རང་འཚོལ།
བསམ་ལ་དྲན་ལ་མེད་ས།
གློ་བུར་དུ།
ས་ཁྱོན་དཀྲུགས་པའི་མུན་དམག་དེ་སླེབས་དུས།
ལྷིང་འཇགས་དཀྲོགས་པའི་འུར་ཟིང་དེ་སྒྲོགས་དུས།
གནམ་ས་གོ་ལྡོག་པ་ལྟར།
ལྷ་ཡུལ་ན་འཇིག་རྟེན་བྱེད་པོ་དྲན་མེད་དུ་འགྱེལ་ཡང་།
སྤྱང་ཀིར་ཤ་རེག་པ་ལྟར།
དམྱལ་ཁམས་ན་གཤིན་རྗེ་གཏུམ་པོ་ཧ་ཧར་དགོད་ཀྱང་།
མི་ཡུལ་ན།
འགད་སྒྲ་དང་ངུ་འབོད་ཀྱི་ཁྲོད།
དམར་རྗེན་གྱི་རྣམ་ཤེས་བརྒྱ་ཕྲག་བར་སྣང་དུ་འདྲོགས་ཤིང་།
ཁྲག་དང་མིག་ཆུས་མུན་ནག་གི་ལོ་རྒྱུས་བྲིས།
ཤུལ་ལུས་ཀྱི་ཤ་ཉེ་སྤུན་གྲོགས།
ལག་ན་མེ་ཏོག་ཁུར་ཏེ།
མིག་ཆུ་དང་ངུ་ངག་ཐོན་བཞིན་གསོལ་བ་འདེབས།
བདེ་སྐྱིད་ཀྱི་ཉི་མ་ཐང་དུ་ལྷུང་ནས།
མུན་དམག་གི་དཔུང་ཚོགས་གཡུལ་ལས་རྒྱལ་བས།
ཡིད་དབང་འཕྲོག་པའི་ཞི་བདེའི་འཇའ་ཚོན་དེ་ཡང་།
ནག་ནོག་གི་སྤྲིན་རུམ་ནས་ལྐོག་བལྟས་བྱེད་ཀྱིན་ལུས།
ཕ་རན་སིའི་འདས་པོ་ཚོ།
ཁྱེད་ཅག་སེམས་པ་མ་སྐྱོ།
སྡུག་འབོད་མ་བྱེད།
འུ་ཚོས་ཁྱེད་ཅག་འཆི་བདག་གི་ཕོ་ཉར་བཏང་བའི་མུན་དམག་དེ་ལས་སྐྱོབ་ཐབས་བྲལ་ཡང་།
ན་ཟུག་གིས་ལོ་རྒྱུས་འབྲི་བཞིན།
བདེན་དཔང་གི་སྣང་གསལ་སྒྲོན་བཞིན།
མྱ་ངན་དང་སྨོན་ལམ་བཏབ་ནས།
ཐག་རིང་ཐག་གི་དག་ཞིང་དེ་ན་སྐྱེལ་མ་བྱེད་བཞིན་ཡོད།
བདེ་བར་བཞུད། བདེ་བར་བཞུད།
རང་འཚོལ་ནས། ཕ་རན་སིར་མྱ་ངན་ཆེད་ ༢༠༡༥ ། ༡༡ ། ༡༧ དགོང་མོར་ཐོལ་བུར་བྲིས།
ཧྥ་མི་འགའ་འཇབ་རྒོལ་བས་བསད་པ་གོ་ནས་བོད་པ་ཞིག་གིས་བོད་ཡིག་འགའ་དོན་མེད་ལ་བསད་འདུག
འགད་སྒྲ་དང་ངུ་འབོད།
དམར་རྗེས་ཀྱི་རྣམ་ཤེས
ཕྲག་དང་མིག་ཆུས
ད་དུང་་་་་་
ཡི་གེ་འདི་དག་དོན་མེད་ལ་སུས་བསད་པ་ཡིན།
གྲོགས་པོ་ཁྱེད་ཀྱི་མཆན་དེ་ལས་ཁྱེད་ཀྱི་ཤེས་རྒྱའི་ངོ་གདོང་གསལ་རྗེན་དུ་ཐོན་ཤག
ཐུགས་རྗེ་ཆེ།
ལགས། ཡི་གེ་ཐོལ་པ་དང་ཡིག་ནོར་འགའ་ཤོར་འདུག་པས་དགོངས་སེང་ཞུ།
ལྷ་ཡུལ་ན་འཇིག་བྱེད་རྟེན་བྱེད་པོ་དྲན་མེད་དུ་འགྱེལ་ཡང་།
འདི་ལས། ལྷ་ཡུལ་ན་འཇིག་རྟེན་བྱེད་པོ་་་་་་་་་་་་་་་་་་་་་་་་། ཞེས་དང་།
མུག་ནག་གི་ལོ་རྒྱུས་བྲིས་ཞེས་པའི་མུག་ནག་དེ་མུན་ནག་ལ་བཅོས་རོགས།
དམར་རྗེས་ཀྱི་ཞེས་པ་དེ་་་་དམར་རྗེན་གྱི་དང་ཕྲག་ཅེས་པ་དེ་ཁྲག་ཅེས་བཅོས་རོགས།
ལགས་ལགས། ཡི་གེ་ཐོལ་པ་དང་ཡིག་ནོར་འགའ་ཤོར་འདུག་པས་དགོངས་སེལ་ཞུ།