ཅོག་མྱི།
བརྗེད་ལ་ཉེ་བའི་སེམས་ནང་གི་དཔའ་མོ།༼རྒྱ་མོ་ལྦང་ཆེན་ཡོན་དྲན་པ།༽
དུང་ཕྱུར་སྐྱེ་བོའི་ཚིག་གི་མཚོན་ཆའི་མདུན་ནས།
ཁྱེད་ནི་འཇམ་མཉན་མེ་ཏོག་ལན་ཏུ་ཕུལ་བའི་དཔའ་མོ།
བརྒྱ་ཕྲག་རང་ལུས་མེ་ལ་སྲེག་པའི་སྨག་རུམ་གྱི་མཐོ་སྒང་གི་གྲང་ངར་གྱི་མཚན་མོར།
ཁྱེད་ནི་གསར་ཏུ་སྤར་བའི་མཆོད་མེ་རྐང་གཅིག
རྒྱལ་ཁ་མ་ལོན་པར།
གསོལ་སྟོན་གྱི་རོལ་དབྱངས་བཀྲོལ་ཅིང་དངོས་བཤམས་ཡིད་སྤྲུལ་གྱི་གྲལ་ཁ་བསྒྲིགས་ནས།
འཛུམ་བག་དང་རྫི་བག་གི་འོག་ན་མྱངས་ཟིན་པའི་སྡུག་བསྔལ་ཐམས་ཅད་གསང་བར་ལེགས་པར་སྦས་ཏེ།
ཇི་མི་སྙམ་པར་ང་ཚོས།
སྨྲེ་ངག་ཐམས་ཅད་དགའ་བའི་དབྱངས་ལ་གྱེར་ཞིང་འཇིགས་སྐྲག་ཐམས་ཅད་གོར་མོའི་བྲོ་ལ་བསྒྱུར།
ཕམ་ཁ་དང་ངོ་ཚ་ཅོད་པན་ལྟར་གྱོན།
ཕ་ས་དང་ཕ་ནོར་སྦི་ཆང་ལྟར་བཏུང་ནས།
ཡལ་ཟིན་པའི་གཟིགས་བརྙན་ཞིག་ལ་མེ་ཏོག་གཏོར།
ཀྱེ་མ། འདི་འདྲའི་ཁྱད་མཚར་བའི་ཡུལ་དུས་ཞིག་ལ།
ངས་བརྗེད་ལ་ཉེ་བའི་དཔལ་མོ་ཁྱེད་རང་དྲན་བྱུང་།
ཁྱེད་ཀྱི་ལང་ཚོའི་མཛེས་སྡུག་ལ་དམའ་སའི་ཚད་དང་མཐོ་སའི་ལྷགས་པས་གཙེས།
ལྷ་ཡི་ཞིང་ཁམས་ནས། ཁྱེད་ལ་མི་ཡི་མིག་ཆུ་ཤོར།
དྲན་དགོས་པ་བོད་མོ་མི་དྲན།
དྲན་མི་དགོས་པ་རྒྱ་མོ་དྲན།
དེ་འདྲའི་ཐབས་སྐྱོ་བ་ལགས།
བརྒྱ་དང་བཞི་བཅུ་ཡི་མེ་་བསྲེགས་ལ་མི་ཆུ་མ་ཤོར་རྒྱ་མོ་ཞིག་ལ་མི་ཆུ་ཤོར།
ཕོ་ཁྱོ་ག་ཞིག་གི་བཟོ་ལྟ་འདུག་གམ
ཧཧཧཧ་་ཀུ་རེ་ཡིན།
རང་གིས་གང་འདོད་བྱོས།
རྒྱ་མོ་མཛེས་མ་འདི་ནི་བོད་པ་ཚོའི་གྲོགས་པོ་ཡག་ཤོས་ཤིག་ཡིན། རྒྱུ་མཚན་ནི་ཕྱི་ལོ༢༠༠༨ལོར་རྒྱ་གཞུང་གི་བརྒྱུད་བསྐུལ་འོག་ཕྱི་སྡོད་རྒྱ་མི་གང་མང་དང་སློབ་ཕྲུག་ཚོས་བོད་ལ་ངོ་རྒོལ་བྱེད་སྐབས། ཡོང་གྲགས་སུ་བོད་ཕྱོགས་ལངས་མཁན་སློབ་ཕྲུག་ཐོག་མ་དེ་ཡིན་ལ། རྒྱུ་མཚན་དེར་བརྟེན་ནས་རྒྱ་ནང་གི་དྲ་བ་ཁག་ཏུ་མོ་རང་ཐེ་བའི་ཕ་མ་དང་བཅས་པའི་ལོ་རྒྱུས་བཀྲམས་ནས་ཁ་རྡུང་བཏང་ཡོད་པས། གནོན་ཤུགས་དང་སུན་བཙིར་ལས་བསྐྱེད་པའི་མནར་གཅོད་ཆུང་ཆུང་ཞིག་རྩ་བ་ནས་མིན། གལ་སྲིད་བོད་མི་ཚོར་མུ་མཐུད་དུ་གྲོགས་པོ་གསར་བ་དང་རྒྱབ་བསྐྱོར་དགོས་ན། བོད་མི་ཚོས་ངེས་པར་དུ་འདིའི་རིགས་ལ་བཀའ་དྲིན་ཞུ་ཤེས་དགོས་ལ་གུས་བརྩིའང་ཡོད་དགོས།།
དེང་སྐབས་མོ་རང་གང་དུ་འདུག ཡུན་རིང་གོ་ཐོས་བྱུང་མ་སོང་།