དཔྱོད་ལྡན་རྩོམ་པ་པོ་ཡོངས་ལ་ཞུ་རྒྱུ། ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་<<འོད་ཐིག>>ཚགས་ཤོག་འདོན་ཐེངས་དགུ་པ་སྤེལ་འཆར་ཡོད་ན། རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་ནང་བྲིས་པའི་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་གང་མང་འདི་ག་རྩོམ་སྒྲིག་ཁང་ལ་གནང་བསྐུར་ཡོང་བའི་རེ་བསྐུལ་དང་། ཕྱི་ཟླ་ ༦ པའི་ཚེས་ ༡ ལ་རྩོམ་ཡིག་བསྡུ་མཚམས་འཇོག་རྒྱུ་ཡིན་ན་དེ་དོན་ཐུགས་འཇགས་གནང་རོགས།
ཕྱི་ལོ་ ༢༠༡༢/ ༣/༡༩ ལ། འོད་ཐིག་རྩོམ་སྒྲིག་པས།
བསྐུར་ཡུལ་དང་རྩོམ་བསྡུའི་ཁ་ཕྱོགས་སོགས་གང་ཡང་གསལ་ཁ་མེད་པ་ལ་བལྟས་ན། འོད་ཐིག་ཅེས་པ་
ནི་དུས་དེབ་ཁྱབ་རྒྱ་ཆེ་ལ་སྤེལ་ཡུན་རིང་ཞིང། ཀུན་ལ་གྲགས་པ་ཞིག་ཡིན་ཚོད་གདའ། འོན་ཀྱང་།
ཁྲོམ་ནང་སྦེལ་བ་ངས་དེའི་སྐོར་ཅང་ཤེས་ཀྱིན་མེད་སྟབས་ཁ་གསལ་གྱི་ངོ་སྤྲོད་ཅིག་དང་ལྷན་དུ་རྩོམ་ཡིག་བསྐུར་སའི་ཁ་བྱང་ཞིག་ཀྱང་འགོད་པར་རེ་བ་ནན་གྱིས་ཞུ།
འདི་གསལ་བསྒྲགས་ཟིག་ཨེ་རེད།