འབའ་སྲས།
རྡ་རམ་ས་ནས་ལམ་ལ་ཆས་ཏེ།།
ནུབ་ཕྱོགས་པ་ཡི་ཡུལ་ལ་འབྱོར་ཐལ།།
ནུབ་ཕྱོགས་གྲོང་ནས་ལོ་བཞི་འགོར་ཡང་།།
རྡ་རམ་ས་ལ་བརྗེད་ཐབས་མི་འདུག །
རྒྱ་གར་བྷ་སྦོ་སྡང་སྡིགས་ཆེ་ཞིང་།།
གཞི་ཆགས་བུ་མོས་གསར་འབྱོར་དམོད་ས།།
རང་ལ་གཅེས་པའི་མི་ཞིག་མེད་ཀྱང་།།
རང་ས་ལྟ་བུ་ཡིད་ལ་འཁོར་འཁོར།།
ལོ་གཅིག་ལྭ་བ་བརྗེ་བོ་མེད་ཅིང་།།
དུས་གཅིག་ཟས་ཀྱིས་ཉིན་མཚན་བསྐྱེལ་མྱོང་།།
སྤྲང་བོ་ཞིག་གི་མིང་ཡིག་འབྲི་ས།།
རྡ་རམ་ས་ལ་སེམས་ནས་བརྗེད་དཀའ།།
རྡ་རམ་ས་ལའི་རི་རྩེ་དེ་ནས།།
རི་དྭགས་ཤིག་གི་འདུག་སྟངས་བཟུང་པས།།
འབྱོར་ལྡན་པ་ཚོའི་སེམས་པའི་ངོས་ལ།།
དུད་འགྲོ་ཞིག་གི་བག་ཆགས་བཞག་ཡོད།།
རྡ་སའི་རི་ཡི་ནགས་གསེབ་དེ་རུ།།
སྤྲེ་འུ་ཚོགས་དང་ལྷན་ཅིག་གནས་པའི།།
མི་བུ་ཞིག་གི་ལས་དབང་ཆུང་ཆུང་།།
རི་རྩེ་དེ་ནས་རླུང་གིས་དེད་མྱོང་།།
རྡོ་བརྩིགས་ཁང་པ་སྤྱིལ་བུ་ཞིག་ནས།།
ངན་ངོན་འཚོ་བའི་དཀའ་ཐུབ་ལ་བརྟེན།།
མི་ལ་རས་པའི་རྣམ་ཐར་སྐྱོང་ས།།
རྡ་རམ་ས་ལ་ཕ་ཡུལ་གཉིས་པ།།
ཕ་ཡུལ་ལྟ་བུའི་རྡ་རམ་ས་ལ།།
དམྱལ་བ་དང་མཚུངས་དཀའ་སྡུག་མོད་ཀྱང་།།
ལྷ་ཡུལ་འདྲ་བའི་ཞེ་འདང་ཟབ་མོ།།
གང་དུ་ཆས་ཀྱང་འདོར་ཐབས་མི་འདུག །
ཡག་པོ་འདུག་
ཕྱི་ཡུལ་ནས་སྙན་ངག་རེ་འབྲི་ཐུབ་ན་དཔེ་རེད
སྙིང་མ་རྗེ། སྔ་མོ་དཀའ་སྡུག་མང་པོ་མྱང་འདུག ད་སྐྱིད་པོ་གཏོང་ལོ།
སྡུག་གི་རྗེས་ཀྱི་སྐྱིད་ལ་རེ་ནས།།
གོམ་པའི་སྒང་ལ་གོམ་པ་སྤོས་ཀྱང་།།
ཐོད་པའི་ངོས་ན་སྣུམ་ཐིགས་མེད་པས།།
ལག་མཐིལ་རི་མོ་ད་དུང་མཐོང་མེད།།
གནམ་ས་གཉིས་ལས་ངོ་ཤེས་དང་རྩད་འདྲིས་སུའང་མེད་པའི་རི་ཁུག་ཅིག་ལ། ཐེག་དཀའ་བའི་སྡུག་གི་ཁུར་པོ་ལྕི་མོ་རེ་ཁྱེར་ནས་ཀྱག་ཀྱོག་གི་ལམ་བུ་རིང་མོ་དེད་ནས་སོང་སོང་བའི་ཕྱི་ཉིན་དུ། སོས་ཀ་བྱ་ཀུ་ཀུ་གྲགས་ཡོང་པའི་ནམ་དུས་དང་གཅིག་མཚུངས་སྐྱ་མ་སྔོའི་སྤང་ཐེམ་ཆུང་ཆུང་ཞིག་ཏུ་སླེབས། དབུགས་རིང་པོ་ཞིག་གཏོང་ཞོར་དུ་ཐ་མ་ཐུར་གཅིག་ཁར་བཙུག་ནས། ཙག་ཀྲ་སྦར་དང་ཁ་གང་རྔུབས་ནས་འདས་དོན་ལ་འདང་ཞིག་རྒྱག་མགོ་ཚུགས། ཧ་ཧ་
རང་ས་གོར་མོ་ཡིན་ཀྱང་རང་དབང་མེད་ས།།
ཕ་ཡུལ་ཕ་མ་ཡོད་རུང་འགྲོགས་དབང་མེད་ས།།
མདོ་སྨད་ས་ཡི་ཐིག་ལེར་ལོ་མང་བསྡད་ཀྱང་།།
དྷ་སའི་ལོ་མི་བཅུ་བོའི་དོ་ཟླ་མི་ཡོང་།།
བླ་མ་ཕ་མ་འདྲ་བའི་འོད་དཀར་འོག་ནས།།
མ་ཤེས་རྨོངས་པ་སངས་ཤིང་ཤེས་རབ་འཕེལ་ཡོད།།
འདི་ཕྱི་སྙིང་པོ་གང་ཡིན་སེམས་ན་གསལ་ཡོད།།
རང་དབང་འཚོ་བ་སྐྱིད་པོར་རོལ་ནས་བསྡད་ཡོད།།
ལན་རེར་ཕ་ཡུལ་ཕ་མ་དྲན་ཙམ་བྱས་ཀྱང་།།
བླ་མ་བྱང་སེམས་ཅན་དེའི་ཞལ་རས་མཇལ་ན།།
དྲིན་ཆེན་ཕ་མ་ཡིན་ཀྱང་བརྗེད་ཙམ་བྱས་སོང་།།
བླ་མ་ཕ་མ་གཅིག་ཏུ་སྒོམ་བཞིན་བསྡད་ཡོད།།
དྷ་ས་མི་སྐྱིད་ཟེར་ཡང་ཕ་ཡུལ་གཉིས་པ།།
ཤར་ནུབ་གང་ལ་འགྲོད་པའི་རྐང་སྟེགས་མཐོན་པོ།།
སྐྱིད་ཀྱི་འཚོ་བ་འཛུགས་པའི་གཞི་མ་འདི་ལ།།
དེང་སང་བདེ་སྐྱིད་ལྡན་དུས་ཁ་ངན་མ་བཤད།།
སྐྱེས་ས་མཐོང་བ་མི་དྲན།
དྷ་སར་བསྡད་པ་དྲན་བགྱིད།
བོད་སར་ག་དུས་སླེབ་ཡོང་།
དྷ་སར་ཡང་ཡང་སླེབས་བགྱིད།
རྒན་ལགས་ལ་ཕུལ།
ངན་ངོན་འཚོ་བས་མ་ཐུབ་སྐུ་ངོ་བཙན་པོས་མ་ཁོག།
ལྐོག་ཇུས་རྭ་རྩེ་བརྡར་ནས་གཡུལ་འཐབ་མང་ཙམ་བྱས་རྗེས།།
མི་ནག་ཚང་གི་རུམ་ནས་སྙིང་གི་མཛའ་མོ་འཕྲོག་སྟེ།།
ཤར་སེ་ལྡི་ལིར་འབྲོ་མཁས་ཁྱེད་ཀྱི་ཟླ་ལ་སུ་ཡིན།།
ཁྱེད་ཀྱི་སློབ་མས་གུས་པ་དང་བཅས།
སུ་ཡིན་དེ་སུ་ཡོད་ལ་བཅོས་རོགས།
གཟིགས་མཁན་རྣམ་པར་དགའ་བསུ་ཞུ།
རྒྱ་བོད་ནས་འཆི། བོད་རྒྱ་གར་ནས་འཆི།