གླིང་ཚ་ཚེ་བརྟན་རྡོ་རྗེ།
བཀུར་འོས་པའི་མདོ་སྨད་སུད་སུ་ས་གནས་རྒྱུན་ལས་རྣམ་པ་ལགས། གུས་པ་གླིང་ཚ་ཚེ་བརྟན་རྡོ་རྗེའམ། ས་ཡ་དྲུག་གི་བུ་ནས་ཆེད་ཞུ། ཁྱེད་ཅག་གི་ལྷག་བསམ་གཏོང་ཕོད་ཀྱི་ཕྱག་ཟུང་བརྐྱངས་ཏེ། རྒྱུས་མེད་རྒྱལ་ཁམས་དེ་ནས་རང་རིགས་བོད་ཀྱི་ལར་ཞེན་ཟབ་མོ་ཡིད་དུ་བརྟན་པོར་བཅངས་ནས། ཕྲན་གཙོ་བའི་ངེད་མ་སྨད་གསུམ་གྱི་ཞི་བའི་འཐབ་རྩོད་ཀྱི་ཆ་ཤས། ཞི་བའི་གོམ་བགྲོད་ཀྱི་ལམ་བར་དང་ཞི་བའི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་གནང་བའི་སུད་སྒོར་སུམ་བརྒྱ། ༢༠༡༢/༡༡/༦/ལ་བཏང་བ། དེ་རིང་༢༠༡༢/༡༢/༣༡/བལ་ཡུལ་མདོ་སྨད་ས་གནས་ཚོགས་དྲུང་གྲགས་པ་རྒྱུད། དེ་རིང་ཕྲན་བཙོན་དུ་ཡོད་སར་ཁུར་སླེབས་སོང་བས། ཁྱེད་ཅག་གི་གཏོང་འཕོད་རིགས་ཞེན་གྱི་བདེན་པའི་འཐབ་རྩོད་ལ་བཅིངས་པའི་འདུན་པ་རེད། བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ། ས་ཡ་དྲུག་གི་བུ་ངའི་ལུས་ངག་ཡིད་གསུམ་བོད་དོན་བདེན་མཐའ་མ་སེལ་བར་སེམས་ཤུགས་བླ་མེད་དང་བཅས་གནས་ངེས་ཡིན། བལ་ཡུལ་བཙོན་ནས་༢༠༡༢/༡༢/༣༡/ལ།
ཞོར་འཕྲོས་སུ། བལ་ཡུལ་མདོ་སྨད་ས་གནས་ཀྱི་གཙོས་ད་ལྟའི་བར་བདག་ལ་བཙོན་ཁང་དུ་མར་དང་རྩམ་པ། ཟ་མ་སོགས་ཐེངས་དུ་མར་བསྐྱེལ་དུ་འོང་མྱོང་བའི་བོད་མི་སྤྱི་སྒེར་སུ་ཡོད་ཀྱིས། རིགས་ཞེན་དྲི་མེད་ཀྱི་གཏོང་འཕོད་ཀྱི་ཕྱག་ཟུང་བརྐྱངས་ཏེ། ཟས་སོང་གི་དོད་དུ་ཞལ་འདེབས་ཕུལ་མྱོང་བ་གང་ན་སུ་ཡོད་པ་དག་ལ། གོ་སྐབས་འདི་བཟུང་ནས། ས་ཡ་དྲུག་གི་བུ་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
སྒེར་དོན་ཕྲ་མོའི་ལས་དག་རྒྱབ་སྐྱུར་ནས།།
སྤྱི་དོན་བོད་མིའི་རང་དབང་སླར་གསོའི་ཆེད།།
འབད་པའི་སྒྲུབ་ལ་སྙིང་རུས་བསྐྱེད་པ་འདིས།།
གཞིས་བྱིས་ལྷན་འཛོམས་ཡོང་རྒྱུའི་རེ་བ་བཅིངས།།
རེད། སུད་བོད་དང་ཁོང་ལ་དངོས་ཤུགས་ནས་རྒྱབ་སྐྱོར་བ་ཚང་མ་ལ་ཐུགས་རྗེ་ཆེ་ལོས་ཞུ།།
གླིང་ཚང་ཚེ་བརྟེན་རྡོ་རྗེ་རང་མི་སྒེར་གཅིག་ནས། སེམས་ཤུགས་དེར་ཁ་ཡོད་ལག་ཡོད་བོད་པའི་ཙ་དོན་ཆེད་རེད། དངུལ་མ་ལེན་པ་དེར་ཡག་པོ་བྱུང་འདུག བསྔགས་བརྗོད་ཡོད་དང་ཡོད་ཐུགས་རྗེས་ཆེ།