ཡིག་འབྲི་བ། འདྲེ་གླེན་པ།
མདོ་སྨད་གླིང་དང་འདྲེ་གླེན་པ།
སྔོན་འགྲོ །
དེ་རིང་ནི་སྤྱི་ཟླ་དྲུག་6པའི་ཚེས་22 ཡིན། ཞོགས་པ་ཨོ་གླིང་གི་དུས་ཚོད་བརྒྱད་དང་སྐར་མ་བཅུ་བདུན་8:17am གྱི་སྟེང་དུ་ང་རང་མདོ་སྨད་གླིང་ཞེས་པའི་མི་གྲངས་བཞི་བརྒྱ་ཡས་མས་གྲུབ་པའི་ཚོགས་པ་དེའི་ནང་དུ་འཛུལ་བ་ཡིན། འདི་ནི་ང་རང་མདོ་སྨད་གླིང་གི་སྐད་ཚོམ་ལ་འཛུལ་བ་ཐེངས་གསུམ་པ་ཡིན།
ཐེངས་དང་པོ་ཚོགས་པ་དེ་གསར་འཛུགས་བྱེད་སྐབས་རེད ། ཡོ་རོབ་གནས་སྡོད་རྫ་ཆུ་ཁ་བ་གནམ་ལྕག་མདུང་ཟེར་བ་དེའི་༼མདོ་སྨད་གྲོས་ར་༽ ཟེར་བའི་སྐད་ཚོམ་ཞིག་ཡོད་པ་དེ་ནས་ཁོ་ཚོ་ནང་ཁུལ་གྱི་བསམ་ཚུལ་མ་མཐུན་པའི་དབང་གིས་༼མདོ་སྨད་གླིང་༽ ཟེར་བ་འདི་གསར་འཛུགས་བྱེད་སྐབས་ཁོ་བོ་དེ་རུ་ནང་འཇུག་བྱས་འདུག་པས་སྐབས་དེར་བདག་དུས་ཡུན་ཟླ་གཅིག་གཡས་གཡོན་ལ་ཚོགས་པ་རུ་བསྡད་པ་ཐེངས་དང་པོ་ཡིན། སྐབས་དེར་ཚོགས་པ་དེ་ཆེས་སྤྱིར་བཏང་ཞིག་ཡིན་ཐལ། ཆབ་སྲིད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་སོགས་དམིགས་བསལ་གང་ཡང་མེད་ཐལ། སྤྱིར་བཏང་གི་མདོ་སྨད་སྐད་ཚོམ་ཞིག་ཡིན་ཐལ། དུས་དེར་ང་རང་ཚོགས་པ་དེ་ནས་རང་ངོས་ནས་ཕྱིར་བུད་པ་ཡིན།
ཐེངས་གཉིས་པ་རང་བཙན་འཐབ་རྩོད་པ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་མྱ་ངན་རྩོམ་ཡིག་ཅིག་་བྲིས་ཏེ་བཙན་བྱོལ་བའི་སྒྱུ་རྩལ་རྩོམ་རིག་དང་མྱ་ངན་རྩོམ་ཡིག་གི་འགྲོས་མ་ཤེས་པར་གོ་བ་ལོག་པའི་ཁ་ཐུག་རེད །
ཇ་ཁ་ཆང་ཁ་ནས་གོ་ཐོས་སུ་༼ མདོ་སྨད་གླིང་ ༽ ཟེར་བའི་སྐད་ཚོམ་ནང་དུ་ཨ་ཚོགས་ཀྱི་རྩོམ་ཡིག་དེ་འབྲེལ་གྱི་བསམ་ཚུལ་འདྲ་མིན་ཡོང་སྟེ་ས་ཡིག་བསྡུ་རུབ་དང་དངུལ་བསྡུ་རུབ་སོགས་བྱས་ཏེ་རང་བཙན་འཐབ་རྩོད་པ་ཨ་ཚོགས་ཀླུ་མཁར་བྱམས་མདོ་སྨད་ཀྱི་མི་གྲལ་དང་བོད་མི་རིགས་ཀྱི་གྲལ་ནས་ཕུད་དགོས་རབས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་གྱིན་ཡོད་རབས་ཐོས་པས་གྲོགས་པོ་ཞིག་ལ་རེ་སྐུལ་བྱས་ཏེ་༼ མདོ་སྨད་གླིང་ ༽ གི་སྐད་ཚོམ་ལ་ཐེངས་གཉིས་པ་ནང་འཛུལ་བྱས་ཡིན། སྐབས་དེར་བདག་གིས་རང་བཙན་འཐབ་རྩོད་པ་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་དང་འབྲེལ་བའི་རང་གི་བསམ་ཚུལ་ཞིག་བྲིས་ཏེ་ཁ་བརྡ་དང་ངོ་དེབ་སོགས་སུ་སྤེལ་ཐོག་ཡིན །
འོག་གི་དྲྭ་བྱང་འདི་ནས་རྩོམ་དེ་ཀློག་ཐུབ།
https://www.khabdha.org/?p=88452
ང་རང་ཚོགས་པ་དེ་རུ་འཛུལ་རྗེས་ཀྱི་ཉིན་གཅིག་གཉིས་ཀྱི་མཚམས་སུ་དྲྭ་མིང་ཨ་བཙན་པོ་དང་དངོས་མིང་མགོ་ལོག་ཚངས་དབྱངས་ཟེར་བ་དེས་བདག་གི་རྩོམ་ཡིག་དེ་ཚོགས་པ་དེ་རུ་བཏང་སྟེ་ང་ཚོའི་ཚོགས་པ་འདིའི་ནང་དུ་རྩོམ་ཡིག་འདི་འདྲ་འབྲི་མཁན་ཡོད་པས་ཤིན་ཏུ་ནས་ཀྱང་དོགས་ཟོན་བྱ་དགོས་ཞེས་ཡིག་ངོགས་གཉིས་ཐོགས་ནས་བདག་གི་ལོ་རྒྱུས་དང་བཅས་ཏེ་བསྐུར་ནས་ཐོན་ཐལ། དེའི་འཕྲོར་དངོས་མིང་མི་གསལ་བའི་དྲྭ་འབུ་སྐོར་ཞིག་གིས་འཚང་ཀ་རྒྱག་ཞོར་བདག་ལ་སྡུག་དམོད་སྣ་ཚོགས་བྱ་མུས་ཡིན་སྐབས་དྲྭ་བདག་གིས་བདག་ཕྱིར་ཕུད་བཏང་སོང་།
འདི་ནི་ང་དང་མདོ་སྨད་གླིང་ཟེར་བའི་སྐད་ཚོམ་དེ་དང་འབྲེལ་བ་ཆགས་སྟངས་ཙམ་ཡིན།
1 ད་ནི་དེ་རིང་གླིང་བར་བྱ།
ཉེ་སྔོན་ཚོགས་པ་གཞན་ཞིག་ནས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་ཤོག་གི་ཐོག་ཏུ་བྲིས་ཡོད་པའི་༼ དབུས་རྒྱུན་སྐབས་བཅུ་དྲུག་གི་མདོ་སྨད་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་ཁག་༽ཅེས་པའི་དོན་ཚན་བརྒྱད་ཅན་གྱི་ཤོག་ལྷེ་ཞིག་མཐོང་སོང་། དོན་ཚན་བརྒྱད་དེ་ནི་རང་ངོས་ནས་རྒྱལ་ཁབ་ཤོར་བའི་བཙན་བྱོལ་བ་ཞིག་ལ་ཆ་མཚོན་ན་དེ་འདྲའི་དམིགས་བསལ་ཚོགས་ཆེན་འཚོགས་སྟེ་གྲོས་ཆོད་འཇོག་དགོས་པའི་གལ་གནད་ཅིག་ཁྱོན་ནས་མ་མཐོང་བས། སོ་སོ་བོད་མི་ཞིག་ཡིན་པ ། ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ། མདོ་སྨད་པ་ཞིག་ཡིན་པ། བོད་ནང་ཁུལ་ནས་རྩོམ་འབྲིའི་མིང་ཁུར་བ་ཞིག་ཡིན་པའི་ངོས་ནས། འགན་ཁུར་དང་འདུ་ཤེས་ཡོད་པའི་ཐོག་ནས་བསམ་ཚུལ་ཐུང་ཐུང་ཞིག་ཡིག་ཐོག་ལ་བྲིས་ཏེ་བཏང་བ་ཡིན།
ངས་ཡི་གེ་འདི་ཞོགས་པའི་དུས་ཚོད་བཅུ་གཉིས་ཟིན་ལ་ཉེ་སྐབས་བཏང་ཡིན། བདག་གི་བསམ་ཚུལ་འདི་བཏང་སྟེ་སྐར་མ་40minuteལས་མ་འགོར་བར་དྲྭ་མིང་བོད་རལ་བ་ཅན་ཟེར་བ་དེས་བདག་བསྐྱར་དུ་ཕྱིར་ཕུད་བཏང་འདུག
ད་དུང་སྐར་མ་བཞི་བཅུ་ཡི་ནང་དུ་བདག་ལ་དངོས་མིང་དང་དངོས་པར་མི་གསལ་བའི་དྲྭ་འབུ་སྐོར་ཞིག་གིས་བདག་ལ་ཡི་གེ་འདྲ་མིན་བཏང་འདུག་མོད། རེ་ཞིག་འདིར་མི་བཀོད་དོ །
2.
སྤྱིར་མདོ་སྨད་གླིང་ཟེར་བའི་སྐད་ཚོམ་དེའི་ནང་གི་ཚོགས་མི་མང་ཆེ་བ་རང་གི་དངོས་མིང་དང་དངོས་པར་སོགས་ཁྱོན་ནས་མི་མཀོལ་བའི་དྲྭ་འབུ་རྐྱང་ཡིན་པས་དེ་ཙམ་ཚོར་བ་རྣོན་པོས་བཤད་རིན་མེད་མོད། འོན་ཀྱང་། ཨ་ཚོགས་ཀླུ་མཁར་བྱམས་ཀྱི་མྱ་ངན་རྩོམ་ཡིག་དེའི་སྔ་ཕྱི་ནས་འགོ་བརྩམས་ཏེ་ད་ལྟའི་བར་དུ་སྐད་ཚོམ་འདིས་ལས་འགུལ་སྣ་ཚོགས་ཞིག་སྤེལ་གྱིན་འདུག་པས་ད་ཐེངས་མ་གླེང་ཐུ་མེད་དུ་གྱུར་ཡོད །
རྒྱུ་མཚན།
ཁོ་ཚོ་ནི་སུ་ཡིན་དང་གང་ཡིན་གྱི་ངོ་ཐོག་ཆོད་དཀའ་ཡང་སྤྱི་ཚོགས་ནང་ནས་གང་འདོད་དུ་སྒོར་མོ་བསྡུ་བའི་སྙིང་སྟོབས་ཡོད་པ། གང་འདོད་དུ་མདོ་སྨད་མི་མང་གི་མིང་བཀོལ་བའི་བློ་ཁོག་ཡོད་པ། གྲོས་ཆོད་འཇོག་ཐུབ་པ། གྲོས་འགོ་འདོན་ཐུབ་པ། ཚོགས་འདུ་བསྡུ་ཐུབ་པ ། ཛ་དྲགས་བཟོ་ཐུབ་པ། སྤྱི་ཚོགས་ལ་དཀྲོགས་རྐྱེན་བཟོ་སླ་བ་སོགས་ཚོགས་པ་གཞན་དང་བསྡུར་ན་ཤིན་ཏུ་མགྱོགས་མྱུར་ལྡན་པའི་སྐད་ཚོམ་འདི་སུ་ཡིན་ནམ། སུས་བཙུགས་སམ། ཁྱེད་ཚོ་སུ་ཞིག་གིས་བསམ་བློ་བཏང་མྱོང་ངམ ། ད་དུང་དེ་བས་ཀྱང་འཇིགས་སུ་རུང་བ་ཞིག་ལ་༸གོང་ས་མཆོག་གི་མཚན་གནས་རྗེ་སྒྱུར་གྱི་དབང་ཆ་འདི་དག་ཁོ་ཚོར་སུས་སྤྲད་པ་རེད་དམ ། དེ་མཚུངས་སུ་ཁོ་ཚོས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དེ་ག་དུས་ཡིན་ཡང་ལག་འགོར་གོན་གོན་ཡིན་པ་འདི་ཅི་ཞིག་རེད་དམ །
དབུས་རྒྱུན་ས་རྒྱུན་གྱི་འོག་ན་ཡོད་དམ། ས་རྒྱུན་དབུས་རྒྱུན་གྱི་འོག་ན་ཡོད ། གོ་རིམ་འཁྲིགས་པའི་ལས་ཀ་འདི་དག་སུ་ཞིག་གིས་ཆེད་མངགས་བྱེད་ཀྱི་ཡོད་པ་རེད་དམ །
བོད་མི་རིགས་སྤྱི་དང་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་འདི་འདྲའི་ཛ་དྲགས་ཡིན་པའི་སྐབས་ཤིག་ལ་རྣོ་ངར་ཆེ་བའི་སྐད་ཚོམ་ཆུང་ཆུང་དེ་གང་ནས་ཡོང་བ་རེད་དམ ། འདི་ནི་ཧ་ཅང་གིས་ཞིབ་འཇུག་མཐུལ་ཕྱིན་བྱེད་དགོས་པའི་གནས་ཤིག་མ་ཡིན་ནམ །
3.
བདག་གི་ཚོར་སྣང་དུ་ཚོགས་པ་འདི་དང་གཤིབ་པའི་སྔ་བཞུག་ནམ་ཡིན་ཡང་ནང་ཁུལ་དཀྲུགས་བྱེད་ཁོ་ན་ཡི་ལས་ལ་གཞོལ་བ་མ་གཏོགས་དགྲ་བོ་རྒྱ་ནག་གི་ཕྱོགས་སུ་ཁ་འཁོར་ཏེ་ལས་འགུལ་ཕར་ཞོག ཐ་ན་སྐད་ཆ་ཞིག་ཀྱང་བཤད་མཁན་མེད། རེ་ཟུང་བྱུང་བ་དག་ཀྱང་ཚོགས་པ་ནས་ཕུད་རྐྱང་བྱ་བས། བདག་གིས་ཚོགས་པ་འདི་སུ་དང་གང་ཡིན་མི་གསལ་བའི་དོགས་གཞི་ཤིན་ཏུ་ཆེ་བས་སྐད་ཚོམ་ཞིག་ཡིན་པའི་གསལ་བསྒྲགས་བྱས་པ་ཡིན། བོད་མི་རིགས་སྤྱི་དང་བྱེ་བྲག་མདོ་སྨད་པ་རྩམ་གཟན་དག་ལ་གསལ་བསྒྲགས་བྱས་པ་ཡིན།
ད་དུང་དེ་བས་ཀྱང་གལ་ཆེ་བ་ནི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ཟེར་བ་དེས་ཀྱང་མུ་མཐུད་སྐད་ཚོམ་ཆུང་ཆུང་འདི་ལྟ་བུ་དང་ལག་འབྲེལ་བྱས་ཏེ་ལས་རྒྱུ་བཅའ་རྒྱུ་མང་ན་དེ་རིང་ནས་ལྷག་བསམ་ཤེས་འཇོན་ལྡན་པའི་གཞི་ལུས་མདོ་སྨད་མི་མང་སྤྱི་དང་བྱེ་བྲག་བྱེས་གྱར་མདོ་སྨད་པ་ཡོངས་ཀྱི་ཚབ་ནམ་ཡང་བྱེད་ཐུབ་བྲལ་བའི་གསལ་བསྒྲགས་བྱས་པ་ཡིན།
མཐའ་དོན།
སྔར་བྱས་འཚོགས་འཆར་གྱི་མདོ་སྨད་དམིགས་བསལ་འཚོགས་ཆེན་ལ་བསམ་ཚུལ་བསྡུ་ཡི་ཡོད་རབས་ཀྱི་ཡིག་ཆ་སོགས་ཕྱིར་སྒྲོག་བྱས་ཏེ་ཚོགས་གཙོ་རལ་བ་ཅན་སོགས་ཀྱི་བསམ་ཚུལ་དང་མ་མཐུན་ཚེ་ཚོགས་པ་ནས་ཕྱིར་ཕུད་བྱེད་རྐྱང་བྱེད་པ་དང་མདོ་སྨད་ཀྱི་མིང་གཡར་ནས་༸གོང་ས་མཆོག་གི་ཐུགས་དགོང་དཀྲུགས་པ། ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ཁ་གཡར་ནས་མདོ་སྨད་དུམ་བུར་བཏང་བ་སོགས་ལ་བརྟེན་མ་འོངས་པར་གནས་ཚུལ་ཅི་བྱུང་བ་ཐམས་ཅད་ཀྱི་འགན་རལ་བ་ཅན་སོགས་ཀྱིས་ཁུར་དགོས་པ་ཡིན།
ཞེས་སྤྱི་ལོ་2017/6/22 ཉིན་དངོས་མིང་ཤེལ་དགེ་འདུན་ཚེ་རིང་དང་སྙུག་མིང་་འདྲེ་གླེན་པ་རུ་འབོད་པ་དེས།
སྐྱུག་ལོག་པའི་རྩོམ་ཉོག་འདི་འདྲ་ཁ་བརྡའི་ཁོར་ཡུག་ལ་དྲུད་མ་ཡོང་རོགས། མ་གཞི་གྲྭ་ལོག་ཁྱེད་ཚོ་ནང་ཁུལ་གྱོད་འཛིང་བྱ་རྒྱུ་ལས་ལྷག་པ་ཞིག་ག་རེ་ཤེས་ཀྱི་ཡོད། ཨ། ད་དུང་རྩོམ་པ་པོ་ཡིན་ན་ཅིག
འདྲེ་གླེན་པ་ཞེས་པ་ཆབ་སྲིད་བཙོན་ཟུར་དུ་བརྫུས་ཏེ་ཨོ་གླིང་དུ་སླེབས་ཤིང་། དེར་སླེབས་ནས་ཀྱང་བོད་རིགས་ནང་ཁུལ་དང་ཁྱད་པར་དུ་མདོ་སྨད་ནང་ཁུལ་ལ་དཀྲུགས་ཤིང་བསླངས་བསྡད་མཁན་ཞིག་རེད། འདྲེ་གླེན་པས་ཀླུ་མཁར་བྱམས་ལ་རང་བཙན་འཐབ་རྩོད་པའི་མགུལ་རྒྱན་བསྒྲོན་པ་དང་། མདོ་སྨད་མི་མང་དང་མདོ་སྨད་གླིང་ལ་བསྙོན་འཛུགས་བྱེད་པར་ཡ་མཚན་མ་མཐོང་ཡང་། ཁ་བརྡ་རྩོམ་སྒྲིག་པས་འདི་རིགས་དྲ་ལམ་དུ་བཀོད་པར་ཧང་སངས་སོང་།
དེང་སང་མདོ་སྨད་གླིང་ཟེར་བ་འདི་མདོག་ཇེ་གསལ་ཇེ
གསལ་རེད་ངེས། ཉེ་ཆར་གྲོས་ཚོགས་ནང་རྒྱ་ཐར་གྱིས་མདོ་སྨད་གླིང་ཟེར་བའི་ནང་སྒོར་མོ་བསྡུས་ནས་འཇིགས་སྐུལ་དང་དབྱེ་འབྱེད་གནང་འཆར་མ་རེད། ཐ་ན་ཀླུ་མཁར་བྱམས་ཀྱི་གྲོགས་པོ་ངོ་ཤེས་ཚོ་གནམ་གླ་སྤྲད་ནས་སྐད་བཏང་ཡ་དང་སློབ་གསོ་གཏང་ཡ་ཡིན་ཆེད་རེད་གྲོས་ཚོགས་ནང་བཤད་པ་རེད། ད་ནི་མདོ་སྨད་གླིང་དེ་ལས་ལྡོག་སྟེ་ཀླུ་མཁར་བྱམས་ཙམ་མ་ཟད་ཐ་ན་དེ་ལ་དགའ་མཁན་མི་ཚོར་ཚོགས་པ་ནས་ཕྱིར་འབུད་གཏོང་བ་འདི་འདྲ་རེད། མི་འདི་ཚོས་རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་ཀྱི་ཡོད་མེད་མཁྱེན་ལྡན་ཚོས་ཤེས་ཤེས་རེད་འདུག
དོན་ལ་ཅི་ཞིག་ཤོད་ཀྱི་ཡོད། མ་གོ་ཐལ།
འདྲེ་གླེན་པས་བླུན་བཤད་ཡེད་ཀི།།
རྩོམ་བྲིས་པར་ནང་དོན་མེད་ཀི།།
ཁ་ཆེ་ཟིག་གདང་གི་འདུག་ར།།
ཚིག་ཆེ་ཟིག་ཐོན་གི་མེད་ཀི།།
མདོ་སྨད་གླིང་ཟེར་བའི་སྐད་འཕྲིན་ཚོགས་པའི་བདག་པོ་དང་། འགན་ཁུར་མཁན་ཚོར་གསལ་བཤད་གནང་རྒྱུ་ཡོད་ངེས་རེད། གསལ་བཤད་རེ་གནང་ན་ཡག་པོ་འདུག དེ་མིན་མི་རེ་ཟུང་གིས་དྲ་ལམ་ག་ས་གང་ལ་ཅི་ཡིན་འདི་ཡིན་མེད་པའི་བསམ་ཚུལ་དང་ལྟ་ཚུལ་སྤེལ་ཡོང་ན། ཀློག་མཁན་ང་འདྲ་བ་མང་པོ་ཞིག་གིས་ཕྱོགས་གཅིག་གི་སྐད་ཆ་མ་གཏོགས་གོ་གི་མེད་ཙང་ཁྱད་མཚར་པོ་ཞིག་མཐོང་གི་འདུག