ཚེ་རིང་།
དེ་རིང ཆར་སྤྲིན་མཁའ་མཐར་དེངས་ཤིང
མཐོང་འདོད་པའི་ཉི་མ་དེ་ཡང
སྤྲིན་པ་བན་བུན་གྱི་ཁྲོད་ནས
རེས་མངོན་རེས་ཡིབ་ཀྱིས་རྒྱུ་བཞིན་འདུག
རླུང་ཤ་འཇགས་ཤིང་ཉི་འོད་འཇམ་པའི་དུས་འདིར
ངས་རང་དབང་མེད་པར་ཤོག་སྨྱུག་ལག་ཏུ་བཟུང་ནས
ཅི་ཞིག་འབྲི་འདུན་སྐྱེས་ཤིང
གང་ཞིག་བཤད་འདོད་ཀྱང་སྐྱེས
ཡིན་ཡང རང་ཉིད་ཀྱི་སྡུག་ཡུས་གླེང་བ་ནི
སྟག་ཤ་ར་ཞིག་གི་བྱེད་སྟངས་མིན་ལ
འཚོ་བ་ཀྱ་ཀྱུའི་བགྲོད་ལམ་ནི་སུ་ལའང་ཡོད་ངེས
ཆར་ཤོད་དང་རླུང་བུ་སོགས་ཀྱིས་དཀྲོགས་པའི
ཁ་སང་གི་ཉིན་ཞག་དེ་ཚོའང་འདས་ཟིན་པས
སུ་ལའང་གླེང་དགོས་སུ་མ་མཆིས
སླེབས་ངེས་པ་ནི་སང་ཉིན་རེད་ལ
འགྲོ་དགོས་པའང་སང་ཉིན་རེད
འོན་ཀྱང ངས་བསམ་བློ་ཅི་ལྟར་བཏང་ཡང
སང་ཉིད་ཀྱི་ཆེད་དུ་ཡིག་འབྲུ་གཅིག་ཀྱང་འབྲི་མ་ཐུབ
2014/08/11 ཉིན་གུང་།