རྩོམ་པ་པོ། ནིཤནྟ།
ཟླ་བ་གཞོན་ནུས་བསྒྱུར།
ཉིན་ཞིག་ལ་བཅོམ་ལྡན་འདས་ནས་ཞབས་ས་ལ་དྲུད་ནས་འགྲོ་བཞིན་པའི་རྣལ་འབྱོར་བ་གྱོལ་བོ་ཞིག་གཟིགས།
“ངས་རང་ཉིད་ཀྱི་སྡིག་པ་འབྱང་གིན་ཡོད།”ཅེས་རྣལ་འབྱོར་བ་དེས་སྨྲས་བྱུང་།
“ཁྱེད་ཀྱིས་སྡིག་པ་ཅི་ཙམ་ཞིག་འབྱངས་ཚར་བ་ཡིན་ནམ།”
“དེ་ཏ་བདག་གིས་མ་འཚལ་ཏོ༎”
“ད་དུང་སྡིག་པའི་རྣམ་སྨིན་ཅི་ཙམ་ཞིག་མྱང་རྒྱུ་ལྷག་ཡོད་དམ།”
“བདག་གིས་དེ་ཡང་མ་འཚལ་ཏོ༎”
“མཚམས་ཞོགས། ད་འགོག་དགོས་པའི་དུས་སླེབས་ཟིན་འདུག
དཀོན་མཆོག་ལ་བཟོད་གསོལ་ཞུ་མཚམས་བཞག་ནས་ཁྱེད་ཀྱིས་གང་ལ་གནོད་སྐྱེལ་ཡོད་པ་དེ་ལ་བཟོད་གསོལ་ཞུ་རོགས།”
ཧིནྡཱིའི་སྐད་ལས་བསྒྱུར།
http://hindizen.com/2010/05/27/forgiveness/མ་ཡིག་གཟིགས་འདོད་ཚེ་འདི་ལ་བསྣུན་རོགས།
སྤྱོད་འཇུག་ལས།
སེམས་ཅན་དང་ནི་སངས་རྒྱས་གཉིས། །
སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །
རྒྱལ་ལ་གུས་མཆོད་དེ་བཞིན་དུ། །
སེམས་ཅན་ལ་མིན་ཅི་ཡི་ཚུལ། །
གསུངས་སོ།།