ཚེ་འབར།
ཉེ་ཆར་རྒྱ་ནག་དམར་གཞུང་གིས་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་ལ། “ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ་རེད་”ཅེས་བཤད་འདུག དེའི་ལན་དུ་ཁྱེད་ཚོ་རྒྱ་ནག་དམར་གཞུང་ནི་འཆམ་མཐུན་སྤྱི་ཚོགས་ཀྱི་ཕྱི་གོས་གྱོན་པའི་བོད་པ་རྩ་མེད་བཟོ་མཁན་གྱི་དགྲ་བོ། ཆོས་ལུངས་རྨང་མེད་བཟོ་མཁན་གྱི་ཉེས་ཅན། ཆབ་སྲིད་གཏོར་བརླག་གཏོང་མཁན་གྱི་བཙན་འཛུལ་བ། རྒྱུ་ནོར་འཕྲོག་བཅོམ་བྱེད་མཁན་གྱི་ཇག་ཚོགས་ཡིན་པ་ཤེས་བར་གྱིས། ཕྱི་༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་ལ་ཕེབས་ནས་ཁྱེད་ཚོས་བོད་པ་རྩ་མེད་བཟོ་འདོད་ཀྱི་སྲིད་ཇུས་གདུག་རྩུབ་ཅན་གྱི་སྤྱོད་ངན་དེ་དག འཛམ་གླིང་ཀུན་ལ་ཤེས་སུ་བཅུག་མེད་ན། ད་ལྟ་བོད་པ་ཟེར་ན་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད་པ་འཛམ་གླིང་ཀུན་གྱིས་ཤེས་གསལ་རེད། ད་ལྟ་བོད་མི་རིགས་འདིའི་ངོ་བོ་ཏོག་ཙམ་གནས་ཐུབ་ཡོད་པ་དེ་༧ གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པའི་བཀའ་དྲིན་ཉག་གཅིག་ཡིན་པ། བོད་མི་ས་ཡ་དྲུག་གཙོས་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་ཚང་མས་ཤེས་གསལ་རེད། དེ་ཁྱེད་ཚོས་བོད་པ་ཕུང་བ་རེད་ཟེར་ནས་སྐྱག་རྫུན་ཅི་ཙམ་བཤད་ན་བདེན་པ་ནམ་ཡང་འགྱུར་མི་སྲིད་པ་ཤེས་བར་གྱིས།
༧ གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་མཆོག་བཙན་བྱོལ་ལ་ཕེབས་ནས་དུས་ད་ལྟའི་བར་དུ། སེ་འབྲས་དགའ་གསུམ་གྱིས་མཚོན་དགོན་སྡེ་ཁག་དང་སློབ་གྲྭ་ཁག་བརྒྱ་ཕྲག་མང་པོ་གསར་འཛུགས་དང་། གྲྭ་བཙུན་སྟོང་ཕྲག་མང་པོ་སྐྱེད་སྲེང་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་ས་སྟེང་འདི་རུ་ཕེབས་ནས། ལོ་ངོ་གཉིས་སྟོང་ལྷག་གི་རིང་ལ་ནང་པའི་སྐྱེས་ཆེན་གྲངས་ལས་འདས་པ་བྱུང་ཡོད་ན་ཡང་། འཛམ་གླིང་ཤར་ནུབ་གཉིས་ལ་༧ གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་བྱམས་བརྩེ་དང་ཞི་བདེ་དར་སྤེལ་བཏང་བ་ནང་བཞིན། སུ་གཅིག་གིས་ཀྱང་གནང་ཐུབ་མ་ཐུབ་པ་དེ་ཆོས་ལ་གནོད་པ་རེད་ཟེར་རྒྱུ་ཡིན་ནམ། དགོད་སྤྲོ་བའི་བྱིས་སྒྲུང་ལྟ་བུ་ཞིག་ཁྱེད་ཚོ་བཤད་རྒྱུར་ངོ་མི་ཚའམ།
གོ་ལ་ཧྲིལ་བོ་འདིའི་སྟེང་ལ་ཆབ་སྲིད་ཀྱི་ལྟ་གྲུབ་ཆེན་པོ་གཉིས་དེ་མང་གཙོ་དང་དམར་ཤོག་གདོང་ཐུག་བརྒྱབས་ཏེ། དམར་ཤོག་ཕྱོགས་ཡོངས་ནས་ཕམ་ཉེས་སོང་བ་མ་ཟད། ཁྱེད་ཚོ་རྒྱ་ནག་དམར་གཞུང་གཅུག་བུ་ཁེར་རྐྱང་དུ་ལྷག་ལ་ཉེ་བའི་སྐབས་སུ་༧ གོང་ས་རྒྱལ་བ་རིན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་རླབས་ཆེན་གྱི་བྱམས་བརྩེའི་ཐུ་འོག་ནས་འཛམ་གླིང་མི་མང་ཁྱེད་ཚོའི་དགྲ་རུ་མི་ལངས་པའི་ཐབས་ཤེས་ཡོད་དགུ་རྩ་སྤྲུག་གནང་ནས། བོད་ཀྱི་གནད་དོན་ཡིན་ན་བོད་རྒྱ་གཉིས་ཀྱིས་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་རྒྱུ་ཡིན་གསུངས་ནས། བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ལག་ཆར་མི་འགྱུར་བ་དང་། ལྷག་པར་དུ་རྒྱ་ནག་ལ་རྒྱལ་སྤྱིའི་སྟེང་ནས་བརྡབ་གསིག་མི་གཏོང་བ་གཙོ་འདོན་གནང་ཡོད། དེ་འཛམ་གླིང་མི་མང་གིས་ཤེས་ངེས་རེད། གལ་སྲིད་རྒྱ་ནག་དམར་གཞུང་དང་རྒྱ་ནག་མི་མང་ལ་དགོངས་པ་རྩ་བ་ནས་མི་བཞེས་མཁན་ཞིག་ཡིན་ན། ང་ཚོ་རྒྱ་གར་གྱི་ཆ་ཤས་བྱ་རྒྱུ་ཡིན། ཡང་ན་ཨ་རིའི་ཆ་ཤས་བཟོ་རྒྱུ་ཡིན་གསུང་ན་བོད་མི་མང་གི་ཁོང་གི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་ཡིན་པ་སྨྲོས་ག་ལ་དགོས། ལྟག་པར་དུ་བོད་ཀྱི་བདག་དབང་ཆ་ཚང་ཡོད་པའི་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེ་ལྟར་གསུངས་ན། རྒྱ་གར་རམ་ཨ་རིས་བོད་དོན་ལ་ལག་པ་འཆང་བདེ་རུ་འགྲོ་བ་མ་ཟད། ཏན་ཏན་ཁྱེད་ཚོ་རྒྱ་དམར་གཞུང་ལ་དཀའ་ཁག་གནམ་སར་མི་ཤོང་བ་ཞིག་ཡོང་རྒྱུ་ཡིན་པ་ཐེ་ཚོམ་ག་ལ་དགོས། ཡིན་ན་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁྱེད་ཚོ་རྒྱ་ནག་དམར་གཞུང་འཛམ་གླིང་ནང་ནས། ངོ་ཚ་ཁ་སྐྱང་བཟོ་མ་དགོས་པ་ཞིག་ལ་འབད་རྩོན་གནང་གིན་ཡོད་པ་དེ་ཁྱེད་ཚོས་ཤེས་ན་མ་ཤེས་ཁུལ་གྱི་འཁྱོག་བཤད་ལ་གོམས་དྲག་པས་ཡིན་རྒྱུ་རེད།
ད་དུང་རྩོམ་ཡིག་དེའི་ནང་ལ་”ལོ་ལྟར་ཟླ་3ཚེས་10ཉིན་ཁོ་པས་གཏམ་བཤད་ཐེངས་གཅིག་སྤེལ་རྒྱུ་མི་བརྗེད་པར“བོད་རང་བཙན”བྱ་ཆེད་འུད་སྒྲོག་བྱེད་པ།” ཟེར་ནས་བྲིས་འདུག ༧ གོང་ས་རྒྱལ་བ་རིན་པོ་ཆེས་ཕྱི་ལོ་༢༠༡༡ ཟླ་ ༣ ཚེས་ ༡༠ ཉིན་གྱི་གསུང་འཕྲིན་ནི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་མཐའ་མ་རེད། དེའི་རྗེས་ཕྱི་ལོ་༢༠༡༡ ཟླ་ ༨ ཚེས་ ༨ ཉིན་མང་གཙོའི་ལམ་ནས་འོས་འདེམས་བྱས་བའི་སྲིད་སྐྱོང་ལགས་ལ་སྐུ་དབང་ཆ་ཚང་གནང་ཚར་བའི་རྗེས་སུ། གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་གཅིག་ཀྱང་བསྩལ་མྱོང་མེད། ལོ་ངོ་བརྒྱད་ཀྱི་རྗེས་སུ་ཁྱེད་ཚོས་ད་དུང་”ལོ་ལྟར་” “མི་བརྗེད་པར” ཟེར་ཡོང་དུས་ཁྱེད་ཚོ་རྫུན་བཤད་རྒྱུ་ལ་གོམས་དྲགས་པས་རེད་སྙམ་ནས་ཁོག་དགོད་ཅིག་ཤོར་སོང་།
ཁྱེད་ཚོ་རྒྱ་ནག་དམར་གཞུང་གིས་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་དང་སྐུར་འདེབས་ཅི་ཙམ་བྱས་ན་བོད་རྒྱའི་བར་གྱི་འགལ་ཟླ་དེ་ཙམ་ཆེ་རུ་འགྲོ་བཞིན་ཡོད་པ་གླེན་པ་ལུག་འདྲ་ཞིག་ཡིན་ན་མ་གཏོགས་ཤེས་ངེས་རེད།
ཁྱེད་ཚོས་བོད་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་ཅི་ཙམ་བཟོས་ན། དེ་ཙམ་གྱི་ཁྱེད་ཚོ་ནི་བོད་མི་རིགས་ཀྱི་དགྲ་བོ་ཡིན་པ་འདོར་མི་སྲིད།
ཕྱི་ལོ་༢༠༡༩ ཟླ་ ༤ ཚེས་༢ ཉིན།
དཔེ་ཚིགས་ངར་མ་བྲིས་འདུགས་ཐུགས་རྗེ་ཆེ་
ངས་ཀྱང་རང་དབང་ལུང་པ་ནས་རྒྱ་ནག་ཞུང་ལ་བཤད་་ཆས་ལ་དགྲ་བོ་རྒྱ་དམར་དགྲ་བོ་
རྒྱ་མི་་་དགྲ་བོ་རྒྱ་ཁྱི་་་་་ཞེས་འབོད་རྒྱུ་ཡིན་འོན་ཀྱང་དེང་སང་ཀླ་་ཀློ་་ཞེས་འབོད་ཤེས་ཀྱི་མི་འདུག་གང་ཡིན་ཟེར་ན་བོད་པའི་སྤྱི་ཚོགས་ནང་ལ་ཡང་ཀླ་ཀློ་མང་རོ་མང་རོ་རེད་འདུག
བོད་རང་བཙན་ཤོར་བའི་རྒྱུ་རྐྱེན་གང་ལ་ཐུག་འདུག ང་ཚོ་མང་པོ་ཞིག་གིས་བསམ་བློར་༡༩༥༩་ལོ་ནས་ཤོར་བ་རེད་བསམ་གྱི་ཡོད་མོད། དོན་དངོས་སུ་དེ་སྔོན་ནས་ཤོར་ཚར་ཡོད་པ་འདྲ། བོད་ཀྱི་སྔ་མ་ཚོའི་འགོ་ཁྲིད་སུ་ཞིག་ལ་ནོར་འཁྲ྄ུལ་ཆེན་པོ་ཤོར་འདུག་བཅས་བསམ་བློ་ཞིབ་ཏུ་བཏང་ན་རྒྱལ་དབང་ལྔ་བ་རེད། ལྔ་བའི་ནོར་འཁྲུལ་ལ་གཟིགས་ཡོད་ན་ནམ་མཁར་ཤོང་གི་མ་རེད། འོན་ཀྱང་ང་ཚོས་རྒྱལ་དབང་ལྔ་བ་ནི་ཆོས་སྲིད་གཉིས་ལ་འགྲན་ཟླ་བྲལ་བར་འདོད་ཀྱི་ཡོད་པ་རེད། །
སྔོན་ཆད་དེབ་ཐེར་དཔྱིད་ཀྱིིིིིིིིིིིིིིིིིི་རྒྱལ་མོའི་གླུ་དབྱངས་མཇུག་བྱང་བཀླགས་རྗེས་ལ་ངའི་སེམས་ལ་ཡང་རྒྱལ་དབང་ལྔ་བ་ནི་མགོ་འདོགས་རིང་ལུགས་པ་ཞིག་ཡིན་པའི་ཚོར་སྣང་བྱུང་། ཁོང་ནི་བོད་གསུང་དགའ་ལྡན་ཕོ་བྲང་འཛུགས་མཁན་དེ་ཡིན་པའི་ཆ་ནས་མན་ཇི་གོང་མ་དང་འབྲེལ་བ་ཅི་ཞིག་བཟུང་ཡོད་མེད་བསམ་བློ་གཏོང་དུས་དེ་ནི་མཆོད་ཡོན་གྱི་འབྲེལ་བ་ཙམ་ཞིག་ལས་མེད་པའི་ཡིད་ཆེ་རྙེད། ཡིན་ན་ཡང་ངོ་བསྟོད་ཚད་ལས་བརྒལ་བ་བྱེད་པ་ནི་བོད་ཀྱི་བླ་ཆེན་མི་ཆེན་ཚང་མ་ལ་རང་ཆས་སུ་གྲུབ་པའི་ཡོན་ཏན་ནམ་གཤིས་ཀ་ཞིག་ཡིན་པ་ལས་རྒྱལ་དབང་ལྔ་བ་གཅིག་པུའི་ཁྱད་ཆོས་མིན་པ་བདྲ། མི་ལོ་སུམ་བཅུ་འདས་པའི་དེ་རིང་ཡང་དེབ་ཐེར་དེའི་མཇུག་བྱང་བསྐྱར་དུ་ཀློག་འདོད་བྱུང་ཡང་དེབ་དེ་བསྐལ་བའི་ཡུལ་དུ་གྱུར།
གཞུང་་་་
འདྲ་་་་
རྒྱ་ནག་དམར་གཞུང་གིས་ཁ་གཅིག་ནང་གི་ལྕེ་དགུ་རྒྱལ་དབང་བཅུ་བཞི་བར་ཁ་བྲལ་བ་རེད་ཅེ་ངོ་རྒོལ་བྱས། བཅོ་ལྔ་བ་ཁོང་ཚོའི་ངོས་འཛིན་དགོས་ཟེར་ན་གང་རེད།
༄༅། རྒྱ་ནག་དམར་པོའི་ག་དུས་ཡིན་ཡང་སྐྱག་རྗུན་དང་ཧམ་པ་ཤ་སྟག་བཤད་ནས་བསྡད་ཡོད།
དུས་རབས་ཉེར་གཅིག་པ་རེད། སུ་གཅིག་གི་ཧམ་བཤད་ལ་ཉན་གྱི་མ་རེད།
སྨྱ་བརྗོད་ལ་རང་དབང་མེད། ཆོས་དད་ལ་རང་དབང་མེད།
སྒེར་སྤྱོད་ལ་རང་དབང་མེད། ཟ་སྤྱོད་ལ་རང་དབང་མེད།
རང་དབང་གསུམ་མེད་རྒྱ་དམར་པོ། ག་ཚོད་རྗུན་བཤད་ཀྱང་། སུ་གཅིག་གི་ཡིད་ཆེས་མི་བྱེད་དོ།
ད་ལྟའི་རྒྱ་གཞུང་གིས།
་་་་་་་་་་་་་ “ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ་རེད་” ་་་་་་་་་ ཟེར།
དྲྭ་གྲོགས་ཚོས་བསམ་ན་རྒྱལ་དབང་ལྔ་བ་ཆོས་སྲིད་གཉིས་ལ་འགྲན་ཟླ་བྲལ་བ་ཞིག་ཨེ་རེད། ཆབ་སྲིད་པ་ཆེན་པོ་ཞིག་རེད་དམ། ཡང་ན་ཅི་ཡང་མི་ཤེས་པའི་ཆབ་སྲིད་པ་ཞིག་རེད་དམ། ཚང་མས་བསམ་ཚུལ་ཞིག་གསུང་རོགས་ཞུ། །
རྒྱ་ཧན་གྱི་མི་རིགས་མའོ་ནི་མི་ཤ་ཟ་མཁན་རེད། ཏིང་ནི་ཟ་རིགས་ཡོད་ཚད་ཟ་མཁན་རེད། ཛང་ཛ་མིན་ནི། ཁྱི་ཤ་ཟ་མཁན་རེད། ཧུ་ཅོན་ཐའོ་ནི། མོ་གཅིན་ཐུང་མཁན་རེད། ཞི་ཅིན་ཕིན་ནི། དུས་རབ་ཉི་ཤུ་པའི་སྡུག་རྩུབ་ཆེ་ཤོས་ཀྱི་བཀའ་བཀོར་རྒྱུད་འཛིན་པ་མི་འཐོམས་འཁྱེར་བ་ཞིག་རེད།
༸གོང་ས་ཆེན་པོ་བཅུ་བཞི་པ་ཆེན་པོ་མཆོག་ནི། ཆོས་ཕྱོགས་ནས། སྟོན་པ་ཤཀྱྰ་ཇུབ་པའི་རྒྱལ་ཚབ་རེད།
སྲིད་ཕྱོགས་ནས། བོད་མི་རིགས་ངོ་བོ་དང་། དགོན་སྐྱབས་དཔུང་གཉེན་གཅིག་པུ་དེ་དང་། ཛམ་བུ་གླིང་པར། ཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་རེད་དོ། རྒྱ་གཞུང་པ་ཚོ།། །།
རྟ་བདུན་དབང་པོ་ལགས་
སྤྱིར་མིའི་སོག་ཆགས་ཀྱི་ནང་རྒྱལ་ཁབ་ཞེས་པའི་གང་ཟགས་གང་རུང་བ་ཞིགས་ཀྱི་དབང་འགྱུར་བྱེད་པའི་བསྒྲུབ་ཆ་ཞིགས་ཡོད་པ་ནི་རྒྱལ་ཁབ་ཞེས་པ་དེ་རེད་དེ་ཡར་རྒྱས་དང་དབང་འགྱུར་བྱེད་པར་ཆོས་ཞེས་པའི་འཛམ་བུ་གླིང་པའི་མི་བདེའི་འབོད་སོལ་དེ་ཁོ་ནས་ཐུབ་པར་ངོས་འཛིན་གྱི་མེད་ དེ་ལ་དཔལ་འབྱོར་དང་རིགས་ཞུང་ ཆབ་སྲིད་དང་དམག་དོན་
བཞི་བཅས་ལ་བརྟན་ནས་ཡར་རྒྱས་འགྲོ་དགོས་པ་ནི་དེ་བདག་དང་ཁ་་བྲལ་ཐབ་མེད་ཞིགས་རེད སྤྱི་ལོའི་དུས་རབས་སྟོང་ལོའི་སྔོན་ལ་ཤར་གླིང་ཨེ་ཤེ་ཡའི་ནང་དབང་འགྱུར་བྱེད་པའི་ནུས་པ་གསུམ་གྱི་ཐོགས་ནས་བྱུང་བ་གསལ་པོ་རེད་ དེ་ཡང་རེགས་གནས་ནུས་པའི་ངབང་འགྱུར་དང་ དམག་དོན་ནུས་པའི་དབང་འགྱུར་ ཆབ་སྲིད་ནུས་ོའི་དབང་བཅས་རེད་ འོ་ན་དེ་གསུམ་སུ་དང་སུས་བེད་སྤྱོད་བཏང་འམ་ཞེས་ན་ རྒྱ་གར་གྱི་རེགས་གནས་བེད་སྤྱོང་བཏང་ནས་ཤར་གླིང་དབང་དུ་འདུས་པ་དང་ སོག་པོས་དམག་གི་ཐོགས་
ནས་ཨེ་གླིང་དབང་དུ་འདུས་ཡོད་ རྒྱ་ནག་གི་ཆབ་སྲིད་ཀྱི་ནུས་པ་བེད་སྤྱོད་བཏང་ནས་
ཤར་གླི་ཨེ་ཤེ་ཡེའི་དབང་དུ་འདུས་་པ་རེད་དེའི་ནང་ནས་རྒྱ་ནག་་གི་ཆབ་སྲིད་ནུས་པའི་བག་ཆག་དེ་དུགས་འདྲ་བོ་ཤར་གླིང་ཨེ་ཤེ་ཡེའི་མིའི་སེམ་ནང་དུས་ད་ལྟ་བར་དུ་བག་ཆག་དེས་ཅིང་བསྡས་ཡོད་པ་རེད་ དཔེར་ན་སོག་པོས་རྒྱ་ནག་ཡོང་དབང་འགྱུར་བྱེད་པའི་སྐབས་སོག་པོའི་རྒྱལ་པོ་ཞེས་མིང་མི་འབོད་པར་རྒྱ་ནག་གི་ཆ་སྲིད་ངན་པའི་བག་ཆག་དེའི་དབང་གི་རྒྱ་ནག་རྒྱལ་པོ་ཞེས་མིང་འབོདཀྱི་ཡོད་བག་ཆག་དེས་བོད་མི་ཙམ་མ་ཟད་ཤར་གླིང་ཨེ་ཤེ་ཡ་ཡོང་ལ་ཁྱབ་པ་ཞེག་རེད་ མ་ཟད་རྒྱ་ནག་གོང་མས་གནང་བས་མིང་ཡིན་ན་ཙ་ཆེར་འཛིན་ཚུལ་ཡོད་པ་དེ་བོད་པ་ཁོ་ན་མ་རེད དེ་ན་རྒྱུ་ཚན་དེ་ཙམ་ཀྱི་རྒྱ་བ་ལྔ་བ་བོད་རང་བཙན་མེད་པ་བཟོ་མཁན་རེད་ཟེར་ན་ཧམ་བཤད་ཆེད་གྲགས་པ་མེ་འགྲོ
རྒྱ་མ་ཚང་ལགས། ག་རེ་རྟ་བདུན་དབང་པོ་ལགས། རྟ་གཅིག་གི་དབང་པོའང་རེད་མི་འདུག།། སྐྱབས་ཡི་དྭགས་བཅོལ། གྲོད་པ་དགྲ་བོ་ལས་རྒྱོང་མཁན་དམ་ཉམས་ཤིག་ཡིནུ་འདུག ཁ་ཡ་མ་བྱེད་་གཡུགས་ཞོག
ངས་རྒྱལ་དབང་ལྔ་བ་ནི་ཆབ་སྲིད་ཅི་ཡང་མི་ཤེས་པའི་རུལ་སུངས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བདེན་དཔང་ཡང་བྱེད་ཐུབ་ཀྱི་ཡོད། རྣམ་དཔྱོད་ཀྱི་མིག་དང་ལྡན་་པ་ཞིག་ཡིན་ན་བདེན་མིན་ལས་སླ་བོ་རྟོགས་ཐུབ་ཀྱི་རེད། །
དྲ་རྒྱའི་ནང་མི་རེ་གཉིས་རྒྱ་དམར་པོས་རྔན་པ་ཟ་མཁན་ཡང་འདུག་པ་
ཞབས་འདྲེན་རེད། ལུས་ངག་ཡིད་གསུམ་རྒྱ་དམར་པོས་ཉོས་ནས་རང་གི་རྒྱལ་ཁབ་མི་རིགས་
ལ་ངོ་རྒོལ་བྱས་པ་ནི་ནམ་ཡང་སྐྱིད་མི་སྲིད། བརྗེད་ཡང་མི་སྲིད། ཡང་ཡང་དྲན་པ་གྱིས་ཨང།
ད་དུང་བོད་པ་རྣམས་ལ་ཤེས་ཡོན་གྱིས་ལྡང་གི་མེད་སྟབས་རྒྱལ་དབང་ལྔ་བར་སྐྱོན་འཛུགས་བྱས་ན་ཀླད་མེད་ཚོའི་ཀླད་པར་ཤོང་ག་ལ་ཐུབ། དེ་མིན་རྒྱལ་དབང་ལྔ་བས་འགྲོ་གྲོན་ཡོད་ཚད་བཏང་ནས་འཛམ་གླིང་ན་ཆེ་འཕགས་པའི་ཕོ་བྲང་ཆེན་པོ་པོ་ཏ་ལ་རྒྱབ་པ་རེད། པོ་ཏ་ལ་ནི་འཛམ་གླིང་གི་རྒྱལ་བོའི་ཕོ་བྲང་ཆེས་ལེགས་ཤོས་ཨང་གྲངས་གཉིས་པ་དེ་རེད་ཟེར། གདོང་དམར་བོད་པ་ལས་ངན་ཚོ་ནི་འཛམ་གླིང་འདི་ན་ཆེས་སྐྱོ་བའི་མི་རིགས་ཤིག་ཡིན་པར་བཤད་མ་དགོས་སོ། བསམ་བློ་ཞིབ་ཏུ་ཐོངས་དང་དེ་ནས་སུ་ཞིག་རུལ་སུངས་ཡིན་མིན་ཤེས་ཐུབ། །
སྔོན་རྒྱལ་བ་སྐལ་བཟང་བདུན་པའི་སྐབས་སུ་བལ་པོའི་དུད་ཚང་ཕྱུག་པོ་ཞིག་སྟོད་གངས་རིའི་བརྒྱུད་ནས་བོད་ལ་གནས་བསྐོར་དུ་བསྐྱོད་པ་རེད་ཟེར། ལམ་ཁར་ཁྱིམ་ཚང་སྐྱོ་བོ་མང་པོ་མཐོང་དུས་བོད་ཡུལ་ཡི་དྭགས་ཀྱི་ཡུལ་ཟེར་བ་བདེན་པར་འདུག་སྙམ་པ་རེད་ཟེར། དེ་ནས་རིམ་གྱིས་ལྷ་སར་སླེབས་པས་པོ་ཏ་ལ་མཐོང་ནས་ཧ་ལས་ཤིང་ཧོན་ཐོར་བའི་ལོ་རྒྱུས་འདུག ང་ལོ་ཤས་གོང་ལ་ནང་པའི་རྒྱལ་ཁབ་ཐེ་ལན་ཏྲི་ལ་བསྐྱོད་པ་ཡིན། མི་མང་བརྒྱ་ཆ་གོ་དགུའི་ཁོང་ཚོའི་རྒྱལ་པོ་ལྷ་བཞིན་བརྩི་བཀུར་བྱེད་ཀྱི་འདུག དེ་ནི་གཤེགས་ཚར་བའི་རྒྱལ་པོ་དེ་རེད། དོན་ལ་ཁོང་ནི་རུལ་སུངས་རེད། ཡིན་པའི་རྒྱུ་མཚན་ནི་ཁོང་ནི་འཛམ་གླིང་གི་རྒྱལ་པོ་ཕྱུག་ཤོས་ཨང་དང་པོ་དེ་རེད། ཐེ་ལན་ནི་རྒྱལ་ཁབ་སྐྱོ་ཤས་ཀྱི་གྲལ་རེད། འོན་ཀྱང་མི་མང་གི་དེ་ཤེས་ཐུབ་ཀྱི་ཡོད་པ་མ་རེད། །
རྒྱལ་དབང་ལྔ་བའི་གསུང་རྩོམ་གྱི་མཇུག་ཏུ་
ཟ་ཧོར་གྱི་བན་དེ་བློ་བཟང་རྒྱ་མཚོ་ཞེས་བྲིས་འདུག ཁོ་རང་གི་མི་རིགས་དེ་བོད་པ་མིན་པར་བྲིས་འདུག
པོ་ཏ་ལའི་ཕོ་བྲང་དཀར་པོ་རྒྱལ་བ་ལྔ་བའི་རིང་བཞེངས་ཤིང་། ཁོང་དགོངས་པ་རྫོགས་རྗེས་སྡེ་སྲིད་སངས་རྒྱམ་པས་ཕོ་བྲང་དམར་པོ་རྒྱ་བསྐྱེད།
རྩོམ་པ་པོས་ཕྱི་ལ་ཁ་གཏད་ནས་བྲིས་འདུག མཆན་འདེབས་པ་པོ་ཚོས་ནང་ལ་ཁ་གཏད་ནས་བྲིས་འདུག བྱེད་སྟངས་འདིས་དེང་སང་གི་བོད་མཚོན་བཞིན་འདུག བོད་ཕུང་པའི་རྐྱེན་མཐར་གཏུགས་སོང་ན་དུས་རབས་བརྒྱད་པའི་སྐབས་ཀྱི་ཆབ་སྲིད་དང་ཆོས་ལུགས་ཀྱི་འགལ་བ་ལ་ཐུག་ཡོད་པ་རེད། འོན་ཀྱང་དེ་བཤད་ན་མང་པོ་མང་པོ་ཞིག་སྨྱོ་འཇོག་གི་རེད།
དང་པོ་ཉིད་ནས་རྒྱལ་དབང་ལྔ་བས་ཆབ་སྲིད་ཀྱི་འགན་བཞེས་མེད་ན་ཤིན་ཏུ་ནས་ལེགས་མོད། བཞེས་ཚར་ནས་ཆབ་སྲིད་ཀྱི་ཐོག་ལ་སྟོབས་ཤུགས་ཡོད་ཚད་བཀོལ་རྒྱུའི་ཚབ་ཏུ་དག་སྣང་གི་ཆོས་སྐོར་མང་པོ་ཞིག་དང་། ལམ་རིམ། སྙན་ངག་སོགས་བརྩམས་ནས་དུས་ཚོད་ཆུ་ཟོས་སུ་བཏང་བ་རེད། དེ་དུས་གལ་ཏེ་རྒྱལ་དབང་ལྔ་བས་སྟོབས་ཤུགས་ཡོད་ཚད་བཀོལ་ནས་བོད་རིགས་ཡོངས་རྫོགས་གོང་བུ་གཅིག་གྱུར་བཟོ་རྒྱུར་འབད་བརྩོན་བྱས་ཡོད་ན་དམག་འཁྲུགས་ལ་བརྟེན་མ་དགོས་པར་ལས་སླ་བོས་བཟོ་ཐུབ་པ་རེད། རྒྱུ་མཚན་ནི། དེ་དུས་ཁམས་དང་ཨ་མདོ་སོགས་ས་ཆ་མང་པོ་ཞིག་རྒྱ་ནག་གིས་དབང་འོག་ན་མེད་པར་བོད་ཀྱི་བླ་མ་དང་དཔོན་པོས་བཟུངས་ཡོད་པ་རེད། རྒྱལ་དབང་ལྔ་བར་བོད་ཆོལ་གསུམ་གོང་བུ་གཅིག་གྱུར་བྱེད་ཐུབ་པའི་ནུས་པ་དང་དུས་ཚོད་གཉིས་ཀས་འདང་གི་ཡོད་པ་སྨོས་མ་དགོས་སོ། འོན་ཀྱང་ཁོང་གིས་ཆོལ་གསུམ་གཅིག་གྱུར་བྱེད་རྒྱུར་འབད་བརྩོན་གང་ཡང་མ་བྱས་པར་སྟོབས་ཤུགས་ཡོད་ཚད་བཀོལ་ནས་ཕོ་བྲང་ཆེན་པོ་པོ་ཏཱ་ལ་བརྩིགས་པ་རེད། པོ་ཏཱ་ལས་རྒྱལ་ཁབ་སྲུང་མི་ཐུབ་པ་གསལ་པོ་རེད། འདིས་ནི་རྒྱལ་དབང་ལྔ་བ་ཆབ་སྲིད་ཀྱི་གནད་འགག་གང་ཡང་མི་ཤེས་མཁན་ཞིག་དང་རུལ་སུངས་ཡིན་པར་བདེན་དབང་བྱས་པ་རེད། རྒྱལ་དབང་ལྔ་བ་སྐུ་གཤེགས་ཁར་སྡེ་སྲིད་ཀྱིས་སྨེ་ངག་འདོན་བཞིན་ད་དུང་པོ་ཏཱ་ལ་བཞེངས་མ་གྲུབ་པས་ཁྱེད་སྐུ་བཞུགས་རོགས་ཞེས་ཞུས་པ་རེད། ལྔ་བས་ཐ་མའི་ཞལ་ཆེམས་ལ་དོན་དག་ཕལ་ཆེར་ཁྱེད་ཀྱི་བློ་གྲོས་ཀྱིས་ཐག་གིས་ཆོད། མ་ཆོད་པ་རྣམས་ལྷ་མོ་སྐུ་ཐང་མདུན་ནས་ཟན་རྟགས་སྒྲིལ་དང་ལྷ་མོས་བསླུ་མི་སྲིད་ཅེས་གསུངས་འདུག་པས་ཞལ་ཆེམས་འདི་ལ་དཔག་ན་རྒྱལ་དབང་ལྔ་བ་དང་སྡེ་སྲིད་གཉིས་ཀས་པོ་ཏཱ་ལ་བཞེངས་རྒྱུ་དེ་ཤིན་ཏུ་གལ་ཆེན་ཞིག་ལ་བརྩིས་ཡོད་པ་ཤེས་ཐུབ། །
ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་ནང་ན་འདི་འདྲ་ཞིག་ཡོད་པ་དྲན། རོལ་རྡོར་རྒྱ་ནག་གོང་མའི་སྐུ་ཚབ་བྱས་ཏེ་བོད་ལ་ཕེབས་ནས་སྡེ་སྲིད་ལ་མཇལ་ཁ་ཞུས་སྐབས། སྡེ་སྲིད་ཀྱིས་ཁྱེད་ཀྱིས་ངར་ཕྱག་འཚལ་ན་ངེད་གཉིས་མཇལ་མོལ་བྱས་ཆོག་ཅེས་རེ་བ་བཏོན་འདུག ལྕང་སྐྱའི་ཁྱེད་ནི་ངེད་ཀྱི་བླ་མའི་སྐུ་ཚབ་ཡིན་པས་ཕྱག་འཚལ་ན་ཅིས་མི་རུང་ཞེས་ཞལ་བཞེས་གནང་འདུག རྗེས་སོར་དེའི་སྐྱོན་གྱིས་ལྕང་སྐྱར་རྒྱ་ནག་གོང་མའི་བཀའ་ཆད་ཕོགས་འདུག འདི་ལ་དཔག་ན་སྡེ་སྲིད་ཀྱང་ཅི་ཡང་མི་ཤེས་པའི་ཆབ་སྲིད་པ་ཞིག་ཡིན་པའི་ཚོར་སྣང་སྟེར། བོད་ཀྱི་དམག་ཤུགས་དང་སྟོབས་འབྱོར་ཕྱོགས་ནས་རྒྱ་ནག་ལ་འགྲན་མ་ཐུབ་ན་གོང་མའི་སྐུ་ཚབ་ཀྱིས་ཕྱག་འཚལ་ནས་ཅི་ཞིག་ཕན། པོ་ཏཱ་ལ་བཞེངས་པ་དང་རྒྱ་ནག་གོང་མའི་སྐུ་ཚབ་ཀྱིས་ཕྱག་འཚལ་རྒྱུ་ལ་དེ་འདྲའི་དོ་སྣང་ཆེན་པོ་བྱས་འདུག་པར་བལྟས་ནས་སྙིང་རླུང་སྡང་གི་ཡ། །
རྒྱལ་མཆོག་ལྔ་པ་ཆེན་པོ་ནི། སྐབས་དེར་བོད་རྒྱ་ཧོར་གསུམ་གྱི་ཆོས་སྲིད་གཉིས་ཀྱི་རྒྱལ་པོ་གཅིག་པུ་དེ་རེད། ཡོན་ཏན་གྱི་ཆ་ནས་སུས་ཀྱང་བསྡོ་མི་ནུས། བོད་དང་བོད་མིར་བཀའ་དྲིན་གྱི་ཆ་ནས་དེ་བས་ཀྱང་བརྗོད་ཅི་དགོས། རྟ་བདུན་དབང་པོ་ཟེར་བ་དང་། དགེ་འདུན་ཟེར་བ་མིང་རྫུན་དྲྭ་གྲོགས་སུ་བརྫུས་ཏེ་འབྲེལ་མེད་མཆན་འདེབས་སྟུ་ངན་གྱི་སྤུ་སུད་ནང་དུ་ཟུག་པའི་རྒྱུ་མཚན་ནི། དམ་སྲི་འབྱུང་པོ་དོལ་རྒྱལ་གྱི་རང་བཞིན་ཇི་ཡིན་དེང་དགེ་ལྡན་པ་ཡོངས་ཀྱི་མིག་ཁ་ཕྱེ་བ་ལྟ་བུའི་གསུང་བཟང་གསང་བ་རྒྱ་ཅན་ལ་མི་བཟོད་པའི་སྐད་ངན་ཕག་ལྟར་ངུར། ཁྱི་ལྟར་འབ་པ་ལ་ཁ་ཡ་མ་གནང་རོགས། དེང་ཁོ་པ་ཚོའི་གྲས་ལ་དོ་སྣང་བྱེད་མཁན་ཡོད་པ་མ་རེད། ཇི་སྐད་དུ། སློབ་དཔོན་སྨོད་པར་བྱེད་པ་དག ། རྨི་ལམ་དུ་ཡང་མཐོང་མི་བྱ། །སློབ་དཔོན་སྨོད་པ་གང་ཡིན་དེ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་བཟུང་། །ངན་པ་གཏུམ་པོའི་ལས་བྱེད་པ། །མཁས་པས་རྟག་ཏུ་སྤང་བར་བྱ། །གསུངས་པའི་དོན་ལ་གནས་དགོས་པ་རེད།
ཡུན་རིང་ཞིག་ལ་ཁ་བརྡ་དྲ་ཐོག་ཏུ་མ་ཡོང་། དེ་རིང་འདིར་འཁྱུགས་ཙམ་སླེབས་པ་ཡིན། དྲ་གྲོགས་ཚོ་བསམ་ཚུལ་མཐུན་གྱི་མེད་པའི་ཚོར་སྣང་བྱུང་བས། མཆན་ཞིག་ཅིས་ཀྱང་རྒྱག་འདོད་བྱུང་། ༸ རྒྱལ་བ་ལྔ་བས་དབུ་ཁྲིད་ནས་བོད་ཀྱི་སྐུ་དྲག་ཚང་མ་ལོ་ངོ་སུམ་བརྒྱའི་རིང་ལ་གཉིད་ཧ་ཅང་སྟུག་་པོ་ཞིག་གཉིད་པ་རེད། དེའི་རིང་ལ་རྒྱ་ནག་གིས་ཡར་རྐང་པ་གཉིས་ཟོས། བལ་ཡུལ་དང་རྒྱ་གར་སོགས་ཀྱིས་ལག་པ་གཉིས་དང་རྩིབ་མ་སོགས་ཟོས། རྒྱལ་བ་བཅུ་གསུམ་པ་གློ་བུར་དུ་གཉིད་སྟུག་པོ་དེ་ལས་སད་སྐབས་མགོའི་ཕྱེད་ཀ་བྲང་ཁོག་མ་གཏོགས་ལྷག་མེད་པ་ཤེས། འོན་ཀྱང་སྐུ་དྲག་ཚོ་ད་དུང་གཉིད་དེ་ལས་མ་སད་པའི་སྐྱོན་གྱིས་བཅུ་གསུམ་པ་ནུས་མེད་དུ་གྱུར་ནས་གློ་བུར་དུ་སྐུ་གཤེགས་དགོས་བྱུང་། རྒྱལ་བ་བཅུ་བཞི་བའི་སྐབས་སུ་སྐུ་དྲག་ཁ་ཤས་ཤིག་གཉིད་སྟུག་པོ་དེ་་ལས་སད་ཡོད་ཀྱང་ཡོད་ཚད་འཕྱིས་དྲག་སོང་བས་བཙན་བྱོལ་དུ་ཕེབས་དགོས་བྱུང་། བྱུང་རིམ་འདི་འདྲ་ཞིག་རེད། འདི་ནི་དངོས་ཡོད་གནས་ཚུལ་རེད། །
སྤྱིར་དེང་སྐབས་གཡས་ཕྱོགས་རིང་ལུགས་ཀྱིས་ཆབ་སྲིད་གྱི་དབང་བསྒྱུར་བྱེད་པའི་སྐབས་ལོགས་སྨོན་ཅན་ཚོར་སྐྱལ་བཟང་གོ་སྐབས་ཐོབ་་ནས་ནམ་ཚོད་མ་ཐིག་པའི་དེ་པོའི་སྐད་ངན་སྒྲོགས་པ་རྒྱུན་ཏན་རེད་དེར་ལན་འདེབས་བྱས་ནས་འབྲས་བཟང་དང་གོ་དོན་གསལ་བའི་རེ་བ་མེད་ འོན་ཀྱང་སྤྱིར་མི་གཟུགས་ཀྱི་འདུ་ཤེས་ཐོགས་ནས་ཞུས་ན་
གལ་ཏེ་༧ གོང་ས་རྒྱ་བ་ལྔ་བ་མཆོག་ནས་ཕོ་བྲང་པོ་ཏ་ལ་རྒྱ་བསྐྱེད་བཏང་བའི་དབང་གི་ཐ་འཁོར་འབང་མི་དབུས་པོར་འགྱུར་བ་རྟོགས་བརྗོད་ཐོགས་ནས་བཤད་ཀྱི་ཡོད་ན་དེ་ལ་ཐོགས་མར་ཁྱེད་རང་ལ་ཡང་གལ་ཏེ་པོ་ཏ་ལ་རྒྱ་བསྐྱེད་མ་བཏང་ན་ཐ་འཁོར་མི་འབང་ཕྱུགས་པོ་ཡིན་པ་དང་རྒྱ་མིས་་བོད་ལ་བཙན་འཛུལ་མ་ཡོང་བའི་ངེས་ཤེས་དཀོན་མཆོག་གསུམ་ཡིན་ཞེས་པ་ཙམ་ལས་ཁྱེད་རང་ལ་དེང་སྐབས་ཀྱི་ཚན་རིག་རིགས་པའི་ཆབ་སྲིད་ཀྱི་ལྟ་གྲུབ་ཐོགས་ནས་བཤད་རྒྱུ་ཡོད་པ་ཞིག་ཚོར་གི་མི་འདུག་ ཡང་དེང་སྐབས་རེ་ཟུངས་ནས་དགའ་ལྡན་ཕོ་བྲང་དང་ཕོ་བྲང་པོ་ཏ་ལགཉིས་མཉམ་འདྲེས་བྱས་ནས་སྐད་ཆ་བཤད་མཁན་རིག་ཚོས་ཤེས་དགོད་ཡ་ལ་དགའ་ལྡ་ཕོ་བྲང་ནི་༧གོང་ས་མཆོག་ན་རིམ་་གྱི་བླ་བྲང་གི་ངོ་ཐོགས་ནས་བོད་ཀྱི་གདན་ས་འབྲས་སྤུང་ལ་ཡོད་པ་རེད་ རི་བོ་གྲུ་འཛིན་རྩེ་ཕོ་བྲོང་དམར་པོ་རི་ཡི་སྒང་ལ་ཕྱག་བཏབ་་ཡོད་དེ་གཉིས་གྲུབ་བྱ་་ཡང་ཡོང་སུ་ཐ་དད་རེད་གཅིག་ཤོས་ནི་བླ་བྲང་རེད་ དེའི་བྱ་ངོ་འཇུགས་གསུམ་ཆོས་ཕྱོགས་ནས་འགྲོ་ཞིན་པ་དེང་སྐབས་ས་ཡེས་གོ་ལ་འདིར་བསམ་ཡོད་ཅན་དང་དོན་གནང་ཅན་ཚང་མས་མཁྱེན་སལ་རེད་ ཡང ཕོ་བྲང་པོ་ཏ་ལ་མིང་གི་ཐོགས་འགའ་ཤས་ནས་ཕོ་ཞེས་པ་ཕོ་མཆོག་མོ་གཞན་གྱི་འགག་གླིང་བྱེད་མཁན་ཡང་འདུགས་འོན་ཀྱང་དེ་ཀྱུར་ནས་ངས་ཞུ་འདོད་པ་ནི་ ༧ གོ་ས་ལྔ་་བ་མཆོག་་ནས་
པོ་ཏ་ལ་ རྒྱ་བསྐྱེད་བཏང་དགོས་པ་ནི་རྒྱལ་ཁབ་ཞིག་་ལ་དགོས་པའི་་་རྒྱལ་ཁང་དང་རྒྱལ་དར་ནི་རྒྱལ་ཁབ་དེའི་ཚོན་དོན་གཙོ་བོ་ཡིན་པའི་ཆ་ནས་དང་ལྷག་པར་དུ་རྒྱ་ནག་ཞུང་གི་བཤད་པའི་་བཀས་བཀོད་རྒྱུད་འཛིན་དང་རིགས་གནས་གསར་རྗཻའི་ཉེས་མིང་འོག་སྟོར་བརླག་བཏང་མི་ཐུབ་པའི་བཟོ་དབྱིབ་འདི་དེང་སྐབས་འཛམ་གླིང་ནང་ཨང་གཉིས་པར་གནས་པ་ནི་ངོམ་སུ་མཆོག་པ་ཞིག་རེད་ ཆབ་སྲིད་ཆ་ནས་བཤད་ན་ དེང་བོད་དུ་རྒྱ་མི་རིགས་ཡུལ་འཁོར་ལ་ཡོང་མཁན་ཚོའི་སེམས་ནང་བོང་རྒྱལ་ཁབ་ཞིག་ད་ལྡ་ཡོད་པ་རྒྱལ་ཁང་དེས་ཉེན་མཚན་དུས་ལ་ཟི་མཉམ་ཀྲོང་ངེ་ལེན་འདེབས་གནང་གི་ཡོད་ཁོང་གིཆབ་སྲིད་ཀྱི་ཤུལ་ཞགས་རེད
ཨ་ཁུ་འབྲོག་པ་ལགས་ལ་ལན་རྒྱག་རན་ཡོད་པ་ཞིག་ཏུ་ནམ་ཡང་མཐོང་མ་སོང་ཡང། གོང་གི་དགེ་འདུན་ཟེར་བ་དང་ངེད་གཉིས་མི་གཅིག་མིན་པར་ངས་དཀོན་མཆོག་གསུམ་དཔང་དུ་བཙུགས་ནས་མནའ་སྐྱེལ་ཐུབ། དགེ་འདུན་ལགས་ཀྱི་མཆན་ཐེངས་མང་པོར་བཀླགས་མྱོང་། ཁོང་གིས་་བཏབ་པའི་མཆན་རྣམས་ནམ་ཡིན་ཀྱང་རྒྱུ་མཚན་དང་རིག་པ་ལྡན་པའི་རྣམ་དཔྱོད་ཅན་ཞིག་གིས་བྲིས་པ་ཡིན་པར་རྟོགས་ཐུབ། ངས་བལྟས་ན་རྒྱ་མ་ཚང་ཟེར་བ་དང་ཁྱེད་གཉིས་ཀྱིས་ཡིག་ནོར་དང་ཚིག་སྦྱོར་གང་ལ་དཔག་ན་མི་གཅིག་ཡིན་པའི་དོགས་པ་རང་བཞིན་གྱིས་སྟེར། ད་ངས་དུས་ཚོད་ཆུད་ཟོས་སུ་བཏང་བའི་སྣང་བ་ཞིག་བྱུང་། །
ཧ་ཧ། སྙིང་རྗེ།
འཐོམ་ཞྭ་ནག་པོ་རྒྱང་ལ་བསྐྱུར།
བོད་ཀྱི་དུས་བབ། ཆུ་ཚོད་ ༢༣ སྔོན་ལ། རིག་པ། (༢)
ལྷ་རུའི་བུ། ལ་དྭགས།
http://tibettimes.net/2019/04/05/176542/
་་་་་་་་་་་་་་་་ འོན་ཀྱང་ཉེ་ཆར་སྤྱི་ཟླ་༠༣ཚེས་༡༥ནས་བོད་ལྗོངས་རླུང་འཕྲིན་གྱིས་ཆེད་གཉེར་བྱས་ཏེ། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པའི་དཔྱད་བརྗོད་ཞེས་བཀོད་པའི་ནང་་་་་་་་་་་་་་་་་
དེང་སང་རྒྱ་ནག་གཞུང་གིས་གནམ་ས་གཉིས་ནས་བོད་ཞི་བའི་བཅིངས་འགྲོལ་དང་། བོད་ལ་དམངས་
བརྩམས་ཆོས་ནང་། ” བོད་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་དགའ་བདེར་རོལ་བཞིན་ཡོད། འོན་ཀྱང་དུས་དེར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་སྐྱོ་མདངས་སྟོན་ཞིང་ཡིད་མུག་ནས་ཡོད།“ཅེས་བཀོད་ཡོད། ་་་་་་་་་་་་་་་་་་་་
ཡང་བརྩམས་ཆོས་དེའི་ནང་། “ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འགོ་གཙོ་རེད།“ཅེས་ཟེར། དེ་ལ་འདི་ལྟར་བརྗོད་དོ། ་་་་་་་་་་་་་་་་་་་
ཡང་བརྩམས་ཆོས་ལས། དམངས་གཙོའི་བཅོས་འགྱུར་ལ་ངོ་ལོག་ནས་སྤྱི་ལོ་༡༩༥༩ལོར་ཟིང་འཁྲུག་བསླངས་པ་དང་། ཕྱི་རྒྱལ་ལ་བྲོས་ནས་ཡུལ་གྱར་སྲིད་གཞུང་། “རྩ་ཁྲིམས་” རྫུན་མ་བཟོས་པ་དང་ཆབས་ཅིག་ཁོ་པ་དབང་བསྒྱུར་པ་མཐོ་ཤོས་སུ་གཏན་ལ་ཕབ། ཅེས་བཀོད་འདུག ་་་་་་་་་་་་་་་་་་་་་་
མུ་མཐུད་བརྩམས་ཆོས་ཀྱི་ནང་དུ། “ཕྱི་རྒྱལ་དུ་སྒྲིག་འཛུགས་ཡོད་པ་དང་། ངན་ཇུས་ཡོད་པའི་སྒོ་ནས་བོད་རང་བཙན་གྱི་ལྐོག་གཡོ་གཤོམ་པའི་ཁ་ཕྲལ་གྱི་བྱེད་སྤྱོད་ཡུན་རིང་སྤེལ་ཡོད།” ཅེས་དང་། “བོད་ཀྱི་གཞོན་ནུ་ཚོགས་པ་དང་། བོད་ཀྱི་བུད་མེད་ཚོགས་པ་སོགས་ཁ་ཕྲལ་རིང་ལུགས་ཀྱི་རྩ་འཛུགས་མང་པོ་བཙུགས་པ་དེ་དག་གིས་ཁ་ཕྲལ་གཏོར་བཤིག་གི་མྱུར་སྐྱོད་གདོང་མཆོང་པ་བྱས་ཡོད།“ཅེས་བཤད་པ་ནི། ་་་་་་་་་་་་་་་་་་་
དཔྱད་གཏམ་སྤེལ་མཁན་གྱིས་མུ་མཐུད་བཤད་དོན། ” དུས་རབས་གོང་མའི་ལོ་རབས་༨༠ པའི་དུས་མཇུག་ཏུ་ལྷ་སར་ཟིང་ཆ་ལངས་རྐྱེན་གཙོ་བ་ནི་ཏཱ་ལས་ཨ་རིའི་རྒྱལ་ཚོགས་སུ་ཞི་བདེའི་གྲོས་འགོ་ཁག་ལྔ་ཟེར་བ་བཏོན་པ་དེ་རེད། ཁོ་པས་ད་དུང་གཏམ་བཤད་སྤེལ་ནས་ཟིང་ཆ་བསླངས་པར་བསྟོད་ར་ཆེན་པོ་བཏང་ཡོད། ” ཡང་། ” ༢༠༠༨ ལོའི་གསུམ་པའི་བཅུ་བཞི་ཡི་དོན་རྐྱེན་དང་རང་སྲེག་སོགས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ཚང་མའི་ངན་སྐུལ་བྱེད་མཁན་ནི། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་རེད། དུས་ཆེན་དང་དོན་ཆེན་འཕྲད་རིམ་བཞིན་ཟིང་ཆ་སློང་བའི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ཚང་མ་ནི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ངན་ཇུས་ཁང་ནས་བཤམས་པ་ཤ་སྟག་རེད། “ཅེས་བཤད་པར་ཡིད་རྟོན་སུས་ཀྱང་མི་བྱེད་པ་ཁོ་ཐག་རེད། ་་་་་་་་་་་་་་་་་་་་་་་་
ཟློས་སྐྱོན་གྱི་རྣམ་པ་མང་བའི་དཔྱད་གཏམ་ཙམ་པོ་བ་དེའི་ནང་། ” ཁོ་པས་རང་ཉིད་ནི“རྙོག་དྲ་བཟོ་མཁན་ཞིག་ཡིན”ཟེར་བ་དང་། “རྙོག་དྲ་དེ་བས་མང་པོ་བཟོ་རྒྱུ་དེ་ནི་འགན་འཁྲི་ཡིན”ཞེས་མངོན་སུམ་འཛེམ་མེད་ངང་འུད་སྒྲོག་བྱེད་ཀྱི་ཡོད།“ཅེས་བྲིས་འདུག དེ་འདྲའི་འུད་བརྗོད་བཤད་པ་དགོད་རེ་བྲོ། ་་་་་་་་་་་་་་་་་་་་་་་་་་་་
ཡང་ཡིག་རྙོག་གི་ཕུང་པོ་དེའི་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་རྒྱལ་ཁབ་མང་པོར་འཁྱམས་མྱུལ་བྱས་ནས་ཀྲུང་གོར་ངོ་རྒོལ་མཁན་ཕྱོགས་གཏོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་ཀྲུང་གོ་སྲིད་གཞུང་ལ་སྐུར་འདེབས་བྱས་ནས་གནམ་སར་མི་ཤོང་བའི་རྫུན་གཏམ་མང་པོ་བཟོས།” ཞེས་སྤེལ་འདུག འབྲེལ་མེད་དོན་གཞན་གྱི་སྐད་ཆ་དེ་ལ་་་་་་་་་་་་་་་་་་་་
ཡང་ཡིག་རྙོག་དེའི་ཚན་པ་ཞིག་ཏུ། ” ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་གཞན་ལ་ཤོད་མི་ཕོད་པའི་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་ཆེད། ཆོས་ལུགས་ཀྱི་དར་རྟགས་འཕྱར་ནས་ཏཱ་ལའི་བླ་མ་སྐྱེ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དང་ཡོངས་སུ་རྒྱབ་འགལ་བྱས་པ་དང་། རྗེ་ཙོང་ཁ་པའི་ ཆོས་ལུགས་ཀྱི་སྒྲིག་སྲོལ་བཟང་པོར་གཏོར་སྐྱོན་གཏོང་བ།“ཞེས་ཐན་སྐད་མི་རུང་བ་རྣམ་རྟོག་ཟ་དགོས་པ་ཞིག་བཤད་འདུག་སྙམ། ་་་་་་་་་་་་་་་་་་་་་་་་་་་
མཇུག་དེར་བཤད་རྒྱུར། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པའི་དཔྱད་བརྗོད་ཁག་བཞི་ཙམ་ལྟ་ཉན་ཀློག་གསུམ་གྱི་བྱ་བ་བན་བུན་ཙམ་བྱས་སྐབས། རྫུན་གཏམ་གྱི་ཁུང་བུ་གང་སར་སྣང་རྒྱུ་འདུག དེ་དག་ཐམས་ཅད་རེ་རེ་བཞིན་བསུན་འབྱིན་བྱ་དགོས་ཀྱང་། སྙིང་པོ་ཅི་ཡང་མི་སྣང་། གང་ལ་ཞེ་ན། དཔྱད་གཏམ་གྱི་ཡིག་རྙོག་དེའི་ནང་། མང་པོ་ཞིག་བྱིས་པ་སེའུ་བཅུ་པས་ཀྱང་དུས་སྐད་ཅིག་མར་དངོས་དོན་ཤེས་སླ་བ་དང་། མང་པོ་ཞིག་ནང་ཕན་ཚུན་འགལ་བ་ལྟག་སྤྲོད་ལ་གྱུར་ནས་ཡོད་པ། ཡང་ཇི་སྙེད་ཅིག་ནི་གསལ་བཤད་ཇི་ཙམ་བྱས་ཀྱང་རྒྱུད་གདོན་གྱིས་བརླམས་པས། བདེན་གཏམ་མཉན་པའི་རྣ་བ་སོགས་སྒོ་ལྔའི་དབང་ཤེས་ཀྱི་ནུས་པ་རྦད་དེ་རོ་ལྟར་གྱུར་ཟིན་པས་ཡིན། དེས་ན་དེ་རིང་དེ་ཙམ་གྱིས་ཆོག་པར་བྱེད་དོ།། ་་་་་་་་་་་་་་་་
བོད་རིགས་ཚོ།
མདུང་རྩེ་གཏད་ས་མ་ནོར་བར་གྱིས་དང་། མྱུར་དུ་རང་གཞན་གཉིས་ཕན་ཞིག་འོངས་བར་ངེས་སོ།།
རིག་གྲོལ་ལགས་ཀྱི་མཆན་དེ་སྣང་བ་འགྲོ་སོང་། དེ་ནི་དངོས་ཡོད་རེད་ད། ༸ གོང་ས་ལྔ་བས་ཆབ་སྲིད་ཀྱི་དབུ་ཁྲིད་ནས་ལོ་ངོ་སུམ་བརྒྱ་ལྷག་གི་རིང་ལ་ཕྱིའི་རྒྱལ་ཁབ་དང་མཐའ་མཚམས་ལ་དོ་སྣང་གཅིག་ཀྱང་མ་བྱས་པར་ནང་འཁྲུགས་ནས་བསྡད་འདུག དྲུག་པ་ཚངས་དབྱངས་རྒྱ་མཚོ་དགུང་ལོ་ཉི་ཤུའི་ནང་དུ་གྲོངས་འདུག བདུན་པ་སྐལ་བཟང་རྒྱ་མཚོའང་ལྔ་བཅུ་ལས་ལྷག་ཅིག་བཞུགས་མེད་བསམ་བྱུང་། དེ་ནས་བརྒྱད་པ་བཞི་བཅུ་ནང་ནས་གྲོངས་ཡོད་བསམ། དགུ་བ། བཅུ་བ། བཅུ་གཅིག བཅུ་གཉིས་རྣམས་རིམ་བཞིན་ཆུང་དུས་ནས་གྲོངས་པ་རེད། གྲོངས་པའི་རྒྱུ་རྐྱེན་ག་རེ་རེད། སྐྱོ་གར་འདི་ལ་བསམ་བློ་ཞིག་བཏང་ན་རྒྱལ་དབང་ལྔ་བ་ཟེར་བ་ཞིག་འཇིག་རྟེན་འདིར་བྱོན་མེད་ན་ཅིས་མ་རུང་སྙམ། དེ་ནས་མི་སྐྱ་ཞིག་གི་ལག་ཏུ་ཆབ་སྲིད་སོང་ཡོད་ཀྱི་རེད། བོད་པ་ཚོ་ཧ་ཅང་གི་རྨོངས་དད་ཆེ་སྟབས་དགའ་ལྡན་ཕོ་བྲང་གི་སྲིད་དབང་མི་སྐྱ་ཞིག་གིས་གཏན་ནས་ལེན་མ་ཐུབ་པ་རེད། ད་ལྟ་ང་ཚོས་རྩོད་བཞིན་པའི་དབུ་མའི་ལམ་དང་རང་བཙན་གཉིས་ཀ་གང་ཡང་ཐོབ་ཀྱི་མ་རེད། བཟོ་བཅོས་རྒྱག་ཐབས་བྲལ་བའི་ནོར་འཁྲུལ་ཤོར་བ་རེད། ད་ཡོད་ཚད་འཕྱིས་དྲག་སོང་། །
བོད་ཕྲུག་སྤྲང་ཕྲུག་ཆོས་མེད་སྲིད་ཚོ་ནམ་ལངས་པའི་དུས་ཚོད་ཅིག་ཤར་བ་འདྲ་འདུག ཨ་ཁ་ཁ།། །།
རྟ་དང་ རང་ཤར་ རྡོ་རྗ གསུམ་་ལ་ ༧གོང་ས་ལྔ་བ་ཆེན་པོའི་གསུང་ལས་དམ་མེན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས་། ་སྨོ་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས་། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན་། མགོན་སྐྱབས་ངཔུང་གཉེན་མ་མཛད་ཐལ་བར་རློག ཞེས་ཡང་སྨོ་ལམ་ལོག་པའི་རྒྱ་བའི་བསྟན་པ་ལ། འཁུ་བའི་ནག་ཕྱོག་གཟུགས་ཅན་གཟུགས་མེད་སྡེ། ་ བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་་པ་། མཆོག་གསུམ་བདེན་པའི་རྩད་ནས་གཅོད་གྱུར་ཅིག་། ཞེས འགྲོ་བ་ཀུན་ལ་འཚེ་་ན་སྙིང་རྗེའི་དབང་གི་གསུང་པ་དང གོང་གི་རྟ་ནས་་དུས་ཚོད་ཀོར་གསུང་པ་ཞིན་གང་ཡིན་ཟེར་ན་ལས་ངན་བསགས་ནད་ཡུལ་རིང་ལྷག་པ་ལས་་་་་་་་་་་ སྐྱེ་གནས་གཞན་འཕོད་ནས་ལོག་པའི་སྨོ་ལམ་ནས་བྲེལ་ཆེད་རེད་ ཡང་༧གོང་ས་ལྔ་བ་ཆེན་པོའི་གསུང་ལུག་ཟུང་བསླབ་བྱ་མུ་ཐི་ལི་ཕྲརང་བ་ལས་
དྲང་པའི་མི་དང་གླེན་པ་ནོར་ས་ཡོད།
ཚུལ་འཆོས་ཅན་དང་བཙུན་པ་ནོར་ས་ཡོད་།
ཚེ་བློས་ཐོངས་དང་ཟོག་པོ་ནོར་ས་ཡོད་།
བརྫུ་བག་ཅན་དང་མཁས་པ་ནོར་ས་ཡོད
རང་རྡོར་ལགས་བར་སྐབས་མི་སྐྱ་ཞིག་གི་ལགསཏུ་ཡོད་བསམས་བཞིན་ ་ཁྱེད་རང་ལ་མྱོང་ཚོར་དམིགས་གསལ་འདྲ་ཨེ་འདུག ལར་ནས་བོད་ཀྱི་བྱུང་རིམ་རྒྱད་རྒྱུད་ནང་མང་ཆེ་བ་མི་བསད་ཁྲག་སྦྱོར་གྱི་བྱ་ངན་སྤྱོད་ངན་ག་ནས་བྱུང་བ་ཤེས་ནས་གསུང་ན་བསམས་
རྒྱལ་པོ་ཆེན་པོ་ཡུལ་གྱི་རྒྱན་ཆ་རེད་
ཁྲིམས་དང་མཐུན་ན་རྒྱལ་གཞིས་མངའ་ཐང་ལྡན
ཁྲིམས་འགོ་ནོན་ན་བསམ་དོན་ལྷུན་གྱིས་འགྲུབ་
ཁྲིམས་གཞུང་ལྡན་ན་བདེ་སྐྱིད་ཕུན་སུམ་ཚོག
རྒྱ་མ་ཚང་ཁྱེད་ལ་ཁ་བརྡ་དྲ་ཐོག་ཏུ་མཆན་འདེབས་རྒྱུའི་ཆ་རྐྱེན་མི་ཚང་གི ཁྱོད་ཀྱིས་ཁ་ན་དོལ་རྒྱལ་མ་གཏོགས་གླེང་རྒྱུ་གཞན་མེད་སོང་བ་ཨེ་རེད། གལ་ཏེ་ཁྱོད་ལ་ཀླད་པ་དྭངས་མོ་ཞིག་ཡོད་ན་རིག་པའི་སྒོ་ནས་རྒྱལ་དབང་ལྔ་བའི་བྱས་རྗེས་རྩིས་དགོས་རྒྱུ་ལ། དེའི་ཚབ་ཏུ་ཁ་ན་དོལ་རྒྱལ་མ་གཏོགས་མི་འདུག ང་ནི་འགོང་བོ་རིགས་ལ་དད་པ་དང་ཡིད་ཆེ་བྱེད་མཁན་ཞིག་གཏན་ནས་མིན། །
འོན་ན་ཁ་ནང་གི་རང་བཙན་ནུས་པ་ཕྱི་ལ་ཕྱོགས་ནས་རང་བཙན་ལེན་ན་བསམས་
རེད་ཏེ་ཁ་ནང་ཁོ་ནར་རང་བཙན་བཤད་ཆས་ཚོ་བོད་གྱི་བ་་གླང་ཅིགས་ཙམ་་རང་བཙན་ལིན་ནེ་མ་རེད་ དེ་འདྲ་བས་༧གོང་ས་ལྔ་བ་ཆེན་པོར་འགྲན་སེམས་དང་དེ་ལས་ལྷག་པ་ཡོད་མདོག་ངོ་མ་ཀླད་པ་དངས་མ་མེད་ནེ་རེད་ཡ་
རྒྱལ་དབང་ལྔ་བས་ལོ་བཞི་བཅུ་ཞེ་གཅིག་ལ་སྲིད་དབང་བཟུང་བ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལོ་ཉེར་གསུམ་ལ་སྲིད་དབང་བཟུང་བ་རེད། ཁྱོན་བསྡོམས་ཁོང་ཡབ་སྲས་གཉིས་ཀས་མི་ལོ་དྲུག་བཅུ་ལྷག་གཅིག་ལ་སྲིད་དབང་བཟུང་འདུག ལོ་དྲུག་བཅུ་ནང་ལ་ཆོལ་གསུམ་གཅིག་གྱུར་བྱས་ནས་མཐའ་མཚམས་བརྟན་སྲུང་བྱེད་རྒྱུའི་དུས་ཚོད་ཀྱིས་ལྡང་ངེས་རེད། ཡིན་ཡང་ཁོང་གཉིས་ཀས་པོ་ཏ་ལ་རྒྱ་བསྐྱེད་བཏང་བ་དང་། མདུང་རྩེ་ཁ་ནང་ལ་བསྐོར་ནས་ཇོ་ནང་དང་བཀའ་བརྒྱུད་བོན་བཅས་ལ་བཏང་འཛིན་བྱས་ནས་གོ་སྐབས་བཟང་པོ་སྲིད་ན་རྙེད་དཀའ་བའི་དུས་ཚོད་དེ་རྫོགས་པ་རེད། འདི་ནི་དངོས་གནས་བྱས་ན་དོལ་རྒྱལ་གྱིས་རྒྱལ་དབང་ལྔ་བའི་དབུ་རུལ་དུ་བཅུགས་སྲིད་པ་རེད། ལྔ་བ་འདས་ནས་སྡེ་སྲིད་ཀྱིས་དེའི་ཁར་གསེར་སྡོང་འཛམ་གླིང་རྒྱན་གཅིག་ཟེར་བའི་སྐད་གྲགས་ཅན་དེ་བཞེངས་པ་རེད། དེའི་སྐབས་ཀྱི་ཕྱག་ལས་གནང་སྟངས་ལ་ཕྱི་མིག་ཅིག་བལྟས་ན་བྲང་ལ་སྤར་མོས་བཏབ་ནས་ཆོ་ངེ་བཟོད་མི་ཐུབ་པ་རེ་འདེབས་སྙིང་འདོད་ཀི་ཡ། སོག་པོ་ཇིང་གུར་རྒྱལ་པོས་ལོ་ཉི་ཤུ་ཡས་མས་ཤིག་ལ་མ་གཏོགས་དབང་བསྒྱར་ཡོད་པ་མ་རེད། འོན་ཀྱང་ཨེ་ཤེ་ཡ་ཕལ་ཆེར་དབང་ལ་བསྒྱུར་བ་རེད། ད་མང་པོ་བཤད་སྙིང་མི་འདོད་ཀི། བཤད་རུང་ཀླད་མེད་ཚོས་གོ་མི་ཐུབ། །
རྒྱལ་དབང་ལྔ་བ་ནི་སྐྱོན་ཀུན་སེལ་དང་ཡོན་ལྡན་ཀུན་ལྡན་ཞིག་མིན་ན་ཡང་། ཁོང་གི་ལོ་རྒྱུས་དེ་གླེང་རིན་མེད་པ་ཞིག་དང་མི་ཕལ་བ་ཞིག་དང་བསྡུར་ན་མི་རུང་སྙམ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐོག་ལ་ཕྱག་རྗེས་བླ་ན་མེད་པ་ཞིག་བཞག་ཡོད་པ་ང་ཚོས་བཤད་མ་དགོས་པར་ལོ་རྒྱུས་ཁོ་རང་ཁ་གྲགས་ཡོང་གི་རེད།ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན་རྒྱལ་དབང་ལྔ་བ་ལ་ཁག་མེད་ས་ཧ་ཅང་མང་པོ་རེད། རྒྱལ་ཁབ་ཅིག་སྐྱོང་དགོས་ན་ཕྱི་དགྲ་དང་ནང་དགྲ་གཉིས་བཏུལ་དགོས་པ་སྨྲས་མེད་རེད། སྐབས་དེ་དུས་རྒྱུ་རྐྱེན་བདྲ་མིན་ལ་ཁ་གཡར་ནས་ངོ་ལོག་བྱེད་མཁན་ཡང་མངོན་ལྐོག་གཉིས་ཀ་ན་ཡོད་པ་གསལ་བོ་རེད། དེས་རྐྱེན་གྱིས་ཕྱི་ནང་ཕྱོགས་གཉིས་ཀ་ནས་རང་ལ་རྒྱབ་སྐྱོར་བཙལ་དགོས་པ་ངེ་ཡང་སྐབས་བབ་ཀྱི་དགོས་མཁོ་ཞིག་རེད། ད་དུང་ང་ཚོས་ཤེས་འདོད་པ་ཞིག་ནི་རྒྱལ་དབང་ལྔ་བ་ཁོང་ཅི་ལྟར་དགོངས་པ་རྫོགས་མིན་དེ་རེད། དེའི་དོན་དུ་སངས་རྒྱམ་གྱི་ཚེ་སྲོག་ཀྱང་ཤོར་བ་སྙམ།
དགེ་འདུན་ལགས་ཀྱིས་གསུངས་པ་ལྟར་ལགས། དེ་དུས་རྒྱལ་དབང་ལྔ་བས་དགའ་ལྡན་ཕོ་བྲང་བཙུགས་མ་ཐག་པ་ཡིན་ཕྱིར། ནང་ལོགས་སུ་དཀའ་ངལ་དུ་མ་ཞིག་ཡོད་པ་སྨོས་མེད་རེད། དཀའ་ངལ་དེར་གདོང་ལེན་ཚུལ་མཐུན་མ་ཤེས་པའི་སྐྱོན་གྱིས་རེད་སྙམ། གལ་ཏེ་དེ་དུས་སྟོབས་ཤུགས་ཡོད་ཚད་བཀོལ་ནས་པོ་ཏ་ལ་བརྩིགས་རྒྱུའི་ཚབ་ཏུ་དམག་ཤུགས་ཡར་རྒྱས་བཏང་ཡོད་ན་ཕྱི་ནང་གཉིས་ཀའི་རྙོག་དྲ་ཡོད་ཚད་རང་ཞིར་རུ་འགྲོ་རྒྱུ་སྨོས་མ་དགོས་སོ། ལྔ་བའི་སྐབས་སུ་ཀརྨ་བསྟན་སྐྱོང་དབང་པོའི་ཕྱོགས་གཏོགས་སོགས་ཀྱི་དཀའ་ངལ་སོགས་ཡོད་སྲིད་ཀྱང། དེ་དུས་ཇོ་ནང་དང་བོན་ལ་ཕོག་ཐུག་གཏོང་དགོས་དོན་མི་འདུག སྡེ་སྲིད་ཀྱིས་ཀྱང་པོ་ཏ་ལ་དང་གསེར་སྡོང་སོགས་བཞེངས་རྒྱུར་དབུ་འཁོར་ནས་དམག་ཤུགས་ལ་དོ་སྣང་མ་བྱས་པའི་སྐྱོན་གྱིས་ལྷ་བཟང་ཧན་གྱི་ལག་ནས་ཕམ་པ་རེད། དེ་ནི་ལྐོག་གྱུར་ཞིག་གང་ཡང་མ་རེད། ཆབ་སྲིད་ཀྱི་གནད་འགག་མ་ཤེས་པའི་སྐྱོན་ཞིག་རེད། ད་ཡིན་ན་ཡོད་ཚད་ཕྱིས་སོང་ནི་རེད། མང་པོ་བཤད་ནས་འོང་རྒྱུ་ཅི་ཡོད། །
གངས་རིའི་རྭ་བས་བསྐོར་བའི་ཞིང་ཁམས་འདིར། །
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །
གཉའ་ཁྲི་བཀའ་དྲིན་ཅན་ནས། གནམ་རི་སྲོང་བཙན་བར་དང་། ས་སྐྱའི་འཕགས་པ་བླ་མ་དང་གཅིག རི་སྤུང་པའི་རྒྱལ་པོ་དང་གཉིས། རྒྱལ་དབང་ལྔ་པ་མཆོག་གི་བཀའ་དྲིན་ལས་བོད་ས་མ་ཤོར་ཙམ་ལྷག་པའི་བཀའ་དྲིན་ཡང་། ནམ་ཡང་བརྗེད་མི་ཉན།
དེ་དག་གི་སྐབས་ཀྱི་ནང་འཁྲུགས་དང་། ཕྱི་འཁྲུགས་གླེང་ནས་མ་བསྡད་པར། མའོ་དང་། ཏིང་ནི་སྡུག་ཤི་ཐེབས་ཚར་བ་རེད། ཛང་དང་། ཧུ་ཆིན་ནི་ལས་ཡོལ་དུ་ཕྱིན་ཚར་བར་རེད། ད་ཡོད་ཞི་ཅིག་ཕིན་ལ་ཁ་གཏད་བཅག་ནས་བཤད་རྒྱུ་ཡོད་ན། ཤོད་དང་། དེ་མིན་། ཁ་ཁ་རོག་སྡོད། རྐུབ་མ་ཎི་དྲོངས་ཤིགུ །
རང་རྡོར་ལ་དོ་རྒྱལ་གླིང་ན་ཁ་བརྡ་དྲ་ཐོག་ཏུ་ཆ་རྐྱན་མེད་པ་གང་དུ་བྲིས་འདུག་ཧམ་བཤད་གྱི་མཆན་བྲིས་བྲིས་ནས་སྐྱག་ལང་ཤོར་བ་རེད་ལྷག་པར་དུ༧གོང་ས་ལྔ་བ་ཆེན་པོས་བོན་ལ་སོགས་པ་བཏང་འཛིན་གནངབའི་དགོས་དོན་གཙོ་བོ་བོན་ནས་དར་བའི་ལྷ་འདྲེའི་གསོལ་ངན་དེས་བོད་ཕུང་གཞི་ཡིན་པ་མཁྱེན་ནས་རྙིང་དོར་བཅུད་ལེན་བྱས་ནས་བོད་མིའི་སེམས་ཁམ་ཡར་རྒྱ་བཏང་བ་ཞིགས་རེད་ ལར་ནས་བོན་བཏང་འཛིན་༧ གོང་ས་ལྔ་་ཆེན་པོའི་གོང་ནས་བྱུང་ཡོད་པ་ རེད་བོད་ལ་དམག་སྟོབས་ཞན་པའི་དབང་་གི་བོད་ས་ཤོར་བ་དངོས་ཡོད་རེད་ འོ་ན་བོད་ཀྱི་ཁྱིམ་ཚེ་འབྲུག་རྒྱལ་ཁབ་ལ་ཚོན་ན་དམག་སྟོབས་བོད་ལས་ཞན་པ་རེད་འོ་ན་འབྲུག་རྒྱལ་ཁབ་རྒྱ་མིས་བཙན་འཛུལ་་མ་བྱས་པའི་རྒྱུ་ཚན་ནང་རུལ་བ་མ་བྱུང་བ་དེ་གཙོ་བོ་དེརེད་ ད་ང་ཡང་ ཡོད་ན་ཡོད་ན་་ཡོད་ན་ཚོ་ལ་ཁ་ཡ་བྱེད་ལོང་མེད་བདེ་ལེགས་ཕེལ་
ངས་ཉིས་སྟོང་ལྔ་ཡས་མས་ཤིག་ལ་རྒྱལ་དབང་ལྔ་བའི་སྐོར་ལ་རྩོམ་ཐུང་ཞིག་སྤེལ་བ་ཡིན། ང་ལ་དགག་པ་རྒྱག་མཁན་མང་པོ་ཐོན་སོང་། དེ་དུས་དང་བསྡུར་ན་བོད་པ་ཚོའི་ཤེས་ཡོན་ཡར་རྒྱས་སུ་ཅུང་ཟད་ཅིག་སོང་བའི་རྣམ་པ་འདུག ཨ་ཁུ་འབྲོག་པ་གཅིག་པོ་མ་གཏོགས་གཞན་སྨྱོ་འཇོག་མཁན་ཅང་མེད་ཀི། ཨ་ཁུ་འབྲོག་པ་ནི་འབྲོག་པ་རང་རེད། ཅི་ཙམ་འགྲེལ་བཤད་བྱེད་ཀྱང་ཕན་ཐོག་ཡོང་བའི་རེ་བ་མེད། མ་འོང་པ་ལོ་ལྔའི་རྗེས་སུ་བསྐྱར་དུ་བལྟ་ཆོག ཚང་མ་བདེ་བར་སྨོན། །
རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་ནི་ཁ་ནས་ནང་ཆོས་ལ་དགའ་མདོག་བསྟན་པ་ཙམ་ལས་དོན་ལ་འཇིགས་སུ་རུང་བའི་མི་ཞིག་རེད་སྙམ་གྱི་ཡོད། ཁོང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ནི་དམག་ཤུགས་དང་དབང་ཤུགས་ལ་བརྟེན་ནས་རྒྱལ་ཁབ་བསྐྱང་རྒྱུ་དང་། ཁ་བྲལ་གྱི་རིགས་ལ་རྡུང་བརྡེག་དང་ཆད་པ་མནན་མོ་གཅོད་རྒྱུ་དེ་རེད། ཁོང་གི་འོག་ནས་ང་ཚོར་བདེ་སྐྱིད་ཅིག་ཡོད་མི་སྲིད། །
དུས་རབས་ཉེར་གཅིག་པའི་གཞུང་གི་འགོ་འཁྲིད་དང་། ཛམ་གླིང་མི་མངས་ཀྱིས་ཞི་ཅིན་ཕིན་ཧན་མི་རྒྱ་རིགས་རྒྱགས་ལུག་འདི་བརླག་མི་འཁེལ་བ་ར་བསྡད་ཡོད་རེད་པེ་དྲ་གྲོགས་ཚོ། །ཧཧཧ།། །།
ཕོ་བྲང་པོ་ཏ་ལ་བཞེངས་མཁན་བཙན་པོ་རིམ་བྱོན་ཚོ་རེད། ༸ གོང་ས་ལྔ་བས་རྒྱ་སྐྱེད་གཏོང་བ་ཙམ་རེང། གོང་ས་ལྔ་པས་ནོར་བ་ཚབ་ཆེན་དེ། ཕྱི་སྣ་ནང་ཁྲིད་བྱས་ཏེ། གཙང་པ་རྒྱལ་པོ་བསད་ནས། བོད་ཀྱི་མཐུན་སྒྲིལ་གྱི་དར་ཐག་བཅད་པ་དང་། སྲིད་ཀྱི་དབུ་ཁྲིད་ལོ་ངོ་སུམ་བརྒྱ་ལྷག་གི་རིང་ལ་ཕྱིའི་རྒྱལ་ཁབ་དང་མཐའ་མཚམས་ལ་དོ་སྣང་གཅིག་ཀྱང་མ་བྱས་པར་ནང་འཁྲུགས་ཏག་ཏག་བྱས་ནས་བསྡད་འདུག དྲུག་པ་ཚངས་དབྱངས་རྒྱ་མཚོ་དགུང་ལོ་ཉི་ཤུའི་ནང་དུ་གྲོངས་འདུག བདུན་པ་སྐལ་བཟང་རྒྱ་མཚོ་དགུང་ལོ་༤༩ ཙམ་ལས་བཞུགས་མེད་པ་དང་། དེ་ནས་བརྒྱད་པ་བཞི་བཅུ་ནང་ནས་གཤེགས་ཡོད་པ། དགུ་བ། བཅུ་བ། བཅུ་གཅིག བཅུ་གཉིས་རྣམས་རིམ་བཞིན་ཆུང་དུས་ནས་བགྲོངས་པ་རེད། གྲོངས་པའི་རྒྱུ་རྐྱེན་ག་རེ་རེད། སྐྱོ་གར་འདི་ལ་བསམ་བློ་ཞིག་བཏང་ན་རྒྱལ་དབང་ལྔ་བ་ཟེར་བ་ཞིག་འཇིག་རྟེན་འདིར་བྱོན་མེད་ན་ཅིས་མ་རུང་སྙམ་ཡོང་། མི་སྐྱ་གཙང་པ་རྒྱལ་པོའི་ལག་ཏུ་ཆབ་སྲིད་སོང་ཡོད་ན། གཙང་རྒྱལ་གྱི་སྲས་རྣམས་སྐུ་ནར་སོན་རྗེས་ཕ་ཤུལ་བུ་འཛིན་གྱི་ལས་ཁུར་བླངས་ཏེ་སྡེ་སྲིད་ཀྱི་ཁྲིར་མངའ་གསོལ་ནས་བོད་རྒྱལ་ཁབ་ཀྱི་སྲིད་དབང་ཟིན་ཏེ་བོད་ལ་རྒྱལ་བརྒྱུད་དེ་ཉིད་ཀྱིས་མི་རིགས་འདི་རང་སྲུང་གི་གོ་ཁྲབ་གོན་ཡོད་པར་ཐེ་ཚོམ་ལར་ནས་མེད་པར་རེད།
མྱིས་བཤད་པ་བདེན་པའི་ཚོད་དུ་ཡོད། དང་པོ་བཙན་པོ་འུ་དུམ་བཀྲོངས་པས་བོད་ཁམས་ཉེས་པའི་འགོ་བཙུགས། བར་དུ་གཙང་རྒྱལ་ཕམ་པ་དང་། མཐའ་མར་ཕོ་ལྷའི་སྲས་འགྱུར་མེད་རྣམ་རྒྱལ་ཕམ་པ་བཅས་དེ་གསུམ་ནི་བོད་འབངས་ཀྱི་མགོ་བྲེགས་པ་ལྟ་བུ་ཞིག་བྱུང་ཡོད། དེ་གསུམ་ནས་གཅིག་གི་སྲིད་ཕྱོགས་ལམ་དུ་སོང་ཡོད་ན་ད་གཟོད་ང་ཚོ་བོད་རྒྱལ་ཁབ་ཅེས་འཛམ་གླིང་འདིར་འགྱིངས་ངེར་གནས་ངེས་ཡིན་སྙམ།
གཙང་པ་རྒྱལ་པོ་ནི་བོད་ཀྱི་དབུ་་ཁྲིད་ཚད་ལྡན་ཞིག་ཡིན་པ་ནམ་ཡང་མཐོང་མ་སོང་། རྒྱུ་མཚན་ནི་བཀའ་བརྒྱུད་ལ་ཞེན་ཁོག་བྱས་ཏེ་དགེ་ལུགས་ལ་སྡང་བོ་བྱས་པ་དེ་རེད། དེའི་སྐྱོན་གྱིས་རྒྱལ་་བ་ལྔ་བས་ཀྱང་སོག་པོར་སྐྱབས་བཅོལ་བ་རེད་མོད། གལ་ཏེ་ཁྱོད་དབུ་ཁྲིད་ཚད་ལྡན་ཞིག་ཡིན་ན་ཆོས་ལུགས་ཡོད་ཚད་བཏང་སྙོམས་སུ་བཞག་ནས་ཆབ་སྲིད་གཙོ་བོར་བྱེད་དགོས་རེད། དེ་མིན་ཆོས་ལུགས་བྱེད་བྲག་པ་གཅིག་ལ་རྒྱབ་སྐྱོར་བྱས་ན་ནང་འགལ་ཡོོང་བ་སྨོས་མེད་རེད། ལྷ་སྲས་དར་མ་ནང་བཞིན་དགོས་པ་རེད། ཁོང་གིས་བོན་ཆོས་གཉིས་ཀ་དགོས་མེད་མཐོང་ནས་གཉིས་ཀ་བསྣུབས་པ་རེད། ཧ་ཧ་ཧ་ཧ། །
འགྲོ་བའི་མགོན་པོ་ས་སྐྱའི་འཕགས་པ་མཆོག་སོག་པོའི་དབུ་བླ་ཡིན་སྐབས། སོག་པོའི་རྒྱལ་པོས་བོད་ཆོལ་ཁ་གསུམ་པོས་ས་སྐྱའི་ཆོས་བརྒྱུད་ཁོ་ན་བྱ་དགོས་ཚུལ་གསུངས་སྐབས། འཕགས་པས་དེ་བྱེད་ན་གྲུབ་མཐའི་ཆགས་སྡང་གིས་དབང་དུ་འགྲོ་བས་མི་ལེགས་ཚུལ་ཞུས་འདུག་པ་དེ་ནི་སྐྱེ་ཆེན་དམ་པ་ཚང་མའི་མིག་དཔེ་བྱེད་དགོས་པ་ལྟ་བུ་རེད་གོ །