—-འདྲེ་གླེན་པ།
བཞོ་མོ།
མུན་པ་རུབ་ལ་ཉེ།
མུན་ནག་དང་ངུ་ཟུག་ལ་སྐྲག་པའི་ཁྱེད་རང་གང་དུ་ཡོད།
ཉི་ནུབ་འདིར་ཁྱོད་རང་མེད་ཚེ།
ངས་ནུབ་ཟས་ཀྱི་མེ་ཁ་ཇི་ལྟར་གསོ།
བཞོ་མོ།
ཕྱིར་ལོག་ཡོང་ངམ།
དགུན་ཁ་སླེབས་ལ་ཉེ།
ཁ་བ་དང་མིག་ཆུ་དུས་མཉམ་དུ་འབབ་པའི་རི་གྲོང་འདིར་ང་རང་ཇི་ལྟར་འཚོ།
བཞོ་མོ།
གླག་སྒྲོན་གཟིམ་ལ་ཉེ།
སྔས་འགྲམ་འདི་རུ་ཁྱེད་རང་མེད་ཚེ།
ངས་རང་དབང་གི་རྨི་ལམ་ཇི་ལྟར་རྨིས།
བཞོ་མོ།
གཟའ་མཇུག་སླེབས་ལ་ཉེ།
སྤྲོ་འཆམས་དང་གློག་བརྙན་ལ་དགའ་བའི་ཁྱེད་རང་གང་དུ་ཡོད།
བཞོ་མོ།
ཁྱེད་ཀྱིས་ང་ལ་རྨི་ལམ་དུ་འོ་ཙམ་ལས་མི་སྐྱུར་དོན་ཅི་ཡིན།
བཞོ་མོ།
འཚོ་བ་ནི་ཡོ་རོབ་ཀྱི་སྐྱབས་བཅོལ་གྲི་གཟེངས་ཤིག་དང་འདྲ་བར །
མཐའ་མེད་པའི་ཚེ་སྲོག་་གི་རྒྱ་མཚོར་བརྒལ་དགོས་དོན་ཅི་ཡིན་ནམ།
བཞོ་མོ།
བཞོ་མོ།
མི་ཡུལ་གྱི་འཚོ་བ་ངོ་མ་འཁྱག་པོ་རེད།
ཁྱོད་ད་དུང་ཕྱིར་མི་ལོག་ཚེ། ང་ཡང་གང་ཞིག་ལ་བུད་འགྲོ་ན་ཐང་།
བཞོ་མོ། བཞོ་མོ།
ཁྱོད་ཆས་པ་ནས་བཟང་འདི་ལྟར་ཁུ་སུམ་དུ་གྱུར་དོན་ཅི་རེད།
བཞོ་མོ།
བཞོ་མོ།
ཨ་་་་་་་་་་་་་ཧུན།
ང་ད་དུང་སྔོན་གྱི་མེ་འཁོར་འབབ་ཚིག་དེ་ན་ཡོད།
བཞོ་མོ།
21/ 5/ 2016 ཉིན །