང༌།
༡ སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ། དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང༌། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག་་་ཅེས་བཀོད་འདུག
བསྟན་པ་ཡར་འཕེལ་གྱིས་སྤེན་པ་ཚེ་རིང་ལ་མི་གསོད་ཀྱི་ཉེས་འཛུགས་བྱས་འདི་་གྲོས་མོལ་གླེང་ཕྱོགས་དང་འོས་བསྡུ་བྱེད་སྟངས་འགྲིག་མིན་གང་རུང་གི་ཁུངས་སུ་ཡིན་ནམ། གྲོས་མོལ་གླེང་ཕྱོགས་ཡིན་ཟེར་ན་མ་རེད། འོས་བསྡུ་བྱེད་སྟངས་འགྲིག་མིན་མ་རེད།
བཅའ་ཁྲིམས་དོན་ཚན་འདིས་མི་གསོད་ཉེས་འཛུགས་ཀྱི་ནག་ཉེས་གླེང་ཕྱོགས་ཁྲིམས་གཏུག་མི་ཆོག་ཅེས་འགྲེལ་བཤད་རྒྱག་ས་མི་འདུག་ག བསྟན་པ་ཡར་འཕེལ་གྱིས་ཉེས་འཛུགས་གླེང་ཕྱོགས་བཟོས་པ་རེད་མ་གཏོགས་་་་གྲོས་མོལ་གླེང་ཕྱོགས་བཟོས་པ་མ་རེད་ད། གྲོལ་མོལ་དང་ཉེས་འཛུགས་གཉིས་ཀྱི་ཁྱད་པར་ཙམ་ཡང་ཤེས་ཀྱི་མེད་པེ།
འདི་མིན་པ་ཁུངས་ལུང་ཡོད་པའི་བཅའ་ཁྲིམས་ལེའུ་སྟོན་གྱི་ཡོད་པེ། མེད་ན་འདིས་ཁུངས་ཁྱོག་ས་མ་རེད།
ཉེས་འཛུགས་དང་གྲོས་མོལ་གཉིས་ཀྱི་གོ་དོན་ཁྱད་པར་མ་ཤེས་ན།
ཨ་མ་དང་མནའ་མ་སུ་ཡིན་ནོར་ཡོང་བ།་་་་བཟག་བཟག་བྱོས་ཨ་་་་ཧཧཧཧ
རེད་རེད། གནས་ལུགས་ལས་གཡོལ་ནས་གཅིག་བཤད་ཀྱིན་མ་འདུག། རྒས་མོ་ལས་མེད་ཀྱི་ཁ་འདྲ་ཞིག་འདུག། སོ་སོས་ག་རེ་བཤད་མིན་ཡང་ཤེས་ཀྱི་མེད་པ་འདྲ། དེ་ལས་གཉིད་སྐྱིད་པོ་ཞིག་ཉལ་ན་ཁེ་བཟང་རེད། བདེ་མོ་བྱོས། ཆོ་མེད་ཀྱི་ལན་དེ་དགོས་ཡས་མེད་དོ།
ཕོ་རྒོད་པ་ལས་གཉིད་སྐྱིད་ན་དགའ། བྱས་པ་རེད། ཚོགས་གཙོ་མེད་ན་གྲོས་ཚོགས་སྟོང་དགོས་དོན་མེད། སྤེན་ཚེ་མེད་ན་བཙན་བྱོལ་གྱི་མི་རྫོགས་སོང་བ་ནི་མ་རེད། སེམས་ཕྲལ་མེད་པའི་སེམས་ཕྲལ། རི་བོང་གནམ་རྡིབ་ཀྱི་སེམས་ཕྲལ་བྱེད་དགོས་པ་མ་རེད་དོ།
འདི་ནི་ཉེས་འཛུགས་རང་རེད། པཱོ་ལི་སི་ ཡིས་ མཐའ་འདེད་བཏང་སྟེ་རྒྱ་གར་ཁྲིམས་ཐོག་ནས་དཀར་ནག་གི་ཐག་གཅོད་འབྱུང་དགོས་པ་ཞིག་རེད།
བསྟན་པ་ཡར་འཕེལ་གྱི་སྐད་ཆ་དེ་ནི་སྤྱི་ཚོགས་ཀྱི་ཕན་སེམས་ཁོ་ནས་བསླངས་པ་ཡིན་ན། ཁོང་གིས་གྲོས་ཚོགས་རྭ་བའི་ཕྱི་ལོགས་སུ་སྐད་ཆ་དེ་སྐྱར་ཟློས་བྱས་ཏེ། ཁྲིམས་ཐོག་ཏུ་འགྲོ་རྒྱུའི་གྲ་སྒྲིག་བྱས་ན་དགའ།
ད་ལྟ་ཚང་མས་ལྟད་མོ་བལྟ་ས་ནི། སྤེན་པ་ཚེ་རིང་མ་རེད། བསྟན་པ་ཡར་འཕེལ་རེད། བསྟན་པ་ཡར་འཕེལ་གྱིས་གྲོས་ཚོགས་ཕྱི་ལོགས་སུ་སྐད་ཆ་དེ་སྐྱར་ཟློས་བྱེད་ཐུབ་མིན་གྱི་བློ་ཁོག་དང་ཕན་སེམས་ཡོད་མེད་དེ་རེད།
སྤྱི་འཐུས་ཀྱིས་མི་མང་ལ་འགན་ཁྱེར་ནས་སྐད་ཆ་ཤོད་དགོས་རེད་མ་གཏོགས། ཁྱིམ་སྨྱོན་གྱི་སོ་བརྒྱབ་པ་ལྟར་སྨྱོ་ལབ་བརྒྱབ་ན། ཁྱི་འཐུས་ཆགས་པ་རེད་མ་གཏོགས། སྤྱི་འཐུས་ཆགས་ངེས་མིན། མ་གཞི་ནས། མང་གཙོ་དང་སྨྲ་བརྗོད་རང་དབང་ཟེར་དུས། སྤྱི་ཚོགས་ལ་འགན་ཁྱེར་བའི་སྒོ་ནས་སྐད་ཆ་ཤོད་དགོས་པ་ལས། ར་བཟི་སྨྱོན་སྐད་བརྒྱབ་ན་ཚར་སོང་བ་རེད།
ལྐོག་ཟ་རུལ་སུངས་དང་སྤྱི་རྒྱུ་སྒེར་བདག་དང་ཐད་ཀར་འབྲེལ་བ་ཡོད་མཁན་གྲོས་ཚོགས་སུ་བྱུང་བ་གསལ་པོ་རེད། མི་གསོད་ལག་དམར་དང་འབྲེལ་བ་ཡོད་མཁན་གྲོས་ཚོགས་སུ་ཡོད་བཤད་པ་དེར་ཞིབ་འཇུག་ནན་མོ་དགོས་རྒྱུ་རེད། གནས་ཚུལ་གསལ་པོ་བྱུང་མཚམས་སུ་ཆོལ་ཁ་དང་ཆོས་ལུགས། ལོང་ཚན་དང་མི་སྒེར་གང་གིས་ཕྱོགས་ལྷོང་དང་སྤྱི་སེམས་དྲང་ཚུབ་ཅན་སུ་ཡིན་གསལ་ཡོང་གི་རེད། དེ་དུས་ཉེན་པ་སུ་ལ་བབ་མིན་བཤད་ན་ལེགས།
བཀུར་འོས་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ནི་བཀའ་བརྒྱུད་པས་འོས་ཕུལ་ནས་བསྐོད་གནང་བའི་སྤྱི་མི་ཞིག་ཡིན་པས་བཀའ་བརྒྱུད་པའི་ཚབ་མཚོན་དགོས་རེད་དྲན། དེས་ན་ད་རེབ་ཁོང་གི་རྒྱབ་ལྗོངས་ན་བཀའ་བརྒྱུད་པ་ཚོ་ཞལ་རོག་གེར་བཞུགས་ན་འགྲིག་གི་ཨ་ཡོད། བདེན་དཔང་ཕུགས་ཕེར་བ་ཞིག་མེད་ཕྱིན་བསྟན་པ་ཡར་འཕེལ་མི་སྒེར་ད་སྒེར་རེད། བཀའ་བརྒྱུད་པའི་མི་མང་གི་འགྲེལ་བཤད་ཅི་འདྲ་ཞིག་སྐྱོན་རྩིས་ཡོད་དམ།
སྤེན་ཚེའི་མི་བསད་ལག་དམར་སྐོར་གྱི་རྙོག་གླེང་དེ་༢༠༠༣ ནས་གྲོས་ཚོགས་སུ་བྱུང་བ་རེད། ད་བར་དུ་རུས་སོང་བ་རེད། ད་གཞི་ནས་གྲོས་སུ་ཡང་སྐྱར་སླེབས་པ་རེད། འདི་གསལ་པོ་བཟོ་དགོས་རྒྱུ་ནི་བཙན་བྱོལ་བསྒྲིགས་འཛུགས་གསལ་པོ་བཟོ་དང་མ་བཟོ་ཡི་གནད་འགག་རེད། ལྐོག་ཟ་རུལ་སོངས་དང་སྤྱི་རྒྱུ་སྒེར་བདག་སྐོར་གྲོས་ཚོགས་སུ་གསལ་པོ་བཤད་ཐུབ་མཁན་ཚོགས་མི་རེ་གཉིས་ལས་མེད། དེ་ཐབ་སྡུག་རེད། གཞན་ལ་ཕྱིར་གསལ་ནང་གསལ་དགོས་ཟེར་མཁན་རྐྱང་རྐྱང་རེད། བསྟན་པ་ཡར་འཕེལ་གྱིས་ངོ་ལྐོག་རྒྱབ་མདུན་མེད་པའི་གདིང་སྤོབས་ཀྱིས་ཐོག་ནས་གྲོས་ཚོགས་སུ་གླེང་བར་ཡག་པོ་རེད། ད་དུང་དེ་དག་འཇུག་སྐྱེ་རྒྱུ་ནི་དེ་ལས་གལ་ཆེ་བ་རེད།
ཤི་ཚར་ནས་བཏོན་པ་ཞིག་གི་དེབ་ལ་ཁྲིམས་ཐོག་ཁས་ལེན་མི་སྲིད། མི་དངོས་སུ་ཡོད་དགོས། སྐད་ཆ་ཞིབ་འབྲི་བྱེད་ས་ཡོད་པས་ཡིན། འདི་ན་སྐད་ཆ་བཤད་མཁན་རྣམས་ཆགས་སྡང་གི་སྐད་ཆ་མ་གཏོགས་མི་འདུག བརྒྱ་ལ་བཤད་ཀྱང་བོད་མི་ནང་ཁུལ་ལ་ཆགས་སྡང་བྱས་པ་ཞིག་རེད། ཆགས་སྡང་གིས་དོན་དངོས་མི་མཐོང་། ཆགས་སྡང་གི་རྩ་དོན་མི་སྒྲུབ། ཆགས་སྡང་ནི་མཐར་དེད་ན་རང་ཉིད་བརླག་བྱེད་དེ་ཡིན། དངོས་ནས་བོད་སྤྱི་ལ་ཤ་ཚ་ན། བློ་གཟུ་བོར་གནས་པའི་གོང་འཁོད་ཀྱི་རྩོམ་ཡིག་འདི་ལྟ་བུའི་བསམ་བློ་དགོས། རྩོམ་ཡིག་འདི་འབྲི་མཁན་གཟུར་གནས་རིགས་བོད་སྤྱི་ཚོགས་ལ་མང་དུ་དགོས།
བསྟན་པ་ཡར་འཕེལ་གྱིས་ཚོགས་གཙོར་མི་གསོད་སོགས་ཀྱི་སྐད་ཆ་བཤད་འདུག་པར་ཁུངས་སྐྱེལ་ཡོད་ན་ཡག་པོ་རེད། རྒྱབ་སྐྱོར་ཡོད། དེ་མིན་གང་བྱུང་དུ་སྨྱོ་ལབ་རྒྱབ་ཡིན་ན་ཡག་པོ་གཏན་ནས་མ་རེད། ཞིབ་འཇུག་ཡག་པོ་བྱ་དགོས། སུ་ལ་བདེན་ཁ་ཡོད་ན་དེའི་རྒྱབ་ལ་ལང་དགོས་པར་མཐོང་། ང་ཚོའི་བོད་པར་བདེན་པ་དགོས་པ་ལས། དད་པ་དམ་ཚིག་ཁ་ལ་ཁྱེར་ཏེ་མི་རིགས་ཀྱི་ཚོགས་སྡེ་ཁག་གཏོར་བཤིག་བཏང་ན་བཟོད་སྒོམ་གཏན་ནས་བྱེད་མི་ཉན། ཁ་སང་ཚོགས་གཙོས་ལྐུབ་ལྟེགས་ནས་དགོངས་ཞུ་གནང་བ་དེ་ཡག་པོ་མ་རེད། ནག་ཉེས་མེད་ན་སྐྲག་དགོས་དོན་ཅི་ཡོད་དམ།
མང་གཙོ་དང་་རང་དབང་ཁ་ལ་ཁྱེར་ནས་གྲོོས་ཚོགས་ནང་གང་བྱུང་མང་བྱུང་རང་སྣང་གང་དྲན་ན་འགྲིགས་ཀྱི་མ་རེད་། གྲོས་ཚོགས་ནང་སྐད་ཆ་བཤད་པ་དེ་ཁུངས་་སྐྱེལ་དགོས་པ་རེད་། ཁུང་སྐྱེལ་རྒྱུ་མེད་ན་ངརང་ཉིད་གྲོ་ཚོསས་ནས་འཐོན་དགོས་པ་རེད་། ཚོགས་གཙོ་གྲོས་ཚོགས་ནས་ཚོགས་ལང་རྒྱབ་པ་དེ་ནོར་བ་རེད་།
ཁྲིམས་ཁང་ལས་མེད་སྟོང་པ་རེད་། ཁྲིམས་་ཁང་ལ་ཞུ་གཏུགས་དགོས་པ་རེད་། གྲོས་ཚོགས་ར་བ་གཙང་མར་འཇོག་རོགས་གནང་། གྲོས་ཚོགས་ནང་གང་བསམ་གླེང་ཆོག་པའི་ཁྲིམས་དང་སྒྔིག་གཞི་བཅའ་སྒྲིག་གང་གི་ནང་དུ་གསལ་གྱི་ཡོད་བཤོད་དང་། གོང་ས་མཆོག་ལ་རྒྱ་སྟོན་འབུལ་རྒྱུ་འདི་རེད་པས་། སྤྱི་འཐུས་་སྐབས་བཅོ་ལྔ་་པ་ཆ་ཚང་རྩ་དགོང་་ཞུ་རོགས་། བོད་མིའི་ཞབས་འདྲེན་ཞུ་མཁན་གྱི་སྤྱི་འཐུས་ཤ་སྒག་རེད་།
ལུང་ཚན་ཤོག་སྒྲིལ་།
ཕྱོགས་གཏོགས་ཆབ་སྲིད་།
འགོ་འདྲེན་རིང་ལུགས་།
སྐབས་འཚོལ་རིང་ལུགས་།
གྲལ་རིམ་གཅིག་བསྡུད་།
བོད་ཀྱི་སྤྱི་འཐུས་།
ཧ་ཧ་ཧ་།
དགྲ་ལ་ངོ་ཚ་།
གཉེན་ཡིད་མུག་།
ཧ་ཧ་ཧ་
སླར་ཡང་གྲོས་ཚོགས་སུ་ཞབས་འདྲེན་ལུང་པ་གང་ཞུས་ཤག མ་གཞི་སྤྱི་འཐུས་སུ་གྲྭ་བཙུན་རིགས་ཡོད་པ་དེ་དང་པོ་ནས་ནོར་སོང་བ་རེད། གྲྭ་པ་ཚོ་དགོན་པར་ཆོས་བྱས་ནས་བཞག་ན་ཡག་ཤོས་རེད། དེ་མིན་ད་རེས་ཀྱི་རྙོག་ཁྲ་བཟོ་མཁན་སྐུ་གཞོགས་དེའི་ལུས་ངག་ཀྱི་རྩིང་སྤྱོད་ལ་གཅིག་ལྟོས་དང་། སེམས་རྒྱུད་ན་ཁོང་ཁྲོས་མེ་ལྕེ་འབར་བསྡད་ཡོད་པ་གསལ་པོ་རེད། དང་པོར་སྐུ་གཞོགས་དེ་དགོན་པར་ལོག་ནས་ཁོང་ཁྲོ་འཇོམས་པའི་བློ་སྦྱོང་ཉམས་ལེན་ཡག་པོ་ཞིག་བྱེད་དགོས་འདུག ལྷ་རབས་བྱུང་ན། སྤྱི་འཐུས་ནས་རྩ་དགོངས་ཞུས་ནས་ཕེབས་རོགས། དེ་མིན་རང་རེའི་ཆབ་སྲིད་ལ་གནོད་པ་དང་ཆོས་བྱེད་དགེ་འདུན་ཡོངས་ཀྱི་ཞབས་ནས་འདྲེན་རྒྱུ་ལས་གང་ཡང་ཡོང་ཐབས་མེད་དོ།
དྲ་ཐོག་ཏུ་ལས་འགུལ་སྤེལ་མཁན་རྣམས་ཀྱིས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སོགས་ལ་གསལ་པོ་གཟིགས་དགོས་པ་རེད། དེ་ནས་རྩོད་པ་རྒྱག་པ་དང་། བཤད་ཡམས་བསྒྲགས་ན་རིག་པ་ཞིག་ཡོང་གི་རེད་མ་གཏོགས། རྒྱའི་གསོལ་སྟོན་གྱི་ངར་ཤུགས་ཁོ་ནར་བསྟེན་ནས་དང་། ཉེ་སྔོན་ཧྥ་རིན་སུ་རུ་ཡོ་རོབ་མི་མང་གིས་ལས་འགུལ་སྤེལ་སྐབས་ཁ་ཁུ་སིམ་པོར་རང་ཤག་ཏུ་འཛུལ་ནས་སྡུག་སྒོམ་བརྒྱབ་བསྡད་པའི་ནད་མ་ཐེག་པར་དྲ་ཐོག་ཏུ་ཕེབས་ན། བཀོལ་མོལ་གནང་སྟངས་རང་གི་ནང་དུ་ཞེ་སྡང་དྲག་པོས་དཀྲུགས་འུ་ཐུབ་བལྟ་བཞིན་པ་ཚོར་ཡོང་གི་འདུག ཧ་ཧ་ཧ་ཧ་་་གླུ་གོ་ན་རྣ་བའི་བདུད་རྩི་ཡིན།
http://tibettimes.net/news.php?showfooter=1&id=9867
དགའ་འོས་པ་ཞིག་ལ། སྤྱི་འཐུས་ནང་ཁུལ་ཛ་དྲག་གི་གྲོས་མོལ་ཚོགས་འདུ་བསྐངས་ཏེ་སྤྱི་འཐུས་མང་ཆེ་བས་རེ་སྐུལ་ནན་ཞུས་བཞིན། སྤྱི་འཐུས་ཚོགས་གཙོ་མཆོག་གིས་དགོངས་པ་ཆེར་བཞེས་ཀྱིས་སླར་ཡང་གྲོས་ཚོགས་ཀྱི་གཙོ་སྐྱོང་གནང་གིན་འདུག ཐུགས་རྗེ་ཆེ་ཞུ།
ད་དུང་འདི་འདྲའི་གནད་དོན་ཡོང་གི་རེད། མུ་མཐུད་བཟོད་སྒོམ་བྱས་ཏེ་མདུན་ནས་མདུན་དུ་སྐྱོད། མི་རིགས་མ་གཏོགས་ཆོལ་ཁ་དང་ཆོས་རྒྱུད་ཀྱི་ཕྱོགས་ཞེན་མེད་པའི་བོད་མི་ཚོས་སྲིད་སྐྱོང་དང་། ཚོགས་གཙོ་གཉིས་ལ་རེ་བ་ཤིན་ཏུ་ཆེ། ཁྱེད་གཉིས་སྐུ་ཚེ་བརྟན་པར་སྨོན།
སྤེན་ཚེའི་གནད་དོན་དེ་ཐག་གཅོད་ཡག་པོ་ཞིག་མ་ཡོང་བར་ཚོགས་གཙོའི་ལས་གནས་དགོངས་ཞུ་གནང་ན་ཡག་ཤོས་རེད། གང་ལྟར་མི་གསད་ཡོད་མེད་ཀྱི་རྩོད་གཞི་ཅན་གྱི་ཚོགས་གཙོ་ཞིག་མེད་ན་ཡག་ཤོས་རེད།།
སྤེན་ཚེ་མེད་པ་བཟོས་རྗེས་བློ་སེང་བཟོ་རྒྱུ་ཡིན་པ་འདྲ། དེ་རྗེས་ལ་་་་་་ཧ་ཧ་་་་་་
གཅིག་གི་ལྕེ་གཅོད་དགོས་སམ། གཞན་དེའི་ལག་གཅོད་དགོས་སམ། ནོར་བ་སུ་ལ་ཡོད་ན་ཡང་། (བོད་མིའི་ཚོགས་ཆེན་ཐོག་ལ། གང་བྱུང་མ་བྱུང་བཤད། གང་བྱུང་མ་བྱུང་འཁྲབ་ས་མེད་པའི་མིག་དཔེ་ཞིག)་མ་འོང་བའི་ཆེད་དུ་འཇོག་དགོས་ངེས་ཀྱི་དུས་ལ་ཐུག་པ། ད་རེ་ལ་ཐུག་འདུག། དགོན་པ་འདི། ནམ་ཡིན་ན་ཡང་མི་རིགས་ཤིག་གི་བདེ་སྡུག་མི་བཤད་པར། སྒེར་འཁོན་ཙམ་གྱིས་གྲོས་ཚོགས་བཟས་ནས་འདུག་གི། མྱི་འདི་ཚོ་ལྷ་ཡིན་ན་ལྷ་དང་འདྲེ་ཡིན་ན་འདྲེ། ཁྲིམས་ལ་སྦྱར་ན་བཟང་།
ཚོགས་གཙོས་དུས་ཐོག་དགོངས་པ་ཞུས་པ་ཡང་འགྲིགས་སོང་ལ། སླར་ཡང་གཞན་གྱིས་བསྐུལ་བ་ལྟར། གྲོས་ཚོགས་སུ་འཚོགས་བཅར་གནང་བ་ཡང་། འགྲིགས་སོང་སྙམ་ལགས།། །།
རྒྱ་ཞིང་མྱི་དཀར་ལགས་་་་་་སྐུ་ངོམའཇུ་ཆེན་ཁོང་གི་གསུང་རྩོམ་་་དེབ་དང་པོ་་་་་་་གྲངས་༤༠༩ ནང་གཟིགས་ད་་་་
གསལ་པོ་མཁྱེན་གྱི་རེད།
ཆོས་བརྒྱུད་ཁག་གི་སྤྱི་འཐུས་ནི་གྲོས་ཚོགས་ནང་མི་ཐོལ་བ་ཡིན་པ་མ་ཟད། དེ་དག་འོས་བསྡུ་བྱེད་དུས་ཀྱང་གྲྭ་བ་རྣམས་མི་གཅིག་གིས་འོས་ཤོག་གཉིས་བླུགས་དགོས་ཐུག་གི་ཡོད་པ་དེ་བཙན་བྱོལ་སྒྲིག་འཛུགས་ཀྱི་དམིགས་གསལ་མང་གཙོའི་འོས་བསྡུ་བྱེད་སྟངས་ཡིན་ནམ། འོས་བསྡུའི་སྒྲིག་སྲོལ་བཙན་སྒྲིག་བྱེད་པ་གང་ལྟར། ཆོལ་ཁའི་འཐུས་མིས་ཆོས་བརྒྱུད་ཀྱི་ཚབ་མཚོན་མི་ནུས་པའམ་ཚབ་བྱེད་མི་ཆོག་པ་ཡིན་ནམ། ཆོས་བརྒྱུད་སྤྱི་འཐུས་མེད་པ་བྱ་རྒྱུའི་དུས་ལ་འབབ་འདུག
མཆན་གོང་མ་ལ་རྒྱབ་སྐྱོར་ཡོད། ཁ་ཅིག་གིས་བཤད་པ་བདེན་པ་འདྲ་ཞིག་འདུག གྲོས་ཚོགས་ནང་གི་འཐབ་རྩོད་དེ་ཆོས་རྒྱུད་ཀྱི་སྲིད་དབང་འཐབ་རྩོད་ཅིག་རེད་ཟེར་གྱི་འདུག སྔོན་མ་ཞིག་ལ་ཁ་ཅིག་གིས་བཀའ་རྒྱུད་ཀྱི་སྡེ་པ་གཙང་པ་སོགས་ནད་རྙིང་ལངས་པ་གོ་རྒྱུ་འདུག དེ་ཚོ་ཁག་ཅིག་འདས་ཚར་ཡང་ནད་རྙིང་ལྷག་འདུག ཆོས་རྒྱུད་སྤྱི་འཐུས་མི་དགོས། ཚོགས་གཙོ་རྗེས་ལ་སྲིད་སྐྱོང་ཡིན་ཐག་ཆོད། སྔོན་མ་བཀའ་ཁྲི་ཟམ་གདོང་ལ་ཡང་འདི་ཚོས་དངོས་ཤུགས་རྒྱུད་གསུམ་ནས་སྐྱོན་འཛུགས་བྱས་ཡོད།
ད་ལྟའི་བཙན་བྱོལ་གཞུང་གི་ལས་བྱེད་ཡོངས་གནས་དབྱུང་བཏང་ནས་ཚབ་ཏུ་ཞི་ཆེན་པེན་ཅིག་འཇོག་རོགས་འོ་ཙི་མིན་འགྲོ།
བཀའ་རྒྱུད་ཚང་ལ་xxx ངས་ལྟས་ན་བཀའ་རྒྱུད་ནང་ལ་སྤྱི་སེམས་ཅན་གྱི་མི་མང་པོ་ཡོད་རྒྱུ་རེད་སྙམ། དེ་འདྲ་ཞིག་གདམ་ན་ཅིས་མི་ཆོག དགའ་ལྡན་ཕོ་བྲང་གཞུང་དང་བཀའ་རྒྱུད་པའི་བར་གྱི་སྒེར་མཁོན་དེ་བོད་པའི་སྤྱི་དོན་སྒྲུབ་ས་ལ་ཁྱེར་མ་ཡོང་ན་ལེགས། ད་ལྟའི་བཙན་བྱོལ་སྒྲིག་འཛུགས་འདི་ཆོལ་ཁ་དབྱེར་མེད་དང་ཆོས་ལུགས་རིས་མེད་ཀྱི་དམངས་གཙོའི་གཞུང་ཞིག་ཡིན་པ་ལས་དགའ་ལྡན་ཕོ་བྲང་གི་གཞུང་མ་ཡིན་པ་དེ་ཤེས་ན་བཟང་།
གྲོས་ཚོགས་ནི་མི་མང་གི་སྐུ་ཚབ་ཡིན་པས་གྲོས་ཚོགས་ཚོགས་གཙོའི་མཚན་གནས་དང་བོད་མི་མང་གི་ཆེ་མཐོང་བར་འབྲེལ་བ་ངེས་ཅན་ཞིག་ཡོད་པ་རེད། དེས་ན་དེ་རིང་གི་རྙོག་གླེང་འདི་དཀར་ས་ནག་འདེག་གིས་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཅིག་བཟོ་དགོས་པ་ནི་བོད་མི་མང་གི་འགན་རེད།
མཆན་གོང་མར་རྒྱབ་སྐྱོར་བྱེད། ཆོས་རྒྱུད་སྤྱི་འཐུས་མི་དགོས། གྲོས་ཚོགས་ནང་གི་འཐབ་རྩོད་དེ་ཆོས་རྒྱུད་ཀྱི་སྲིད་དབང་འཐབ་རྩོད་ཅིག་རེད་ཟེར་བ་དེ་བདེན་པ་འདྲ། འདི་ཚོས་སྲིད་ལ་ཡང་སྐྱོན་འཛུགས་བྱ་ཉེན་ཆེ། སྔོན་མ་བཀའ་ཁྲི་ཟམ་གདོང་ལའང་དེ་ལྟར་བྱས། སྡེ་པ་གཙང་པའི་ནད་རྙིང་ཡོད་མཁན་ཁ་ཅིག་ཡོད། ཁ་ཅིག་འདས་ཚར།
དེ་ཚོའི་ཆབ་སྲིད་གཡོ་ཇུས་ཆེ།
སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་དེ་སྔ་སྤྱི་འཐུས་བསོད་ནམ་སྟོབས་རྒྱལ་གྱི་སྐད་ཆ་བསྐྱར་བྱས་ཙམ་རེད། བསོད་ནམ་སྟོབས་རྒྱལ་ལགས་ནས་ཟམ་གདོང་རིན་པོ་ཆེར་ལྐོག་ཟ་བྱས་ལུགས་ཀྱི་ཉེས་པ་བཙུགས་ཏེ་རིན་པོ་དགོངས་པ་ཞུས་དགོས་ཀྱང་བཟོས་པ་རེད། མཐའ་མ་ཁུངས་ལུང་གང་ཡང་སྟོན་རྒྱུ་མ་བརྙེད་པ་རེད། སྤྱི་འཐུས་གྲོས་ཚོགས་ནང་ཁུངས་ལུང་མེད་པའི་སྐད་ཆ་བཤད་ཀྱང་ཁྲིམས་ཐོག་བསྐྱལ་མི་དགོས་པའི་སྒྲིག་གཞི་དེ་སྤྱི་འཐུས་ཁག་ཅིག་གིས་བེད་སྤྱོད་ལོག་པར་གཏོང་གི་ཡོད་པ་རེད།
༡༽ ང་ཚོ་བཙན་བྱོལ་སྤྱི་འཐུས་མང་ཤོས་གྲ་བ་དང་གྲ་ལོག་ཡིན་པས་སྤྱིར་ཤེས་ཡོན་གནས་ཚད་སྐྱོ་བོ་དང་དགོས་སུ་ཆབ་སྲིད་གོ་རྟོགས་ཧ་ཅང་དམའ་མོ། མཐོང་རྒྱ་ཐོས་རྒྱ་ཤིན་ཏུ་ཆུང་ཆུང་ཡིན་པ་མ་ཟད། ལྷག་པར་ཁོང་ཚོར་སྲིད་དོན་གྱི་ཆེད་ལས་སློབ་སྟོན་པ་མེད་སྟབས། ཁོང་ཚོའི་སྐད་ཆ་མང་ཆེ་བ་ཁྲོམ་སྲང་གི་གཏམ་འཆལ་དེ་འདྲར་གཞི་བཅོལ་ཏེ་ཁུངས་ལུང་མེད་པ་ཞེ་གཅིག་བཤད་བཞིན་པ་དེ་རྙོག་བྲའི་ཁུངས་རེད།
༢༽ སྤྱི་འཐུས་བསྟན་པ་ཡར་འཕེལ་ནས་སྤྱི་རྒྱུ་སྒེར་བདག་ཟེར་བ་དེ་ཁྲིམས་ཐོག་ནས་བཅད་ཁྲ་བཏང་སྟེ་རྒྱུ་མཚན་ལྡན་པ་ཅིག་རེད། ཀིརྟི་སྒྲོལ་དཀར་ལྷ་མོའི་ལྐོག་ཟ་བྱས་པའང་མཐའ་འདེད་བྱས་ཚར་བ་ཅིག་རེད་ལ། བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་སོགས་ལའང་ལྐོག་ཟའི་གནད་དོན་ཡོད་པ་དེ་སྔ་སྤྱི་འཐུས་ཀྱིས་ཐག་གཅོད་དང་གཞུང་འབྲེལ་ཤེས་བྱ་གསར་ཤོག་སྟེང་དུའང་འཐོན་པས་བདེན་པའི་གནས་ཚུལ་ཅིག་རེད། འོན་ཀྱང་། ཚོགས་གཙོས་མི་གསད་སོང་ཟེར་བ་དེ་ད་སྔ་གསལ་བོ་བཟོས་མ་ཐུབ་པའི་གནས་ཚུལ་ཅིག་ཡིན་པས། བདེན་ཁུངས་སྐྱེལ་བྱེད་གལ་ཤིན་ཏུ་ཆེན་པོ་རེད།
༣༽ དེ་རིང་ཚོགས་གཙོས་སེམས་རྒྱ་བསྐྱེད་ཡིན་ཞེས་ཕྱིར་ཚོགས་གཙོའི་རྐུབ་སྟེགས་སྟེང་ལོག་ཡོད་མོད། གནས་ཚུལ་འདི་གཏན་ནས་ཡག་པོ་ཅིག་མཐོང་མ་སོང་། གལ་ཏེ་ཚོགས་གཙོས་དངོས་གནས་མི་གསད་ཡོད་ན་ཧ་ཅང་རྫབ་ཆེན་ཡིན་པས། ངེས་པར་ཁྲིམས་ཁང་ལ་བསྐྱལ་ཏེ་བཙོན་འཇུག་ཡིན་ནའང་བྱེད་དགོས་ངེས་རེད། གལ་ཏེ་བསྙོན་འཛུགས་ཡིན་ན་སྤྱི་འཐུས་བསྟན་པ་ཡར་འཕེལ་ཁྲིམས་ཁང་ལ་ངེས་པར་བསྐྱལ་དགོས་པ་རེད། གང་ལྟར་དཀར་རྐྱང་དང་ནག་རྐྱང་ས་རིས་ཐང་གསལ་ཡོང་བ་ཅིག་བྱེད་དགོས་པ་རེད་མ་གཏོགས། བོད་ནང་གི་གནས་སྟངས་དང་བཟོད་སྒོམ་སོགས་ལ་ཁ་གཡར་ཏེ་ཕྲུག་གུའི་རྩེད་མོ་ནང་བཞིན་བྱས་ན་སྙིང་པོ་གང་ཡང་མེད།
༤༽ ཚོགས་གཙོ་ཁྲིམས་འགལ་ཡིན་ན་འདྲ། སྤྱི་འཐུས་བསྟན་པ་ཡར་འཕེལ་ཁྲིམས་འགལ་ཡིན་ན་འདྲ། གང་ལྟར་ཁྲིམས་ལྟར་ཐག་གཅོད་བྱས་ཏེ་ཁྲིམས་ཆད་གཅོད་དགོས་པ་རེད་མ་གཏོགས། ད་ཆ་སྤྱི་འཐུས་བསྟན་པ་ཡར་འཕེལ་ནས་དགོངས་དག་ཞུས་པ་ཙམ་ཡང་གོ་རྒྱུ་མེད་པས། ཚོགས་གཙོ་ཁོ་རང་རང་བཞིན་གྱིས་ནག་པོ་ཆགས་པ་འདྲ་བོ་རེད་སྙམ།
༥༽ ད་རེས་ཀྱི་དོན་རྐྱེན་འདི་ཁྲིམས་ལྟར་ཐག་གཅོད་མ་བྱས་ན་མ་འོངས་པར་འདི་ལས་ཚབ་ཆེན་དོན་རྐྱེན་ཆུ་ངན་ལམ་ཤོར་གྱིས་ཡོང་ངེས་གཏན་རེད། ལྷག་པར་བསྟན་པ་ཡར་འཕེལ་གྱིས་འགན་ཁུར་ནས་བཤད་བཞིན་ཡོད་གསུངས་སོང་བས། གཏམ་འདི་གྲོས་ཚོགས་ཕྱི་ནས་ཀྱང་བཤད་མ་ཐུབ་ན་སྐྱག་རྫུན་བཤད་པ་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཚབ་ཆེན་རེད།
༦༽ དམར་ཕྱོགས་འོག་འཚར་བའི་བོད་མི་གསར་འབྱོར་མང་དག་ཅིག་ལ་ཞན་ཆ་ཆེན་པོ་ཅིག་ཡོད་པ་ནི། མང་གཙོ་དང་སྨྲ་བརྗོད་རང་དབང་ལ་གོ་བ་ལོག་ལེན་ཚབ་ཆེན་ཅིག་བྱས་འདུག། ཁོང་ཚོས་མང་གཙོ་ཡིན་ན་ག་རེ་བཤད་བཤད་རེད་སྙམ་བཞིན་འདུག། འོན་ཀྱང་། དོན་དངོས་སུ་མང་གཙོ་ལའང་ཁྲིམས་ཡོད་པས་རང་གིས་གང་བཤད་པར་ཁུངས་སྐྱེལ་བདེན་དཔང་དགོས་པ་མ་གཏོགས། གང་བྱུང་བཤད་ན་རང་ཉིད་ལ་བཙོན་དུ་ཚུད་པ་མང་གཙོའི་རྒྱལ་ཁབ་གང་དུའང་ཡོང་གི་རེད་ད།
རྩོད་གླེང་གི་ཁ་ཕྱོགས་གཞན་ཞིག་ཏུ་དེད་འགྲོ་བ་དེ་དྲ་འབུ་ཚོའི་ལམ་ལུགས་རེད། བསྟན་པ་ཡར་འཕེལ་གྱིས་དོན་ཚན་གསུམ་ཅན་ལྐོགས་ཟ་རུལ་སྲུང་། སྤྱི་རྒྱུ་སྒེར་བདག། མི་གསོད་ཁྲག་སྦྱོར་ནང་ནས་དོན་ཚན་སྔ་མ་གཉིས་དེ་བཙན་བྱོལ་སྒྲིག་འཛུགས་འཐབ་རྩོད་ཀྱི་འབྲས་བུ་མ་སྨིན་བར་དུ་གནས་དང་མི་གནས་ཀྱིས་གནད་དོན་གལ་འགངས་ཆེ་ཤོས་དེ་དོར་ནས། ཚོགས་གཙོས་མི་གསོད་ལག་དམར་ཟེར་བ་དེ་ང་ལ་ཟེར་གྱིན་ཡོད་པ་རེད་ཞེས་ངོས་ལེན་བྱས་པ་ལྟ་བུས་གྲོས་རྭ་ནས་ཕྱིར་ཐོན་པར་འཚོར་བ་རྣོ་མདོག་དང་སེམས་འཁུར་ཆེ་མདོག་གིས། བྱས་ཉེས་གནམ་ས་གང་བ་བཞག་ཡོད་རབས་བཤད་བསྡད་མཁན་ཚོས་རྩ་བ་བོར་ནས་ཡལ་ག་འཇུས་པ་ནི་ཆེས་ཡ་མཚན་རེད། དེས་ན་སྤེན་ཚེས་མི་གསོད་ཁྲག་སྦྱོར་བྱས་ཡོད་མིན་ཁྲིམས་ཐོག་ནས་ཐག་གཅོད་ཡོང་མདོག་ཁ་པོ་རེད། གལ་ཏེ་མི་བསད་ཡོད་ན་ནི་ཁྲིམས་ལུགས་ལྟར་ལག་བསྟར་བྱེད་ཀྱི་རེད་ལ་ཚོགས་གཙོའི་ལས་འགན་དང་སྤྱི་མཐུས་རྭ་བ་ནས་ངེས་པར་ཕྱིར་འབུད་ངེས། གལ་ཏེ་ཁྲིམས་ལུགས་ཀྱིད་བསད་མེད་པ་ཐག་གཅོད་བྱས་ན་བསྟན་པ་ཡར་འཕེལ་ལགས་ཉེས་མེད་ཉེས་འཛུགས་ཀྱི་ཁྲིམས་ལུགས་གཞིར་བཟུངས་འགྲོ་དགོས་པ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་སྒྲིག་འཛུགས་རུལ་གཞི་ལྐོགས་ཟ་རུལ་སྲུངས་དང་སྤྱི་རྒྱུ་སྒེར་བདག་ལ་ཐག་གཅོད་མ་བྱས་པར་སྒེར་ལ་སྐྱོན་འཛུགས་བྱེད་མཁན་དང་བྱས་སོང་ཟེར་སྒེར་ནད་རྩོད་གཞིའི་སྒང་དུ་ཕྱིན་པ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཁ་ཕྱོགས་གང་འགྲོ་མིན་གསལ་སྟོན་བྱས་པ་རེད།
མ་གཞི་བཙན་བྱོལ་སྲིད་གཞུང་གི་ཆོས་མིན་སྲིད་མིན་གྱི་ལམ་ལུགས་འདིས་འདས་པའི་བྱུང་རབས་དང་ད་ལྟའི་མངོན་སུམ་གྱི་མཇུག་འབྲས་དེས་ཆོས་སྲིད་གང་ལ་ཡང་ཕན་ཐོག་སྣེ་གཅིག་ཡོད་པ་མ་རེད།
་་་་་་་་་་་ བསྟན་པ་ཡར་འཕེལ་གྱིས་དོན་ཚན་གསུམ་ཅན་ལྐོགས་ཟ་རུལ་སྲུང་། སྤྱི་རྒྱུ་སྒེར་བདག། མི་གསོད་ཁྲག་སྦྱོར་་་་་་
ལུང་རྟོགས་ལགས། ར་བཟི་ཀརྨ་ཆོས་འཕེལ་ཁ་ནས་རང་བཙན་གྱི་ཚིག་གཅིག་ཐོན་པ་དེས་༧རྒྱལ་བའི་ལྷ་དགོངས་དཀྲུགས་པའི་ཉེས་འཛུགས་འོག་བཙན་བྱོལ་གྲོས་རྭའི་ནང་འཐབ་འཛིང་བཏང་ཟིན་པ་མ་རེད་པས། ད་ཡང་བསྟན་པ་ཡར་འཕེལ་ལ་ཚོགས་གཙོར་མི་བསད་ལག་དམར་གྱི་ཉེས་འཛུགས་འོག་འཐབ་འཛིང་གཏོང་རྒྱུ་ཨེ་རེད། ད་བྱས་ན་སྲིད་སྐྱོང་རིང་ལུགས་འདིའི་རྩ་བའི་དམ་བཅའ་གསུམ་གྱི་དང་པོ་ཆིག་སྒྲིལ་ཟེར་བ་དེ་ག་པར་ལ་བསྐྱེལ་རྩིས་ཡོད་དམ། ལར་ནས་ད་ལྟའི་གནས་སྐབས་ཁོ་གཉིས་སྒེར་གྱི་གནས་དོན་མི་གསོད་དོན་རྐྱེན་བྱུང་ཡོད་མིན་ཁྲིམས་ཐོག་ནས་ཐག་གཅོད་མ་བྱུང་རག་བར་དུ་གཅིག་ཉེས་གཅིག་བཟང་གི་སྐད་ཆ་བཤད་རྒྱུ་སྔ་དྲག་པ་མ་རེད་པས། མ་གཞི་ཁྱེད་ཀྱིས་གཡས་ལྷུངས་གཡོན་ལྷུང་གིས་ཚོགས་གཙོའི་རྒྱབ་ཏུ་ལངས་ནས་གཅིག་བཤད་བསྡད་ན་དྲང་བདེན་མ་རེད།
ལྐོག་ཟ་རུལ་སུངས་དང་སྤྱིའི་རྒྱུ་སྒེར་བདག་བྱེད་མཁན་ཚོ་དང་ཁོ་ཚོའི་ཨ་ཕྲུག་ཚོས་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་གི་འདུག་ག རྒྱུ་འབྲས་དྲང་བདེན་རྩ་བའི་རྩེ་ལ་བཞག་མཁན་གྱི་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོ་མེད་ན་བཙན་བྱོལ་སྒྲིག་འཛུགས་ཀྱི་སྤྱིའི་རྒྱུ་ཧ་འཐོབ་རྒྱག་ནས་བཟའ་འགྲོ་གི་རེད། བོད་མི་རིགས་ཀྱི་ཆེད་དུ། སྤྱིའི་རྒྱུ་སྲུང་སྐྱོབ་ཀྱི་ཆེད་དུ་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོས་ཕྱག་ལས་ཡག་པོ་གནང་གི་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔ་ཡང་ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་ལ་རྒྱབ་སྐྱོར་བྱས་ཡོད་ལ་མུ་མཐུད་ནས་བྱེད་ཀྱི་ཡིན།
ད་འདི་བཟང་ཕྱོགས་ཡིན་ངན་ཕྱོགས་ཡིན་བཤད་ཤེས་མ་སོང་ཡང་ལྷག་བསམ་རྣམ་དག་གིས་འགྲིགས་མཐུན་བྱུང་ན་ཡག་པོ་རེད།
མ་གཞི་ཚོགས་གཙོ་འདིས་གྲོས་ཚོགས་རྭ་བའི་རྐུབ་སྟེགས་བེད་སྤྱད་ནས་མངོན་སུམ་འཛེམ་མེད་ཀྱིས་གང་ཟག་སྒེར་གྱི་མིང་ནས་སྨྲོས་ཏེས་ཀླུ་མཁར་བྱམས་ལ་སོགས་པའི་རང་བཙན་འཐབ་རྩོད་པར་ཁྱད་གསོད་དམའ་འབེབས་མི་ཉུང་བ་ཞིག་བྱས་སོང་ལ། མདོ་སྨད་ཀྱི་བར་མའི་འོས་བསྡུ་སྐབས་ཨང་རིམ་གཉིས་པ་ཀླུ་མཁར་བྱམས་ཡིན་བཞིན་དུ་འོས་བསྡུ་ལས་ཁང་གི་ཁྲིམས་སྒྲིག་ལ་རྩིས་མེད་ཀྱིས་འོས་བསྡུ་བསྐྱར་བསྡུ་བྱེད་སྟངས་འདིའི་རྒྱབ་ལྗོངས་ན་སྤེན་ཚེའི་ཤུགས་རྐྱེན་ཡོད་པ་གསལ་པོ་རེད།
ད་འདི་ཁེག་ཡོད་པ་མ་རེད། ཆོས་རྒྱུད་ཁག་གི་སྤྱི་མཐུས་ཕལ་ཆེ་བ་གྲྭ་པ་གྲྭ་རྐྱང་ཡིན་པས་ནང་མི་བུ་ཕྲུག་གསོ་དགོས་མེད་ཙང་སྤྱི་རྒྱུ་ལ་བརྣག་སེམས་ཤོར་གྱི་ཡོད་པ་མ་རེད། བྱས་ཙང་རྒྱུ་འབྲས་རྩ་བའི་རྩེ་ལ་བཞག་ནས་ལས་ཀྱིན་པ་རེད། འོན་ཀྱང་སྤྱི་རྒྱུ་སྒེར་བདག་དང་ལྐོགས་ཟ་རུལ་སྲུངས་ཀྱི་ཨབ་ཕྲུག་དང་བཅས་པས་དགག་པ་མ་བརྒྱབ་ན་ཁོ་ཚོའི་ལྟོ་འཕོར་ཆག་རྒྱུའི་ཉེན་ཁ་དེ་མཐོང་བ་རེད་བློ་མཐུན་ལགས། ཧ་ཧ།
དུས་བབས་ནང་གཟིགས་དང་དྲ་དམག་བརྒྱག་བཞིན་པའི་སྒང་རེད།
ཚོགས་གཙོས་མི་གསོད་ལག་དམར་ཞེས་པ་དེ་ཁོང་ལ་ཟེར་གྱི་ཡོད་པའི་རྒྱུ་མཚན་གསལ་པོ་གསུངས་སོང་། འོན་ཀྱང་རྣ་ཡ་འོན་ཁ་དང་མིག་ཡ་ཞར་ཁ་བྱེད་ནས་ཚོགས་གཙོས་མི་གསོད་ལག་དམར་ཟེར་བ་དེ་ང་ལ་ཟེར་གྱི་ཡོད་པ་རེད་ཅེས་ངོས་ལེན་བྱེད་པ་ལྟར་གྲོས་ར་ནས་ཕྱིར་ཐོན་སོང་ཞེས་ཉེས་འཛུག་བྱེད་སྟངས་འདིས་སྟེང་ནས་དྲང་བདེན་བཤད་ཀྱི་མེད་པ་གསལ་པོ་སྟན་འདུག ཚོགས་གཙོས་མི་བསད་པ་རེད་ཟེར་བའི་སྐད་ཆ་འདི་དེ་རིང་གསར་དུ་བྱུང་བ་ཞིག་མ་རེད། དེའི་སྔོན་ནས་གྲོས་ཚོགས་རྭ་བ་ནང་ལ་བྱུང་ཟིན་པ་ཞིག་རེད་ལ། བསྟན་པ་ཡར་འཕེལ་ཡང་སྤྱི་འཐུས་ནང་ལ་སླེབས་ནས་ལོ་མང་པོ་འགྲོ་ཟིན་པ་རེད། གལ་ཏེ་ཚོགས་གཙོས་མི་བསད་ཡོད་པའི་བདེན་སྤང་ཡོད་ན་ཅིའི་ཕྱིར་ད་བར་དུ་མ་བཤད་པ་རེད། ཅིའི་ཕྱིར་རང་ཉིད་སྤྱི་འཐུས་ཤིག་ཡིན་པའི་འགན་མ་ཁུར་བ་རེད། སྤྱི་རྒྱུ་སྒེར་བདག་ཟེར་བ་དེ་ཟླ་བ་ཚེ་རིང་ལ་ཟེར་གྱི་ཡོད་པ་གསལ་པོ་རེད། སྐད་ཆ་འདི་ལོ་མང་པོའི་སྔོན་ནས་ཡོད་པའི་སྐད་ཆ་ཞིག་རེད། གལ་ཏེ་འདི་ལ་བདེན་སྤང་ཞིག་སྟོན་རྒྱུ་ཡོད་ན་ཅིའི་ཕྱིར་ད་བར་དུ་ཟླ་བ་ཚེ་རིང་ཁྲིམས་ཁང་ལ་མ་བསྐྱལ་བ་རེད། གྲོས་ཚོགས་ནང་ལ་སྐད་ཆ་རྙིང་པ་འདི་དག་བསྐྱར་བཤད་བྱེད་ནས་ག་རེ་ཕན་ཐོག་ཡོད་རེད། ལྐོག་ཟ་ཟེར་བ་འདི་སྒྲོན་དཀར་ལྷ་མོས་བུད་མེད་ཚོགས་པའི་དངུལ་ཟས་པ་དེ་ལ་ཟེར་གྱི་ཡོད་ཅེས་བཤད་འདུག གནས་ཚུལ་འདི་རྟ་རྒྱུག་ཟིན་ཐལ་འཚུབ་ཡལ་ཟིན་པ་རེད། སྒྲོན་དཀར་ལྷ་མོ་སྤྱི་འཐུས་ནས་དགོངས་པ་ཞུས་ཟིན་པ་རེད། དེ་ཡང་བསྐྱར་རྙོག་མ་བསྐྱར་ལྷང་བྱེད་ནས་བོད་པའི་སྤྱི་ཚོགས་འདི་དཀྲུག་བསམ་པ་ཡིན་ན་ལས་གཞན་པའི་དགོས་པ་དགེ་མཚན་ཅི་ཡང་མེད་པ་རེེད།
བཤད་ལ་དགའ་ཚོས་ཁྲིམས་མེད་ལུགས་མེད་ཀྱི་སྐད་ཆ་ཤོད་ཅིག
ཅིག་སྒྲིལ་མེད་པ་བཟོ་མཁན་ནི་དོན་དག་མེད་པའི་རྙོག་མ་བསྐྱར་སློང་བྱེད་མཁན་དེ་ཚོ་རེད། འདི་ཚོས་ནམ་ཡིན་རུང་སྒེར་མཁོན་སྤྱི་ཐོག་ལ་ཁྱེར་ཡོང་ནས་སྤྱི་པའི་ལས་དོན་སྒྲུབ་ས་གྲོས་ཚོགས་འདི་དཀྲུག་ཅི་ཐུབ་བྱེད་བཞིན་ཡོད། དཔེར་ན་ལོ་ཤས་སྔོན་གྱི་གྲོས་ཚོགས་ནང་གི་རྩོད་རྙོག་དེ་ཡང་ལུང་ཚན་འཐེན་ཁྱེར་དང་སྒེར་མཁོན་རྩོད་ནས་བྱུང་བ་རེད། དེའི་སྐབས་སུ་རྙོག་འདྲ་སློངས་མཁན་དང་གྲོས་ཚོགས་ནས་ཐོན་འགྲོ་མཁན་ཡང་ད་ལྟའི་བསྟན་པ་ཡར་འཕེལ་གྱི་ཕྱོགས་གཏོག་དེ་ཚོ་རེད།
ཅོ་རི་ཁྱོད་ཉོག་ལ་དེ་འདྲའི་དགའ་བ་ལ། ཁ་སང་གི་ཁྱོད་མཆན་གཟའ་རོ་དེ་ཚོ་ཁྱོད་རང་ཉིད་ཀྱིས་ཅིག་ཀློགས། ཁྱོད་ལ་ཁ་སང་གི་དོན་དག་འདི་གླེང་འོས་པའི་རྒྱུན་ཤེས་ཙམ་ཡང་མི་འདུག་གཱ ད་དུང་ཆེ་མདོག་སྤོམ་མདོག་བཤད་རྒྱུར་བྲེལ་འཚུབ་འཚུབ། གང་ལྟར་ངས་བཤད་ན་འདོད་པ་དེ་ཆེས་བཀུར་བར་འོས་པའི་ཚོགས་གཙོ་ཁ་སང་གྲོས་ཚོགས་ཐོན་པ་དེ་འགྲིག་པ་རེད། དེ་རིང་ཚུར་ཕེབས་ནས་གཟི་བརྗིད་ངང་གྲོས་ཚོགས་ཀྱི་སྣེ་ཁྲིད་ཀྱིན་པ་དེ་ལས་ཀྱང་འགྲིག་པ་རེད། འདི་ལ་རྣམ་དཔྱོད་ཟེར་གི་རེད། འདི་ལ་སྤྱི་ཚོགས་ཀྱི་སྣེ་ཁྲིད་ཟེར་གི་རེད། འདི་ལ་མེ་སྟག་ཕུ་ཐུང་ནས་བསད་ཟེར་གི་རེད། འདི་ལ་ཕོ་རབས་ཤིག་གི་ཁོག་རྒྱ་ཟེར་གི་རེད། ཁ་ཤས་ཤིག་གི་འདོད་ཐོག་ལ་རྟ་རྒྱུགས་ཡོད་པ་མ་རེད་དེ་ཅི་བྱ།
ཆོས་རྒྱུད་ཁ་ལ་ཁྱེར་ན་འདྲ། ཆོལ་ཁ་ཁ་ལ་ཁྱེར་ན་འདྲ། སྙིང་རྗེ། ཨམ་ཕྲུག་ཞིག་ལ། གང་བྱེད་འདི་བྱེད་མེད་པ་ཞིག་བཟོ་བཞིན་ཡོད་པ་འདྲ། བདེན་ཡིག་ན་གཅིག་སྟོན་རྒྱུ་མི་འདུག། བདེན་དཔང་ཁབ་ཅིག་སྟོན་རྒྱུ་མེད་པར། སྨྱོན་པའི་ཁ་ལ་ཧམ་པ་བསྣན་ནས། མི་གསོད་ཀྱི་ལག་དམར་ཡིན་རབས་བཤད་ན། འདི་ནི་ཚད་ལས་འདས་བའི་ཚོགས་ར་དཀྲུག་སྤྱད་རེད་ཐལ།
ལོང་གཏམ་རླུང་འཁུར་མ་ཞིག་བཤད་པས། བོད་བསྟན་པ་ཆབ་སྲིད་ལ་ཕན་ཐོག་པའི་སྐད་ཆ་ཞིག་བཤད་འདུག་འདོད་ན། འདི་ནི། བོད་མི་མང་གི་ལ་རྒྱ་ཞིག་ཕར་བཞག། མཐའ་ན་ཆོལ་ཁ་ཞིག་གི་ཚད་ལྡན་ལ་རྒྱ་ཞིག་ཡང་འཛིན་ཐུབ་མི་འདུག།
མི་ལོ་འདི་དག་གི་རིང་ལ། ཨམ་ཕྲུག་ཚོ། ཕྱི་ཕྱོགས་ལ་གཅིག་རྗེས་གཉིས་ཀྱིས་སྤོས་ནས་འགྲོ་དགོས་ཐུག་པ་ཡང་འདི་འདྲ་འདི་འདྲ་མ་འགྲིག་པ་ལོས་ཡིན།
ཚོགས་གཙོས་མི་བསད་པའི་ལབ་གླེང་དེ་གསར་དུ་མིན་པར་སྔོན་མ་ནས་ཡོད་ན་དེ་བས་གླེང་དགོས་པ་དེ་གལ་ཆེན་དོན་ཆེན་རེད་ལ་གྲོས་ཚོགས་ནང་གླེང་མི་ཆོག་པའི་རྒྱུ་མཚན་ཞིག་ཨེ་ཡོད། དཔེར་ན་ནུབ་ཕྱོགས་དམངས་གཙོའི་ཁྲིམས་ལུགས་ལྟར་ན་གཞུང་འཛིན་མི་སྣ་དང་གནད་ཡོད་མི་སྣ་ཞིག་ཡིན་ཕྱིན་མི་དེའི་རྒྱབ་ལྗོངས་དང་གླེང་རྙོག་ཡོད་མེད་བརྩད་གཅོད་བྱེད་རྒྱུ་དེ་དམངས་གཙོའི་འགྲོ་སྟངས་རེད་ལ། དཔེར་མཚོན་གཞན་ཞིག་བཤད་ན་ལོ་མང་པོའི་གོང་གི་སྲིད་དབང་སྒེར་འཛིན་འོག་མི་གསོད་ཁྲག་སྦྱོར་བྱས་པ་ཞིག་ད་ཆ་དམངས་གཙོའི་སྤྱི་ཚོགས་ནང་འཚོ་བསྡད་ཡོད་ན་ལོར་རྒན་བརྒྱད་བཅུ་ལོན་པའི་རྒས་པོ་ཡིན་ན་ཡང་ཁྲིམས་ལུགས་ལ་སྦྱར་བའི་ལམ་ལུགས་ཡོད་པ་རེད། དེས་ན་བཙན་བྱོལ་སྒྲིག་འཛུགས་ཀྱི་རྐུབ་སྟེགས་གལ་ཆེན་ཞིག་གི་སྟེང་དུ་བསྡད་མཁན་ཞིག་དེ་ལྟའི་གླེང་རྙོག་ཡོད་ན་ཉེན་ཁའི་རང་བཞིན་རེད། བྱས་ཙང་གྲོས་ཚོགས་འདི་ཁྲིམས་བཟོ་ལྷན་ཁང་ཡིན་ཙང་ཞིབས་འཇུག་ཚོགས་ཆུང་བཙུགས་ནས་ཆེད་ལས་མི་སྣ་གདན་གཞུས་ཀྱིས་ངེས་པར་དུ་ཞིབས་འཇུག་བྱེད་དགོས་པ་རེད། ལར་ནས་གླེང་རྙོག་འདི་སྔར་ནས་གྲོས་ཚོགས་སུ་སླེབས་ནས་བཀའ་བློན་འོས་བསྡུ་ལ་འགྲོ་མི་ཐུབ་པའི་གནས་སྟངས་ཆགས་ཡོད་ན་སྐབས་དེ་དུས་ཐག་གཅོད་གང་ཡང་མ་བྱས་པར་རེད། ཡང་ན་བྱེད་མི་ཐུབ་པ་རེད་ཡང་ན། བྱེད་མི་ནུས་པ་རེད། ཡང་ན་གླེང་སློང་བྱེད་མཁན་ཉུང་དྲག་པ་རེད། གནས་དོན་འདི་ཚོ་མི་དམངས་མགོ་རྨོངས་བྱེད་མིན་ན་ཅི་རེད། འདིའི་འགན་དེ་གྲོས་ཚོགས་རང་ལ་ཡོད་པ་རེད། གླེང་གཞི་གླེང་ཡུལ་གླེང་མཁན་ཚང་མ་གྲོས་རྭའི་ནང་དུ་ཡོད་པ་རེད། དེ་དེ་བཞིན་སྤྱི་རྒྱུ་སྒེར་བདག་ཅན་སྤྱི་མཐུས་ཟླ་བ་ཚེ་རིང་སྤྱི་རྒྱུ་སྒེར་བདག་བྱས་ཡོད་པ་སྔར་ནས་ཤེས་བཞིན་དུ་གྲོས་རྭའི་ནང་ཡུན་རིང་བསྡད་པ་རེད། འོན་ཀྱང་ཚང་མས་མི་སྨྲའི་རྟུལ་ཞུགས་འཛིན་ནས་རྒྱུན་རིང་བསྡད་པ་རེད། དེ་ནས་ཁྲིམས་ཐོག་བསྐྱལ་ནས་རྒྱུན་རིང་ཕྱིན་ཡང་འདི་ཡིན་འདི་མིན་གྱི་ཐག་གཅོད་དང་གསལ་ཁ་མེད་པར་དེ་མུར་འཇོག་དགོས་པའི་རྒྱུ་མཚན་ཅི་རེད། བྱས་ཙང་སྤྱི་མཐུས་འབའ་པ་སྐལ་རྒྱལ་གྱིས་དེའི་སྐོར་གླེང་སློང་ཤུགས་ཆེ་བྱས་མ་སོང་ངམ། ད་དུང་དེ་གཅིག་པུ་མ་རེད་ལྐོག་ཟ་རུལ་སྲུང་ཀརྟི་སྒྲོལ་དཀར་གཅིག་པུ་ཡིན་རྒྱུ་མ་རེད། ཆེད་ལས་མཁས་པའི་ཞིབས་འཇུག་ཞིག་བཙུགས་ཐུབ་པ་ཡིན་ན་བཙན་བྱོལ་སྤྱི་ཚོགས་མཐོ་དམན་བར་གསུམ་ཚང་མ་ནས་ག་ལེར་ཐང་ལ་འབུད་ཡོང་རྒྱུ་གཏན་འཁེལ་རེད། དེ་དེ་བཞིན་ཟམ་གདོང་ཁྲི་ཟུར་བཀའ་ཤག་སྐབས་ཞབས་ཡ་གཅིག་ཨ་སྒོར་ནང་འཚུད་མེད་དམ་ཞེས་པའི་གླེང་སློངས་འདི་ཡང་གནས་དོན་འདིར་འཐུག་ཡོད་པ་རེད། མ་གཞི་བྱས་ན་ཟམ་གདོང་བླ་མས་བཙན་བྱོལ་སྲིད་གཞུང་གཙང་བཟོ་ལན་གཅིག་བྱས་ཁུལ་ཡིན་ཡང་གནས་དོན་འདི་ཚོར་ལག་པ་འཆངས་མེད་པ་རེདལ། གླེང་སློང་འདི་རིགས་གྲོས་ཚོགས་ནང་སླེབས་མ་ཐག་གྲོས་རྭ་ནས་ཕྱིར་བུད་ནས་འཇམ་ཅག་གེར་བཞག་པ་རེད། ད་དོན་དངོས་བཙན་བྱོལ་སྒྲིག་འཛུག་འདི་འཐབ་རྩོད་ཀྱི་འབྲས་བུ་མ་སྨིན་བར་དུ་ཡུང་རིང་གནས་དགོས་ན་ནང་རུལ་གཙང་བཟོའི་ཆེད་ལས་མཁས་པའི་ཞིབ་འཇུག་ཚོགས་ཆུང་ཞིག་ངེས་པར་དགོས་པ་རེད། དེ་བྱུང་ན་མ་འོངས་པར་ཡང་རང་བཙན་རང་སྐྱོང་གནས་བབས་གང་འདྲ་བྱུང་ཡང་དགོས་མཁོ་ཧ་ཅང་ཆེ་བར་འདོད།
ཚོགས་གཙོས་མི་བསད་པར་བཤད་ནས་རྒྱང་ཕུད་གཏོང་རྩིས་བྱས། དེ་ནས་སྲིད་སྐྱོང་ལ་ཡང་བསྙད་ཅི་ཞིག་འདོགས་རྒྱུ་ཡིན། དེ་ནས་ད་དུང་་་་་་་་་
དེ་རྗེས་་་་་་་་་་བོད་གཞུང་འདི་ཆོས་རྒྱུད་ཅིག་གི་ལག་བཟུང་ཚེ། རི་བོ་དགའ་ལྡན་པ་ས་སྟེང་ན་མེད་པ་ཅིག་བཟོ་རྒྱུ་ཡིན་ནམ། ཧ་་་་་་་་་་ཧ་་་་་་་་་་་དཔེ་མི་སྲིད་པ་་་་་་་་་་་་་་དེ་ནས་ཁྱེད་ཚོ་བློ་བདེ་བར་ཡོང་རྒྱུ་དེ་ཨེ་རེད། ཨ་འཁོར་རེ་་་་་་་་་་་་་། སྔོན་མ་འཇུ་ཆེན་ར་བཟི་སྐབས་ངས་སྡེ་བ་གཙང་པས་སྙིང་གནད་རྩོད་རྒྱུ་ཡིན་ཞེས་བཤད་ཡོད་པ་མ་རེད། ཟམ་གདོང་རིན་པོ་ཆེར་ཁྱེད་ཚོས་དཀའ་ངལ་ཅི་ཙམ་ཞིག་བཟོས་སོང་། ་ཧཧཧཧཧ
ཚོགས་གཙོ་རིན་པོ་ཆེ་གྲོས་ཚོགས་སུ་ཡང་སྐྱར་ཕེབས་རྒྱུ་སྔ་དྲག་མ་སོང་ངམ། ནག་ཐིག་དེ་མ་དཀྲུས་པར་གྲོས་ཚོགས་སུ་ཕེབས་ན་མི་དམངས་ལ་འགྲེལ་བཤད་ཇི་ལྟར་བརྒྱག་དགོས་སམ། སེམས་ཤུགས་རེད་ཟེར་དགོས་པ་རེད་དམ། ཁོག་རྒྱ་རེད་ཟེར་དགོས་སམ་ཡང་ན། བཙན་བྱོལ་གྲོས་རྭ་བློས་གཏོང་མི་ཐུབ་པ་རེད་ཟེར་དགོས་པ་རེད། ང་ནི་མགོ་བོ་རྦད་དེས་འཐོམས་སོང་། དོན་དངོས་བྱས་ན་ནག་ཉེས་གཙང་བཟོ་བྱས་ནས་ཕེབས་ན་རྒྱབ་སྐྱོར་ཡོད། ཡང་ཅིག་མིན་ན་དང་པོ་ནས་གྲོས་རྭ་ནས་ཕྱིར་ཐོན་རྒྱུ་ཡོད་པ་མ་རེད། ད་ཆབ་སྲིད་ཀྱི་གཏམ་བརྗོད་འཁྲབ་ཀྱིན་ཡོད་ན་ནི་དགོད་སྤྱད་རེད། རྒྱ་གུང་ཁྲན་ལ་ངོ་ཚ་དགོས་པ་མ་རེད། བཙན་བྱོལ་སྦར་མོ་གང་ལས་མེད་ན་ཡང་དམངས་གཙོ་དང་སྨྲ་བརྗོད་རང་དབང་ཚད་མཐོ་བར་ལག་བསྟར་དོན་འཁྱོལ་བྱེད་ཀྱིན་ཡོད་ལ། ད་དུང་ཡར་རྒྱས་འགྲོ་བཞིན་པའི་སྒང་ཡིན། ཁྱོད་ཚོ་ཀྲུང་གོ་ཀྲུང་དབྱང་མི་དམངས་མཐུས་མི་ཚོགས་ཆེན་ཚོགས་པ་ལྟ་བུ། གནམ་ས་བླ་འོག་གི་འགྱུར་ལྡོག་དང་འཕུར་མཆོངས་ལྟ་བུའི་འགྱུར་ལྡོག། གུང་ཁྲན་ཏང་གི་བཀའ་དྲིན་འོག་དྲོ་སྐྱིད་ཉི་མ་ཤར་ཡོད་རབས་ཀྱིས་ཏང་ལ་བསྟོད་གླུ་དང་དགའ་སྤྲོའི་ཐལ་མོ་བརྡབ་ནས་བདེ་བླགས་ངང་མཇུག་སྒྲིལ་བའི་ལོ་རྒྱུས་ལས། ནང་རུལ་གྱི་རྙོག་གླེང་སྣང་གཅིག་གླེང་སའི་སྡིང་ཆ་མེད་པ་ལྟ་་བུ་མ་རེད་ཞེས་མགོ་བོ་གཟེངས་སུ་སྟེགས་ཏེས་སྐད་གསེངས་འཐོན་པོས་བཤད་ཆོག་གི་རེད།
ཡང་འདི་ན་དགེ་ལུགས་པའི་བླར་རྒན་གཅིག་སྐད་ཅོར་བརྒྱག་གིན་ཡོད་པ་འདྲ། ཆོས་ཁ་ཆོས་ལུགས་གཅིག་གཅིག་མུག་མུག་ཟེར་མཁན་ཚོས་ལན་རྒྱོབས།
སྲིད་སྐྱོང་རྒྱང་ཕུད་གཏོང་བྱེད་དེ་རང་བཙན་དོར་ཏེ་རང་སྲིད་རང་སྐྱོང་རྩོད་ཀྱི་འདུག་ཅེས་བསྙད་འདོགས་རྒྱུ་ཡིན་པའི་ཚུགས་ཀ་དེ་མངོན་ཡོང་གི་འདུག རྒྱ་མི་ལ་མགོ་སྒུར་མཁན་སོགས་བརྗོད་ཚིག་རྣམས་ཀྱང་འདི་ཚོས་གྲ་སྒྲིག་བྱས་ཡོད་པ་འདྲ། མདོར་ན་འདི་ཚོ་ལ་དགོས་རྒྱུ་དེ་རྒྱལ་ཁབ་དང་། མི་རིགས་ཀྱི་བདེ་རྩ་མིན་པར་ཆོས་རྒྱུད་ཅིག་གི་ནད་རྙིང་ལ་རྒྱལ་ཁ་ཐོབ་རྒྱུ་དེ་ཁོ་ན་རེད།
ཡང་འདི་ན་རྙོག་མ་གཅིག་བཤད་ལོང་མེད་པར་རྙོག་མ་གསར་པ་ཞིག་འགོ་འཛུགས་ཀྱིན་པ་འདྲ། འདི་ན་བཟང་བཤད་ངན་བཤད་བྱེད་མཁན་ཚང་མས་སྲིད་སྐྱོང་སྐོར་ཚིག་གཅིག་ཀྱང་བཤད་ཀྱིན་མི་འདུག། འོན་ཀྱང་དགེ་ལུགས་བླར་རྒན་ཁོས་ཁ་བོ་ཆེ་གདངས་ནས་སྲིད་སྐྱོང་སྲིད་སྐྱོངཞེས་བོས་ནས་རང་དབུ་གཉིས་ཀྱི་ནད་རྙིང་བརྩད་ཀྱིན་པ་འདྲ། འོ་ན་ཁྱོད་ལ་བོད་མི་རིགས་ཀྱི་བདེ་རྩའི་དོན་དུ་བཤད་རྒྱུ་ཅི་ཞིག་ཡོད་ཉན་འདོད་ཡོད། བོད་མི་རིགས་འདིའི་རྩ་དོན་འཐབ་རྩོད་དེ་ནི་མུག་ཤི་ཐེབས་གྲབས་རེད། མི་རིགས་ཀྱི་བདེ་སྡུག་ནི་ཛ་དྲག་ཇེ་ཆེ་རེད། ཏང་གི་སྲིད་ཇུས་ནི་ཇེ་ཞན་ཇེ་སྡུག་དང་མཁྲེགས་འཛིན་སྲིད་ཇུས་སྔར་ལྷག་་ཇེ་ཆེ་རེད། འོ་ན་ད་ཁྱོད་ལ་མི་རིགས་ཀྱི་བདེ་རྩ་དམིགས་བསལ་བ་ཞིག་བཤད་རྒྱུ་ཨེ་ཡོད།
ཧ་་་་་་་ཧ་་་་་་བླ་རྒན་དངོས་ནས་ཁྱེད་ཡིན་པ་འདྲ། སྐད་ཆ་མགོ་རྔ་མེད་པ། ཚིག་ལ་ནང་དོན་མེད་པ། བླུན་རྒན། ཁྱེད་ཀྱིས་ཅི་ཡང་ཤེས་ཀྱི་མི་འདུག ཁྱེད་འདྲ་བོ་ཀླད་རྨོངས་པ་དེ་ཚོ། ཆོས་རྒྱུད་ཀྱི་ནད་རྙིང་ཡོད་པའི་སྲིད་དོན་པ་ཚོས་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། མགོ་མ་རྨོངས་བ་གྱིས། ཁྱེད་ཀྱང་བོད་རིགས་ཤིག་ཡིན་ཙང་མགོ་རྨོངས་འདུག་ཟེར་ནས་སྙིང་རྗེ་ཡི་འདུག
ཁ་བརྡ་ཚང་འདི་འདྲའི་བློ་རྒྱ་ཡངས་པ་ལ་ཨང་། མཆན་རིགས་གཅིག་ལ་སྟངས་འཛིན་བྱ་ན་རེད། ཅོ་རི་ཉི་མ་ཟེར་བ་དེ་རང་ཚུགས་ཤིག་གཏན་ནས་མེད་པ་འདྲ། མཆན་ནམ་འདེབས་ལ་ལྟ་ལོག་རྐྱང་རྐྱང་རེད། བདག་གིས་བལྟས་ན། མྱི་དེ་ཅན་པོའི་རྒྱབ་ན་ཁ་ལོ་བ་ཞིག་ཡོད་ཐག་ཆོད་འདུག དེ་མིན་བསམ་ཤེས། དྲིན་དུད་འགྲོར་འགྲོགས་ན་མཆིས་ཀྱང་དེ་ཚོར་མེད་པ་ཅི་ཡིན།
གྲོས་ཚོགས་ནང་ལ་གླེང་ཆོག་མི་ཆོག་གི་རྒྱུ་མཚན་མ་རེད། བཙན་བྱོལ་སྒྲིག་འཛུགས་ལ་ཁྲིམས་ཀྱིས་གནོན་ཐུབ་པའི་ནུས་པ་མེད་ཙང་། མཐོ་གྲོས་ཚོགས་ཀྱི་ཚོགས་མི་ནས་དམའ་དྲ་ནང་གི་དྲ་འབུ་ཡན་གྱིས་འགོ་གོང་ས་མཆོག་ནས་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོའི་བར་གནད་ཡོད་ཐམས་ཅད་ལ་ཁུང་ལུང་ཏིལ་འབྲུ་ཙམ་མེད་པའི་སྐྱོན་བརྗོད་སྣ་ཚོགས་བྱེད་གང་བྱུང་བྱེད་ཕོད་པ་འདི་ཡོད་གི་ཡོད་པ་རེད། གཞན་རྒྱ་ནག་ལྟ་བུའི་བཙན་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་གཞུང་ཞིག་གི་འོག་ལ་ཡོད་ན་ཁ་བདེ་བདེ་བྱེད་མཁན་ཚོས་ཚིག་གཅིག་བཤད་མི་ཕོད་པ་ས་རིས་ཐང་གསལ་རེད། འོན་ཀྱང་ཚོགས་གཙོ་ལ་ཉེས་འཛུག་འདི་ལོ་མང་གི་གོང་ཁོང་ཚོགས་གཙོ་མིན་པའི་དུས་ནས་བྱུང་ཡང་ད་བར་དུ་ཁྲིམས་ཀྱི་བརྡ་དེད་གང་ཡང་མ་བྱུང་བས་མ་ཚད་ཚོགས་གཙོའི་གོ་གནས་སུ་གནས་འཕར་བྱུང་བ་འདིས། ཚོགས་གཙོ་ལ་མི་གསད་ཀྱི་ཉེས་པ་བཙུག་པ་དེ་གཞི་མེད་ཡིན་པ་གསལ་པོ་ཆགས་སོང་བ་རེད། དེ་མིན་དམངས་གཙོའི་སྤྱི་ཚོགས་ནང་ལ་དབུ་ཁྲིད་སུ་ཡིན་ཡང་མི་མང་དང་གྲོས་ཚོགས་འཐུས་མིའི་འོས་བསྡུས་ལམ་ནས་ཡོང་དགོས་པས། མི་གསོད་ཀྱི་དོག་གཞི་ཅན་ཞིག་སྤྱི་འཐུས་ཚོགས་གཙོ་ལ་སླེབས་མི་སྲིད་པ་རེད། འོས་ཤོག་བླུག་མཁན་སྤྱི་འཐུས་ཚང་མས་ཚོགས་གཙོའི་ཉེས་པ་འགེབ་ཐབས་བྱས་པ་རེད་ཟེར་ན་བསམ་ཤེས་མཁན་གྱི་མི་སུ་གང་གི་རྣ་ལ་འགྲོ་མི་སྲིད་པ་རེད།
གཉིས་ནས་ཟླ་བ་ཚེ་རིང་ལ་སྤྱི་རྒྱུ་སྒེར་བདག་གི་ཉེས་པ་ཡོད་པ་དངོས་ཡོད་ཡིན་ཅིང་དཔང་རྟགས་ཡོད་ན། ཁྱེད་ཚོ་ཟླ་ཚེ་མི་དགའ་བ་ནི་དངོས་ཡོད་གནས་ཚུལ་རེད། ཁྱོད་ཚོས་ཟླ་ཚེ་ཅིའི་ཕྱིར་ཁྲིམས་ཁང་ལ་མ་བཏུག་པ་ཡིན། ཁྱོད་ཚོ་ལ་ཟླ་ཚེའི་ཁ་གཏད་གཅོག་པའི་ནུས་པ་མེད་པ་རེད་དམ། ཡང་ན་ཟླ་ཚེ་ལ་སྙིང་རྗེ་ལྟ་ཡི་ཡོད་པ་རེད། ཡང་ན་ཁྱོད་ཚོ་ལ་དཔང་རྟགས་མེད་སོང་བ་རེད། གྲོས་ཚོགས་འཐུས་མིའི་ཉེས་པ་བསགས་ན་དེ་ཁྲིམས་ལ་སྐྱེལ་རྒྱུ་དེ་མི་མང་ཚང་མའི་འགན་ཡིན་པ་ལས་སྲིད་གཞུང་གཅིག་པུ་དང་དབུ་ཁྲིད་ཚོ་གཅིག་པུའི་འགན་མ་རེད། ཁྱོད་ཚོས་སྐྲག་མི་དགོས་ས་ལ་མིང་རྫུན་འོག་ནས་འུར་རྒྱག་སྟེ་སྤྱི་ཚོགས་དཀྲུག་རྒྱུ་ལས་ཅི་ཡང་འཇོན་གྱི་མེད་པ། བུ་ཡིན་ན་ཟླ་ཚེ་ཁྲིམས་ཐོག་ལ་སྐྱོལ་ཤོགས་དང་དེ་དུས་ངས་ལག་གཉིས་ཐལ་མོ་རྡབ་སྟེ་དགའ་བསུ་ཞུ་ངེས་ཡིན།
ཅོ་རི་ཆགས་སྡང་གི་དྲི་མ་ཐུལ་ཡོང་གི་འདུག་ག
གསུམ་ནས་སྒྲོལ་དཀར་ལྷ་མོ་མ་ཡིན་པའི་ལྐོགས་ཟ་རུང་སུང་མཁན་སུ་ཡོད་པ་རེད། རེ་རེ་བཞིན་དུ་སྟོན་ཤོགས་དང་ཕ་བཟང་གི་བུ་ཡིན། དེ་མིན་ཞིབ་འཇུག་བྱས་ན་ཡོད་རྒྱུ་རེད་ཅེས་པའི་ཚོད་དཔག་གི་སྐད་ཆ་ལ་སྤྱི་ཚོགས་དཀྲུག་པའི་ནུས་པ་ལས་རུང་སུང་རྩ་མེད་གཏོང་ནུས་པ་ཅི་ཡང་མེད་པ་གསལ་པོ་གསལ་རྐྱང་རེད། སྔོན་མ་ཟམ་གདོང་བླ་མ་ལ་གཅིག་ལབ་མྱོང་རེད་ཞེས་པ་དེ་རུལ་སུང་ཡོད་པའི་དཔང་རྟགས་རེད་ཟེར་བ་ཡིན་ན་གད་མོ་ཤོར་བའི་སྐད་ཆ་རེད། ཟམ་གདོང་བླ་མའི་དུས་སུ་ཨུ་རྒྱན་སྟོབས་རྒྱལ་དང་བསོད་ནམས་སྟོབས་རྒྱལ་གཡུང་དྲུང་རྒྱ་མཚན་ཟེར་བ་སོགས་སྨྱོན་པ་ལྟ་བུའི་སྤྱི་འཐུས་ཁ་ཤས་ཡོད་པས་དེ་ཚོའི་ཁ་ནས་མི་ཐོན་པ་སྣ་གཅིག་མེད་པ་རེད། ཁོ་ཚོ་ལ་བོད་མི་མང་གིས་ཡིད་ཆེས་མ་བྱས་ནས་སྤྱི་འཐུས་གྲོས་ཚོགས་ཀྱི་རྐུབ་སྟེགས་ནས་ཟག་སོང་བ་རེད། སྔོན་མ་བསོད་ནམས་སྟོབས་རྒྱལ་ཟེར་བ་དེས་ཟམ་གདོང་བླ་མ་ལ་ལས་ཀ་བྱེད་སྟངས་གཅིག་འགྲིག་མི་འདུག་གཉིས་འགྲིག་མི་འདུག་ཅེས་སྐྱོན་བརྗོད་མང་དག་ཅིག་བྱས་པར། ཟམ་གདོང་བླ་མས་ངས་བྱས་པ་དེ་དག་འགྲིག་མེད་ན་ཁྱོད་རང་ལ་འཆར་གཞི་ཅི་ཞིག་ཡོད་ཅེས་དྲིས་དུས་ང་ལ་འཆར་གཞི་ཅི་ཡང་མེད་ཅེས་ལབ་པ་རེད། འདིས་སྟེངས་ནས་མཐོང་ཐུབ་པ་ནི་མི་འདི་ཚོའི་གྲལ་དེ་ཁ་ཕར་སྐོར་ནས་མི་ལ་གཅིག་མ་འགྲིས་གཉིས་མ་འཐུས་ཟེར་ཤེས་པ་ཙམ་ལས་རང་ཉིད་ཀྱིས་སྤྱི་པའི་ལས་དོན་ཐོག་ལ་འགན་གང་ཡང་ཁུར་གྱི་མེད་པ་དང་བསམ་བློ་གང་ཡང་གཏོང་གི་མེད་པ་དེ་རེད།
ལུང་རྟོགས་ཀྱིས་མཆན་༨༧ ནང་དོན་བཙན་བྱོལ་སྤྱི་ཚོགས་ལ་དམངས་གཙོ་ཚད་མཐོ་དྲག་འདུག། གཞུང་དང་གཞུང་འཛིན་མི་སྣར་སྐྱོན་བརྗོད་བྱས་ཆོག་གི་མ་རེད། གུང་ཁྲན་ཏང་ནང་བཞིན་ཁ་བདེ་ལྕེ་བདེ་སུ་ཡིན་ཡང་འཇམ་ཅག་གེར་བསྡད་དགོས་པ་རེད་ཟེར་གྱིན་ཡོད་པ་འདྲ། ཨེ་རེད། དེ་དང་ཆབས་ཅིག་དྲི་བ་ཞིག་ཡོད་ཚོགས་གཙོར་ཉེས་འཛུགས་དེ་ཁྲིམས་ཐོག་ནས་དོ་དག་གཉིས་པོས་དག་སྐྱེལ་མ་བྱས་པར་ཁྱོད་ཀྱིས་གཞི་མེད་ཡིན་པ་ཇི་ལྟར་ཤེས་སོང་ངམ། ད་དུང་སྤྱི་མཐུས་གྲོས་ཚོགས་ཀྱིས་མཐུས་མི་ཚོས་ཚོགས་གཙོར་འདམས་པའི་རྒྱུ་མཚན་དུ་བཀོད་ནས་ཉེས་དོན་བྱུང་མི་སྲིད་རབས་བཤད་པ་ནི། འོ་ན་བཀའ་བློན་འོས་འདེམས་ལ་འགྲོ་མི་ཐུབ་པའི་རྒྱུ་མཚན་ཇི་ལྟར་རེད། དེ་གཅིག་ཡིན།
གཉིས་པ་དེ་སྤྱི་མཐུས་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བསྐོར་དེ་ངའི་རྒྱུ་སྒེར་བདག་བྱས་པ་མ་རེད་སྤྱི་རྒྱུ་སྒེར་བདག་བྱས་པ་རེད། བྱས་ཙང་ང་བོད་མི་དཀྱུས་མ་ཞིག་གི་ཁོངས་སུ་གཏོགས་ཙང་ང་ལ་བསམ་འཆར་བཤད་པའི་ཐོབ་ཐང་ནི་ཡོད་རྒྱུ་རེད་པ། མ་ཟད་གྲོས་ཚོགས་ནང་མང་མང་གླེང་ཟིན་པའི་གནས་དོན་ཞིག་རེད། འདིའི་ལས་འགན་དེ་ཁྲིམས་བཟོ་ལྷན་ཁང་གྲོས་ཚོགས་ལ་ཡོད་པ་རེད་ལ་འཛིན་སྐྱོང་གཞུང་ལ་ཡོད་པ་རེད། འདིའི་བསྐོར་སྤྱི་མཐུས་འབའ་པ་སྐལ་རྒྱན་གྱིས་གསལ་པོ་གླེང་སོང་བས་དེར་ཡག་པོ་བྱས་ཉན་རོགས། འོན་ཀྱང་མངོན་སུམ་ལ་བསྙོན་ནས་ཟླ་ཚེའི་རྒྱབ་ཏུ་ལངས་ནས་གཅིག་བཤད་ཀྱིན་ཡོད་ན་ནི་ཅང་བཤད་རྒྱུ་མེད།
བཙན་བྱོལ་སྒྲིག་འཛུགས་ཀྱི་དམངས་གཙོ་འདི་ལས་ཚད་མཐོ་བ་ཞིག་ཕལ་ཆེར་སུ་ཡང་མེད་ཚོད་རེད། འོན་ཀྱང་དམངས་གཙོ་ཞེས་པ་དེ་གང་དྲན་དྲན་མ་ཡིན་པ་ཁྱོས་ཀྱང་ཤེས་ཚོད་རེད། དམངས་གཙོ་ལ་ཐོབ་ཐང་ལས་འགན་ཁུར་གལ་ཆེ་བའི་བཤད་སྲོལ་ཞིག་ཡོད་པ་གོ་ཨེ་མྱོང་། སློབ་སྦྱོང་མེད་པའི་སྤྱི་ཚོགས་ལ་དམངས་གཙོ་མི་འཚམས་པའི་སྐད་ཆ་ཞིག་ཡོད་པ་ཡང་གནས་ཚུལ་འདི་འདྲ་ལ་རྟེན་ནས་རེད། ངས་སྔར་ནས་བཤད་པ་ལྟར་ཚོགས་གཙོར་ཉེས་འཛུག་དེ་ལོ་མང་སྔོན་ནས་བྱུང་བ་རེད། འོན་ཀྱང་ཁྲིམས་ཐོག་ནས་དག་སྐྱེལ་བྱེད་རྒྱུ་མ་བྱུང་ནས་ཚོགས་གཙོའི་ལས་གནས་ལ་སླེབས་ཡོང་བ་རེད། ཁྲིམས་ཐོག་ནས་དག་སྐྱེལ་བྱེད་རྒྱུ་ཡོད་ན་དེ་དུས་ནས་དག་སྐྱེལ་མ་བྱས་པར་ད་བར་དུ་ཅི་ཞིག་སྒུག་སྡད་པ་རེད། བཀའ་བློན་ལ་སླེབས་མ་ཐུབ་པ་ཡང་སྐྱོན་འཛུག་དེ་བྱུང་ཞིང་སྐྱོན་འཛུག་དེ་ལ་དེ་མ་ཐག་ལེན་འདེབས་མ་ཐུབ་པའི་དབང་གིས་རེད། ལན་འདེབས་མ་ཐུབ་པའི་རྒྱུ་མཚན་ཚོགས་གཙོས་གསལ་པོ་བཤད་འདུག ཁྱོད་རང་བོད་དོན་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ན་རྒྱུད་ལམ་ཁག་ལ་ལྟོས་དང་། གཉིས་ནས་སྤྱི་པའི་འགན་འཁྲི་དེ་བོད་མི་མི་རེ་ངོ་རེ་ལ་ཡོད་པ་ཞིག་རེད། སྤྱི་རྒྱུ་སྒེར་བདག་བྱས་པ་ཤེས་བཞིན་དུ་རྒྱུ་དེ་སྤྱི་པའི་རྒྱུ་ཡིན་པས་ང་ལ་འགན་ཁུར་མེད་བསམ་ན་དང་པོ་ནས་ཁ་བཙུམ་དགོས་པ་རེད། ཁ་བཙུམ་མ་ཐུབ་ན་འགན་ཁུར་ནས་ལས་ཀ་བྱེད་གསལ་པོ་བཟོ་དགོས་པ་རེད། དེ་མིན་དྲ་ཐོག་ལ་ཡོང་ནས་ཟླ་ཚེ་མ་འགྲིག་སྤྱི་འཐུས་མ་འགྲིག་བཀའ་ཤག་མ་འགྲིག་ཅེས་མིང་རྫུན་འོག་ནས་འུར་རྒྱག་སྡད་པས་ཕན་ཐོག་ག་རེ་ཡོད་པ་རེད།
སྤྱི་རྒྱུ་སྒེར་བདག་ལ་གནས་ཚུལ་ཅི་བྱུང་ཚོགས་གཙོས་གསལ་བོར་གྲོས་ཚོགས་ར་བའི་ནང་བཤད་ཟིན། དེ་ལྷག་ཅིག་གསལ་བཤད་མི་དགོས། ཀླད་རྨོངས་ཁ་ཅིག་ཆོས་རྒྱུད་ཀྱི་ནད་རྙིང་ཡོད་པའི་སྲིད་དབང་འཐབ་རྩོད་པ་ཚོས་ཁ་འདྲ་མིན་གཡར་ནས་མགོ་བོ་རྨོངས་སུ་བཅུག་ཡོད། སྔོན་མ་ཐེ་ཝན་བོད་སོག་ལས་ཁུངས་མཉམ་གྲོས་ཆོད་དེ་ཡང་། ཆོས་རྒྱུད་ཀྱི་སྲིད་དབང་འཐབ་རྩོད་པ་དེ་ཚོ་ཁག་ཅིག་གི་ཐབས་ཇུས་འོག མདོ་སྟོད་མི་དམངས་ལ་དབུ་བསྐོར་ཡོད། དེར་བརྟེན་མདོ་སྟོད་ནང་ཁུལ་དུམ་བུ་གཉིས་སུ་ཆགས་བཅུག་པ་རེད། ད་ལྟ་ཡང་འདི་ལྟར་ལས་གཞི་བརྩམས། ཚོགས་གཙོར་ཉེས་བཙུགས་བྱས། རིམ་བཞིན་སྲིད་སྐྱོང་ལ་ཡང་བཤད་ངེས་རེད། སྔ་མོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་ཅི་ཙམ་ཉེས་འཛུགས་བྱས་སོང་། མཐའ་མར་བསོད་ནམས་སྟོབས་རྒྱལ་ར་ལི་ཅན་གྱི་ཁ་ནས་གསང་གཏམ་ཅི་ཞིག་ཤོར་བ་དྲན་གྱི་འདུག་གམ།
ལྐོགས་ཟ་རུལ་སྲུངས་གནས་དོན་དེ་བཙན་བྱོལ་སྤྱི་ཚོགས་ནང་ཟམ་ཆད་མྱོང་མེད་པ་རེད་ལ་འབྱུང་འགྱུར་ལ་ཡང་འབྱུང་མི་སྲིད་པའི་ངེས་པ་གཏན་ནས་མེད་ཙང་ཞིབས་འཇུག་ཚོགས་དགོས་ངེས་ཅན་རེད་ལ་དམངས་གཙོའི་རྒྱལ་ཁབ་ཚང་མར་ཡོད་དང་ཡོད་བཞིན་པ་རེད། གལ་ཏེ་ཆེད་ལས་མཁས་པའི་ཞིབས་འཇུག་ཚོགས་ཆུང་བཙུགས་ཡོད་ན་ལྐོགས་ཟ་རུལ་སྲུང་ཉུང་དུ་འགྲོ་རྒྱུའི་འགན་ལེན་ཐུབ་ལ་ཡོད་ན་ཐེར་འདོན་བྱེད་རྒྱུར་ལས་སླ་པོ་ཆགས་པ་རེད། ལྷག་པར་དུ་སྤྱི་རྒྱུ་སྒེར་བདག་ཅན་ཚོར་ཞིབས་འཇུག་དང་ཐེར་འདོན་བྱེད་རྒྱུ་དཀའ་ངལ་དེ་ཕྲད་མི་སྲིད་པ་རེད། དེ་གཅིག་ཡིན།
དེ་ནས་ཟམ་གདོང་བླ་མ་ཞབས་ཡ་གཅིག་ཨ་སྒོར་ནང་འཚུད་མེད་དམ་ཞེས་པའི་གླེང་གཞི་དེ་ཟམ་གདོང་བླ་མ་ཞབས་ཡ་གཅིག་དངོས་ཡོད་འཚུད་མིན་ཇི་ལྟར་ཡང་སྐབས་དེ་དུས་གླེང་གཞི་གཙོ་བོ་རིན་ཆེན་དར་ལོ་དང་ཨ་སྒོར་མ་དངུལ་ཐེབས་རྩ་ཁང་གི་བསྐོར་རེད། ་སྐབས་དེ་དུས་ཟམ་གདོང་བཀའ་ཤག་སྐབས་ཀྱི་གྲོས་ཚོགས་ཚོགས་དུས་གཅིག་གི་སྐབས་ཡིན་ཙང་འདིའི་སྐབས་ཀྱི་གྲོས་ཚོགས་ཀྱི་ཡིག་་ཆ་དང་བརྙན་དཔར་སོགས་ལ་ཉམས་ཞིབས་བགྱིས་དང་གསལ་པོ་ཤེས་ངེས། གཞི་རྩའི་སྐབས་དེ་དུས་མདོ་སྟོད་སྤྱི་མཐུས་སྐྲ་བསྐོར་ཅན་དེས་ཁམས་རྟགས་ཏོག་ཙམ་བསྟོ་་ནས་༼ཟམ་གདོང་བླ་མ་ཞབས་ཡ་གཅིག་ཨ་སྒོར་ནང་འཚུད་མེད་དམ་༽ ཞེས་བཤད་པ་རེད། བཀའ་ཁྲིའི་ཞབས་སྟེགས་སྟེང་དུ་བཞུགས་པའི་ཟམ་གདོང་བླ་མ་གསལ་བཤད་ཅི་ཡང་མེད་པར་གྲོས་ཚོགས་ནས་ཕྱིར་ཐོན་པ་རེད། སྐབས་དེ་དུས་ཡང་བཙན་བྱོལ་སྤྱི་ཚོགས་འདི་དམངས་གཙོ་དར་ལ་མ་སྨིན་ཙང་སྐད་ཅོར་ལུང་པ་གང་བརྒྱབ་ནས་མདོ་སྟོད་སྐྲ་བསྐོར་ཅན་ལ་མུག་ཤི་དྲངས་མ་ཚར་བ་བསྡད་པ་རེད་ལ། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གཏམ་གླེང་ཞལ་དཔར་གྱི་ལེའུ་མཚན་ནང་བཅར་འདྲི་བྱེད་སྐབས་ཉེ་འཁྲིས་ན་ཡོད་ན་སྐྲ་བསྐོར་ཅན་ལ་ཁུ་ཚུར་བརྡེག་ས་རེད་བསམ་བསམ་འདྲ་ཞིག་གི་གནས་སྟངས་རེད། མ་གཞི་བྱས་ན་མདོ་སྟོད་སྤྱི་མཐུས་སྐྲ་བསྐོར་ཅན་ཁོང་ཡང་ཆབ་སྲིད་བཙོན་པ་ཞིག་རེད། བཙན་བྱོལ་གྱི་མཐོ་དམའ་བར་གསུམ་གྱིས་ཁ་གདངས་ཚད་གཞིས་ལུས་མི་དམངས་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཞེས་མ་ཎི་འདོན་འདོན་ཡིན་ཡང་ལག་ལེན་ལ་འཁེལ་དུས་རྒྱ་གུང་ཁྲན་འདྲ་སེའེ་ཡོད་པ་རེད། དེ་དེ་བཞིན་ཨ་ཚོགས་ཀླུ་མཁར་བྱམས་ཁོང་ཡང་མདོ་སྨད་གཞོན་ཚོགས་བཙུགས་ནས་བཙོན་ཁང་ནང་སྡུག་སྦྱོང་ཚད་མེད་མྱང་མྱོང་མཁན་གྱི་ཆབ་སྲིད་བཙོན་པ་ཞིག་རེད། འོན་ཀྱང་བཙན་བྱོལ་འགྲིམས་དུས་ཁོང་ལ་བལྟ་སྟངས་གང་འདྲ་ཞིག་འདུག། ལྷག་པར་དུ་སྤྱི་མཐུས་ཚོགས་གཙོ་སྤེན་ཚེ་ཁོས་སྤྱི་མཐུས་རྐུབ་སྟེགས་བེད་སྤྱད་ནས་དད་དམ་གྱིས་སྟ་རེ་འཕྱར་ནས་མཐོང་ཆུང་དང་དམའ་འབེབས་ག་ཚོད་ཅིག་བྱས་མ་སོང་ངམ། འདིས་བཙན་བྱོལ་གྱིས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་དང་གཞིས་ལུས་མི་དམངས་ལ་མཐོང་ག་ཚོད་ཅིག་སྤྲད་མིན་གསལ་བསྟོན་བྱས་པ་རེད། འདི་འཕྲོས་བཤད་ཙམ་ཡིན། ད་ནི་དཀྱུས་འགྲོ་བར་བྱ་སྟེ། སྐྲ་བསྐོར་ཅན་གྱིས་ཟམ་གདོང་བླ་མ་ཞབས་ཡ་གཅིག་ཨ་སྒོར་ནང་འཚུད་མེད་དམ་ཞེས་པར་རྒྱུ་མཚན་གཏན་ནས་མེད་པ་མ་ཡིན་ཏེས་ཨ་རིའི་ཌ་ོལར་ཐེབ་རྩ་ཁང་དེ་དང་ཐོག་བོད་གཞུང་གི་མིང་ཐོག་ཡིན་བཞིན་དུ་སྒེར་བདག་ཅན་ལ་ཇི་ལྟར་གྱུར་བ་རེད། ཡ་མཚན་དངོས་བྱུང་དེ་ཟམ་གདོང་བཀའ་ཤག་གིས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་དེ་གཙང་འཕྱགས་བྱེད་པའི་སྲིད་ཇུས་འོག་མི་འཚུད་པ་དེ་དེབས་ཡ་མཚན་སྐྱེ་གཞི་རེད། དེ་དེ་བཞིན་ཨིང་ལཎ་ཌི་ Tibet Foundation དང་ཐོག་བོད་གཞུང་གི་མིང་ཐོག་ཡིན་བཞིན་དུ་ཕུན་ཚོགས་དབང་རྒྱལ་གྱི་སྒེར་བདག་ལ་ཇི་ལྟར་གྱུར་སོང་བ་རེད། ཉེ་འཆར་བཙན་བྱོལ་སྤྱི་ཚོགས་ཀྱི་དྲ་རྒྱ་འགའ་ནང་ཕུན་ཚོགས་དབང་རྒྱལ་ངོ་སྤྲོད་དང་འབྲེལ་བཀའ་དྲིན་རྗེས་དྲན་ཞུ་མཁན་མང་པོ་འདུག་ང་ནི་དགད་མོ་ཤོར་སོང་། བྱས་ཙང་ལུང་རྟོགས་ཁྱོད་ཀྱིས་མ་ཤེས་པའི་ཤེས་བྱ་མང་། བོང་བུས་མ་བགྲོད་ལམ་འཕྲང་མང་། ཟེར་བ་རེད་དོ།
སྙིང་རྗེའི་གདོང་འབག་གྱོན་པའི་གཡོ་ཅན་ཝ་མོར་ལན་མེད་དོ། ཧ་ཧ་ཧེཧེ།
ད་ཡིན་ན་ལྟད་མོ་ཇེ་ཆེ་རེད། ཚོགས་གཙོ་མི་བསད་གྱོད་གཞི་ཅན་སྤྱི་རྒྱུ་སྒེར་བདག་ཅན་ཟླ་ཚེའི་རྒྱབ་ལངས་དགེ་ལུགས་བླར་རྒན་ཀླད་རྙིང་མཁྲེགས་འཛིན་ཅན་དང་གནད་ལུགས་ཟུར་འགྲོ་ལོང་རྟོགས་ཅན། ཧ་ཧ། ཇག་པའི་རྒྱབ་ལངས་རྐུན་པོས་གྲོས་ཚོགས་བཀང་རྒྱུ་ཡིན་པ་འདྲ། ང་ནི་བུད་ཐལ།
འདི་ན་ནད་པ་འཚབ་ཆེན་མང་གི ནད་པ་འདིའི་རིགས་ཀྱི་ཉེ་སར་བཅར་མི་ཉན། རང་ཉིད་ནད་ངན་ཐབས་སྡུག་དེ་འདྲས་ཟིན་ཡོང་། ལུས་ཁམས་བདེ་ཐང་ཅན་གྱི་མི་མང་ཐག་རིང་དུ་གྱེས་ན་བཟང་། འདི་སྨན་པ་ཞིག་གི་སེམས་གཏམ་ཡིན་ལ་ཉམས་མྱོང་ཅན་གྱི་སྐད་ཆ་ཡང་དེར་ཟད།
ཟམ་གདོང་བླ་མ་ཨ་སྒོར་ནང་ལ་ཞབས་ཡ་གཅིག་ཟུག་ཡོད་མེད་སྔར་ནས་ད་བར་ཁོང་གི་བྱ་སྤྱོད་དག་ལ་ལྟས་ན་གསལ་པོ་རེད། ཁོང་གི་རྣམ་དཔྱོད་དང་འཇོན་ཐང་ལ་ལྟས་ན་ཨ་སྒོར་བཟོ་རྒྱུ་ལས་བསླ་པོ་རེད། འོན་ཀྱང་ཁོང་གིས་མི་ཚེ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་བཏང་ནས་གྲྭ་རྐྱང་དཀྱུས་མ་ཞིག་གི་ངོ་བོར་བཞུགས་སོང་བ་ལས་བོད་ཀྱི་བླ་ཆེན་ཚོ་ནང་བཞིན་དགོན་པ་རྫིག་པོ་རྒྱབ་མ་སོང་ལ་བླ་བྲང་རྫིག་པོ་ལས་མ་སོང་། དེ་བཞིན་མོ་ཊ་རྫིག་པོ་ཉོས་མ་སོང་། ཞབས་ཡ་ཨ་སྒོར་ནང་ཟུག་ཡོད་མེད་འདིས་གསལ་བཤད་བྱེད་ཀྱི་ཡོད་པ་རེད། ཁོང་གྲོས་ཚོགས་ནང་ནས་གཅིག་ཐོན་མྱོང་ན་ཡང་དེ་ཧང་སང་དགོས་པ་ཅང་མ་རེད། དེའི་སྐབས་ཀྱི་སྤྱི་འཐུས་ཁག་གཅིག་གི་བྱ་སྤྱོད་ལ་ལྟས་མི་རང་ག་བ་ཞིག་ཡིན་ན་གྲོས་ཚོགས་ནས་ཐོན་རྒྱུ་ཕར་ཟད་ལས་གནས་ནས་དགོངས་པ་ཞུ་དགོས་པའི་ཚད་ལ་བསྐྱལ་ཡོད་པ་རེད། འོན་ཀྱང་ཁོང་གིས་བོད་བསྟན་སྲིད་དང་མི་རིགས་ཐུགས་ལ་བཞག་ནས་དེ་ལྟར་གནང་མེད་པ་རེད། མདོ་སྟོད་སྤྱི་འཐུས་སྐྲ་བསྐོར་ཅན་དེ་ཆབ་སྲིད་བཙོན་པ་ཡིན་རྒྱུ་རེད། འོན་ཀྱང་ཆབ་སྲིད་བཙོན་པ་ཡིན་ན་ལྷག་བསམ་ཅན་ཡིན་པའི་ངེས་པ་མེད་པ་རེད། ཨོ་སི་ཁྲུ་ལི་ཡའི་ནང་དུ་རྒྱ་ནག་གཞུང་ཚབ་ཁང་གི་སྐུ་འགྲོན་ལ་འགྲོ་མཁན་དེ་ཚོ་ཡང་ཆབ་སྲིད་བཙོན་པ་ཡིན་རབས་ཡོད། ལྷག་ཏུ་སྐྲ་བསྐོར་ཅན་དེ་ལ་སློབ་སྦྱོང་ཅི་ཡང་མེད་པ་གསལ་པོ་རེད། དེ་འདྲའི་མི་ཞིག་སྤྱི་འཐུས་ནང་ལ་ཇི་ལྟར་སླེབས་པ་རེད། འོས་ཤོག་བླུག་མཁན་ཚོས་སྤྱི་དོན་ལ་འགན་མ་ཁུར་བར་ལུང་ཚན་གྱི་ཞེན་ཁོག་ཁོ་ནའི་འོག་ནས་སླེབས་པ་རེད། དེའི་སྐབས་ཀྱི་དེ་དང་དེ་འདྲ་བའི་སྤྱི་འཐུས་མང་པོ་ཞིག་དེ་འདྲ་རེད། དེའི་རྐྱེན་པས་སྤྱི་ཚོགས་ལ་འཁྲུག་ཐེབ་སྐྱེད་ལས་ཕན་ཐོག་མ་བྱུང་བ་རེད། བཙན་བྱོལ་ནང་གི་མི་ཚང་མ་རྒྱ་གུང་ཕྲན་འདྲ་པོ་འདུག་བསམ་ན་ཁྱོད་རང་རྒྱ་གུང་ཕྲན་ལ་རྒྱུས་མངའ་ཅུང་ཟད་ཙམ་ཡང་མེད་པའི་རྟགས་རེད། གལ་ཏེ་ཁྱོད་རང་རྒྱ་གུང་ཕྲན་གྱི་འོག་ལ་ཡོད་བཞིན་དུ་དྲ་རྒྱའི་ནང་དུ་བཙན་བྱོལ་སྒྲིག་འཛུགས་ལ་ཁ་གཏོང་བ་ནང་བཞིན་རྒྱ་གུང་ཕྲན་ལ་ཁ་གཅིག་གཏོང་དང་། ཁྱོད་རང་ཉིན་མ་གཅིག་ཀྱང་མི་འགོར་བར་བཙོན་ཁང་ནང་ལ་ཁྲིད་འགྲོ་རྒྱུ་བརྒྱ་ཆ་བརྒྱ་རེད་ལ་སྲོག་མགོ་ཐོན་རྒྱུ་ཡང་ཁག་པོ་རེད། དྲང་པོ་བཤད་ན་ཁྱོད་ཚོ་བཟང་ངན་གཏན་ནས་མི་ཤེས་པའི་མི་རེད་འདུག ཨ་ཚོགས་ཀླུ་མཁར་བྱམས་ལ་མཚོན་ན་བོད་བསྟན་སྲིད་ལ་སེམས་ཤུགས་ཡོད་མཁན་ཞིག་ཡིན་པའི་ངོས་འཛིན་ཡོད། འོན་ཀྱང་ཁོ་རང་གི་སྐད་ཆ་ཁག་གཅིག་ལ་ཐལ་ཆ་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེས་རྐྱེན་པས་བཙན་བྱོལ་མི་མང་ཕལ་མོ་ཆེས་ལྟ་སྟངས་ཡག་པོ་མེད་པ་རེད། སྤྱིར་སྟང་སྤྱི་ཚོགས་གང་འདྲ་ཞིག་ཡིན་ཡང་མི་མང་ཆེ་ཤོས་ཀྱི་དགའ་མོས་བྱེད་ཡུལ་དེའི་ལྡོག་ཕྱོགས་སུ་ལང་ན་རང་ཉིད་སྤྱི་ཚོགས་དེ་ནས་ཟུར་དུ་བུད་འགྲོ་བ་ཆོས་ཉིད་རེད། འདི་ང་ཚོ་གཅིག་པུས་སྐྱོན་ཆ་གང་ཡང་མ་རེད་འཇིག་རྟེན་ཡོངས་ཀྱི་འགྲོ་སྟངས་རེད། སྤྱི་འཐུས་ཚོགས་གཙོས་ཀྱང་རང་ཉིད་སྒེར་ངོས་ནས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་མེད་ཅེས་བཤད་པ་ལས་མཐོང་ཆུང་དང་ཁྱད་གསོད་བྱས་པ་ཞིག་མཐོང་མ་སོང་། གང་ཟག་སུ་ཞིག་ལ་རྒྱབ་སྐྱོར་བྱེད་མིན་ནི་མི་སྒེར་གྱི་རང་དབང་རེད། དེ་ལ་རྐུབ་སྟེག་བེད་སྤྱོད་བྱས་ནས་མཐོང་ཆུང་བྱས་སོང་ཟེར་ན་དམངས་གཙོ་ཤེས་ཀྱི་མེད་པའི་རྟགས་རེད།
གཉིས་ནས་ཨ་རིའི་སྒྲོ་ལོར་ཐེབ་རྩ་ཁང་སྒེར་བདག་ཅན་དུ་གྱུར་ན་ཟམ་གདོང་བླ་མའི་ཞབས་སྒྲོ་ལོར་ནང་ཟུག་དགོས་པའི་རྒྱུ་མཚན་ཅི་རེད། ཐེབ་རྩ་ཁང་དེ་ཟམ་གདོང་བླ་མའི་སྒེར་བདག་ཅན་དུ་གྱུར་པ་རེད་དམ། མ་གཞི་ཟམ་གདོང་བླ་མ་བཀའ་ཁྲིའི་དུས་སུ་བཙན་བྱོལ་གཞུང་བདག་ཅན་གྱི་བཟོ་གྲྭ་དང་ཚོང་ཁང་སོགས་མང་པོ་ཞིག་སྒེར་བདག་ཅན་དུ་བསྒྱུར་བ་ལས་ཨ་རི་དང་དབྱིང་ལན་གྱི་ཐེབ་རྩ་གཅིག་པུ་སྒེར་བདག་ཅན་དུ་གྱུར་སོང་བ་མ་རེད། དེ་དག་སྒེར་བདག་ཅན་དུ་བསྒྱུར་དོན་ཡང་འཛམ་གླིང་སྤྱིའི་འགྲོ་སྟངས་དང་བཏུན་ནས་སོང་བ་ཞིག་རེད།
ཀྱུ་མཁར་བྱམས་ལགས་བོད་བསྟན་པ་ཆབ་སྲིད་ལ་སེམས་ཤུགས་དང་སྙིང་སྟོབས་ཡོད་ཀྱང་། ཁོང་གི་ཚིག་མཐོ་དམན་ཁ་ཤོས་ཀྱིས་ཁོང་བོད་མིའི་སྤྱི་ཚོགས་ས་ནས་ཕུད་ཐབ་བྱེད་པའི་བྱ་སྤྱོད་དེ་བོད་མི་རིགས་ཀྱི་ལར་རྒྱ་ཁོག་ཏུ་ཡོད་མཁན་ཞིག་ལ་ཡོང་རྒྱུ་མ་རེད། ཁ་ཙམ་གྱིས་ལར་རྒྱ་བཤད་མཁན་ཚོར་ཡོང་ཡོང་པ་རེད།
རེད་རེད། ནག་ཉེས་དེ་འཛུགས་ས་མདོ་སྨད་པ་ཞིག་ཡིན་པ་ཡག་རེད། ཆོལ་ཁ་གཞན་གཉིས་གང་རུང་གི་ཚོགས་གཙོ་ཞིག་ལ་མདོ་སྨད་པ་ཞིག་གིས་ཉེས་པ་དེ་འདྲ་བཙུགས་ན་ཚར་རེད་ད། སྤྱིར་བཏང་ནས་བཙན་བྱོལ་ནང་ཨ་མདོ་བ་ཚོ་བོད་པ་ཚོའི་མིག་ནང་གི་ཚེར་མ་ཡིན་པ། རྒྱུ་མཚན་རྒྱ་སོག་གི་རྒྱུད་པ་ལ་ངོས་འཛིན་བྱེད་པས་སོ།།
བཙན་བྱོལ་ནང་ཐ་ན་ཨ་མདོ་ཕོ་སར་ཞིག་བོད་པ་བུ་མོ་ཞིག་དང་དགའ་རོགས་ཙམ་ཆགས་ནའང་ནང་མི་དང་ཕ་ཡུལ་གཅིག་པ། བོད་པ་གཅིག་པ་ཚོས་གནོན་ཤུགས་དང་རྒྱུད་སྐུལ་འོག་ཁ་འཐོར་བཏང་བ་གྲངས་ཀྱིས་མི་ཆོད།
ཕྱི་རྒྱལ་མི་སྣ་ཅིག་ལ་བོད་པ་ཚོ་འཕྲད་ཙམ་གྱིས་ཨ་མདོ་ཚོ་ངན་རབས་སྡུག་རབས་དང་བློ་མེད་རབས། བོད་པ་མིན་རབས་སོགས་བཤད་དེ་ཕྱི་མི་ཚོའང་འཕྲད་ཙམ་གྱིས་ང་ཨ་མདོ་ལ་མི་དགའ་ལབ་རྒྱུ་ཞེ་གཅིག་བཟོས་ཡོད།
ཨ་མདོ་མི་ཞིག་ཅུང་འཇོན་ཡོང་དུས་ནས་མཉམ་རུབ་བྱས་ཏེ་མེད་པར་བཟོ་ཐབས་བྱེད། ཨ་མདོ་སློབ་ཕྲུག་འགའ་ཨང་དང་གཉིས་ཐོབ་ཡོང་ནའང་ཐབས་ཤེས་བཙལ་ཏེ་ཕྱི་རྒྱལ་དུ་སློབ་སྦྱོང་གཏོང་ཡ་བཀག་ཐབས་དང་ཚབ་ལ་མི་གཞན་གཏོང་།
སློབ་གྲ་ནང་ཨ་མདོ་བུ་མོ་ཚོར་བཙན་གཡེམ་བྱུང་ན་གསང་ཐབས་དང་ཁ་བཀག་ཐབས། བཙན་གཡེམ་པ་ལ་ཉེས་པ་སྐར་བཀང་ཡང་མི་གཏོང་།
ཨ་མདོ་ཚོས་རང་ལུས་མེར་བསྲེགས་དང་ལས་འགུལ་སྤེལ་བ་རྣམས་གཞན་གྱིས་མི་ཤེས་ཐབས་སུ། སི་ཁྲན་དང་ཀན་སུ། ཆིན་ཧེ་ཡི་མི་ཚོས་བྱས་ཟེར་བ་ཙམ་མ་གཏོགས། དབྱིན་ཡིག་གི་གཞུང་འབྲེལ་ཡིག་ཆ་ཚང་མའི་ནང་ཨ་མདོ་ཟེར་བའི་མིང་ཟུར་ཙམ་ཡང་མེད་པར་བྱེད།
ལས་བྱེད་འདྲ་བོ་བདམས་ན་དང་པོ་བོད་པ་ཞིག་རག་ཐབས་དང་ཐ་མ་ལས་ཀ་བྱེད་ཐུབ་མཁན་ཅིག་འཚོལ། ཨ་མདོ་ཅིག་ས་མིག་དེར་མི་སླེབས་པར་ལྐོག་གཡོ་ཇུས་ངན་གཏོང་། དེ་འདྲ་རྐྱང་བོད་པ་ཚོས་གནང་བསྡད་པ་རེད། xxxx
ཧཧཧ འདན་མ་སྐྱབ་ལགས། སྐད་ཆ་ཐབས་སྡུག་དེ་འདྲ་མ་བཤད་ཨ་མདོ་བོད་པ་མིན་ན་སུ་རེད། བོད་ཕྱི་ནང་གཉིས་སུ་ཨ་མདོ་བ་ཚོ་ལ་ལ་རྒྱ་འདུག ཨ་མདོའི་བུ་ཚོ་ལ་འཇོན་ཐང་འདུག ཨ་མདོའི་བུ་མོ་ཚོ་ལ་མཛེས་སྡུག་འདུག་ཞེས། དགའ་རོག་དང་གཟའ་ཟླ་ཨ་མདོ་བ་ཞིག་བཙལ་གྱི་ཡིན་ཟེར་མཁན་མང་པོ་འདུག་པ་ལས་ཁྱོད་ཀྱིས་བཤད་པ་ལྟར་ཨ་མདོ་སྡུག་རབས་ངན་རབས་བཤད་མཁན་ཞིག་མཐོང་མ་སོང་།
འདན་མ་སྐྱབས་འདི་ཨ་མདོ་བ་ཞིག་མིན་པ་འདྲ། ང་ལ་ཨ་མདོའི་ངོ་ཤེས་མང་པོ་ཡོད། འདི་ལ་ཨ་མདོ་བའི་གཤིས་ཀ་མི་འདུག ཨ་མདོ་རྫུས་མ་དེ་ཡིན་པ་འདྲ། ཧ་་་ཧ་་་་
ཨ་རོགས་ལུང་རྟོགས། ཟམ་གདོང་བླ་མ་ཨ་སྒོར་བཟོ་མཁས་དང་མོ་ཊ་རྫིག་པོ་ཉོས་མིན། སྒེར་སྒོན་བཏབ་མིན་ང་ལ་ཆ་རྒྱུས་མེད་ལ་ཇུས་ཏོག་ཡང་མེད། འདི་སྐབས་བབས་ཀྱི་བརྗོད་བྱ་དང་འབྲེལ་མེད་དོན་གཞན་རེད། འོན་ཀྱང་ཟམ་གདོང་བླ་མ་ཨ་རིའི་ཌོ་ལར་ནང་ཞབས་ཡ་གཅིག་འཚུད་མེད་དམ་ཞེས་པའི་གླེང་གཞི་དེའི་འབྱུང་རྩ་ལ་རྩད་གཅོད་དང་ཉམས་ཞིབ་འདྲ་བྱས་ཨེ་མྱོང་། འོན་ཀྱང་ཁྱོད་ཀྱིས། གཙོ་བོས་ཇི་ལྟར་བཀའ་བསྩལ་བ་། དེ་དག་ཐམས་ཅད་བདག་གིས་བགྱིས། ཟེར་གྱིན་ཡོད་ན་ནི་ནོར་བ་རེད། བྱས་ཙང་ངས་གོང་དུ་གསལ་གསལ་དག་དག་བྱས་ནས་བྲིས་ཡོད། ཟམ་གདོང་བཀའ་ཤག་གིས་བཙན་བྱོལ་གཙང་འཕྱག་བྱེད་པའི་ལམ་ལུགས་ཀྱི་སྲིད་ཇུས་ནང་རིན་ཆེན་དར་ལོས་ཨ་རིའི་ཌོ་ལར་མ་དངུལ་ཐེབ་རྩ་ཁང་སྒེར་བདག་བྱས་པ་དེ་འཚུད་ཡོད་མེད་ཀྱི་གསལ་བཤད་མ་བྱས་པར་གྲོས་རྭ་ནས་ཕྱིར་ཐོན་ཕྱིན་པ་དེ་རེད། གཞི་རྩའི་ཟམ་གདོང་བཀའ་ཤག་གིས་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་འདུ་འགོད་ཡིན་ནའང་འདྲ། ཀྲུང་གོའི་ཤང་གྲོང་ཁེ་ལས་ཀྱི་དཔལ་འབྱོར་འདུ་འགོད་ཀྱི་ལམ་ལུགས་ཡིན་ནའང་འདྲ། གང་ལྟར་བོད་གཞུང་གི་དཔལ་འབྱོར་གྱི་ཡོང་སྒོ་འགྲོན་ཁང་ལ་སོགས་པ་ཕལ་ཆེ་བ་ཞིག་བོང་བུ་ཐོན་རབས་ཀྱིས་སྒེར་བདག་ཅན་ལ་བསྒྱུར་བ་རེད། མདོར་ན་བཙོངས་བ་རེད། ལམ་ལུགས་འདི་ཡག་པོ་ཡིན་རྒྱུ་རེད་དེ་བོད་གཞུང་གི་དཔལ་འབྱོར་གྱི་ཡོང་སྒོ་སྒེར་ལ་ལག་པ་གཟེད་རྒྱུ་དེ་རེད། གང་ལྟར་བཙོང་ཟིན་པའི་མ་དངུལ་རྣམས་ནུབ་ཕྱོགས་ཀྱི་དངུལ་ཁང་ཆེ་གྲས་ལ་བཅོལ་ཡོད་ཚོད་རེད། འོན་ཀྱང་ལོ་ཤས་ནང་ནུབ་ཕྱོགས་ཀྱི་དཔལ་འབྱོར་དམག་འཁྲུག་གི་དཔལ་འབྱོར་ཉམས་རྒུད་འཁྲོད་དཀའ་སྡུག་འཕྲད་ཡོད་རྒྱུ་རེད། དེ་ལྟ་བས་ན་ཨ་རིའི་ཌོ་ལར་མ་དངུལ་ཐེབ་རྩ་ཁང་དེ་ཟམ་གདོང་བཀའ་ཤག་གིས་ཁེ་ལས་སྒེར་བདག་ཅན་གྱི་སྲིད་ཇུས་ནང་འཚུད་ཡོད་པ་རེད་མེད་པ་རེད། གལ་ཏེ་འཚུད་ཡོད་ན་དཔལ་འབྱོར་ལས་ཁུངས་ལ་བཙོང་རིན་གྱི་རྩིས་ཁྲ་ཡོད་རྒྱུ་རེད་པ། གལ་ཏེ་མེད་ན་གཙང་འཕྱགས་ཀྱི་སྲིད་ཇུས་ནང་མི་འཚུད་པའི་རྒྱུ་མཚན་ཅི་རེད། ད་དུང་ཟླ་ཚེ་ལ་སོགས་པ་དེ་དེ་བཞིན་ནོ།
རྒྱལ་བ་ཀརྨ་པ་ལ་ནག་ཉེས་མེད། ཁོང་ནི་བྱང་ཆུབ་སེམས་པ་རང་ཡིན། སྔོན་དྲི་བ་དྲིས་ལན་ཞིག་གི་སྐབས་ཁོང་གིས་ལོ་རྒྱུས་ནང་ཆབ་སྲིད་དབང་ཆ་བཟུང་མེད། འདིར་ཡང་དེ་འདྲ་བྱེད་འདོད་མེད་ཅེས་གསལ་བོར་གསུངས་ཡོད། ཁོང་ལ་ཉེས་པ་མ་འགེལ། སྐད་ཆ་གང་བྱུང་ཤོད་མི་ཉན། ས་དཀྲིག་རྡོ་དཀྲིག་བྱེད་མཁན་དེ་ནམ་ཞིག་ས་ཟད་ནས་རྡོ་ལྷང་ལ་འབུད་ཐུབ།
ཟམ་གདོང་བླ་མའི་ཞབས་ཡ་གཅིག་སྒྲོ་ལོར་ནང་ཟུག་མེད་དམ་ཟེར་བ་དེ་ཁོང་གིས་སྒྲོ་ལོར་ཟས་པ་རེད་མདོག་མདོག་རེད་བ། སྒྲོ་ལོར་ཟས་ཡོད་ན་ཡོད་པའི་དཔང་རྟགས་ཤིག་དགོས་པ་ལས་ཟས་མེད་དམ་ཞེས་པའི་དོག་སློང་ཙམ་གྱིས་ཅི་ཕན། ཁ་བདག་མེད་ནང་ནས་གཏམ་བདག་མེད་ག་རེ་བཤད་བཤད་རེད་བ། ཁོང་ལ་དགོན་པ་དང་བླ་བྲང་མོ་ཊ་རྫིགས་པོ་མེད་པ་ནི་ཁོང་གིས་སྒྲོ་ལོར་ཟས་མེད་པའི་རྟགས་རེད་ཟེར་གྱི་ཡོད། དེས་ན་སྐབས་བབ་ཀྱི་བརྗོད་བྱ་དང་འབྲེལ་བ་མེད་དོན་ཅི་རེད། དཔལ་འབྱོར་སྒེར་བདག་ཅན་ལ་བསྒྱུར་བ་ནི་མི་མང་གི་དཔལ་འབྱོར་ཡར་རྒྱས་གཏོང་བའི་ཐབས་ལམ་ཞིག་རེད་ལ། ཡར་རྒྱས་ཅན་གྱི་རྒྱལ་ཁབ་སུ་ཡིན་ཡང་ལག་ལེན་བསྟར་བཞིན་པ་ཞིག་རེད། དཔེར་ན་བོད་ནང་ལ་མཚོན་ན་སྔོན་མ་གཞུང་གི་ཚོང་ཁང་ཟེར་བ་མང་པོ་ཡོད་ཀྱང་དེང་སང་ཚང་མ་སྒེར་བདག་ཅན་ལ་བསྒྱུར་ཟིན་པ་རེད། ཤེས་ཀྱི་ཨེ་ཡོད། འགྲོན་ཁང་སོགས་བཙོང་བའི་མ་དངུལ་ནུབ་ཕྱོགས་དངུལ་ཁང་ནང་ལ་ཡོད་ན་ཡག་པོ་རེད་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་རེད། ཨ་རིའི་བོད་ཀྱི་ཐེབ་རྩ་ཁང་བཙོང་བའི་བཙོང་རིན་རྩིས་ཁྲ་ཡོད་མེད་དཔལ་འབྱོར་ལས་ཁུང་ལ་ལྟ་རུ་སོང་དང་ཧ་གོ་ཡི་རེད། འདིར་དྲ་ཐོག་ལ་ཚོད་དཔག་གི་སྐད་ཆ་འདྲ་མིན་བཤད་དགོས་པ་མི་འདུག
ཨ་རོགས་ལུང་རྟོགས། ཁྱོད་ད་དུང་ཡང་ངའི་མཆན་དེ་ཆ་ཚང་བཀླགས་མེད་པ་འདྲ། ཟམ་གདོང་བླ་མའི་ཞབས་ཡ་གཅིག་ཨ་སྒོར་ནང་འཚུད་མེད་དམ་ཞེས་པའི་སྐྲ་བསྐོར་ཅན་གྱིས་གླེང་དགོས་པའི་རྒྱུ་མཚན་ཁྱོད་ཀྱིས་ད་དུང་ཤེས་མི་འདུག་ག། བྱས་ཙང་ཟམ་གདོང་བླ་མས་བཙན་བྱོལ་གཙང་འཕྱགས་བྱས་པའི་སྲིད་ཇུས་ནང་ཨ་རིའི་ཌོ་ལར་མ་དངུལ་ཐེབ་རྩ་ཁང་སྤྱི་རྒྱུ་སྒེར་བདག་དེ་འཚུད་མེད་ཙང་ཞབས་ཡ་གཅིག་འཚུད་ཡོད་མེད་བཤད་ཀྱིན་པ་རེད། གལ་ཏེ་ཁྱོད་ཀྱིས་ཞབས་ཡ་གཅིག་ཨ་སྒོར་ནང་འཚུད་མེད་ན་དཔལ་འབྱོར་སྒེར་བདག་གི་སྲིད་ཇུས་འོག་གི་དཔལ་འབྱོར་ལས་ཁུངས་ཀྱི་རྩིས་ཁྲ་བསྟོན་རྒྱུ་ཡོད་ན་འཚུད་མེད་པར་ངོས་འཛིན་བྱས་ཆོག་པ་རེད། སྒེར་དགོན་བཏབ་མིན་མོ་ཊ་རྫིག་པོ་ཉོས་མིན་སོགས་འདི་དང་འབྲེལ་བ་གཏན་ནས་མི་འདུག། རྒྱུ་མཚན་འཛམ་གླིང་གི་ཕྱུག་བདག་མང་པོ་ཉམས་ཆུང་གི་རྟུལ་ཞུགས་འཛིན་མཁན་མང་བས་སོ།
ད་གོ་རྒྱུ་མེད་པའི་ཉོག་བཤད་དེ་ལ་ལེན་འདེབས་འདོད་མེད། མོ་ཊ་དང་ཁང་པ་རྫིག་པོ་མེད་པའི་ཕྱུགས་བདག་གཅིག་གང་ན་འདུག རང་ཉིད་ཀྱི་འདོད་ཕྱོགས་ལ་ཐུག་དུས་མངོན་གསུམ་ལ་ཡང་སྙོན་འདིང་ནུས་པའི་སྙིང་ཁམ་དེ་གང་ནས་བྱུང་།
་་་་་་་་་ད་དུང་ཤེས་མི་འདུག་ག། བྱས་ཙང་ཟམ་གདོང་བླ་མས་བཙན་བྱོལ་གཙང་འཕྱགས་བྱས་པའི་སྲིད་ཇུས་ནང་ཨ་རིའི་ཌོ་ལར་མ་དངུལ་ཐེབ་རྩ་ཁང་སྤྱི་རྒྱུ་སྒེར་བདག་དེ་འཚུད་མེད་ཙང་ཞབས་ཡ་གཅིག་འཚུད་ཡོད་མེད་བཤད་ཀྱིན་པ་རེད། ་་་་་་་་་