གླིང་ཚ་ཚེ་བརྟན་རྡོ་རྗེ།
སེམས་དཀའ་ངལ་མ་བྱུང་ཆེར་འཕེལ་བ།།
རྗེ་༧བླ་མའི་ཐུགས་རྗེ་བྱིན་རླབས་ཡིན།།
ཟས་ཁ་རྒྱབ་དཀའ་ངལ་མ་འཕྲད་པར།།
ལག་དངུལ་ཆད་མ་བྱུང་བོད་མའི་དྲིན།།
དེབ་མི་ཉུང་ཀློག་རྒྱུ་བྱུང་བ་དང་།།
ངས་གང་བྲིས་ཕྱི་ལ་བཀྲམ་ཐུབ་པར།།
བལ་གནས་བཞུགས་ལར་ལྡན་རེ་ཟུང་དྲིན།།
ལུས་བདེ་ཐང་འཚོ་བ་ཚང་མའི་དྲིན།།
ལུས་ཀྱི་སྤྱོད་པ་འཚེ་མེད་ཁྲིམས་ལ་བཅུགས།།
ངག་གི་སྒོ་མོ་ཞི་བའི་དམ་ལ་བཏགས།།
ཡིད་ཀྱི་སྨོན་འདུན་བདེན་པའི་སྟོབས་ལ་བཅོལ།།
དྲུང་ཡིག་དོན་ལྡན་ནས།
དྲུང་ཡིག་དོན་ལྡན་ཟེར་ན་སུ་རེད།