(བཅར་འདྲི་ཞུ་ཡུལ། བོད་རིགས་ཏང་ཡོན་པ་རྒན་པ་ཞིག
བཅར་འདྲི་ཞུ་མཁན། རིག་འབྱུང་དོན་གྲུབ་བཀྲ་ཤིས།)
༡ ཁྱེད་རང་གི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་ན་འགྲིག་གམ།
དེ་ཆོག་གི ང་ཨ་མདོ་ནས་ཡིན། ད་བར་དུ་ཡིག་བསྒྱུར་གྱི་ལས་ཀ་བྱས་ནས་བསྡད་པ་ཡིན། ལོ་ཁ་ཤས་ཀྱི་སྔོན་ལ་ལས་འཁྱུར་ངལ་གསོ་བྱས་བ་ཡིན། ཨ་རིར་གཉེན་འཕྲད་ལ་ཡོང་བ་ཡིན།
༢ དེ་རིང་སང་ཉིན་གྱི་བོད་ནང་གི་གནས་སྟངས་ཇི་འདྲ་ཞིག་ཆགས་འདུག
ལན། སྔོན་མ་ཡིན་ན། གུང་ཁྲན་ཏང་ལ་སེམས་ཐག་ཉེ་བོ་ཡོད་མཁན་འདུག་ལ་༧གོང་ས་མཆོག་ལ་དད་པ་དམ་ཚིག་གཙང་མ་ཡོད་མཁན་ཡང་མང་པོ་འདུག
ན་ནིང་། ༢༠༠༨ལོའི་བོད་ནང་གི་ཞི་རྒོལ་བྱུང་ནས་བཟུང་། གུང་ཁྲན་ཏང་གིས་བོད་པ་ཡོངས་རྫོགས་དགྲ་ཕྱོགས་སུ་བཅད་སོང། ཐ་ན་རང་རང་གི་གོ་གནས་དང་དབང་ཐང་གི་དོན་དུ་གུང་ཁྲན་ཏང་ལ་བློ་ཐག་གང་ཉེ་ཉེ་བྱེད་པའི་བོད་པ་འགོ་ཁྲིད་པ་དང་། སློབ་ཆུང་གི་བྱིས་པ་ཡན་ཆད་ནས་དགྲ་ཕྱོགས་སུ་བཅད་པ་རེད། མི་རིགས་དབྱེ་འབྱེད་ཀྱི་ལས་ཀ་མང་པོ་བྱས་སོང་། དེ་ནས་བཟུང་། བོད་ཀྱི་གནད་དོན་དེ་ཁ་བྲལ་རིང་ལུགས་ཀྱི་གནད་དོན་གཅིག་པོ་མ་ཡིན་པར། མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ཆགས་འདུག བོད་མིདང་རྒྱ་མིའི་དབར་གྱི་འབྲེལ་ལམ་དེ་ཆད་སོང་། སེམས་ཀྱི་འབྲེལ་ཐག་དེ་རྩ་བ་ནས་ཆད་འདུག རྒྱ་རྒྱ་དང་བོད་བོད་ཆགས་འདུག དེའི་ཚོར་བ་དེ་ཧ་ཅང་གསལ་བོ་ཆགས་འདུག ད་དུང་། སྔོན་མ་ཡིན་ན། བོད་ནང་གི་ཡོན་ཏན་པའི་གྲངས་འབོར་ཉུང་ཉུང་རེད། དེང་སང་། བོད་ཀྱི་ཡོན་ཏན་པའི་གྲངས་འབོར་ཆེ་མང་ལ་སོང་། རྒྱའི་ལས་ཀ་ཇེ་ཉུང་ལ་སོང་། རང་དབང་ཇེ་ཆུང་ལ་སོང་། གནས་སྟངས་སྐྱོ་རུ་ཕྱིན། དེར་བརྟེན། ཐབས་ཟད་འུ་ཐུག་ནས་བཙོན་ཁང་ལ་འགྲོ་རྒྱུར་སྐྲག་གི་མི་འདུག་ཟེར་མཁན་ཇེ་མང་རེད། རྒྱའི་འོག་ནས་སྐྲག་བསྡད་ན་ཡོང་གི་མི་འདུག་ཟེར་མཁན་ཡང་ཇེ་མང་རེད།
༣ བོད་ནང་གི་ཤེས་ཡོན་པ་ཚོའི་གནས་སྟངས་ཇི་འདྲ་རེད།
ལན། ཡོན་ཏན་པ་རིགས་གཉིས་རེད། རིགས་གཅིག་རྒྱ་འོག་ན་ཡོད་པའི་ཡོན་ཏན་པ་རེད། རིགས་གཅིག་ཡོན་ཏན་ཡོད་རུང་ལས་ཀ་མེད་མཁན་གྱི་རིགས་དེ་རེད། རྒྱ་ཡི་འོག་ན་ཡོད་མཁན་ཚོ། རང་གི་མི་ཚེ་དང་ལས་ཀ་རྒྱ་ཡི་ལག་ལ་བཞག་ཡོད་རེད། དྲག་གནོན་བྱས་ན་ཡང་ཁ་རོག་གེར་འདུག་དགོས་ཆགས་ཀྱི་འདུག གནས་ཚུལ་བདེན་པ་མིན་པ་ཤེས་ན་ཡང་། ཁ་བཙུམས་ནས་འདུག་དགོས་ཀྱི་ཡོད་རེད། ཡོན་ཏན་ཡོད་རུང་ལས་ཀ་མེད་མཁན་གྱི་རིགས་དེར། འཚོ་རྟེན་གྱི་དཀའ་ངལ་འཕྲད་ཀྱི་འདུག
རང་དབང་དང་སྨྲ་བརྗོད་ཚང་མ་བསྡམས་ནས་ཡོད་རེད། དཀའ་ངལ་བཤད་ས་མི་འདུག ས་གནས་སྲིད་གཞུང་ལ་ཞུ་གཏུགས་བརྒྱབ་ན་ཡང་། སྒེར་ལ་གྱོང་གུད་རག་རྒྱུ་མ་གཏོགས་གནས་སྟངས་ཡག་ཏུ་འགྲོ་རྒྱུ་མེད་གི་
༤ བོད་ནང་གི་ཤེས་ཡོན་པ་ཚོས་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་ཇི་འདྲ་རེད།
ལན། གདོང་ལེན་དམིགས་བསལ་བྱེད་རྒྱུ་མི་འདུག གཉའ་ནས་བཙིར་བསྡད་ན་དེ་ལ་གདོང་ལེན་བྱེད་ཐབས་དམིགས་བསལ་མི་འདུག གང་ལ་སོང་ན་ཡང་སྐྲག་ནས་འདུག་དགོས་གི རྒྱ་ནང་ལ་སོང་ན་ཡང་ལྟ་རྟོག་བྱེད་མཁན་རྒྱབ་ན་ཡོད་གི་ བདེ་འཇགས་མེད་གི་ ད་སྐྲག་ནས་མི་ཚེ་སྐྱེལ་རྒྱུ་དཀའ་མོ་རེད། སེམས་ཆུང་བྱས་ནས་བསྡད་ན་ཡང་ཕན་མི་ཐོགས་གི དེར་བརྟེན། ད་སྐྲག་ནས་འདུག་མི་ཐུབ་གི་ཟེར་མཁན་ཇེ་མང་རེད། དཔེར་ན། ཕྱི་ལོ་༢༠༠༨ལོར་”ཤར་དུང་རི་”ཟེར་བའི་དུས་དེབ་ཞིག་བཏོན་པ་རེད། དུས་དེབ་དེ་ཐོན་ནས་ཅང་མ་འགོར་བར། ཁྲོམ་ར་ནས་རྫོགས་སོང་། ངའི་ལས་རོགས་ཤིག་བརྒྱུད་ནས་གོ་ཐོས་ལྟར་ན། དེབ་དེ་དཔར་བསྐྲུན་མ་བྱས་བའི་སྔོན་ལ། ཁོང་ཚོས་ཁ་ཆེམས་ལྟ་བུ་བཞག་འདུག “གཅིག་བྱས་ན། དེབ་འདི་བཏོན་ཚར་བའི་རྗེས་སུ། དེབ་ཀྱི་རྩོམ་སྒྲིག་པ་དང་རྩོམ་འབྲི་མཁན་རྣམས་ཕྱིར་ཡོང་མེད་ན་ཐང་། མིག་གི་མཐོང་ས་ན་མེད་ན་ཐང་། དེབ་འདི་ཡང་མཐོང་རྒྱུ་མེད་ན་ཐང་།” ཟེར་ནས་ཁ་ཆེམས་བཞག་འདུག་ཟེར། ད་རུང་དེའི་མི་ཚད་གི་ ད་ལོར་བཀྲ་རྒྱ་ཡིས་”གནམ་ས་གོ་འབྱེད་”ཟེར་བའི་དེབ་ཞིག་བཏོན་པ་རེད། དེབ་ཀྱི་ནང་དོན་གཙོ་བོ་ཕྱི་ལོ་༢༠༠༨ལོའི་བོད་ནང་གི་དོན་རྐྱེན་གྱི་སྐོར་རེད། བཀྲ་རྒྱས་ཀྱང་དེབ་དེ་བྲིས་ཚར་བའི་རྗེས་སུ། རང་གི་བཟའ་མི་ལ་ཁ་ཆེམས་བཞག་འདུག་ཟེར། སྐྲག་ནས་འདུག་ས་མེད་པ་ཤེས་ནས་ཁ་ཆེམས་དེ་བཞག་འདུག ད་རུང་། ཁོང་གི་གྲོགས་པོ་ཚོས་ཀྱང་།
ཁོང་ལ་བཀའ་དྲིན་ཆེ་ཟེར་བའི་ཚབ་ལ་གསོལ་སྟོན་བཤམས་འདུག འདི་ལྟ་བུའི་གནས་ཚུལ་དེང་སང་བོད་ནང་ན་ཇེ་མང་རེད། བཙོན་ཁང་ལ་འགྲོ་རྒྱུར་སྐྲག་གི་མི་འདུག་ཟེར་མཁན་ཇེ་མང་རེད།
༥ བོད་ནང་ན་ཆབ་སྲིད་ཐོག་དམ་དྲག་ཡོད་རུང་། དཔལ་འབྱོར་གུ་ཡངས་དང་འཚོ་བ་ཡར་རྒྱས་འདུག་ཟེར་མཁན་ཡོད་གི་ གནས་སྟངས་ངོ་མ་དེ་འདྲ་ཞིག་རེད་དམ།
ལན། ཁ་རྒྱབ་ཀྱི་ཐོག་ནས་སྔོན་མ་དང་བསྡུར་ན་ཇེ་ཡག་ལ་སོང་འདུག ཕོ་བ་ལྟོགས་པ་དང་རྒྱབ་གྲང་བ་ལ་སེམས་ཁྲལ་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་འདྲ།
འོན་ཀྱང་། བུ་ཕྲུག་སློབ་གྲར་གཏོང་རྒྱུའི་སློབ་ཡོན་དང་སྨན་ཁང་གི་སྨན་ཡོན་སོགས་ཧ་ཅང་ཆེ་གི། བྱིས་བ་སློབ་གྲར་གཏོང་དགོས་ན་འགྲོ་སོང་ཆེ་གི་ ན་བ་ཡིན་ན་སྨན་ཡོན་ཆེ་གི གྲོང་གསེབ་ཏུ་འདུག་མཁན་ཚོས་། བྱིས་བ་མང་པོ་སློབ་གྲར་གཏོང་ཐུབ་ཀྱི་མི་འདུག སོ་སོར་ན་བ་ཡིན་ན་སྨན་ཁང་ཆེ་ཁག་ལ་སྟོན་རྒྱུ་ཡང་དཀའ་མོ་རེད།
ནད་པ་ཤི་ལ་ཁད་ཡོད་ན་ཡང་ལག་སྣེ་ན་སྒོར་མོ་སྟེར་རྒྱུ་མེད་ན་སྨན་ཁང་ནས་བདག་མི་རྒྱག་གི་ ད་རུང་། ན་ནིང་དོ་ཚིགས་ལ་དབྱར་རྩ་དགུན་འབུའི་རིན་གོང་ཡང་ཆགས་འདུག དབྱར་རྩྭ་དགུན་འབུ་དེ་ང་ཚོའི་ཡུལ་ཕྱོགས་མི་མང་པོའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཞིག་ཡིན་ནི་རེད། དེའི་གོང་ཆགས་དུས་མི་མང་པོ་ཞིག་གི་དཔལ་འབྱོར་གྱི་ཡོང་ཁུངས་འགག་པ་རེད། དབུལ་ཕྱུག་གི་ཁྱད་པར་ཡང་ཆེ་གི གང་ལྟར། ཕོ་མི་ལྟོགས་པ་དང་རྒྱབ་མི་གྲང་བ་ཙམ་གྱིས་མི་དམངས་ཀྱི་དཀའ་ངལ་ཇེ་ཉུང་ལ་སོང་མི་འདུག དཀའ་ངལ་ཇེ་མང་ནས་ཇེ་མང་རེད།
༦ བོད་ནང་གི་བོད་མིས་ཚོས་བཙན་བྱོལ་གྱི་བོད་མི་ཚོར་རེ་བ་ཇི་འདྲ་ཞིག་རྒྱག་གི་འདུག
ལན། ལོ་ལོན་ཚོས། རྒྱལ་བ་རིན་པོ་བོད་ལ་ཕེབས་རྒྱུར་རེ་བ་ཆེན་པོ་རྒྱག་གི་འདུག ལོ་གཞོན་ཚོས་ཕྱི་ལ་རེ་བ་དམིགས་བསལ་རྒྱག་གི་མི་འདུག ད་བར་དུ་ཕྱི་ནས་མ་ཡོང་བ་རེད། ཕྱི་ལ་རེ་བ་རྒྱག་རྒྱུ་མི་འདུག སོ་སོ་བྱེད་དགོས་ཀྱི་འདུག ལས་ཀ་ཚང་མ་བོད་ནང་ནས་འགོ་བཙུགས་དགོས་ཀྱི་འདུག་ཟེར་མཁན་མང་གི སྐྲག་ནས་མ་བསྡད་པར་ལས་ཀ་བྱེད་དགོས་གི་ཟེར་མཁན་མང་གི་ ལྷག་པར་དུ། བོད་ནང་དུ་དཔར་བསྐྲུན་དང་དྲ་རྒྱའི་མཐུན་རྐྱེན་ཇེ་ཆེར་སོང་སྟེ། གནས་ཚུལ་སྤྲོད་བྱེད་མཁན་ཇེ་མང་ལ་སོང་། གུང་ཁྲན་ཏང་གི་རྫུན་ཞིག་བཤད་ན་ཡང་མགྱོགས་པོར་ཤེས་འགྲོ་གི་འདུག སྔོན་མ་བཤད་པའི་རྫུན་ཁུངས་བརྟོལ་ཡང་རྒྱུ་ཇེ་མང་རེད། ད་རུང་། “ནགས་ཚང་བྱི་ལིའི་སྐྱིད་སྡུག”་དང་”རླུང་དམར་འུར་འུར”་སོགས་བརྒྱུད་ནས། གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་དང་གཉའ་གནོན་བྱས་བའི་སྐོར་ཤེས་མཁན་ཇེ་མང་ལ་སོང་འདུག དེ་དང་མཉམ་དུ། ན་གཞོན་ཚོའི་སེམས་ལ་མི་རིགས་ཀྱི་འདུ་ཤེས་དང་ཚོར་ཇེ་ཆེར་འགྲོ་གི་འདུག
༧ ཁྱེད་ལ་ཕྱི་བསྐྱོད་ལག་འཁྱེར་ཇི་ལྟར་རག་སོང་ངམ།
ལན། ང་ཕྱི་ལོ་༢༠༠༦ལོར་རྒྱ་གར་ལ་ཐེངས་གཅིག་ཕྱིན་པ་ཡིན། དེ་དུས་ཕྱི་སྐྱོད་ལག་འཁྱེར་ཞུ་རྒྱུ་དཀའ་མོ་མ་རེད། ངའི་ཕྱི་བསྐྱོད་ལག་འཁྱེར་གྱི་དུས་ཡུན་དེ་ད་རུང་རྫོགས་མེད། དེར་བརྟེན། ཨ་རིར་ཡོང་རྒྱུར་ཕྱི་བསྐྱོད་ལག་འཁྱེར་གྱི་ཐོག་ལ་དམིགས་བསལ་དཀའ་ངལ་འཕྲད་མ་སོང་། གཞན། ན་ནིང་དོ་ཚིགས་ལ་ཕྱི་བསྐྱོད་ལག་འཁྱེར་གསར་བ་ཞིག་བཟོ་དགོས་ན། ཕལ་ཆེར་ལག་ལ་ཡོང་རྒྱུའི་རེ་བ་མེད་ཀི ཕྱི་བསྐྱོད་ལག་འཁྱེར་ཞུ་སྟངས་ཀྱི་རིམ་པ་ཡང་སྔོན་མ་ལས་ཇེ་མང་ལ་སོང་འདུག བལྟ་རྟོག་དང་དོ་དམ་ཡང་ཇེ་དམ་ལ་སོང་འདུག ཡོན་ཏན་པ་དང་ལས་བྱེད་པ་ཚོ་ཕྱི་ལོག་ལ་འགྲོ་རྒྱུ་ལྷག་པར་ཁག་ཏུ་ཕྱིན་འདུག
༨ ཁྱེད་ལ་པེ་ཅིང་ནས་མགྲོན་ཁང་སོགས་ལ་དཀའ་ངལ་འཕྲད་སོང་ངམ།
ལན། ང་ལ་མགྲོན་ཁང་ལ་འདུག་མ་ཐུབ་པའི་དཀའ་ངལ་འཕྲད་མ་སོང་། ན་ནིང་ཡིན་ན། བོད་ཞིག་ཡིན་པ་ཤེས་ཚར་བའི་རྗེས་ལ་མགྲོན་ཁང་ལ་འདུག་གི་མི་འཇུག་གི་ཟེར།
ང་ལ་དེ་འདྲའི་དཀའ་ངལ་འཕྲད་མ་སོང་། འོན་ཀྱང་། དགོང་མོར་ངའི་མགྲོན་ཁང་དུ་ཉེན་རྟོག་པ་ཡོང་ནས། ཅ་ལག་ཚང་མ་བསྔོགས་བཤེར་བྱས་སོང་། ཁ་པར་བཏང་ནས་བརྩད་གཅོད་ཀྱང་བྱས་སོང་། གནམ་ཐང་ནས་ཐེངས་ཁ་ཤས་ལ་བཀག་སོང་། གང་ལྟར། ང་བོད་པ་ཡིན་སྟབས་འདི་འདྲ་བྱེད་ཀྱི་ཡོད་པ་རེད་སྙམ་པའི་ཚོར་བ་ཡང་ཡང་ཡོང་གི་འདུག
༩ ཁྱེད་རང་ཕྱིར་བོད་ལ་འགྲོ་རྒྱུར་སྐྲག་གི་འདུག་གམ། (གཙོ་བོ་བདེ་འཇགས་གི་ཕྱོགས་ནས་ཡིན་ཟེར་གི་ཡོད།)
ལན། སྐྲག་སྣང་དམིགས་བསལ་མི་འདུག ང་ལྟ་བུ་ཡིན་ན། ད་བར་དུ་གུང་ཁྲན་ཏང་གྱོན་ནས་བསྡད་པ་ཡིན། གུང་ཁྲན་ཏང་ཟོས་ནས་བསྡད་པ་ཡིན། ང་རང་གི་ངོས་ནས་ད་བར་དུ་གུང་ཁྲན་ཏང་ལ་བསྟུན་གང་ཐུབ་ཐུབ་བྱས་ནས་བསྡད་པ་ཡིན། དེའི་སྟབས་ཀྱིས་ངས་ང་རང་གི་བདེ་འཇགས་ལ་སེམས་ཁྲལ་བྱེད་དགོས་ཀྱི་མེད་སྙམ།
ཡིན་ན་ཡང་སེམས་སྐྱིད་པོ་ཞིག་མ་རེད། ཨ་རི་ཟེར་བ་འདི་མི་རིགས་དང་སྐད་རིགས་མི་གཅིག ཐ་ན་གླིང་ཡང་མི་གཅིག་པའི་རྒྱལ་ཁབ་གཞན་པ་ཞིག་རེད། རྒྱལ་ཁབ་འདིར་ཡོང་ནས་རང་གི་སེམས་ལ་གང་དྲན་དྲན་ཁ་ལ་སྒོ་མེད། མགྲིན་པ་ལ་འཕྲང་མེད་པར་བཤད་ཆོག་གི་ཡོད་པ་རེད། ཡིན་ན་ཡང་རང་གི་ཕ་ཡུལ་ལ་དེ་ལྟར་བཤད་ཆོག་གི་ཡོད་པ་མ་རེད། ད་རང་ཡུལ་དུ་ལོག་ནས་ཁ་ལ་ཟྭ་ཞིག་བརྒྱབ་ནས་འདུག་དགོས་པ་རེད་སྙམ་ན་སེམས་སྐྱིད་པོ་ཞིག་མ་རེད།
(ཁ་པར་བརྒྱུད་ནས་བཅར་འདྲི་དང་ལེན་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ།)
འབྲི་མར་སེར་པོ་ཞིག་ཁ་ལ་བྱུགས་འདུག ཐུགས་རྗེ་ཆེའོ།།
གཞིས་ལུས་བོད་མི་ཚོས་ནུས་ཤུགས་ཀྱི་མགོ་ཁུངས་བོད་ནས་ཡོང་དགོས་པའི་བསམ་ཚུལ་བཏོན་པ་དེ་ཡག་པོ་ཞེ་དྲག་རེད། ད་ཡིན་ན་བཙན་བྱོལ་ལ་རེ་བ་མེད་པ་ཧ་གོ་གི་ཡོད་པ་འདྲ། ལྷག་པར་བཙན་བྱོལ་གྱི་མི་རབས་འདིའི་བྱེད་ལས་ལ་བལྟས་ཏེ་་་་་
རིག་འབྱུང་ལགས་ལགས་ཐུགས་རྗེ་ཆེ། མུ་མཐུད་ནས་ཡིན་ད།
རིག་འབྱུང་ལཊ་སུ་ཐུགས་རྗེ་ཆེ། ཏང་ཡོན་ཁོང་གིས་ཀྱང་བོད་མི་རིགས་ཀྱི་སེམས་ནད་ཕྱིར་བཏོན་པར་ཐུགས་རྗེ་ཆེ་ཞུ།
རིག་འབྱུང་བས་བཅར་བྱས་པ་དང་ཏང་ཡོན་རྒན་པ་ཁོང་གིས་གསུངས་ལན་སྐྱོན་པ་གཉིར་ཀར་སེམས་གཏིང་ནས་ཐཡགས་རྗེ་ཆེ་ཞུ། བོད་རྒྱ་མི་རིགས་གཉིས་ཀྱི་སེམས་ན་རྒྱ་རྒྱ་དང་བོད་བོད་ཡིན་པའི་འདུ་ཤེས་པ་མངོན་གསལ་དོད་པོ་དང་གཏིང་ཇེ་ཟབ་ཏུ་སོང་འདུག་པ་དེ་ང་ལ་མཚོན་ན་བཟང་གི་འདོད་ཀི དེ་ལྟར་ན་བོད་རྒྱ་མི་རིགས་གཉིས་ཀྱིས་སོ་སོ་སོ་སོ་ཡིན་པའི་འདུ་ཤེས་སྐྱེས་ཀྱི་རེད། དེ་ལྟར་བོད་མི་རིགས་འདིས་རང་ཉིད་བོད་མི་རིགས་ཤིག་ཡིན་པ་དང་རྟག་ཏུ་རྒྱའི་གཉའ་གནོན་བཙན་དྲག་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་འདི་མི་བརྗེད་པར་རང་གི་ངོ་གཏན་སྲུང་དང་། ཤི་ནའང་འདིའི་འོག་ཏུ་མི་འགྲོ་སྙམ་པའི་འདུ་ཤེས་ཤུགས་ཇེ་ཆེར་འགྲོ་རྒྱུ་རེད། དེ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་རེད་འདོད་ཀི
དྲི་བ་དྲི་ལན་ལ་ཐུགས་རྗེ་ཆེ། བོད་ནང་ནས་ཕྱི་ལ་རེ་བ་མི་རྒྱག་ཟེར་བ་དང་། ཕྱི་ནས་བོད་ནང་ལ་རེ་བ་མི་རྒྱག་ཟེར་ན་ད་དེ་རྙིང་རྗེ་བོ་ཟིག་མ་རེད། ཀུང་ཁྲན་ཏང་ཡོན་ནི་ཀུང་ཁྲན་ཏང་ཡོན་རང་རེད། བོད་ཕྱི་ནང་གཉིས་ཀ་དུམ་བུར་གཏོང་རྒྱུའི་ཚིག་འདི་འདྲ་བཤད་ནས་བསྡད་ཡོད་ཀི ཧཧཧ
༧ རྒྱལ་བས་རེ་བ་ཡག་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱས་གསུངས་ཡོད་ཀི་མོ། དེ་ནི་རེ་བ་གཞན་ལ་རྒྱོབས། གྲ་སྒྲིགས་རང་གིས་བྱས་ཟེར་བ་དང་གཅིག་པ་རེད་སྐབས་འདི་ལྟ་བུ་ལ་མཚོན་ན། བོད་ཕྱི་ནང་གཉིས་ནས་ཕན་ཚུན་ལ་རེ་བ་བྱེད་དགོས་པ་རེད། འོན་ཀྱང་གྲ་སྒྲིག་རང་རང་ས་ནས་བྱེད་དགོས་པ་རེད།
རླབས་ཆེན་རེད། གཞིས་ལུས་བོད་མིའི་སྙིང་སྟོབས་འདི་རླབས་ཆེན་རེད། ད་སོ་སོ་ནས་མགོ་མ་བཙུགས་ན་ཕྱི་ལ་རེ་བ་རྒྱག་ས་མི་འདུག་ཅེས་གཞིས་བཞུགས་བོད་མིས་གསུངས་བཞིན་པར་གདའ། བཙན་བྱོལ་བ་ཚོ་དངོས་ནས་དེ་འདྲ་ཞིག་ཡིན་ནམ།
རིག་འབྱུང་ལགས། ཐུགས་རྗེ་ཆེ།
བོད་ནང་གི་བོད་མི་ཞིག་གིས་སྐད་ཆ་འདི་ལྟར་གསུངས་དེ་འོང་དུས། ད་གཟོད་བྱེས་སུ་བྲོས་བྱོལ་དུ་ཡོང་བའི་ང་དང་འདྲ་བའི་སྡར་མ་དག་གི་སེམས་ལ་ད་ནི་རང་རང་གི་གང་ཡང་བྱེད་ཐུབ་ཀྱི་མེད་པ་དེ་ཤེས་ངེས་ཡིན། དེ་མིན་ཕྱི་ལོག་ནས་འཇོན་རབས་ཡོད་རབས་རྐྱང་རྐྱང་བཤད་དེ་བསྡད་པ་རེད། དངོས་ནས་བོད་ནང་གི་གཞོན་སྐྱེས་མི་ཉུང་བ་ཞིག་གིས་བཙན་བྱོལ་ལ་རེ་བ་རྒྱག་གི་མེད་ཚོད་འདུག དེ་ནི་བདག་གི་གྲོགས་པོ་མི་ཉུང་བ་ཞིག་གིས་ཀྱང་དེ་ལྟར་གསུངས་སོང་། ཁོང་གིས་གསུངས་པ་ལྟར། རྒན་པ་དག་གིས་༧རྒྱལ་བ་རིན་པོ་ཆེ་ཞལ་མཇལ་ཞིག་བྱུང་ན་ཤི་སོང་རུང་མི་འགྱོད་པའི་དད་ཞེན་ཞིག་གིས་སྒུག་ནས་བསྡད་ཡོད་པ་ལས། དེང་སང་གི་གཞོན་སྐྱེས་མི་ཉུང་བ་ཞིག་གིས་དུས་ད་ལྟ་ཡང་༧རྒྱལ་བ་རིན་པོ་ངོ་མི་ཤེས་མཁན་ཡང་མི་ཉུང་བ་ཞིག་བོད་ཁུལ་ན་མཐོང་རྒྱུ་ཡོད་པ་རེད།
ཁོ་འདྲ་བོ་ཚོས་གུང་ཁྲན་གོན། ཟོས་ནས་ཁ་རོགས་པར་བསྡད་པ་ཡིན་ཙང་རྒྱ་མིས་བོད་ཟོས་ནས་ཚར་གྲབས་ཆགས་པ་རེད། བོད་རིགས་དབུ་ཁྲིད་མི་རིགས་ཀྱི་ཆེད་ཤེས་ཡོན་སྤྱད་ནས་འཐབ་རྩོད་མ་བྱས་པ་དང་ཁ་མ་གྲགས་པར་བརྟེན། གཤམ་གྱི་མང་ཚོགས་ཚོས་སྲོག་སྤྱད་ནས་སྐད་འབོད་དང་བདེ་སྡུག་ཞུ་དགོས་ཐུག་པ་རེད། པཎ་ཆེན་རིན་པོས་མི་མང་གི་ཚབ་ལ་རང་ཉིད་བཙན་དུ་ཕེབས་པ་དང་། མང་གི་ཚབ་ཏ་ཁོང་གཅིག་པོས་ཞུ་གཏུགས་བརྒྱབ་པ་རེད། མི་མང་གི་ཚབ་ཏུ་ཁོ་རང་གཅིག་པོས་འདང་བ་བཤད་པ་རེད། མང་མི་ཚབ་ལ་ཁོ་རང་གཅིག་པོའི་་སྐུ་སྲོག་བཏང་བ་རེད། ད་ནི་མི་མང་རང་གིས་སྲོག་བཏང་ནས་བཤད་ན་མ་གཏོགས་པེ་ཅིན་སོགས་ན་ཡོད་པའི་བོད་པའི་དབུ་ཁྲིད་ཚོས་རང་རང་གི་ཁ་ལ་ཟྭ་བརྒྱབ་ནས་མི་རིགས་ཀྱི་ཆེད་དུ་ཁ་མི་གྲགས་རྒྱུ་དམ་བཅའ་བཞག་ནས་བསྡད་ཡོད་པ་རེད། བོད་ནང་གི་བོད་རིགས་ལས་བྱེད་དང་དབུ་ཁྲིད་ཚོས་བོད་རིགས་མི་མང་གི་ཚེ་སྲོག་ལ་འགན་ཁུར་བྱེད་ཀྱི་མི་འདུག
བོད་ནང་པཎ་ཆེན་རིན་པོ་ཆེ་ནང་བཞིན་གྱི་དབུ་ཁྲིད་མང་དུ་འགྲོ་དགོས་ཀྱི་འདུག ཁོང་ནང་བཞིན་གྱི་བླ་མ་མང་དུ་འགྲོ་དགོས་ཀྱི་འདུག བོད་ནང་གི་བོད་རིགས་ལས་བྱེད་རྒན་པ་དང་བོད་རིགས་དབུ་ཁྲིད་ཚོས་བོད་རིགས་མི་མང་གི་ཚབ་བྱས་ནས་ཁ་གྲགས་ཀྱི་མེད་པ་འདི་དཀའ་སྡུག་ཆེ་བའི་དུས་ཚོད་འདིར་ཆེས་དཀའ་ངལ་ཆེ་ཤོས་ཞིག་ཆགས་འདུག
པེ་ཅིན་ན་ཡོད་པའི་བོད་རིགས་ཏང་ཡོན་རྒན་པ་དང་དཔོན་པོ་ཚོ་བཙོན་ཁང་དུ་འགྲོ་རྒྱུར་སྐྲགས་ཐག་ཆོད་ནས་མི་རིགས་ཀྱི་ཐོབ་ཐང་ཆེད་ཁ་གྲགས་ཕོད་ཀྱི་མེད་ཕྱིར། འོག་རིམ་གྱི་མང་ཚོགས་དང་ན་གཞོན་ཚོ་བཙོན་ཁང་དུ་འགྲོ་དགོས་ཐུག་པ་རེད། པཎ་ཆེན་རིན་པོ་ཆེ་གཅིག་པོ་བཙོན་ཁང་དུ་འགྲོ་རྒྱུར་མ་སྐྲགས་པར་མི་རིགས་ཀྱི་ཐོབ་ཐང་བརྩད་པ་རེད། ཁོང་མི་མི་གཅིག་གི་སྙིང་སྟོབས་ཀྱིས་བོད་མི་དམངས་ལ་ག་ཚོད་ཅིག་ཕན་ཐོགས་བྱུང་ཡོད་པ་རེད། པེ་ཅན་གྱི་བླ་མ་དང་བོད་རིགས་དབུ་ཁྲིད་ཚོ་བཙོན་ཁང་དུ་འགྲོ་རྒྱུར་སྐྲགས་ཉན་གི་མི་འདུག ཁོང་ཚོས་པཎ་ཆེན་རིན་པོ་ཆེའི་སྙིང་སྟོབས་དང་བསམ་བློ་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་དགོས་ཀྱི་འདུག མ་ཟད་བོད་ནང་མི་མང་ཚོས་པེ་ཅིན་གྱི་བོད་ཀྱི་བླ་མ་དང་དབུ་ཁྲིད་ཚོར་མི་རིགས་ཆེད་དུ་ཁ་གྲགས་དགོས་པར་འབོད་བསྐུལ་དང་གནོན་ཤུགས་སྤྲོད་དགོས་པ་རེད།
བོད་མི་རིགས་ལ་ལོ་ངོ་བཞི་སྟོང་ལྔ་སྟོང་གི་ལོ་རྒྱུས་ཡོད་ལ་རྒྱ་ནག་ལ་ངོ་ལྔ་སྟོང་གི་ལོ་རྒྱུས་ཡོད་པ་རེད། ལོ་རྒྱུས་རིང་མོ་འདིའི་ཀློང་ནས་དེ་རིང་བར་དུ་ཤི་གསོན་ཁྲག་གི་འཁོར་ལོ་བསྐོར་ནས་ཡོང་བ་རེད། ད་ནི་མི་རིགས་འདི་གཉིས་ཀྱི་བར་ལ་མཛའ་མཐུན་ཞི་བདེའི་ལམ་བུ་ཞིག་ཨེ་ཡོང་བསམས་ནས་གོང་ས་མཆོག་གི་ལམ་དབུ་མར་རེ་བ་བརྒྱབ་ནས་བསྡད་པ་ཡིན་མོད། ན་ནིང་དོ་ཚིགས་རྒྱ་ནག་ཚང་གིས་མི་རིགས་དབྱེ་འབྱེད་ཀྱི་ལས་འགུལ་ཤུགས་དྲག་ཏུ་སྤེལ་སོང་བས། ད་ནི་ང་ལ་མཚོན་ན་ལམ་ཁ་གསར་བ་ཞིག་མི་འདེམ་རང་འདེམ་ཆགས་སོང་།
མགོ་རུལ་ལགས། ངས་ཉིད་ལ་བོད་ཀྱི་ལོ་རྒྱུས་ཀྱི་དུས་ཡུན་ལོ་ངོ་བཞི་སྟོང་ལྷག་ཡོད་ཟེར་བ་དེ་ནི་བརྩི་ཚུལ་གང་འདྲ་ཞིག་ལ་གཞི་བཅོལ་ནས་ཉིད་ཀྱིས་གསུངས་པ་ཡིན། ང་ལ་དེ་ཡི་སྐོར་གསལ་བོ་ཞིག་ག་གསུང་ན་འགྲིག་གམ། ངས་དེ་རིང་འདི་ནས་མི་ཞིག་གིས་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་དུས་ཡུན་ག་ཚོད་རེད་ཅེས་པའི་དྲིས་པའི་ལན་ལ། ས་འོག་ནས་མིའི་རུས་པ་རྙེད་ནས་བརྟག་དཔྱད་བྱས་པའི་གྲུབ་འབྲས་ཤིག་བརྒྱུད་དེ་བཤད་པ་ལྟར་ན་བོད་འདི་ལོ་ངོ་དྲུག་སྟོང་གཡས་གཡོན་ནས་བྱུང་བའི་མི་རིགས་ཤིག་ལ་ངེས་འཛིན་བྱེད་ཀྱི་ཡོད་པ་རེད་ཅེས་བཤད་པ་ཡིན།
ཆབ་མདོའི་ཁ་རུབ་ས་ཆ་ནས་ཐོན་པའི་རིག་དངོས་ལ་བརྟག་དཔྱད་བྱས་པའི་སྡོམ་ཚིག་ཏུ་ས་ཆ་དེ་གའི་མིའི་རིགས་ལ་ལོ་ངོ་བཞི་སྟོང་གི་ལོ་རྒྱུས་ཡོད་པ་བདེན་དཔང་བྱས་ཟིན། ས་ཆ་གཞན་དག་ཏུ་ལོ་ལྔ་སྟོང་དྲུག་སྟོང་སྔོན་དུ་བོད་མི་འཚོ་སྡོད་བྱས་ཡོད་ཆོག
ད་རྒྱ་ནག་གི་སྤྱི་ཚོགས་འགྱུར་བ་ཆེན་པོ་འགྲོ་བཞིན་པ་རེད དྲང་མོར་བཤད་ན་སྔ་མའི་གུང་ཁྲན་ཏང་ཡན་ཟེར་བའི་མའོ་ཙེ་ཏུང་གི་དེབ་དམར་ཆུང་མ་གཏོགས་ཁོག་ན་ཅི་ཡང་མེད་མཁན་ཚོའི་རིན་ཐང་ཉམས་སོང་བ་རེད། སྔོན་མ་གུང་ཁྲན་ཏང་ཡོན་ཟེར་དུས་གནམ་ས་གཉིས་ཀའི་བདག་པོ་རེད། ད་ཡིན་ན་རྒྱ་གཞུང་དམར་པོ་ཡིན་རུང་ཤེས་ཡོན་འཇོན་ཐང་མེད་ན་དེ་ག་ཙམ་གྱི་གུང་ཁྲན་ཏང་ཡོན་ཟེར་ཚད་ལ་མགོ་གུག་གུག་དང་སྒྱིད་པ་འདར་འདར་བྱེད་མཁན་མེད་པ་རེད། དེ་ལ་བརྟེན་ནས་འབའ་པ་ཕུན་ཚོགས་དབང་རྒྱལ་ནས་མགོ་བཙུགས་ཏེ་ད་ལྟའི་རྒྱ་དམར་གཞུང་གི་བླ་བཙགས་བྱེད་མགོ་ཚུགས་སོང་བ་རེད། ཡག་པོ་ཡིན་མིན་ནས་བཤད་ན་ཡག་པོ་རེད། སྔོན་མ་ཁོ་ཚོས་འཁྲབ་རྒྱུ་ཡོད་ཚད་ཚང་མ་འཁྲབ་པ་རེད། ལྷ་མགོ་བཅད་པ་རེད། དགོན་རྐུབ་ཕུད་པ་རེད། གུང་ཁྲན་ཏང་ཡན་གྱི་གོ་གནས་ཞིག་ཡོད་ཚར་དུས་ཕྱིར་མི་ལྡོག་པའི་གོ་འཕངས་ཐོབ་སོང་བ་ལྟ་བུ་ཞིག་ལ་བརྩིས་པ་རེད། ད་ཁུངས་མ་འཁྱོལ་བ་རེད། དེ་ལས་སྙིང་ཚིམ་པ་ཞིག་གང་ན་ཡོད། རྒྱ་དམར་གཞུང་གིས་གུང་ཁྲན་ཏང་ཡོན་གྱི་སྤུས་ཀ་མཐོར་འདེགས་གཏོང་དགོས་ཀྱིན་འདུག་ཟེར་ནས་ལས་འགུལ་ཡང་སྤེལ་གྱིན་ཡོད་པ་རེད། གུང་ཁྲན་ཏང་ཡོན་གྱི་སྤུས་ཀ་མཐོར་འདེག་སཟེར་བ་དེ་ཡང་ཤེས་ཡོན་དང་འཇོན་ཐང་སྤྱོད་ལམ་གང་ཐད་ནས་ཟེར་གྱིན་ཡོད་དུས་ཏང་ཡན་རྒས་འཁོགས་མང་པོས་ས་རྒྱ་ཅང་ཆོད་ཀྱིན་མེད་པ་རེད། ད་ང་ཚོས་གུང་ཁྲན་ཏང་ཡན་རྒན་པ་དེ་ཚོ་རང་ཕྱོགས་སུ་འགུགས་དགོས་པ་རེད། དགྲ་བོ་ལ་ནང་འཁྲུགས་བྱུང་ན་དགྲ་གཅིག་གཉེན་དུ་འགྱུར་ཟེར་བའི་གཏམ་དཔེ་ཞིག་ཀྱང་རྩོམ་ཆོག་པ་འདུག བོད་ཀྱི་ས་ཁུལ་ཁ་ཤས་སུ་སྔོན་དུས་སུ་རྒྱ་དམར་གྱི་རྒྱུགས་ཁྱི་བྱས་ནས་བོད་མི་ངོ་རྒོལ་བ་དམར་གསོད་གཏོང་མྱོང་མཁན་ཚོར་གྱོད་ཁ་མཆུ་བཙུགས་ནས་བཤགས་པ་བླངས་པའི་གནས་ཚུལ་ཡང་ཐོན་གྱིན་ཡོད་པ་རེད། དེ་ཚོ་ལ་རྒྱ་དམར་གཞུང་གིས་རྒྱབ་རྩ་གང་ཡང་བྱེད་ཀྱིན་མེད་དུས་སྔོན་མའི་གུང་ཁྲན་གྱི་རྒྱུགས་ཁྱི་ཚོའི་སེམས་པ་ཕམ་གྱིན་ཡོད་པ་རེད། དེར་བརྟེན་ད་ཁོང་ཚོས་བོད་མི་རིགས་ཀྱི་རྒྱབ་སྐྱོར་དང་རྒྱལ་བ་རིན་པོ་ཆེའི་རྒྱབ་སྐྱོར་བྱེད་པའི་རྣམ་པ་སྟོན་གྱིན་ཡོད་པ་རེད། འདི་ཚོ་ང་ཚོ་སྤུན་ཟླ་ཚོར་སྙིང་གཏམ་ཞིག་བཤད་པ་ཡིན།
དེ་རིང་ཁ་བཙོག་ཅིག་བཤད་འདོད་བྱུང་། རྒྱ་དམར་གཞུང་ཟེར་བ་འདི་ཕོ་གསར་ལམ་འགྲུལ་བ་ལྟ་བུ་རེད། ཕོ་གསར་དེའི་མཇེ་ལངས་ཡོང་དུས་བུ་མོ་སུ་ཞིག་རྒྱོ་ཐུབ་ན་རྒྱོ་གི་རེད། དངུལ་ཏོག་ཙམ་ཏོག་ཙམ་ཡང་འགྲོ་སོང་གཏོང་གི་རེད། ཁ་ཡག་ཀྱང་ག་ཚོད་དགོས་དགོས་བཤད་གི་རེད། ཡིན་ན་ཡང་རང་གི་འདོད་པ་སོད་ཚར་དུས་བུ་མོ་དེ་ཚོར་བསམ་བློ་གང་ཡང་གཏོང་གི་མ་རེད། དེ་བཞིན་དུ་རྒྱ་གུང་ཁྲན་གྱིས་ཀྱང་མི་རང་ཚུགས་མེད་མཁན་ཚོར་གུང་ཁྲན་ཏང་ཡོན་ཟེར་བའི་མིང་ཆེན་པོ་ཡང་བཏགས། གནས་སྐབས་གནས་སྐབས་སུ་གོ་གནས་ཀྱང་སྤྲད། དངུལ་ཡང་སྤྲད། རྒྱབ་སྐྱོར་ཡང་ཆེན་པོ་བྱེད་ཁུལ་བྱས། ཡིན་ན་ཡང་རང་གི་འདོད་པ་འགྲུབ་སོང་དུས་ཏང་ཡོན་རྒན་པ་ཟེར་བ་དེ་ཚོ་ཁྱི་རྒན་མཚེར་ཤུལ་ནས་བསྐྱུར་བསྐྱུར་བྱས་ཡོང་གིན་ཡོད་པ་རེད། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ
བོད་ནང་གི་ལོ་གཞོན་པ་ཚོས་ཕྱི་ལ་རེ་བ་རྒྱག་གི་མི་འདུག་ཟེར་བ་དེར། བསམ་བློ་ཞིག་གཏོང་རྒྱུ་འདུག་དྲན།
བོད་ནང་གི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་བྱེད་དགོས་རྒྱུ་གལ་ཆེར་མཐོང་། ལྷག་པར་དུ་བོད་ནང་གི་བོད་མིའི་སེམས་ཁམས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་དགོས་ཀྱི་འདུག བཙན་བྱོལ་བོད་གཞུང་གིས་ཀྱིས་འདིའི་ཐད་ལ་འཆར་གཞི་དང་ཕྱག་ལས་དབུ་འཛུགས་གནང་དགོས་ཀྱི་འདུག་དྲན། བདེ་སྲུང་ཉམས་ཞིབ་ལྟ་བུ་མཚམས་ལན་རེར་རྩོམ་བསྒྱུར་གྱི་སྡེ་ཚན་ཡིན་པའི་བཟོ་འདྲ་བོ། མཚམས་ལན་རེར་ལས་ཀ་མེད་པའི་བཟོ་འདྲ་བོ། དེ་འདྲའི་ཡོང་གི་མ་རེད་འདོད། ལྷན་ཁང་ཨ་མ་བདུན་གྱི་སྒང་ལ་ཞིབ་འཇུག་གི་ལྷན་ཁང་ཞིག་ངེས་པར་དུ་དགོས་ཀྱི་འདུག བོད་ཕྱི་ལ་སྡོད་མཁན་ཚོ་ཡིན་ན་ཡང་། བོད་ནང་ལ་འབྲེལ་བ་བཟུང་ནས་བོད་ནང་གི་ཉིན་རེ་ཉིན་རེའི་གནས་ཚུལ་ལོན་པ་བྱེད་དགོས།
རྒྱ་ནག་གིས་ཕྱི་ལོགས་ལ་དྲ་བ་བཀྲམས་པ་ནང་བཞིན། ང་ཚོ་ཕྱི་ནས་འདུག་མཁན་ཚོས་ཀྱང་བོད་ནང་ལ་དྲ་བ་བཀྲམས་དགོས་ཀྱི་འདུག བོད་ཕྱི་ནང་གི་གནས་ཚུལ་ཕྱོགས་གཉིས་ནས་དུས་ཐོག་ལ་མཁྱེན་ཐུབ་པའི་དྲ་བ་བཀྲམས་དགོས་ཀྱི་འདུག འདི་གལ་ཆེན་རེད། གཅིག་བྱསན། དྲ་བ་བཀྲམས་པའི་བརྒྱུད་རིམ་ཁྲོད། ཁྱེད་ཀྱི་ཕ་མར་དཀའ་ངལ་འཕྲད་སྲིད། ངེད་ཀྱི་སྤུན་མཆེད་བཙོན་ལ་ཚུད་སྲིད། གང་ལྟར། ང་ཚོས་ལས་ཀ་བྱེད་དགོས་ཀྱི་འདུག མི་རེ་ངོ་རེ་ནས་འགན་ཁུར་ཏེ་ལས་ཀ་བྱེད་དགོས་ཀྱི་འདུག
ཕྱི་ལོ་༢༠༠༨ལོའི་བོད་ཁམས་ཡོངས་ཀྱི་ཞི་རྒོལ་དེ་བྱུང་དུས། ཕྱོགས་གཉིས་ཧོན་ཐོར་བ་རེད། གཅིག་དེ་རྒྱ་ནག་སྲིད་གཞུང་རེད།
རྒྱ་ནག་སྲིད་གཞུང་གི་དྲིལ་བསྒྲགས་ཚང་མའི་རྐུབ་བརྡོལ་བ་རེད། ལོ་ངོ་ལྔ་བཅུའི་རིང་གི་སྲིད་ཇུས་དེ་ལོག་ལམ་ཏུ་ཕྱིན་ཡོད་པ་ཧ་གོ་བ་རེད།
ཕྱོགས་གཞན་དེ། བཙན་བྱོལ་བོད་གཞུང་རེད། བོད་ནང་ལ་གནས་ཚུལ་དེ་འདྲ་ཞིག་འབྱུང་གི་རེད་བསམ་པའི་ཚོད་དཔག་ཡོད་མ་རེད།
རྒྱུ་མཚན། བོད་ནང་གི་དངོས་ཡོད་གནས་སྟངས་རྒྱུས་ལོན་ཐུབ་ཡོད་མ་རེད།
འདི་ལ་བསམ་བློ་གཏོང་རྒྱུ་ཞིག་འདུག་དྲན།
མཆན་བུ་འདེབས་མཁན་ཚོས་ཀྱང་། ཕྱི་ནས་བོད་ནང་གི་བོད་མིར་སྡུག་དམོད་བྱེད་སྟངས་འདི་སྤངས་བར་འོས།
དོན་འགྲུབ་ནས་བོད་ནང་གི་བོད་མི་ཚོར་སྡུག་དམོད་མི་བྱེད་པའི་བསམ་ཚུལ་བཏོན་པ་བདེན་པ་རེད། ང་ཚོས་ཀྱང་བོད་ནང་གི་བོད་མི་ཚོ་བོད་མི་རིགས་ཀྱི་སྲུང་མ་ནང་བཞིན་རྩ་ཆེན་པོ་བརྩི་གི་ཡོད། འདི་ན་ང་ཚོས་གླེང་བཞིན་པ་བོད་མི་རིགས་ཀྱི་དབུ་ཁྲིད་དང་ལས་བྱེད་པའི་མིང་དང་གོ་གནས་བཟུང་ཉུང་ཉུང་ཞིག་གིས། པེ་ཅིན་སོགས་ན་རྒྱ་དཔོན་ཚོའི་རྐུབ་ལྡག་བཞིན་བོད་མི་རིགས་ཀྱི་སྡུག་བསྔལ་གླེང་མི་ཕོད་པའི་དབུ་ཁྲིད་དེ་ཚོ་ཡིན། དེ་མིན་བོད་ནང་གི་མང་ཚོགས་དང་སློབ་ཕྲུག་དང་། བོད་ནང་གི་ལས་བྱེད་བརྒྱ་ཆ་༨༠/ཙམ་ནི་མི་རིགས་ཀྱི་ཆེད་དུ་སེམས་ཁུར་དང་ལ་རྒྱ་ཡོད་མཁན་རེད། གོང་གི་གུང་ཁྲན་ཏང་ཡོན་འདྲ་བོས། ཚེ་འདིའི་ཆེད་དུ་གུང་ཁྲན་ཏང་ཟོས། གུང་ཁྲན་དང་གོན་ནས་བསྡད་པ་དང་། ད་རྒས་ནས་ཤི་ཐག་ཉེ་རུ་སོང་བ་དང་ཚེ་ཕྱི་མའི་ཆེད་དུ་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་དུ་སོང་མེད་འགྲོ་དྲན། བོད་ནང་གི་བོད་མི་དཔོན་རིགས་ཚོས་བོད་རིགས་མི་མང་གི་ཚེ་སྲོག་ལ་འགན་ཁུར་གྱི་མི་འདུག རྒྱ་མིས་དྲང་བདེན་མ་ཡིན་པའི་ལམ་ནས་བོད་མི་ག་ཚོད་འཛིན་བཟུང་བཙོན་འཇུག་དང་དམར་གསོད་བཏང་ནའང་། མ་མཐོང་མདོག་མདོག་གིས་ཁ་མི་གྲགས་པར་པེ་ཅིན་ནས་དཔོན་ཚོ་དང་མཉམ་དང་དཔུང་པ་གཤིབ་ནས་སྡོད་པའི་གནས་སྟངས་མཐོང་ནས་སེམས་པ་སྐྱོ་སོང་།
བོད་ནང་གི་བོད་མི་ཚོར་ངན་སྨྲས་བྱེད་ཉན་གྱི་མ་རེད། བོད་ནང་གི་བོད་མའི་བསམ་ཚུལ་ཟོ་ང་ཚོས་ཤེས་ནི་རེད། བོད་ནང་ནས་འཚར་ནས་དེ་མ་ཤེས་ན་ད་ཅི་བྱེད། དེ་མིན་ཀུང་ཁྲན་ཏང་ཟིག་རེད་ཟེར་ན། དཀོན་མཆོག་གསུམ་ཞེན་པ་གཏིང་ནས་ལོག་གི ང་ཚོ་ཤང་ལ་སྡེ་བ་བཅུ་གཉིས་ཡོད་པ་རེད། མི་གྲངས་སྟོང་ཕྲག་ལྔ་ཙམ་རེད། ཀུན་ཁྲན་ཏང་ཡོན་སྔར་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་བརྒྱད་དགུ་ཟིག་ཡོད་ནི་རེད། དེ་མིན་པ་ཚང་མ་ཀུང་ཁྲན་ཏང་མ་རེད། ཁོང་ཚོས་མིག་གིས་མཐོང་བ་ལ་ཚོད་མེད། སྐུ་ཐེ་མོ་འདྲ་ཟིག་ཁྱིམ་ཚང་ན་སྦས་ཡོད་ན་ཁོང་ཚོས་མཐོང་འགྲོ་གི་རེད། ཆོས་ཤོག་འཛར་གཅིག་ཙམ་རི་གཤམ་གྱི་དོང་ནང་ལ་སྦས་ན་ཡང་ཁོང་ཚོས་ཤེས་འགྲོ་གི་རེད། རྒྱ་མིའི་དབུ་ཁྲི་ཚོས་མ་ཤེས་པ་དང་མ་མཐོང་བ་ཁོང་ཚོས་ཤེས་འགྲོ་ཀི་རེད།
དེ་མིན་ད་རུང་དེ་ཚོས་གྲལ་རིམ་དགྲ་བོ་སུ་ཡིན་མིན་ཡང་ཤེས་འགྲོ་གི་རེད། ཞིང་བདག་གྲལ་རིམ་སུ་ཡིན་མིན་ཡང་སྔར་ལ་ཁོང་ཚོས་ཤེས་འགྲོ་གི་རེད། ཀུང་ཁྲན་ཏང་རྒན་གྲས་རིགས་ད་རྒྱ་ཚང་གི་ཁྱི་ངོ་མ་ཟིག་ཡིན།
དེ་ཟེར་ན་ང་ཚོ་སྡེ་བ་ན་ཀུང་ཁྲན་ཏང་ཡོན་ཟིག་ཡོད། དར་དམར་སྔོན་ལ་འཕྱར་མཁན་ཁོ་རེད། མདུན་བསྐྱོད་མདུན་བསྐྱོད་ཅན་པོ་རྒྱ་གླུ་དེ་སྔོན་ལ་ལེན་མཁན་ཡང་ཁོ་རེད། གྲལ་རིམ་དགྲ་བོ་སྟེ། སྡེ་བ་ནང་གི་ལོ་ལོན་ཚོར་རྡུང་མཁན་པོ་ཡང་ཁོ་རེད།
བརྒྱད་ཅུ་ཐམ་པའི་རྗེས་ནས་སྡེ་བ་ནང་གི་གཞན་གྱི་ཕོ་སར་ཅིག་གིས་ག་དུས་ཡིན་ན་ཡང་ཁོ་ལ་རྡུང་གི་ཡོད་པ་རེད། ཁོ་ལོ་ལོན་སོང་ནི་རེད། ཕོ་སར་དེ་ལོ་ཆུང་རེད། ཕོ་སར་དེ་གྲལ་རིམ་དགྲ་བོ་རེད་ཅེས་ལོ་༡༦ སྟེང་ནས་གྲལ་རིམ་དགྲ་བོར་གྱུར་བ་རེད། ག་འདྲ་སེ་གྱུར་བ་རེད་ཟེར་ན། ཁོ་ལོ་བཅུ་བཞི་སྐབས་སུ་མ་ནི་ཁང་དེའི་མིང་ལ་ཧྲི་ཐང་ཟེར་ནི་རེད། ཧྲི་ཐང་ན་མོའོ་ཀྲུའུ་ཞི་དཔར་ཟིག་ཡོད་ནི་རེད། རྩེ་མོ་རྩེ་ནས་མོའོ་ཀྲུའུ་ཞི་སྐེ་ནས་ཕར་རལ་བ་རེད། དེའི་རྐྱེན་བྱས་ནས་ཞྭ་བཀོན་པ་རེད། བྱིས་པ་དེ་འདྲ་ལ་ཤོག་བུ་རལ་ན་ཡང་གྲལ་རིམ་དགྲ་བོར་བཟོ་འགྲོ་གི་རེད། ཀུང་ཁྲན་ཏང་ཡིན་ན་དེ་ཚོ་རྒྱ་ལས་སྡུག
ཀུང་ཁྲན་ཏང་ཨ་རིར་ཕེབས་ཕེབས་རེད། བདེན་པ་ངོ་སྤྲོད་བྱས་ན་འགྲིག་ནི་རེད། དེ་མ་གཏོགས་ད་རུང་ང་ཀུང་ཁྲན་ཏང་ཡིན་ཟེར་ནས་ངོ་ཚ་རྒྱུའི་ཚབ་ལ་སྤོབས་པ་བྱེད་ཀྱི་འདུག་ཀ བོད་པའི་ཀུང་ཁྲན་ཏང་ཡིན་ཟེར་རྒྱུ་ངོ་མ་ཚ་བ་ག་རེ་ཡིན་ན།
འདིར་བོད་ནང་གི་མི་རབས་གསར་ཞེས་བའི་གླུ་དབྱང་ཞིག་འདུག་དེར་ཅིག་ལྟོས་། དེ་ན་ཡང་བཤད་གིན་འདུག་།
http://www.youtube.com/watch?v=VC69z7WKdjg
འདིར་གསལ་བཤད་ཚིག་འགའ་ཞུ་གི་ཡིན། ཁྱེད་ཚོའི་རང་དབང་གི་སྙན་ཅོག་དེ་ང་ལ་ཅུང་ཙམ་གཡར་རོགས་གནང་།
རང་དབང་ཟེར་བ་འདི་ངོ་མས་རྩ་ཆེན་པོ་་རེད། འདི་ཡོད་ན། བཤད་མཁན་ཚོས་གང་བཤད་བཤད་རེད།
སྡུག་མཁན་ཚོས་སུ་ལ་སྡུག་སྡུག་རེད། གོང་དུ། ངེད་ཀྱིས་བཅར་འདྲི་ཞུ་ཡུལ་དེས། ད་བར་དུ་གུང་ཁྲན་ཏང་ཟོས་ནས་བསྡད་ཡིན། གོན་ནས་བསྡད་ཡིན་ཟེར་བ་དེ་ལ། ཁོང་ནས་སྤོབས་པ་དང་ཡིན་མདོག་བྱེད་ཀྱི་མི་འདུག སྐད་ཆ་དེ་དྲང་པོ་ཡིན་ཟེར་གྱི་འདུག གཅིག་བྱས་ན། ངེད་ཀྱིས་ཡིག་ཐོག་ལ་ཕབ་སྟངས་ནོར་འདུག ཡིག་ཐོག་ལ་ཡག་པོ་ཞིག་ཕབ་ཐུབ་མི་འདུག རྒྱུ་མཚན། ངེད་ལ་ཡིག་རྩ་བརྟན་པོ་ཞིག་མེད། དེར་བརྟེན། བཅར་འདྲི་ཞུ་ཡུལ་དང་ྐློག་མཁན་གཉིས་ཀར་སྙིང་ནས་དགོངས་དག་ཞུ་གི་ཡིན།
གཞན། བཅར་འདྲི་ཞུ་ཡུལ་ཁོང་ད་བར་དུ་བོད་ཀྱི་རིག་གཞུང་ལ་ཞབས་འདེགས་ཞུ་མཁན་ཞིག་རེད། ད་དུང་ཡང་ཞུ་བཞིན་འདུག དེ་ཙམ་ཡིན།
རེད། རེད། གཞོན་ནུ་ཟླ་མེད་ལགས་ཀྱིས་བཤད་པ་བདེན་པ་རེད། གུང་ཁྲན་ཏང་ཡོན་འདི་ཚོས་བོད་པའི་རིག་གཞུང་ལ་ཞབས་འདེགས་ཞབས་འདྲེན་ག་རེ་ཞུས་ཡོད་ང་ཚོའི་སེམས་ན་ཁྲིགས་ཁྲིགས་ཡིན། ཁར་སང་དེ་རིང་གུང་ཁྲན་ཏང་གསར་པ་ཆགས་ཡོང་གི་ཡོད་པ་རེད། ཏང་རྒན་རྙིང་པ་ཚོའི་ཁོག་ན་མའོ་ཙེ་ཏུང་གི་དེབ་དམར་ཆུང་མ་གཏོགས་མེད་སོང་བ་རེད། མདོར་ན་མི་འདི་རིགས་ལ་འགྱོད་པ་རྟས་མི་ཟིན་པ་ཡོང་གིན་ཡོད་པ་རེད། མི་རིགས་དང་མི་དམངས་ལ་བསགས་པའི་ནག་ཉེས་གནམ་སར་མི་ཤོང་བ་བསགས་ཟིན་པ་རེད། རྒྱ་དམར་གཞུང་གིས་ཁོང་ཚོར་སྤྲད་པའི་ཁེ་བཟང་དེ་དང་ཁོ་རང་ཚོས་མི་མང་ལ་བསགས་པའི་ནག་ཉེས་གཉིས་བསྡུར་དུས་ད་གཟོད་ཁོང་ཚོས་ཞབས་འདྲེན་ག་ཚོད་ཅིག་ཞུས་པ་ཧ་གོ་ཡོང་གིན་ཡོད་པ་རེད། ད་ཁོ་རང་ཚོས་རྒྱ་དམར་གཞུང་གི་བརླ་བཙག་མདོག་བྱེད་ཀྱིན་ཡོད་པ་རེད། མི་འདི་ཚོས་ཐོག་མར་བོད་ཀྱིས་འགྲིགས་གིན་མི་འདུག་ཟེར་ནས་རྒྱ་དམར་ལ་སྐྱབས་སུ་སོང་བ་རེད། ད་ཁར་སང་དེ་རིང་རྒྱ་དམར་གྱིས་འགྲིགས་གིན་མི་འདུག་ཟེར་གྱིན་ཡོད་པ་རེད། མི་འདི་ཚོའི་རིགས་ལ་ཡིད་ཆེས་བྱ་རྒྱུ་ཅི་ཡང་མེད། ང་གིས་འགྲིགས་གིན་མི་འདུག་ཟེར་ནས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་བོད་ནང་གི་བོད་མིར་སྨོད་མི་རུང་ཟེར་བ་དེ་ག་རེ་ཡིན་ནམ། བསྟོད་འོས་པ་བསྟོད་དགོས་གི་རེད། སྨད་འོས་སྨད་འོས་གི་རེད། དེ་ལ་བོད་ཕྱི་ནང་གི་ཁྱད་པར་འདྲ་ཡོད་དོན་མི་འདུག འདིའི་སྐོར་ལ་ད་དུང་མང་པོ་བཤད་འདོད་འདུག་སྟེ་ད་དེ་ཙམ་གྱིས་ཆོག་པ་གྱིས།
རེད་རེད། བདེན་པ་བཤད་ཀྱི་འདུག ཚེ་གང་བོར་གུང་ཁྲན་ཏང་ཟོས། གུང་ཁྲན་ཏང་གོན་ནས་བོད་མི་བརྡུང་། བོད་ཡིག་བསྲེག་ནས་བསྡད་པ་རེད། བླ་མ་དགེ་བཤེས་ཚོའི་ཞལ་ལ་མཆི་མ་འདེབས་མཁན་དང་། བོད་མི་རུས་པ་ཅན་ཚོའི་སྒལ་བར་རྡོ་ཟུར་གྱིས་དྲད་ནས་ཁྲག་དམར་ལྷོག་ལྷོག་ཡོང་གི་འཇུག་མཁན་ཡང་བོད་མི་ཏང་ཡོན་ཚོ་རེད། དེང་སང་ཡང་༧རྒྱལ་བ་རིན་པོ་ཆེ་དང་བོད་མི་ལ་ངན་པ་རྒྱ་མའི་ཡིད་ལ་མ་ཤར་བ་དེ་འདྲ་བཤད་མཁན་ཡང་བོད་མི་ཏང་ཡོན་རག་སྡུས་དང་སྲི་ཐར་ཟེར་བ་སོགས་རེད། ངོ་མ་མི་འདི་རྒྱབ་ལོག་ན་རྒྱ་མི་ཚོ་ཡང་གད་པོ་ཤོར་གི་ཡོད་གི་རེད། ད་དུང་བོད་ལྗོངས་ན་དཔོན་པོ་ཁ་ཤས་ཡོད་པ། ཁྱེད་ཚོས་གོ་གི་ཡོད་འགྲོ།
ཕྱི་ནང་གཉིས་ཀྱི་བོད་མི་བརྒྱ་ཆ་ ༥༡ གིས་སྤྱི་དོན་ཆེད་དུ་བཙོན་ཁང་ལ་འགྲོ་བགྱི་ཡིན་པའི་སེམས་ཐག་མ་བཅད་བར་དུ་བོད་ཀྱི་བདེན་དོན་དེ་སེལ་དཀའ་སྙམ། མི་དམངས་གྲང་མང་ཞིག་བཙོན་ལ་དུས་མཉམ་དུ་བསླེབས་ཐུབ་ན། བཙོན་ཁང་ནང་གི་རང་དབང་དང་ཁྲིམས་ཀྱི་དབང་ཚད་དེ་ང་ཚོར་ཐོབ་བགྱིད་རེད། འཚེ་མེད་ཞི་བའི་ལམ་པ་ཚོས་དེའི་ཐོག་དགོངས་པ་བཞེས་དང་། ཏང་འུ་ཐུག་ཐབས་ཟད་བཟོ་ཡ་ཡི་ཐབས་ཤེས་ཡོད་རེད་དོ།