བརྡ་སྤྲོད་པའི་རྣམ་བཞག་ཇེ་འཐུས་སུ་གཏོང་དགོས་བའི་སྐོར། Posted on 2011-12-15 By ཁ་བརྡ་ 61 Comments on བརྡ་སྤྲོད་པའི་རྣམ་བཞག་ཇེ་འཐུས་སུ་གཏོང་དགོས་བའི་སྐོར། མཁས་དབང་གླང་རི་བ་ཐུབ་བསྟན་སྦྱིན་པའི་སྨྲ་སྒོའི་ལྡེ་མིག་དང་འབྲེལ་བའི་བགྲོ་གླེང་། གསར་འགྱུར།
མཁས་དབང་གླང་རི་བ་ཐུབ་བསྟན་སྦྱིན་པའི་སྨྲ་སྒོའི་ལྡེ་མིག་དང་འབྲེལ་བའི་བགྲོ་གླེང་། ཉན་རྗེས་བརྡ་སྤྲོད་གསར་གཏོད་རེད་མི་འདུག སློབ་སྟངས་གསར་གཏོད་རེད་འདུག རྗེས་སུ་ཡི་རང་ཡོད་ལགས། ཐུགས་རྗེ་ཆེ།
བརྡ་སྤྲོད་ལ་བཅོས་འགྱུར་ཞེས་པ་འདིར་བརྡ་སྤྲོད་བཅོས་སྒྱུར་བཏགས་ན་འགྲིག་ལ། བརྡ་སྤྲོད་ཁ་སྐོང་བཏགས་ན་དེ་བས་བཟང་།
ཁོང་གི་གསུང་བཤད་ལ་ལེགས་པར་མཉམ་འཇོག་བྱས་པ་ཡིན། མཁས་པ་ཆེན་པོའི་གསུང་དུ་གོ སྔོན་དུས་ཀྱང་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བཀས་བཅད་པའི་བཀའ་དྲིན་གྱིས་རིག་འཕྲུལ་སྣ་ཚོགས་གློག་ལྟར་གཡོ་བའི་དུས་སྐབས་འདིར་ཡང་། རང་རེའི་ཁ་སྐད་བརྡ་སྤྲོད་པའི་གཞུང་དང་མཐུན་པར་གནས་ཏེ། རང་ས་ཤོར་ཡང་། རིགས་དང་རིག་གཞུང་མ་ཞིག་པར་གནས་པའི་བཀའ་དྲིན་བསམ་བརྗོད་ལས་འདས། ད་དུང་ཡང་ལོ་ཙཱ་བ་ཆེན་པོས་བརྡ་སྤྲོད་པའི་རྣམ་བཞག་ཇེ་ལེགས་སུ་གཏོང་བའི་ཐུགས་འདུན་ལ་ཡི་རངས་ཤིང་། དུས་ཀྱི་དགོས་མཁོ་ཡིན་ལ། མ་འོངས་སྔོན་བསུས་ཀྱི་མཛད་པའང་རེད། སྨྲ་སྒོའི་ལྡེ་མིག་ལག་ཏུ་འབྱོར་ཐབས་དང་། སྤྱི་སྨན་བསམ་འཆར་ཡང་འབུལ་བར་འདོད།
བོད་ཀྱི་སྐད་སྒྱུར་བ་གྲགས་ཅན་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་བརྡ་སྤྲོད་རྣམ་གཞག་གསར་པ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ། གོང་གི་མཆན་དང་པོ་འདེབས་མཁན་ཀརྨ་དགེ་ལེགས་ཞུ་བ་དེ་གཙང་སྐོར་ཀརྨ་དགེ་ལེགས་ཨེ་ཡིན། ལན་ཞིག་འདེབས་རོགས།
༄། །སྐུའི་གསུང་སྒྱུར་མཁས་དབང་མཆོག་ལ་སྨྲ་སྒོའི་ལྡེ་མིག་བརྩམས་གྲུབ་པར་ཐུགས་རྗེ་ཆེ་ཞུ་ཞིང་། ང་ཚོ་གཞིས་སྡོད་ཚོས་ཀྱང་གང་མྱུར་མཇལ་ཀློག་ཐུབ་ཆེད་དྲྭ་ཐོག་ཏུ་འཇོག་ཐུབ་ན་ཅི་མ་རུང་། མཁས་དབང་མཆོག་སྐུ་ཚེ་བརྟན་ངོས་བཞེད་དོན་འགྲུབ་པར་སྨོན།།
ཁྲི་ཏུས་གྲོང་ཆེར་གྱི་སློབ་གྲ་ཞིག་གི་ནང་རྒྱའི་སློབ་ཕྲུག་མང་པོས་བོད་ཀྱིས་སློབ་ཕྲུག་ཚོར་ཐུབ་ཚོད་བྱས་ཡོད་པའི་གནས་ཚུལ་འདི་ལྟར། 一场风一场梦: #群体事件频发#2011年12月14日晚上,成都郫县郫筒镇,成都铁路工程学校发生大暴乱,汉藏学生群殴,千多汉族学生围打藏族,藏族寝室被砸、学生被打,领导汽车、警车也被砸。 当局出动过百武警、特警镇压,许多学生被打伤。
ཁོང་གི་བརྡ་སྤྲོད་ཀློག་ཡིན་ལ་ཧ་ལམ་དབྱིན་ཡིག་གི་Grammarའདྲ་བོ་མ་གཏོགས་དམིགས་བསལ་ཁྱད་ཆོས་འདྲ་གང་མི་འདུག།འོན་ཀྱང་།༧སྐུའི་གསུང་བསྒྱུར་གྱི་ཆོས་ཕྱོགས་ཀི་མཁྱེན་ཡོན་དང་དབྱིན་སྐད་དུ་ནང་ཆོས་བསྒྱུར་སྟངས་དེ་ངོ་མཚར་སྐྱེ་དགོས་པ་ཅིག་འདུག་པས།དངོས་གནས་ཁོང་ལ་གུས་ཞབས་དང་དད་པ་ཚད་མེད་ཡོད། རེད་དེ་བརྡ་སྤྲོད་བཅོས་བསྒྱུར་ཐད་ཁོང་རྣམ་པ་ཕྱི་རྒྱལ་དུ་ཡོད་པ་ཚོ་སྐབས་ལན་རེར་ཧམ་པ་ཚ་དྲག་འདུག་པའི་ཚོར་སྣང་ཅིག་འདུག བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་ན་རང་རེ་བཙན་བྱོལ་ནང་སྐྱེས་འཚར་བོད་ཡིག་མཁས་པ་གསུང་བསྒྱུར་ཐུབ་བསྟན་སྦྱིན་པ་དང་ལོ་རྒྱུས་སྨྲ་བ་ཇོ་སྲས་བཀྲ་ཤིས་ཚེ་རིང་།ན་གཱ་སངས་རྒྱས་བསྟན་དར།པདྨ་ཚེ་དབང་སོགས་མང་པོ་ཡོད་པ་རྣམས་དགའ་སྤོབས་སྐྱེ་གཞི་ཅིག་རེད།ཡིན་ནའང་།བཙན་བྱོལ་ནང་སྐྱེས་འཚར་གྱི་མཁས་པ་ཚོར་འཆད་པ་དང་རྩོད་པ་མ་གཏོགས་རྩོམ་པའི་གྲུབ་འབྲས་དེ་ཙམ་མེད་ཅིང་། ཁོང་རྣམ་པའི་བོད་ཡིག་ཐོག་རྩོམ་གྱི་ཚིག་སྦྱོར་ལེགས་ཤོས་དགེ་བཤེས་ཐུབ་སྦྱིན་ཡིན་རུང་ཁོང་གི་རྩོམ་ཁག་ཀྱང་བོད་ནང་གི་མཁས་པ་ཚོ་ཕར་བཞག།རྩོམ་མཁན་དཀྱུས་མ་ཅིག་གི་ཚིག་སྦྱོར་ལས་ཀྱང་སྐྱོ་ཙམ་འདུག་པ་བརྩམས་ཆོས་རྣམས་བསྡུར་དང་མངོན་གསལ་དོད་པོ་འདུག ལར་བོད་ཀྱི་ཡུལ་ལུང་རང་གི་རིག་གཞུང་གོམས་གཤིས་དམིགས་བསལ་གཙང་སངས་སངས་དེའི་ནང་འཚར་ལོངས་མ་བྱུང་ན།བོད་མིའི་ཐུན་མོང་མ་ཡིན་པའི་ངག་རིག་སྒྱུ་རྩལ་རིགས་སྦྱང་སྟོབས་ཁོ་ནས་བསླབ་མི་ཐུབ་པ་གསལ་པོ་རེད་ལ།ད་ཆ་བོད་ཡིག་དང་བོད་མིའི་བརྡ་སྤྲོད་སྤྱིར་སླ་བཅོས་གནང་དགོས་ལུགས་བརྗོད་མཁན་ཚང་མ་བཙན་བྱོལ་ནང་ཡོང་གི་ཡོད་ཅིང་།བཙན་བྱོལ་མཁས་པ་དང་གཞོན་ནུ་ཚོས་རང་ཉིད་བོད་ཀྱི་བརྡ་སྤྲོད་ལ་བྱང་གོམས་འདང་ངེས་མེད་པ་ཚོར་མ་ཐུབ་པར།བརྡ་སྤྲོད་ལ་བཅོས་བསྒྱུར་དགོངས་བཞེས་གནང་བཞིན་པ་ནི་གཞི་རྩ་བརྟན་པོ་ཡོད་པའི་བོད་ཀྱི་བརྡ་སྤྲོད་ལ་མཚོན་ན་ཉེན་འགན་ཆེན་པོ་ཅིག་རེད་སྙམ། ཉེ་རབས་སུ་མཁས་དབང་དོར་ཞི་ཚང་དང་དཔའ་རིས་སངས་རྒྱས་སོགས་ནས་བརྡ་སྤྲོད་ནང་ཁ་སྣོན་ཉུང་ཙམ་རེ་གནང་དགོས་པ་དང་སྔོན་རབས་མཁས་པའི་བཞེད་དགོངས་དང་མཐུན་པར་གསལ་ཁ་དོད་དགོས་ལུགས་བཀའ་མོལ་རེ་ཡོད་པ་ཙམ་ལས།བོད་ནང་ཆོས་སྲིད་རིག་གཞུང་དང་བཅས་པར་མཁྱེན་རླབས་ཆེན་པོའི་ཆོལ་གསུམ་མཁས་པ་སུས་ཀྱང་བརྡ་སྤྲོད་ཀྱིས་མི་འདང་བའི་དགོངས་པ་འཁྲུངས་མེད་ལ། གཞོན་སྐྱེས་མཁས་པ་སྐད་རིགས་གསུམ་བཞི་ལ་ནང་བྱན་ཆུབ་པ་ཚོས་ཀྱང་དགོངས་བཞེས་དང་སེམས་ཁྲལ་དེ་འདྲ་བྱུང་གི་མེད།མཐའ་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་དུག་དང་བོད་ཕོངས་གཞི་ཉག་གཅིག་ཏུ་བལྟ་མཁན་ཞོགས་དུང་སོགས་གཞོན་སྐྱེས་མཁས་པ་རྣམས་ནས་ཀྱང་བརྡ་སྤྲོད་ཀྱིས་མི་འདང་པ་དང་དེ་ལ་བཅོས་བསྒྱུར་བསམ་ཚུལ་སྣ་གཅིག་ཡོང་གི་མེད། དེ་བས་ང་ཚོ་བོད་རང་གི་རྩྭམ་དྲི་མར་དྲི་འཐུལ་བའི་ཚིག་སྦྱོར་བརྡ་སྤྲོད་ནུས་པ་འདང་ངེས་མེད་མཁན་མི་བསྐོར་ཅིག་གི་ཁ་རྗེས་སུ་རྒྱུགས་ཏེ་བརྡ་སྤྲོད་ཐོག་གང་བྱུང་འགྱུར་བཅོས་བཏང་ན།ནམ་ཞིག་བོད་སྐད་ཡིག་འདི་འབྲུག་གི་རྫོང་ཁ་ལྟ་བུ་ཅིག་མི་ཆགས་རྒྱུའི་ལྡང་ཚོད་སུ་ལ་ཡོད་རེད། བོད་མིའི་སྤྱི་ཚོགས་སྤྱི་དངོས་པོའི་ལོངས་སྤྱོད་ཡར་རྒྱས་མ་སོང་བས་དེང་དུས་འཕྲུལ་རིག་སོགས་མང་པོ་ཅིག་བོད་ཡིག་གིས་མཚོན་མི་ཐུབ་པ་དངོས་གནས་ཡིན་ནའང་།དེ་ཚོ་མིང་ཚིག་གསར་གཏོད་དང་འཕེལ་འགྱུར་གནས་ཚུལ་ལ་འབྲེལ་པ་ཙམ་ལས།བརྡ་སྤྲོད་ཆ་ནས་ཕྱི་ནང་རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁས་དབང་ཟམ་གདོང་པས་བོད་ཀི་བརྡ་སྤྲོད་ཡར་རྒྱས་ཡང་རྩེ་ལ་སོན་ཡོད་ཅིང་།གསར་བྱུང་གི་དངོས་པོ་ལ་མིང་ཚིག་གསར་བཟོ་ཙམ་ལས་བརྡ་སྤྲོད་རང་ཡར་རྒྱས་གཏོང་རྒྱུ་གང་ཡང་ལྷག་མེད་ཅེས་གསུངས་ཡོད་པ་དང་ཕྱོགས་མཚུངས།༧གོང་ས་ཆེན་པོ་ནས་ཀྱང་ཟབ་ཅིང་རྒྱ་ཆེ་བའི་སངས་རྒྱས་ཀྱི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་བོད་ཡིག་གིས་སྟོན་ཐུབ་པ་འདྲ་བོ་ཅིག་དེང་ཡིག་རིགས་གང་གིས་ཀྱང་སྟོན་མི་ཐུབ་པས།ང་ཚོ་སོ་སོའི་སྐད་ཡིག་དང་བརྡ་སྤྲོད་ནུས་པ་ལྡན་པ་དེར་སྤོབས་པ་དང་ངོ་མཚར་སྐྱེ་གཞི་རེད་ཅེས་ཡང་ཡང་གསུངས་བཞིན་པ་སོགས་ཨ་གསར་ཅན་དང་གཏིང་མི་རིག་པའི་གསར་ཞེན་ཅན་ཚོའི་སེམས་ལ་བཟུང་ན་བོད་མིའི་འཕྲལ་ཕུགས་ལ་ཕན་ཐོགས་ཆེ་སྙམ།
ཡ་དེ་འདྲ་ཡིན་ན། བོད་བོད་རིགས་ཚོས་རྒྱ་སྐད་ཆག་བཀྱོག་ཅིག་བརྒྱབ་ནས་སྡོད་དགོས་པ་དང། བྱེས་འབྱོར་བོད་རིགས་ཚོས་ཨིན་སྐད་ཆག་བཀྱོག ཧིན་སྐད་ཆག་བཀྱོག ཡང་ན། བལ་སྐད་ཆག་བཀྱོག་ཅིག་བརྒྱབ་ནས་སྡོད་དགོས་ཡ་དེ་རྒྱུ་མཚན་གང་ལ་ཐུག་ཡོད་དམ། བྲག་ཞོག་ལགས།
བརྡ་སྤྲོད་ལ་ བཅོས་འགྱུར་ མ་རེད། བོད་ཀྱི་ སྤྱི་སྐད་ སློབ་སྟངས་ལ་ བཅོས་འགྱུར་ རེད་འདུག་ པས། བྲག་ཞོལ་ལགས་ དང་། ཟམ་གདོང་ བླ་མ་ སྐྲག་ མི་དགོས་ ལགས། ཁྱེད་རང་ཚོས་ སྤྱི་སྐད་ལ་ ཕན་ཐོགས་ མ་ཐུབ་ ན་ཡང་། ཆབ་སྲིད་ ཡག་པོ་ ཁྲབ་ནས་ མི་ཚེ་ མཐར་ འཁྱོལ་བར་ གྱིས་ཤིག །
མཁས་དབང་མཆོག་གི་ལྷག་བསམ་དང་ཐུགས་རེ་ལ་རྒྱབ་སྐྱོར་ཡོད། མཁས་བས་གསུང་ན་ཅི་ཡང་བདེན་ཟེར་བ་བཞིན་དུས་རབས་དང་བསྟུན་ཏེ་ཁ་གསལ་བོ་གོ་བདེ་རུ་གཏོང་དགོས་བ་དངོས་ཡོད་གནས་ཚུལ་རེད། བོད་ཡིག་བཀོད་སྤྱོད་ཁོར་ཡུག་རྒྱ་ཆེ་རུ་དང་རྨང་གཞིའི་རྩ་བ་བརྟན་དུ་གཏོང་ན་ངེས་པར་དམའ་རིམ་སློབ་ཕྲུག་ཚོའི་སེམས་ཁམས་དང་རན་པའི་སློབ་གཞི་གསར་བ་འམ་ཕྱིའི་ལེགས་ཆ་བསྡུ་ལེན་གྱིས་རིག་པའི་གཞུང་ལུགས་ཇེ་ཕྱུག་ཇེ་རྒྱས་སུ་གཏོང་རྒྱུ་ནི་ང་ཚོའི་དགོས་མཁོ་རེད་འདོད།
སྐུའི་ལོ་ཙཱ་བ་ཆེན་མོ་དགེ་ཤེས་གླང་རི་བ་ལགས་འདི་འདྲ་ས་མེད་ཀི། རྡ་སྤྲོད་ཀྱི་རྣམ་བཞག་ཇེ་མཐུས་སུ་བཏང་ནས་དུས་རབས་དང་མི་རབས་གསར་པ་དང་བསྟུན་ནས་འགྲོ་དགོས་པ་གནད་ཀྱི་དོན་པོ་ལགས། བྱས་ཙང་དགེ་ཤེས་ལགས་ཀྱི་དཔྱད་གཞིའི་དེབ་དེར་བོད་རིག་པའི་མཁས་དབང་རྣམས་ཀྱིས་གྲོ་གླེང་དང་དཔྱད་བསྡུར་ལེགས་པར་གནང་ཏེས་རིམ་པས་ལག་བསྟར་གནང་དགོས་པར་འདོད། དེ་དང་ཆབས་ཅིག་ལ་དྭགས་བློ་འཇམས་ཞེས་པའི་མཆན་ཞབས་པ་དེ་ནམ་རྒྱུན་ཁོང་གིས་བོད་ཡིག་བོད་སྐད་བཤད་དུས་བཀའ་འགྱུར་བསྟན་འགྱུར་ནང་གི་བརྡ་རྙིང་ཆ་ཚང་བེད་སྤྱོད་བྱེད་དགོས་པ་འདྲ་ཞིག་མང་མང་གླེང་སོང་། བྱས་ཙང་ཁོ་རང་ཡང་གྲོ་གླེང་འདིར་བཞུགས་དགོས་ངེས་རེད།
ཁ་བརྡ་ང་ལ་སྡང་དོན་ཅི་ཡིན། ཉེས་ཆར་ངས་བྲིས་པ་རེ་ཁ་བརྡ་ལ་བསྐུར་བ་ཡིན་མོད། དེ་ཁ་བརྡ་ཐོག་ཏུ་མི་འཇོག་པར་མ་ཟད་དེ་རིང་འདི་ནས་དྲི་བ་ཞིག་ལ་དྭགས་བློ་བཟང་འཇམ་དཔལ་ལ་ཕུལ་བ་ཡིན། འོན་ཀྱང་ལེན་ཚར་འདུག ལེན་དགོས་དོན་ཅི་ཡིན།
རྒྱུ་མཚན་ཅི་ཡང་མེད་པར་ལེན་འགྲོ་ན་རྒྱ་ནག་གི་བྱ་སྤྱོད་དང་ཁྱད་པར་ཅི་ཞིག་ཡོད། རང་དབང་གི་ལུང་པ་འདི་འདྲ་རེད་དམ།
མཁས་དབང་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་ཀྱི་བརྡ་སྤྲོད་ཀྱི་རྩ་བར་འགྱུར་བ་གཏོང་དགོས་པའི་དུས་ལ་བབས་མིན་གང་ལྟར་ཡང་། སློབ་ཁྲིད་ཀྱི་ཐབས་ལམ་ལ་ངེས་པར་དུ་འགྱུར་བ་གཏོང་དགོས་པ་ཞིག་ཆགས་འདུག སློབ་གྲ་ཁག་ཏུ་བརྡ་སྤྲོད་ཀྱི་གཞུང་བོད་དགེ་རྣམ་པས་ཉིན་ལྟར་སློབ་བཞིན་ཡང་། སློབ་ཕྲུག་མང་ཆེ་བ་ནི་བོད་ཡིག་གི་ལམ་ནས་བཏང་ཡིག་ངོ་ཐང་པ་ཞིག་ཀྱང་འབྲི་མི་ཐུབ་པའི་རྒྱུ་མཚན་ལ་མཁས་དབང་རྣམ་པས་དགོངས་བཞེས་གནང་བ་ཐུགས་རྗེ་ཆེ།
༧སྐུ་ཡི་གསུང་བསྒྱུར་མཁས་དབང་ཐུབ་སྦྱིན་མཆོག་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། ཡུལ་དུས་འཁོར་ཡུག་ལ་རན་ཞིང་མ་འོང་བོད་ཕྲུག་ཚོར་ཕན་པའི་སྦྱང་བདེ་སློབ་དེབ་ཅིག་ཡིན་ན་ཉིན་གཅིག་ཡིན་ཡང་སྔ་ཙམ་དང་སློབ་གྲྭ་གཅིག་ཡིན་ཡང་མ་ལུས་པར་ཁྱབ་སྤེལ་སློབ་ཁྲིད་བྱ་དགོས་གི་རེད། དགོངས་འཆར་ཡོད་ན་རྗེས་སུ་གསུང་ཆོག་གི་རེད། བཀའ་ཤག་སྐབས་སྔོན་མས་ཤེས་ཡོན་སྲིད་ཇུས་གསར་བ་ཞིག་གཏན་འབེབས་བྱས་ཡོད་ཟེར་མོད། དོན་དུ་སློབ་གྲྭ་གཅིག་དང་འཛིན་གྲྭ་གཅིག་གཉིས་ཅིག་གི་བོད་ཡིག་སློབ་ཚན་རེ་ཟུང་ཇེ་མང་ལ་བཏང་བ་ཙམ་ཡིན། དེ་ནི་ཤེས་ཡོན་སྲིད་ཇུས་ནང་གི་རྒྱ་ཆའི་ལྔ་ཙམ་དང་ཐེམ་སྐས་རིམ་པ་དང་པོ་ལས་མིན། བཀའ་ཤག་གསར་པ་ཚང་འདི་ཐེམ་སྐས་རིམ་པ་གཉིས་པར་འཛེག་མིན་ད་རུང་མི་ཤེས། དེ་བས་ཕྱོགས་བཞི་མཚམས་བརྒྱད་ན་ཡོད་པའི་གློ་སྙིང་མཆིན་གསུམ་ཤི་ན་བོད་དང་གསོན་ན་བོད་ཡིན་མཁན་ཚོས་སྲོག་དབུགས་རིང་དུ་གཏོང་བའི་དུས་ཚོད་རེད།
བྲག་ཞོལ་སྤེན་པ་ལགས། ཁྱོད་རང་གིས་ལོ་ཙཱ་བ་ཆེན་པོ་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་བོད་ཀྱི་བརྡ་སྤྲོད་པ་འཐུས་ཚང་གཏོང་བའི་དགོངས་བཞེད་ལ་བསམ་ཚུལ་གསུངས་པར་ཡང་གོ་རྒྱུ་འདུག གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཞེས་པ་ལྟར་རིགས་པ་སྨྲ་བའི་བགྲོ་གླེང་དུ་སོང་འདུག་པ་ངས་སྙིང་དབུས་ནས་དགའ་བསུ་ཞུ། ང་ཚོའི་ཆོས་དང་སྲིད། རིག་གཞུང་གང་ཅིའི་གནས་ཚུལ་གསར་འགོད་སྐབས་འདི་ལྟ་བུའི་བགྲོ་གླེང་དུ་ཞུགས་ཐུབ་ན། ཚང་མར་བློ་སྐྱེད་དང་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ངེས་ཡིན། ང་རང་ནི། ད་ལྟ་ལོ་ཙཱ་བ་ཆེན་པོའི་སྨྲ་སྒོའི་ལྡེ་མིག་ལག་ཏུ་མ་སོན་ཡང་། ཁོང་གི་དགོངས་བཞེད་ལ་རྒྱབ་སྐྱོར་ཚད་མེད་ཡོད། གང་ལགས་ཤེ་ན། རང་རིགས་གསར་བུ་བ་རྣམས་རིག་གསར་སྣ་ཚོགས་ཁྲོད་འཚར་ལོངས་བྱུང་བས། དུས་དང་བསྟུན་པའི་རང་རེའི་སྐད་དང་ཡི་གེ་སློབ་ཐབས་ཀྱི་ལམ་ཞིག་མ་བཙལ་ན། མེས་པོས་བཞག་པའི་གཙུག་ལག་གི་བང་མཛོད་རྣམས་ཤེས་རྟོགས་ལྟ་ཅི། ཁ་སྐད་འདི་ཡང་འཇིག་ཉེན་ལ་ཐུག་འདུག མདོར་ན། ཡིག་སྐད་དང་ཁ་སྐད་གཉིས་བར་ཐག་རིང་དུ་འགྲོ་བ་དང་། གཞོན་སྐྱེས་མང་ཆེ་བ་རང་རེའི་ཡི་གེར་སློབ་འདོད་མི་བྱེད་པའི་དཀའ་ངལ་རྣམས་ང་ཚོའི་མདུན་དུ་གནས་ཡོད། སྔོན་དུས་ཡིག་སྐད་དང་ཁ་སྐད་ལོགས་སུ་མེད་ཀྱང་། རིམ་པས་ཡིག་སྐད་དང་ཁ་སྐད་གཉིས་སུ་གྱེས། དེ་གཉིས་ཀྱང་བར་ཐག་རིང་དུ་རིང་དུ་འགྲོ་བའི་མཚམས་ཀྱི་མདུད་པ་ཞིག་དང་། གསར་བུ་བ་རྣམས་དང་བ་འདྲེན་ཐུབ་པའི་བརྡ་སྤྲོད་པ་དང་སློབ་ཐབས་གསར་པ་ཞིག་ནི་དུས་ཀྱི་དགོས་མཁོ་ཡིན།
མཁྱེན་ཡངས་རྣམས་ཀྱིས་བོད་ཀྱི་བརྡ་སྤྲོད་སྐོར་ལ་གླེང་མོལ་མཛད་པ་དེ་ལ་ད་ལྟ་མ་གཏོགས་དྲྭ་རྒྱ་སྔོག་ལོང་མ་བྱུང་བས་སྣང་མེད་དུ་ལུས། ངའི་བསམ་པ་ལ་བརྡ་སྤྲོད་ལ་མགོ་འཁོར་ནས་བོད་སྐད་ལེགས་པ་ཞིག་མི་འོང་བའི་ཚོད་དུ་མཐོང་། གདན་ས་ནས་འཐོན་པའི་དགེ་བཤེས་ཤིག་ལ་རྩོམ་ཡིག་འབྲི་གྲོགས་ཞུ་བ་ན། ངས་སུམ་རྟགས་མ་སྦྱངས་པས་རྩོམ་ཡིག་འབྲི་མི་ཤེས་གསུང་བ་ཐག་ཆོད། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཞལ་སྔ་ནས། སྙན་སུམ་དམིགས་བསལ་གྱིས་སྦྱངས་མེད་གསུངས་པ་རྣམ་ཐར་ན་ཡོད་པ་དྲན། འོན་ཀྱང་བླ་མ་ཆེན་པོ་ཁོང་གིས་གསུང་འབུམ་པོ་ཐི་མང་པོ་བརྩམས་པར་མཛད། ཡི་གེའི་དག་ཆ་ཤིན་ཏུ་ལེགས། དུས་ཀྱི་དགོངས་ལ་སའི་ཡང་འཇུག་འབྲི་བར་མཛད། སྙན་དངགས་ལ་དཔེར་ན། སེམས་མེད་ཤིང་བལ་དག་ཀྱང་རླུང་གི་མཐུས། འདབ་ཆགས་བཞིན་དུ་མཁའ་ལ་ལྡིང་བར་བྱེད། དབྱུ་གུས་བསྐུལ་ན་རྔ་ཡང་སྒྲ་སྙན་སྒྲོགས། རླུང་གིས་བསྐུལ་ན་ལྗོན་པའང་གར་སྟབས་བྱེད། རྡོ་རྗེས་ཕུག་པའི་བཤུལ་དུ་སྲད་བུའང་རྒྱུ། དེའི་ཕྱིར་བློ་དམན་ཉམ་ཆུང་བདག་ལྟ་བུས། རྡོ་རྗེའི་ཚིག་འབྱེད་ནུས་པ་མ་མཆིས་ཀྱང་། དབང་མེད་གཞན་གྱིས་བསྐུལ་བར་གྱུར་པ་དང་། མཁས་པའི་ལུགས་སྲོལ་མཐོང་བས་འདི་བརྗོད་དོ།། ཞེས་པའི་གསུང་རྩོམ་ཡོད་པ་དང་། ལ་དྭགས་པ་བླ་མ་ཚུལ་ཁྲིམས་ཉི་མ་རིན་པོ་ཆེའི་རྣམ་ཐར་འབྲི་བར་མཛད་པ་པོ། གནས་བརྟན་ཚུལ་ཁྲིམས་རྡོ་རྗེས་སྙན་སུམ་ལ་སྦྱངས་མེད་ཀྱང་བཀའ་བསྟན་གསུང་འབུམ་བཅས་བཀླགས་ནས་བོད་ཀྱི་སྐད་ཡིག་ལ་ནང་བྱན་ཆུད་ཡོད་པ་དང་། རྣམ་ཐར་དེ་ལ་ཕུར་ལྕོགས་ཡོངས་འཛིན་བྱམས་པ་རིན་པོ་ཆེས་ཚུལ་ཁྲིམས་ཉི་མའི་མཛད་པ་རེ་རྫོགས་པའི་མཚམས་སུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་མཛད་ཅིང་། བླ་མ་ཚུལ་ཁྲིམས་ཉི་མ་ལ་སངས་རྒྱས་ཀྱི་མཚན་ནས་བོས་པར་མཛད། གནས་བརྟན་ཚུལ་ཁྲིམས་རྡོ་རྗེ་ལ་ལ་དྭགས་པ་སུམ་རྟགས་མཁས་པ་ཞིག་གིས་ཁོང་བརྡ་སྤྲོད་གཞུང་ལུགས་སྦྱངས་པའི་མཁས་མ་ཡིན། རིག་པ་ཅན་ཡིན་ཞེས་ཟེར་ཡོད་འདུག ཉེ་དུས་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུར་ས་པཎ་་ནས་བཟུང་སྟེ། ་བོད་ཀྱི་བརྡ་སྤྲོད་མང་པོ་བརྩམས་དང་རྩོམ་བཞིན་པ་ཡིན་འདུག དགེ་བཤེས་ཐུབ་བསྟན་སྦྱིན་པ་ཡང་དེར་བཞུགས་ཡོད། བོད་སྐད་ཀྱི་བརྡ་སྤྲོད་སྐོར་མང་པོ་འཐོན་ཀྱང་། དེ་དག་གིས་བདག་ལྟ་བུ་ཀུན་མགོ་འཐོམས་པའི་རྐྱེན་དུ་འགྱུར་བ་མ་གཏོགས། བོད་སྤྱིའི་སྐད་དེ་ཇེ་སྡུག་ཇེ་སྡུག་ཆགས་པར་མཐོང་། བདག་རང་གིས་ཀྱང་གཞན་གྱི་ལད་མོ་བྱས་ཏེ། བརྡ་སྤྲོད་ཀྱི་སྐོར་དཔེ་ཆ་ཆེ་ཆུང་སུམ་ཙམ་བྲིས་ན་ལོ་ངོ་བཅོ་ལྔ་ལྷག་འགྲོ་ཡང་། སྤར་ནས་དགོས་པ་ཆེར་མ་མཐོང་ཡང་། ཉེ་དུས་སློབ་གྲྭ་ཆེན་མོའི་སློབ་དགེ་ཞིག་ལ་བཀླག་རྒྱུར་བསྐུར་པ་དེ་སྤར་རྒྱབ་པར་ཐག་ཆོད་འདུག ཨིན་སྐད་དུ་བསྒྱུར་ཡོད་ཅིང་། བོད་ཚིག་རྣམས་ཀྱང་བོད་ཡིག་དང་། ཨིན་ཡིག་གཉིས་ཀར་བྲིས་ཡོད་པས་གཅིག་ན་ཅུང་ཟད་ཕན་ཡང་སྲིད། དེས་ན་བརྡ་སྤྲོད་སུམ་རྟགས་སོགས་ཡུན་རིང་སྦྱོང་བ་ལས། བཀའ་བསྟན་གསུང་འབུམ་བཅས་རྟག་སྦྱོར་དང་གུས་སྦྱོར་གྱིས་སྦྱང་དགོས་པར་མཐོང་། བོད་ཀྱི་མིང་ཚིག་ཡིན་ན། རྗེས་འཇུག་བཅུ། ད་བཤུལ་གསུམ། དབྱངས་ལྔ་སྟེ། ཡི་གེ་བཅོ་བརྒྱད་པོ་གང་རུང་གི་མཐའ་ཅན་ཡིན་དགོས། བོད་སྐད་ཀྱི་ཚིག་ཕྲད་རྣམས་མཐའ་ཅན་དེ་དག་ལ་བལྟོས་ཏེ། རྫོགས་ཚིག་གཅུ་གཅིག ལ་དོན་བདུན་གྱི་ནང་ན་ཚིག་ཕྲད་ལྔ་། རྒྱན་སྡུད་གསུམ། ལྷག་བཅས་གསུམ། འབྱེད་སྡུག་བཅུ་གཅིག ཅིང་། ཞིང་། ཤིང་། ཅིག ཞིག ཤིག ཅེས་ ཞེས་པ་བཅས་ཚིག་ཕྲད་དག་གི་སྦྱོར་ཚུལ་ཤེས་ན། ལེགས་སྦྱར་སྐད་ཀྱི་འགྲོ་ཚུལ་རྣམ་དབྱེ་སོགས་མ་ཤེས་ཀྱང་། བཀའ་བསྟན་འབུམ་གང་རུང་གི་དཔེ་ཆ་རེ་བཀླགས་ཏེ་བོད་ཀྱི་སྐད་ལ་སྦྱང་དགོས་པར་མཐོང་། བཀའ་བསྟན་གསུམ་བཅས་བཀླག་དགོས་ཞུས་པ་ན། རང་ལ་མི་མཁོ་བའི་བརྡ་རྙིང་སྦྱང་དགོས་པ་གཏན་ནས་ཞུ་བ་མེད། འོན་ཀྱང་བཀའ་འགྱུར་གྱི་དཔེ་ཆ་ཞིག་བལྟ་ན། ད་ལྟ་འབྲི་བ་པོ་དག་གིས་ཚིག་སྡུད་རྒྱབ་པ་ལྟ་བུ་མ་ཡིན་པར་ཚིག་ལེགས་པར་ཡོངས་རྫོགས་བྲིས་ཡོད་པར་མཐོང་། དཔེར་ན། ད་ལྟ་འབྲི་བ་པོ་དག་གིས་སྒྲ་སྒྲོག་ཅེས་མང་པོས་་འབྲི་ཡང་། མ་དག་པ་ཡིན། དག་པ་དེ་བཀའ་འགྱུར་ན་སྒྲ་སྒྲོགས། ཞེས་གསལ་ལོ།།
གླང་རི་བ་ཐུབ་བསྟན་སྦྱིན་པའི་སྨྲ་སྒོའི་ལྡེ་མིག་གི་རྩོམ་པར་དམ་བཅའ་བ་ལ་མངོན་པར་བསྟོད་པ་དང་། དེབ་དེའི་མཇུག་བྱང་ནང་གི་འདི་ཡང་མཁས་དང་གྲགས་པའི་ཕྱིར་མ་ཡིན།། ནོར་དང་བརྙེད་པ་བཀུར་བསྟིའི་ཕྱིར་མ་ཡིན།། བོད་ཡིག་ཇི་ལྟར་ངལ་བ་ཆུང་ངུའི་བརྒྱུད།། ཤེས་ནུས་བྱུང་ན་སྙམ་པ་ཁོ་ན་ལེགས་ཞེས་པའི་རྣམ་དག་ལྷག་བསམ་ལ་དད་མོས་ཡོད། དེ་མིན་མཁས་པ་གང་གིས་གསུངས་བ་བཞིན་དེབ་དེ་ནི་ད་དུང་ལེགས་འགྲུབ་བྱུང་མེད་པས་མཁྱེན་ལྡན་རྣམས་ཀྱིས་དགོངས་འཆར་དང་ཐབས་ཚུལ་མན་ངག་བུམ་པ་གང་བྱོའི་ཚུལ་དུ་བཏོན་ནས་བསྟན་བཅོས་རིན་པོ་ཆེ་དེ་གང་མྱུར་ཡོངས་སུ་་འགྲུབ་པའི་མཐུན་རྐྱེན་དུ་འགྱུར་བར་སྨོན། ཅོག་རོང་སྒྲོལ་མ་སྐྱབས་ནས།
གོང་དུ་ཕྲན་ནས ཡིན་ན་ཡང་ལབ་པའི་རྒྱུ་མཚན་བོད་པ་ཕལ་ཆེ་བ་ཕྱི་རྒྱལ་ལ་རྔམ་སྟེ་སྦྱང་ཨེ་ཡོང་། སློབ་གྲྭ་པུ་གུ་ཚོར་སྐད་ཆ་འབྲི་དུས་ང་ཆེ་པོ་ཆག་ན་ཕྱི་རྒྱལ་འགྲི་གིན་ཡིན་ལབ་མཁན་མང་པོ་བྱུང་། ད་རུང་ཕ་མ་ཁ་ཤས་ནས་བོད་ཡིག་སྦྱོང་བཅུག་ན་རྗེས་མ་པུ་གུ་ཆེ་པོ་ཆག་དུས་ལྟོ་གང་གིས་བཙལ་ཡང་ལབ་མཁན་འདུག དངོས་ཡོད་གནས་ཚུལ་ཡིན མཁས་དབང་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང རེ་བསྐུལ་ཞིག་ལ་སློབ་གྲྭ་ཁག་གི་དགེ་རྒན་རྣམ་པས་སློབ་མ་རྣམས་ལ་ཐབས་ཤེས་མཁས་པའི་ཐོག་ནས་བསླབ་བྱ་གནང་རོགས་ཞུ། སྤྱི་བཏང་ང་རང་ཡང་དག་ཆ་དང་ཡི་གེ་ཡག་པོ་འབྲི་ཤེས་མཁན་ཞིག་མིན
ཀརྡོ་ལགས།ཁྱེད་བོད་ཡིག་དང་བརྡ་སྤྲོད་ལ་དེ་འདྲའི་དོ་སྣང་ཅན་ཅིག་དང་ཆབ་སྲིད་མི་འཁྲབ་མཁན་ཅིག་ཡིན་ན།དང་པོ་སོ་སོས་མཆན་བུ་གཙང་མ་ཡིག་ནོར་མེད་ལ་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པ་ཅིག་བྲིས་ཤིག་དང་དེ་ནས་ངས་ཁྱེད་ལ་གོ་བརྡ་སྤྲོད། དེ་མ་གཏོགས་རྒྱུ་མཚན་མེད་པའི་ཕྲག་དོག་དང་ཞེན་ཁོག་སྐམ་པོའི་སྐད་ཆའི་རིགས་ལ་ལན་སློག་འདོད་མེད་ལགས།
ང་ལ་ཕྲག་དོག་དང་ཞེན་ཁོག་སྐམ་པོ་འདུག་ཨེ། ཡ་ཡ། ལགས་སོ། ། བདག་ལ་བསྟོད་པ་གཞན་ཡོད་ན། །སྨད་པའི་མི་དགའ་ཅི་ཞིག་ཡོད། །
ད་ཆ་བཙན་བྱོལ་ནང་གི་དཀའ་ངལ་གཙོ་བོ་ནི་བོད་ཡིག་ནུས་མེད་ཡིན་པ་དང་བརྡ་སྤྲོད་ཀྱིས་མ་འདང་པ་གང་ཡང་མ་རེད་སྙམ།གཞོན་སྐྱེས་ཚོ་དང་བོད་མི་སྤྱིར་བོད་ཡིག་ལ་དོ་སྣང་དགའ་མོས་མེད་པ་དང་།རྩིས་མཐོང་མེད་པར་ལན་པོ་འདུག།ང་ཚོ་ཚང་མ་རང་བློ་རང་ལ་ལྐོག་གྱུར་མིན་པས་ཆགས་ཞེན་དགའ་སྡུག་དབང་དུ་མ་སོང་བར་ལྷོད་ལྷོད་བྱས་ཏེ་དྲང་པོའི་སྒོ་ནས་བསམ་བློ་གཏོང་དང་།དབྱིན་ཡིག་ལ་སློབ་སྦྱོང་བརྩོན་འགྲུས་བསྟེན་པ་ནང་བཞིན་ཅིག་བཙན་བྱོལ་སློབ་ཕྲུག་ཚོས་བོད་ཡིག་ལ་སྦྱང་གི་འདུག་གམ། སོ་སོས་བོད་ཡིག་མི་སྦྱང་པ་དང་དེ་ལ་དོ་སྣང་མེད་པ་བརྗེད་དེ་བོད་ཡིག་གིས་ཚུར་སྦྱང་དགོས་པ་དང་དབྱིན་ཡིག་ཕར་སྦྱང་དགོས་པ་ལྟ་བུའི་བསམ་བློ་ཁུར་པ་ཁྱད་མཚར་རེད།
གསར་འབྱོར་བ་གཞོན་སྐྱེས་བོད་ཡིག་འབྲི་ཤེས་མཁན་འགའ་ཤས་ཀྱིས། བཙན་བྱོལ་བས་མ་འཇོན་སྟངས་རྐྱང་རྐྱང་ཤོད་པ་དང་། དེ་གྲས་འགའ་ཞིག་གིས་་མི་བསད་ཁྲག་སྦྱོར་བྱས་པ་དང་། འགའ་ཤས་རྐུན་འཇག་བྱས་པ་ཁ་ལུད་ཀྱང་རྒྱག་མཁན་མང་པོ་འདུག ཨ་ཁ་ད་ག་རེ་བྱེད་དགོས་རེད།
ང་ཚོ་བོད་པ་ཡིན། བོད་པ་ནི་ཆོས་པ་ཡིན། ང་ཚོ་མི་ཆེན་པོ་ཡིན། ད་བོད་པས། ང་ནི་ཚང་པའོ། ཚང་པ་ནི། ཆེན་པོའོ། ཞེས་པའི་འུ་ཐུག་པའི་དུས་ཚོད་ཤར་མ་བཅུག་པར་རང་རེའི་ཞན་ཆ་ལ་ཞན་ཆར་ཁས་བླང་ནས་གཞན་ལ་དཔེ་བལྟས་ཡར་རྒྱས་གཏོང་བཅུག་མ་གཏོགས་རྗེས་ལུས་སྒང་ལ་རྗེས་ལུས་མ་བཅུག་པ་འདི་ཉིད་མི་ལེགས་སམ། ངས་རང་དོན་ཐུག་ན་བཟོད་བསྲན་གང་ཐུབ་ཐུབ་བྱེད་བགྱིད་ཡོད་ཀྱང་། སྤྱི་དོན་ལ་ཐུག་ན་སུ་ལ་ཡང་མི་ཞེད་མཁན་ཅིག་ཡིན་ནོ། །བྲག་ཞོལ་ལགས།
ཀརྡོ་ལགས།ང་ཚོས་འདི་ན་སུ་སུ་ལ་སྐྲག་མི་སྐྲག་དང་གསར་འབྱོར་ཚོས་རྐུན་མ་བརྒྱག་མིན་མི་གསོད་མིན་སོགས་བཤད་ཀི་མེད།ང་ཚོས་བོད་ཀྱི་སྐད་ཡིག་གི་རིན་ཐང་དང་དེའི་བརྡ་སྤྲོད་ལ་འགྱུར་བཅོས་གཏོང་དགོས་མིན་བཤད་ཀི་ཡོད་རེད། འོན་ཀྱང་།ངས་དང་ཐོག་ནས་ཁྱོད་མི་མཐོང་རྒྱ་མེད་པའི་ཞེན་ཁོག་སྐམ་པོ་འཛིན་མཁན་ཅིག་རེད་ཅེས་པ་ད་ཆ་ཁྱོད་རང་ནས་བོང་བུའི་ནང་ཆ་ཁྲོམ་སྟོན་གནང་སོང་ང་།གསར་འབྱོར་ཚོས་བོད་ཡིག་ཤེས་པར་ཕྲག་དོག་ལངས་ན་སྡུག་གྱོང་རེད།རྒྱ་མི་གུང་བྲན་གྱི་འོག་སྲོག་གཏའ་མར་བཞག་ནས་སྦྱང་རེད་ཨེ་ཤེས། མི་གསོད་ཁྲག་སྦྱོར་དང་རྐུན་ཇག་བརྒྱབ་མཁན་རེ་ཟུང་བྱུང་ན་ཧ་ལས་རྒྱུ་ཇི་གང་མེད་པ་རེད།དེང་སང་འཛམ་གླིང་ནང་མི་གསོད་དང་རྐུན་ཇག་མེད་སའི་ལུང་པ་ཅིག་གང་ན་འདུག། དེ་ཚོ་མིའི་སྤྱོད་ལམ་རེད་བོད་མི་ཡང་མི་ཡིན་དུས་མི་སྤྱིའི་སྤྱོད་པ་བསྐྱངས་ཀི་རེད།བོད་མི་ཚོ་སངས་རྒྱས་བྱང་སེམས་རྐྱང་མིན་པ་རེད། དེ་ནས་བཙན་བྱོལ་ནང་མ་འཇོན་པ་དང་བོད་ནང་བོད་མིའི་སྐད་ཡིག་ཆོས་རིག་སྲོག་དང་བསྡོས་ཏེ་སྲུང་སྐྱོབ་ཡར་རྒྱས་གཏོང་བཞིན་པར་བསྔགས་བརྗོད་གནང་མཁན་གསར་འབྱོར་པ་ཚོ་མ་རེད།ཏཱ་ལའི་བླ་མའི་ཤེས་ཡོན་ལམ་སྟོན་ནང་ལྟོས་དང་དེ་འདྲ་རྐྱང་གིས་ཁེངས་འདུག་ལ།གསར་ལམ་ཁག་བསྔོགས་དང་ཁ་སང་རང་TCVའཚོགས་ཁང་དུ་ཚན་རིག་དང་ནང་ཆོས་བགྲོ་གླེང་སྐབས་༧གོང་ས་མཆོག་གིས་བོད་ནང་བོད་ཡིག་ཐོག་བརྗོད་གཞི་གསར་པའི་དཔེ་དེབ་ཧ་ཅང་མང་པོ་འཐོན་བཞིན་པ་དགའ་སྤོབས་སྐྱེ་གཞི་ཅིག་ཡིན་ནའང་།ང་ཚོ་རང་དབང་ལུང་པར་དེ་འདྲ་ཇི་གང་མཐོང་རྒྱུ་མེད་པ་ངོ་ཚ་རེད་ཅེས་གསུངས་སོང་ང་། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོའི་འཇོན་ཐང་ཡོད་ན་མེད་ན་དེ་སྒོར་མོའི་ཆེད་དུ་བོད་མི་རིགས་རིག་གཞུང་དང་བཅས་པ་ཚོང་རྫས་སུ་བསྒྱུར་རྒྱུ་དེ་རེད།དེ་ཙམ་ཡིན་ལགས།རྗེས་མ་ལུང་རིག་རྒྱུ་མཚན་གྱི་ལམ་ནས་བགྲོ་གླེང་བྱེད་ན་དགའ་བསུ་ཡོད།རྡོ་དང་གཡུག་པ་བེད་སྤྱོད་གཏོང་རྩིས་ལ་ལན་འདེབས་མེད་ལགས།
༥༩ནས་བཙན་བྱོལ་བོད་མིས་འཁྱགས་པའི་སྟེང་ནས་བོད་ཀྱི་ཆོས་སྲིད་ཀྱི་མེ་ཁ་གསར་གསོ་བྱས་ཡོད་པ་དེ་དུས་ནམ་ཡང་བརྗེད་རྒྱུ་ཡོད་མ་རེད། ང་ཀརྡོ་རྨོངས་པ་རེད་ལབ་པ་འདི་ཚི་ངས་བཤེས་ཚིག་དང་ཁྱད་མེད་དུ་ངས་ཁྱུར་མིག་བཏང་ཐུབ་ཀྱང་། ༸གོང་ས་མཆོག་ལ་ཁ་གཏོང་བབ་དང་། བཀའ་ཁྲི་ཟམ་གདོང་ལ་ངན་སྨྲས། ད་ལྟའི་སྲིད་སྐྱོང་བློ་སེང་ལགས་ལ་འཕྱ་དམོད་འདི་རིགས་ངས་བག་ཟོན་བྱ་རྒྱུའི་གནས་སུ་གྱུར་པ་རེད།
ཨ་ལེ།ཀརྡོ་ལགས།ད་ཁྱོད་ཚོས་གནའ་སྔ་མོ་བོད་མི་མང་ཤོས་ཡིག་རྨོངས་སྐབས་ཀྱི་དཀྲོག་གཏམ་དང་རང་ཉེས་གཞན་འགེལ་གྱི་ལོག་སྤྱོད་དེས་ཁོངས་འཁྱོལ་གི་མ་རེད་ལགས། ད་ཆ་ངེད་གཉིས་སྐད་ཆ་བཤད་ཀི་ཡོད་པ་རེད།ངས་མཆན་གོང་མ་ཁག་ནང་ལྟོས་དང་བཙན་བྱོལ་ནང་གི་མཁས་པ་ཚོར་གུས་ཞབས་ཆེན་པོ་དང་བཅས་ཏེ་བགྲོ་གླེང་བྱས་ཡོད་ལ།ངས་མཁས་དབང་ཟམ་གདོང་དང་༧གོང་ས་སྐྱབས་མགོན་ཆེན་པོ།བཀའ་ཁྲི་བློ་བཟང་སེང་གེ་བཅས་ལ་གང་ན་ངན་སྨྲས་བྱས་འདུག ཁྱེད་ནས་ཚིག་གཅིག་རག་གི་རེད།ཁྱད་མཚར་པ་ལ།ཁ་བཤད་དུས་སྣ་བཤད། སྐུ་མཁྱེན།ཉ་དང་ཉུང་མ་མ་བསྲེ་རོགས་ཞུ།
འདི་རིང་ནས་ངས་སྨྱུག་མིང་ལ་ཀརྡོ་གཉེར་ཕྱག་པ་ཞེས་འབྲི་བར་འདོད་པས་ཁ་བརྡའི་དྲ་བདག་དང་རྩོམ་པ་པོ་དང་། མཆན་བུ་པ་ཚོས་དགོངས་འཇགས་འཚལ་ཞེས་ཞུ་ཡིག་ཏུ་ཕུལ། །
དེབ་དེ་བཀླགས་པ་ཡིན། བརྗོད་བྱའི་ཆ་ནས་བསམ་འཆར་མེད་པ་མིན་ཡང་ཐོག་མར་རྗོད་བྱེད་ཀྱི་ཆ་ནས་ཡིག་སྐྱོན་མང་བ་དང་དུས་གསུམ་གྱི་རྣམ་གཞག་འཁྲུག་པ། བོད་རང་གི་ཡིག་སྐད་དུ་ཡོད་བཞིན་དུ་དབུས་གཙང་གི་སྐད་ལ་ཕྱོགས་སོང་བ་བཅས་མང་པོ་ཞིག་འདུག་པས་དེར་འགྱུར་བ་ཞིག་གཏོང་ཐུབ་ན་ལེགས་སྙམ། རྨང་གཞི་དེའི་ཐོག་གཞི་ནས་བརྗོད་བྱའི་སྐོར་ལ་གླེང་ན་ཕན་ཆེ་སྙམ།
ཁོ་བོའི་བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག་དང་། དེ་བཞིན་ཀུན་གླེང་ཐོག་གླེང་མོལ་ཞུས་པར། རང་རིགས་བློ་གསལ་མང་དག་ཅིག་ནས་ཁ་བརྡའི་ནང་དགོངས་འཆར་ལྷུག་བཏོན་གནང་འདུག་པར་ཐུགས་རྗེ་ཆེ་ཞུ། སྤྱིར་ཁོ་བོ་ལ་མི་རིགས་ཀྱི་ལྟ་བ་དང་། སྲོལ་རྒྱུན་བོད་ཀྱི་རིག་གནས་ལ་ཡིད་སྨོན་གཞིར་བྱས་པའི་སྤོབས་པ་གཉིས་མི་དམན་པ་ཞིག་ཡོད་པར་མ་ཟད། ཆུང་དུས་སློབ་གཉེར་བྱས་སའི་གནས་ཀྱང་མཚན་ཉིད་རིག་པ་སོགས་སྲོལ་རྒྱུན་གྱི་རིག་གནས་གཙོ་བོ་ཡིན་གྱི། དེང་རབས་ཀྱི་སློབ་ཚན་མིན་མོད། ཁོ་བོའི་ལངས་ཕྱོགས་ནི། ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་ནང་ཚང་མ་ཆ་ཚང་ཡོད་པས། དེར་གང་ཡོད་པ་རྣམས་ལ་བཅོས་འགྱུར་གཏོང་ཅི་ནས་མི་རུང་ཞེས་པའི་ཁྲེགས་འཛིན་གྱི་ལུགས་དེ་མེད། སྐབས་དོན་བརྡ་སྤྲོད་ལ་ཆ་བཞག་ན། དུས་རབས་བདུན་པའི་ནང་། ད་ལྟའི་ང་ཚོའི་ཡི་གེ་འདི་འབྲི་སྲོལ་གཏོད་པའི་ཡས་མས་སུ་བརྩམས་པའི་སུམ་རྟགས་ཀྱི་གཞུང་གཉིས་ནས། བོད་ཀྱི་སྐད་ལ་རང་ཆས་སུ་ཡོད་པའི་བརྡ་སྤྲོད་ཀྱི་གནད་གཅིག་ཀྱང་མ་ལུས་པ་གཏན་འབེབས་ཐུབ་པར་ཁས་བླངས་ན། དངོས་མཐོང་གི་གནས་ཚུལ་དང་འགལ་བ་གསལ་པོ་རེད། གཤམ་དུ་དཔེར་བརྗོད་ཁ་ཤས་ཤིག་ཞུས་ན། ༌ ཕྲད་ཀྱི་ནང་། ལ་ དང་ ནའི་འཇུག་ཚུལ་ལ། སུམ་རྟགས་གཉིས་ཀྱི་ནང་མ་ཐོན་པའི་ཚུལ་མང་དག་ཅིག་དུས་རབས་བཅུ་གཅིག་པའི་ནང་བརྩམས་པའི་སྨྲ་སྒོ་མཚོན་ཆའི་ནང་འཁོད་པ་དེའི་རྒྱུ་མཚན་གང་ཡིན་ནམ། དཔེར་ན། ཕ་མ་དང་མཇལ། བཀའ་དང་འགལ། བསམ་པ་དང་བསྟུན། ཞེས་པའི་དང་སྒྲའི་འཇུག་ཚུལ་དེ་བོད་ཀྱི་སྐད་དང་ཡི་གེ་གཉིས་ཀར་ཡོད་པའི་བོད་སྐད་ཀྱི་འགྲོས་ཐུན་མིན་ཞིག་ཡིན་མོད། སུམ་རྟགས་རྩ་འགྲེལ་གང་དུ་དེའི་བཤད་པ་འདུག་གམ། ༌ དེ་བཞིན་དུ། ཁྱོད་འགྲོ་ན་ང་ཡང་འགྲོ ཆར་པ་བཏང་ན་གུར་ནང་དུ་ཤོག ཅེས་པའི་ན་སྒྲའི་འཇུག་པ་དེ་ཤིན་ཏུ་ཁྱབ་ཆེ་མོད། སྲོལ་རྒྱུན་སུམ་རྟགས་ཀྱི་བརྡ་སྤྲོད་ནང་དེའི་བཤད་པ་གཏན་འབེབས་འདུག་གམ། དེ་དང་དེ་འདྲའི་རིགས། བོད་ཀྱི་སྐད་དང་ཡི་གེ་གཉིས་ཀར་བཀོལ་སྤྱོད་ཁྱབ་ཆེ་ཡོད་པའི་ཕྲད་ཀྱི་འགྲོ་སྟངས་གང་འཚམས་ཤིག་ལ་དེ་སྔ་བརྡ་སྤྲོད་ཀྱི་བཤད་པ་གཏན་འབེབས་མ་བྱུང་བ་རྣམས་རང་སོར་འཇོག་རྒྱུ་ཡིན་ནམ། ༌ ལྷག་པར་སྲོལ་རྒྱུན་གྱི་བརྡ་སྤྲོད་ཀྱི་གཞུང་དུ། ཚིག་ཕན་ཚུན་བར་ཚིག་ཕྲད་སྦྱོར་ཚུལ་ཙམ་ལས། ཚིག་སྒྲུབ་བྱ་ཚུལ་དང་འབྲེལ་བའི་གནད། དཔེར་ན་ཚིག་སྒྲུབ་ཀྱི་རྩ་བའི་སྒྲོམ། ཚིག་སྒྲུབ་ཀྱི་ཁྱད་གཞི་དང་ཁྱད་ཆོས། དེ་དག་སོ་སོའི་ཆ་ཤས་དང་གོ་རིམ་བསྒྲིག་ཚུལ་སོགས་ལས་བརྩམས་པའི་བཤད་པ་གང་དུ་འདུག་གམ། འོ་ན། བོད་ཀྱི་སྐད་ཡིག་ལ་དེ་རིགས་ཀྱི་རྣམ་དབྱེ་དང་གསལ་བཤད་རྩ་བ་ནས་མི་དགོས་པ་ཡིན་ནམ། ༌ དེ་བཞིན་དུ། བོད་ཀྱི་སྐད་ཡིག་གཉིས་ཀར་ལག་ལེན་ལ། མིང་ཚིག་དང་། མིང་ཚབ། མིང་གྲོགས། བྱ་ཚིག ཁྱད་ཚིག རྣམ་འགྱུར་རྗོད་པའི་ཚིག ཚིག་གྲོགས་སོགས་རིགས་སོ་སོར་ཡོད་མོད། དེ་སྔའི་བརྡ་སྤྲོད་ཀྱི་གཞུང་དུ་དེའི་རྣམ་བཞག་མེད་པར་བརྟེན། ང་ཚོའི་ཚིག་མཛོད་དཔེར་ན་རྒྱས་ཤོས་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུའང་། ཐ་སྙད་མང་དག་ཅིག་ཚུད་ཅིང་དེ་རྣམས་རེ་རེའི་གོ་དོན་གསལ་བཤད་དཔེར་བརྗོད་དང་བཅས་པ་ཡོད་མོད། སྐད་ཡིག་ཆེ་ཁག་གཞན་གྱི་ཚིག་མཛོད་དང་བསྡུར་ན། རྒྱལ་སྤྱིའི་ཚིག་མཛོད་ཀྱི་ཚད་ལོངས་པ་འཇོག་དཀའ་སྟེ། ཐ་སྙད་སོ་སོའི་ཟུར་དུ་ཚིག་གི་སྡེ་ཚན་བྱེ་བྲག་པ་གང་ཡིན་གྱི་བཤད་པ་མ་བྱུང་བའི་ཕྱིར་རོ།། འོ་ན། བོད་ཀྱི་སྐད་ཡིག་ལ་དེ་ལྟ་བུའི་ཚིག་གི་སྡེ་ཚན་སོ་སོ་དབྱེ་མི་དགོས་པ་ཡིན་ནམ། གོང་དུ་བཀོད་པ་རྣམས་དཔེ་མཚོན་ཙམ་སྟེ། ཞིབ་པར་སྨྲ་སྒོའི་ལྡེ་མིག་ལ་གཟིགས་མཛོད། མཐའ་དོན། ཁོ་བོས་དེབ་འདི་བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་ཀྱི་གནད་རྣམས་ཆ་ཚང་ཞིང་ཁ་གསལ་བ་ཞིག་གཏན་འབེབས་བྱུང་ན། རང་རིགས་གཞོན་སྐྱེས་རྣམས་ལ་བོད་ཡིག་འབྲི་རྩལ་ཅུང་ལས་སླ་བོ་ཞིག་གི་ལམ་ནས་སློབ་སྟོན་ཐུབ་རྒྱུའི་གོ་སྐབས་ཤིག་ཐོབ་སྲིད་སྙམ་སྟེ་གཞུང་འདི་བརྩམས་ཏེ་སྤེལ་བ་ཡིན་པས། དོན་མཐུན་གྱི་དགོངས་འཆར་དང་། སྐྱོན་སེལ་གྱི་ལམ་སྟོན་གང་ཡོད་ཐོ་བཀོད་དེ་རྗེས་སུ་ཁོ་བོར་གནང་རོགས་ཞུ་ཞེས་སྐྱབས་འཇུག་ཞུའོ།།
གླང་རི་པ་ཐུབ་བསྟན་སྦྱིན་པ་ལགས་ཀྱིས། ་་་། དཔེར་ན། ཕ་མ་དང་མཇལ། བཀའ་དང་འགལ། བསམ་པ་དང་བསྟུན། ཞེས་པའི་དང་སྒྲའི་འཇུག་ཚུལ་དེ་བོད་ཀྱི་སྐད་དང་ཡི་གེ་གཉིས་ཀར་ཡོད་པའི་བོད་སྐད་ཀྱི་འགྲོས་ཐུན་མིན་ཞིག་ཡིན་མོད། སུམ་རྟགས་རྩ་འགྲེལ་གང་དུ་དེའི་བཤད་པ་འདུག་གམ། ་་་ཟེར། ༌ དེ་བཞིན་དུ། ཁྱོད་འགྲོ་ན་ང་ཡང་འགྲོ ཆར་པ་བཏང་ན་གུར་ནང་དུ་ཤོག ཅེས་པའི་ན་སྒྲའི་འཇུག་པ་དེ་ཤིན་ཏུ་ཁྱབ་ཆེ་མོད། སྲོལ་རྒྱུན་སུམ་རྟགས་ཀྱི་བརྡ་སྤྲོད་ནང་དེའི་བཤད་པ་གཏན་འབེབས་འདུག་གམ། ་་་ཟེར།
༸སྐུའི་གསུང་བསྒྱུར་ཐུབ་སྟན་སྦྱིན་པ་ལགས། དང་པོ་ཐོག་མར་བཀྲ་ཤིས་བདེ་ལེགས་ཡོད། ངེད་གཉིས་འཇང་གུན་ཆོས་སྐབས་སུ་ཆོས་རར་ཆོས་རྩོད་པ་ཨེ་དྲན། ད་ཆ་འདིར་མཁས་ཉམས་སྟོན་ནས་མ་བཞུགས་པར་ཁ་བརྡའི་ཐང་བདེ་མོའི་གཡུལ་སར་ཕེབས་པར་བཀའ་དྲིན་ཆེ་ལགས། འདི་རིང་འདིར་ཡང་གཞན་དང་རྩད་ཞོར་དུ་བརྡ་སྤྲོད་རྩོད་སར་བདག་ཁྱེད་ལ་ཡང་རྩོད་པར་སྤྲོའོ ། ཕ་དང་མ། འདི་སྡུད་པའི་དཔེར་བརྗོད་དུ་སོང་ན། ཕ་མ་དང་མཇལ་འདི་སྡུད་པའི་དཔེར་རུ་མི་འཐད་པ་ཅི་ཡིན་ནམ། དང་སྒྲའི་སྡུད་པའི་དཔེ་ལ་ཆ་ཡ་གཉིས་ཀ་ཡིན་མིང་རྐྱང་ཡིན་དགོས་པ་ཐུ་མི་ཕྱག་དམ་བསྐྱོན་ཨེ་ཡོད་སྙམ། ཕ་མ་དང་མཇལ་འདི་སྡུད་པ་ལ་འཇུག་སྟེ། བྱ་བའི་ཡུལ་ཕ་མ་དང་། བྱ་བ་གཉིས་སོ་སོར་ཡིན་པ་ལ་གཅིག་ཏུ་སྡུད་པའི་ཕྱིར་རོ། །ཞེས་ན་ལན་ཅི་ཡོད་ལགས། འོ་ན་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་དེ་དབྱེ་སེལ་གནང་འདུག་ཟེར་ན། གཞན་གྱི་ཟེར་སྒྲོས་གཅིག་རྗེས་སུ་མ་བསྦྲངས་བར། རིགས་ལམ་རྣམ་དག་གི་རྗེས་སུ་རྒྱུགས་ཅིག ཅེས་དྲན་གསོ་བླང་འདོད་ཡང་བྱུང་ངོ་། །དགེ་བཤེས་ལགས། ཡང་། ཁྱོད་འགྲོ་ན་ང་ཡང་འགྲོ །ཞེས་པའི་ན་འདི། བོད་ཀྱི་སུམ་རྟགས་བརྡ་སྤྲོད་ནང་ལ་མེད་པའི་ཁུངས་ཅི་ཡོད་དམ། ན་ཡིག་འདི་ནི། ཨིན་སྐད་དུ་གཡིཕ་ཕམ་ If གྱི་སྐད་དོད་ཡིན་པ་མཁྱེན་གསལ་ལྟར། ན་ཡིག་བོད་བརྡ་ཡིན་པས་བོད་ཀྱི་བརྡ་སྤྲོད་ནང་ནས་བསྐྲད་༼ན་༽སྡིག་མི་ཆེའམ། བརྡ་དང་ཐ་སྙད། ཚིག་ཟུར་ཡོད་ཚད་མཉམ་བསྲེས་བྱས་པས་བརྡ་སྤྲོད་ཁུངས་ལྡན་ཅིག་ཀྱང་ཡོང་སྲིད་དམ། ང་ལ་ནི། གཞུང་གཞན་དྲུག་ཡོད་ནས་ཉམས་ཡོད་ན་ཡང་བོད་ཀྱི་བརྡ་སྤྲོད་ཆ་ཚང་ཡོད་ཅེས་ཁས་ལེན་བཞིན་ཡོད་ལགས། དེ་བས། དིང་གི་བོད་རིགས་སྤྱི་སྐད་དུ། ང་ འགྲོ་གི་ ཡིན། ལས། ང་ འགྲོ་ཀི་ ཡིན། འདི་ལེགས་ལ། དེ་གཉིས་ལས་ཀྱང་། ཨིན་ཡིག་ལྟར་མ་འོངས་པའི་ཡིག་གཟུགས་ཡོད་པ། ང་ འགྲོ་ བགྱི ཡིན་དང་། ད་ལྟ་བ་ལ། ང་འགྲོ་བགྱིད་ ཡོད། ཕྲིས་ཤིག་ཅེས་ཞོར་འཕྲོས་ཡིན་ལགས། དགེའོ། །
ཁ་སང་འདིར་མཆན་ཞིག་བཀོད་པ་བསུབ་ཚར་འདུག ད་ཡང་བསྐྱར་འབྲི་བར་དུས་ཚོད་ཀྱང་མི་འདུག དགེ་བཤེས་ཐུབ་བསྟན་སྦྱིན་པ་སྐུ་དངོས་སུ་ཕེབས་ནས་བསམ་ཚུལ་གསུངས་པར་དགའ་ཡོད
ཀརྡོ་གཉེར་ཕྱག་པ་ལགས་ནས། ཕ་མ་དང་མཇལ། བསམ་པ་དང་འགལ། ཞེས་སོགས་ཀྱི་དང་སྒྲ ཕ་དང་མ། ཞེས་པ་ལྟ་བུའི་སྡུད་པ་ལ་འཇུག་པར་གསུངས་པ་མ་བརྟགས་པའི་བཤད་པ་སྟེ། གཅིག་ནས་དཔེར་བཀོད་པའི། ཕ་དང་མ། ཞེས་པའི་དང་སྒྲ་ནི་འབྱེད་པའི་དོན་ཡིན་ལ། གཉིས་ནས། ཕ་མ་དང་མཇལ། ཞེས་པ་བྱ་བ་དང་ཡུལ་གཉིས་གཅིག་ཏུ་སྡུད་ཅེས་པ་ལ་གོ་རྒྱུ་གང་འདུག གཅིག་ཏུ་སྡུད་ཅེས་པའི་གཅིག་དེ་གང་ལ་ངོས་འཛིན་རྒྱུ་ཡིན། དང་སྒྲ་སྡུད་པ་ལ་འཇུག་པའི་དོན་ནི། གཞུང་ནས་བཤད་པ་ལྟར་ན། སངས་རྒྱས་དང་། ཆོས་དང་། དགེ་འདུན་ནི་སྐྱབས་སོ། །ཞེས་དེ་གསུམ་སྐྱབས་སུ་སྡུད་པ་དང་། དབུས་གཙང་དང་། མདོ་སྟོད། མདོ་སྨད་གསུམ་ནི་བོད་ཀྱི་ཆོལ་ཁའོ། །ཞེས་པ་ལྟ་བུ་དེ་གསུམ་ཆོལ་ཁའི་ནང་དུ་སྡུད་པས། རིམ་པ་བཞིན། སྡུད་ཅེས་པའི་སྡུད་ས་དེ་གང་ཡིན་ངོས་འཛིན་རྒྱུ་ཡོད། ལར་ནས། ཕ་མ་དང་མཇལ། ཞེས་སོགས་ཀྱི་དང་སྒྲའི་འཇུག་ཚུལ་དེ་དང་སྒྲ་སྡུད་པ་ལ་འཇུག་པའི་ཚུལ་དུ་སྲོལ་རྒྱུན་བརྡ་སྤྲོད་ཀྱི་གཞུང་གང་དུ་བཀོད་འདུག ཉིད་ནས་གཟིགས་སམ། དེ་རིགས་ཐུགས་ཞིབ་དང་དཔྱད་པ་གནང་སྟེ་གསུང་བ་ལས། གང་བྱུང་གསུངས་པས་ཅི་ཕན། དེ་བཞིན་དུ། ང་འགྲོ་བགྱིད་ཡིན། འགྲོ་བགྱི་ཡོད། ཅེས་སོགས་ཀྱང་། ཉིད་ཀྱི་བསམ་ཚུལ་ཙམ་ལས། དམིགས་བསལ་དགོས་པ་མ་མཐོང་། དེ་ནི་ཁ་སྐད་ཀྱི་ཚིག་སྦྱོར་བྱ་ཚུལ་ཡིག་ཐོག་ཏུ་བཀོད་པའི་རིགས་ཡིན་པས། གང་ཐུབ་ཀྱི་སྟབས་བདེ་བྱུང་ན་ལེགས་པ་ལས། བྱ་ཚིག་བགྱི། བགྱིད། བགྱིས།་སོགས་དུས་གསུམ་གྱི་གཟུགས་སོ་སོ་ངེས་ནས་འབྲི་དགོས་པར་བྱེད་ན་མགོ་རྙོག་ཆེ་བར་མཐོང་། གང་ལྟར་ཡང་། དངོས་འབྲེལ་ཐུགས་སྣང་ཡོད་ཚེ་ཁོ་བོའི་དེབ་དེ་ཞིབ་མོར་བཀླགས་ཏེ་དེར་སྐྱོན་སེལ་ལེགས་བཅོས་ཀྱི་དགོངས་འཆར་གང་ཡོད་ཐོ་བཀོད་དེ་ཁོ་བོར་གནང་ཐུབ་པ་བྱུང་ན་དཔར་སྐྲུན་གཉིས་པའི་སྐབས་བསྐྱར་བཅོས་རྒྱ་ཆེ་ཙམ་ཞིག་བྱ་འདུན་ཡོད་པས། དེ་དུས་ངེས་པར་ཕན་ཐོགས་པ་ཞིག་འོང་ངེས་ཤེས་ཞུའོ།།
ཐུབ་བསྟན་སྦྱིན་པ་ལགས། སངས་རྒྱས་དང་། ཆོས་དང་། དགེ་འདུན་ནི་སྐྱབས་སོ། ཞེས་པ་དང་སྒྲ་སྡུད་པ་ལ་འཇུག་པའི་དཔེར་བརྗོད་དུ་འོས་ལ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱིས་གསུངས་སོ། དང་། ཡང་ན། སངས་རྒྱས་དང་། ཆོས་དང་། དགེ་འདུན་སྐྱབས་གསུམ་གྱིས་གསུངས་སོ། དང་སྒྲ་སྡུད་པ་མིན་ཟེར་རམ། ཡང་ན། ནི་སྒྲས་སྡུད་པ་ཡིན་ཞེས་ལབ་དགོས་ཐལ་བ་དང་། ཡང་ན། བྱ་ཚིག་སྦྱར་བ་ཙམ་གྱིས་དང་སྒྲ་སྡུད་ཚིག་ལ་མི་འཇུག་པ་གྱུར་ཟིནད་ཏོ། ཞེས་སྨྲ་དགོས་སོགས་མི་ཐལ་ལམ། ངས་ནི་ཁྱེད་ཅག་སྲོལ་རྒྱུན་དཔེར་བརྗོད་ལ་གོམས་པ་ཆེ་དྲགས་པ་དང་། ཅུང་བློ་གྲོ་གྲོས་གུ་དོག་ཏུ་བཏང་བ་མིན་ནམ། ཡང་། འགྲོ་ བགྱི་ ཡིན། དང་། འགྲོ་ བགྱིད་ ཡོད། ཅེས་པ་ཡང་ཁྱེད་ཀྱིས་ཁས་བླངས་མི་ཐུབ་སྟེ། ཁྱེད་རྣམས་ཀྱིས་བསྒྲིགས་པའི་བོད་ཀྱི་ཁ་སྐད་དང་ཕྱི་རོལ་སོང་བས་མིན་ནམ། གང་ལྟར་ཡང་བོད་ཀྱི་སྤྱི་སྐད་ལ་བསམས་ནས་ངའི་རྩོད་པར་ལན་གནང་བར་ཐུགས་རྗེ་བཀའ་དྲིན་ཆེ་ལགས། ཁྱེད་ཀྱི་ཕྱག་དེབ་ད་ལྟ་ལག་སོན་མ་བྱུང་དེའི་ནང་དོན་སྐོར་ལ་ལེགས་ཉེས་ཞུ་རྒྱུ་མ་མཆིས་ལགས། ལྗགས་རྩོམ་གནང་བ་གོ་བ་ཙམ་གྱིས་རྗེས་སུ་ཡི་རང་ཞུ་རྒྱུ་ལས་མ་འདས་སོ། །
བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ཟེར་ན་སུམ་རྟགས་གཉིས་ཁོ་ན་ལ་གོ་ན་མི་འགྲིག་སྙམ། བོད་ཀྱི་བརྡ་སྤྲོད་ད་ཡོད་ནང་མི་འདྲ་བ་ཁ་ཤས་ཡོད་པ། ༡༽ གནས་བརྒྱད་རྩ་བ། འདི་ལ་རཀ་ར་རིན་པོ་ཆེ་ནས་འགྲེལ་བ་རྒྱས་པར་བརྩམས་ཤིང་། ཁྲིད་པའི་རྒྱུན་བཟང་སྤེལ། ༢༽ སུམ་ཅུ་པ། འདི་ལ་སྔ་ཕྱི་བར་གསུམ་དུ་འགྲེལ་བ་མི་འདྲ་པ་ཤིན་ཏུ་མང་། ༣༽ རྟགས་ཀྱི་འཇུག་པ། ༤༽ སྨྲ་སྒོ་མཚོན་ཆ་འཁོར་ལོ། འདི་དག་ཚང་མ་བརྡ་སྤྲོད་པའི་གཞུང་ལོས་ཡིན། གསུང་བསྒྱུར་ཐུབ་བསྟན་སྤྱིན་པ་ལགས་ཀྱིས་གསུང་པ་ལྟར་དང་སྒྲ་འདི་སུམ་འགྲེལ་མང་པོ་ཞིག་ན། དང་ནི་འབྱེད་སྡུད་རྒྱུ་མཚན་དང་།། ཚེ་སྐབས་གདམས་ངག་ལྔ་ལ་འཇུག། གསུངས་ཡོད་ན་ཡང་། གསེར་ཏོག་སུམ་འགྲེལ་ལྟ་བུ་ན། ལྔ་བོ་དེར་མ་འདུས་པའི་དང་སྒྲ་ངོས་བཟུང་པ་འདི་ལྟར། ༼ཚེ་སྒྲ་དང་དོན་གཅིག་པ་ཡོད་དེ། དཔེར་ན་ཆོས་ཉན་པ་དང་བློ་བསྐྱེད་མང་པོ་རྙེད། དབང་ཡོད་པ་དང་ཀུན་གྱིས་བཏུད། ༽འདི་འདྲ་བཀོད་འདུག ལར་ཕྲད་ཀྱི་རིགས་ལ་ལེགས་བཤད་ལྗོན་དབང་དང་། སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས་སོགས་ན་གྲངས་ཀའི་ངོས་བཟུང་མཛད་ཡོད་ན་ཡང་། ཨ་ཁུ་དམུ་དགེ་སོགས་ཀྱིས་སུམ་རྟགས་གཉིས་དང་། སྨྲ་སྒོ་མཚོན་ཆ་འཁོར་ལོ་སོགས་ན་དངོས་སུ་མ་བསྟན་པའི་ཕྲད་དང་དེའི་འཇུག་ཡུལ་མང་པོ་ཞིག་ཟུར་དུ་བཏོན་པ་དོན་དངོས་ལ་ཡོད་ཡོད་པ་རེད། མེད་པ་ཟབ་འཇུག་བྱས་ན་རྗེས་སུ་ཡི་རངས་ཞུ་རྒྱུ་ལས་མེད། འོན་ཀྱང་ཡོད་པ་ཞིག་བསྒྱུར་བཅོས་གཏོང་པའི་རིགས་ལ་དགེ་མཚན་གང་ཡོད་མེད་ལ་བརྟག་དགོས་པ་ཞིག་སྣང་། ང་ཚོས་འདི་ནས་སྨྲ་སྒོ་ལྡེ་མིག་གི་ཕྱག་དཔེ་མ་མཐོང་པར་དེའི་དགེ་མཚན་བཤད་བསྡད་ན། དེ་ནི་རི་བོང་ར་ཡོད་མེད་པ་ཤེས་པར། དེ་ལ་འདོམ་པ་ག་ཚོད་ཡོད་མེད་རྩོད་པ་དང་གཉིས་སུ་མེད་པ་ལྟ་བུ་ཞིག་ཏུ་སྣང་། ད་ཐེངས་དུས་དབང་སྐབས་སུ་དེབ་དེ་རེག་སོང་ན། རྗེས་ནས་བསམ་ཚུལ་ཞིག་འབུལ་ངེས་ཡིན། སྔར་རིག་གནས་གསར་བརྗེ་སྐབས་སུ་སུམ་རྟགས་གསར་བ་བརྩམས་པའི་ནང་དུ་ངའི་བློ་ངོར་ངེས་པའི་ཚིག་གཅིག་སྟེ། གི་ཀྱི་གྱི་འུ་ཡི་ལྔ་ལས།། རྣམ་དབྱེ་དྲུག་པའི་གི་མ་གཏོགས།། གསར་བརྗེའི་ཆེད་དུ་དོར་བ་ཡིན།། འདི་ལྟར་བོད་ཡིག་སྟབས་བདེ་བཟོས་པ་རེད། ད་ཐེངས་བོད་ཕྱོགས་ནས་བོད་ཡིག་སྟབས་བདེ་བཟོ་རྒྱུ་ཟེར་ན། ཡང་སྔར་གྱི་རྒྱ་ཕྱོགས་ནས་བོད་ཡིག་སྟབས་བདེ་བཟོས་པ་དེ་ཚོ་དྲན་ནས་བློ་བདེ་བོ་ཞིག་མི་འདུག བརྡ་སྤྲོད་དང་རིགས་གཞུང་སྐོར་ལ་དབང་གཅོད་བྱས་ན་བོད་སྤྱི་བ་ལ་གྱོང་རེག་རྒྱུ་རེད། རྒྱ་ཕྱོགས་བོད་ཕྱོགས་སུ་ཡིན་ན་ཡང་གཅིག་པ་རེད་དྲན།།
དཔེར་ན་རྗེ་ཙོང་ཁ་པའི་ལེགས་བཤད་གསར་ཕྲེང་ན། གང་ལ་ན། གང་གིས་ན། གང་ན། ཇི་ལྟར་ན། སོགས་མང་པོ་ཞིག་ཡོད་པ་དེ་དག་ནི་གནས་བརྒྱད་རྩ་བའི་བརྡ་སྤྲོད་ཀྱི་འགྲོས་ཡིན་པ་ལས། སུམ་རྟགས་དང་། སྨྲ་སྒོ་མཚོན་ཆ་སོགས་ཀྱི་བརྡ་སྤྲོད་ཀྱི་འགྲོས་མ་རེད་ཅེས་བདག་གིས་སྤོབས་པ་ཆེན་པོས་སྨྲ་སྤོབས་སོ།
ཨོ། དེ་རིང་ཐུབ་བསྟན་སྦྱིན་པ་ལགས་སྐུ་དངོས་སུ་ཕེབས་འདུག་པར་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་རང་དངོས་སུ་འདིར་ཕེབས་པས་ངའི་ལག་པ་འཛིན་ཐུབ་མ་སོང་། སྐུ་ཉིད་ཀྱི་དེབ་དེ་གང་འཚམས་ཤིག་ཀློག་པ་ཡིན། གསར་གཏོད་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་བསྔགས་བརྗོད་ཡོད། དེ་དང་མཉམ་དུ། མགོའི་བཅོས་འགྱུར་ཟེར་བ་ནས་བཟུང་སྟེ་ཡིག་ནོར་དང་། ཕྱི་རྒྱལ་གྱི་མིང་བོད་ཡིག་ནང་འབྲི་སྟངས། འཇུག་པ་གསར་པའི་རིགས་ལ་མིང་འདོགས་སྟངས། དབྱེ་བ་འབྱེད་སྟངས་སོགས་ལ་བསམ་ཚུལ་ཡང་གང་མང་ཞིག་འདུག རབ་ཡིན་ན་ཁྱེད་དང་དངོས་སུ་ཐུག་ནས་ཁ་བརྡ་བྱེད་པར་སྤྲོ། འུ་གཉིས་གྲོང་ཁྱེར་གཅིག་ཏུ་ཡོད་པ་རེད། དེ་མིན་དུས་ཚོད་ཡོད་སྐབས་སུ། དྲ་ཐོག་འདི་རང་ཐོག་བགྲོ་གླེང་བྱས་ནའང་མ་འགྲིགས་པ་མི་འདུག ང་ཚོའི་བརྡ་སྤྲོད་ཀྱི་གཞུང་དེ་ཕུན་སུམ་ཚོགས་སུ་གཏོང་བ་དང་ཁྲིད་ཐབས་ལ་བཅོས་སྒྱུར་བྱེད་དགོས་པའི་དགོངས་ཚུལ་བཏོན་པ་ཡིན་ན་དེ་ལ་ཡོངས་སུ་རྒྱབ་སྐྱོར་བྱེད་ཐུབ་པ་ཞིག་རེད། ཡིན་ནའང་། བརྡ་སྤྲོད་ལ་བཅོས་སྒྱུར་བྱེད་དགོས་གསུངས་པ་དེ་མགོ་ཚོས་མ་སོང་། བརྡ་སྤྲོད་ཀྱི་ཁྲིད་ཐབས་དང་འབྲི་ཐབས་ལ་ཇི་ལྟར་འགྱུར་བ་བཏང་ནའང་། དང་སྒྲ་དང་ནི་སྒྲ་ལ་སོགས་པའི་ཕྲད་རྣམས་སྔར་བཞིན་ཡོང་རྒྱུ་ཡིན་པར་བརྟེན་དེ་ནི་བརྡ་སྤྲོད་ཀྱི་འགྱུར་བ་ཞིག་ཏུ་བསམ་དཀའ་འོ། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་དེ། གནའ་ནས་ད་བར་གྱི་བོད་ཀྱི་མཁས་དབང་རིན་བྱོན་རྣམ་པས་གསར་རྙེད་དང་ཁ་གསབ་ཡང་ཡང་བྱས་པ་ལ་བརྟེན་ཕུན་སུམ་ཇེ་ཚོགས་ནས་ཇེ་ཚོགས་སུ་ཕྱིན་ཏེ་ད་ལྟ་ང་ཚོའི་མདུན་དུ་ཡོད་པའི་བརྡ་སྤྲོད་ཀྱི་གཞུང་དེ་དག་གྲུབ་པ་རེད། ད་ལྟ་ད་རུང་ཁ་གསབ་བྱེད་རྒྱུ་ཡོད་པར་མཐོང་། དཔེར་ན། མ་མི་མིན་མེད་སོགས་དགག་ཕྱོགས་ལ་འཇུག་པ་རྣམས་བརྡ་སྤྲོད་དུ་བཅུག་ཡོད་ནའང་། དེའི་ལྡོག་ཕྱོགས་ཏེ་སྒྲུབ་ཕྱོགས་སམ་བདེན་པར་འཇུག་པའི་ཡིན་ཡོད་རེད་སོགས་ཁྱེད་ལྟར་ང་ཚོ་ལ་མེད་པ་དེ་དག་ངེས་པར་ཁ་གསབ་བྱ་དགོས་པར་མཐོང་། གཞན་ན་སོགས་འཇུག་ཡུལ་གསར་པ་ཡིན་པར་བརྗོད་པ་ནི་དེ་ལྟར་མ་ཡིན་ནོ། ཁྱེད་རང་ནས་སྔོན་རབས་ཀྱི་བོད་ཀྱི་བརྡ་སྤྲོད་གཞུང་གང་འཚམས་ཤིག་ཀློག་འདུག་པར་དགའ་བ་སྒོམ་བཞིན་དུ་ཡོད་ཀྱང་། བོད་ནང་གི་མཁས་དབང་དུང་དཀར་ཚང་། ཚེ་ཏན་ཞབས་དྲུང་ཚང་། དམུ་དགེ་བསམ་གཏན་ཚང་། མཁྱེན་རབས་འོད་གསལ། དོར་ཞི། གསུང་རབ་རྒྱ་མཚོ། བཀྲ་ཤིས་དབང་འདུས། ཧོར་ཁང་སོགས་ཀྱིས་མཚོན་པའི་མཁས་དབང་ཆེས་མང་པོ་ཞིག་ནས་བརྡ་སྤྲོད་དང་འབྲེལ་བའི་དེབ་དང་རྩོམ་གྲངས་ཀྱིས་བགྲང་དཀའ་བ་ཞིག་བྲིས་ཤིང་། དེའི་ནང་གསར་པ་ཁ་གསབ་ཀྱང་མང་པོ་ཞིག་གནང་ཡོད་པ་དེ་དག་ད་རུང་གཟིགས་མེད་ཚོད་དུ་འདུག་ན་ད་དུང་ལྟ་རྒྱ་ཐོས་རྒྱ་བསྐྱེད་དགོས་སའང་ཡོད་ཡོད་འདྲ།
དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་འདིར་ཕེབས་པར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ཁ སྔོན་སློབ་དགེ་ཞིག་གི་ཕྱག་ནས་ཁྱེད་ཀྱིས་བརྩམས་པའི་དེབ་དེ་མཇལ་རྒྱུ་བྱུང་ཞིང་གང་འཚམས་ཤིག་ཀྱང་བཀླགས་ཟིན། ངས་བསམ་ངོར་འདི་འདྲ་ཞིག་དྲན་བྱུང་སྟེ། བོད་ཀྱི་སྐད་ལ་བྱང་ཆ་ཡོད་མཁན་ཞིག་ཡིན་ཕྱིན་བརྡ་སྤྲོད་ཀྱི་རྣམ་གཞག་དེ་སྔ་ཡོད་པ་དེས་མ་འཐུས་པ་མི་འདུག་སྙམ། ལར་ནས་བོད་སྐད་གཏན་ནས་མི་ཤེས་མཁན་ཞིག་ལ་མཚོན་ན་འདིས་ཕན་ཐོགས་ཤིག་ཡོད་ངེས་རེད། ད་ལྟ་རང་རེའི་ན་གཞོན་ཚོར་མཚོན་ན་རང་ཉིད་ཀྱིས་བརྡ་སྤྲོད་ལ་སྦྱང་བརྩོན་བྱེད་མིན་གཙོ་བོ་ཡིན་པ་ལས་ཁོང་ཅག་གིས་བརྡ་སྤྲོད་ཀྱི་འགྲོ་སྟངས་མི་ཤེས་པ་དེ་གཞུང་ལུགས་ཀྱི་ཞན་ཆ མ་རེད་སྙམ། ད་ལྟའི་བོད་ཀྱི་སློབ་གྲྭ་ཁག་གི་འཛིན་རིམས་བཅུ་གཅིག་པའི་སློབ་དེབ་ནང་དུ་མཁས་དབང་ཐུབ་བསྟན་མཆོག་གྲུབ་ལགས་ཀྱིས་མཛད་པའི་བརྡ་སྤྲོད་ཀྱི་སློབ་ཚན་༼དབྱིན་ཇིའི་བརྡ་སྤྲོད་ལ་དཔེ་བླངས་པ་༽ཞིག་འདུག་པ་དེ་ཡང་ལོ་བཅུར་བོད་ཡིག་སྦྱངས་ཟིན་པའི་བོད་པ་ཞིག་ལ་མཚོན་ན་སྦྱོང་མི་དགོས་པའི་སློབ་ཚན་ལྷག་མ་ཞིག་རེད། དཔེར་ན་ ང་འགྲོ་ ཟེར་བ་ལྟ་བུར་མཚཽན་ན་ མིང་རྐྱང་ ང་ སྔོན་དང་ བྱ་ཚིག་ འགྲོ་ རྗེས་ལ་སྦྱོར་དགོས་པ་ལྟ་བུའི་བཤད་པ་ཤིན་ཏུ་མང་པོར་འདུག་པ་དེ་ཚོ་བོད་སྐད་ཡག་པོ་ཤེས་མཁན་ཞིག་ཡིན་ཕྱིན་རང་བཞིན་གྱིས་ཤེས་པ་དང་མི་ནོར་བ་ཞིག་རེད། དེ་རིང་དུས་ཚོད་ཀྱིས་རྐྱེན་པས་དེ་ཙམ་ཡིན། སྐུ་ཉིད་དངོས་སུ་དྲྭ་ཐོག་ཏུ་ཕེབས་ཐུབ་པར་དགའ་བོ་བྱུང་བར་མ་ཟད་རང་རེའི་རིག་གཞུང་ལ་སྲི་ཞུ་བླ་མེད་ཞུ་པའི་སྙིང་སྟོབས་ལ་མངོན་པར་བསྟོད་དོ། ཁ་དྲོ་བཀྲ་ཤིས།
ད་རུང་བསམ་ཚུལ་མི་མཐུན་ས་གཅིག་འབྲི་ཆོག་པ་གྱིས། ཁྱེད་རང་གི་བརྡ་སྤྲོད་གསར་པ་དེ་འབྲི་དགོས་པའི་དམིགས་ཡུལ་གཙོ་བོ་གཅིག བརྡ་སྤྲོད་དེ་ལ་བརྟེན་ནས་སློབ་མ་ཚོའི་འབྲི་རྩལ་ཡར་རྒྱས་འགྲོ་བའི་རེ་བ་ཡོད་གསུངས་འདུག་ཀྱང་། ངས་ཁྱེད་ཀྱི་དེབ་ཀྱི་མགོ་མཇུག་གང་དུའང་སློབ་མ་ཚོའི་འབྲི་རྩལ་ལ་ཕན་ཐོགས་ས་ཞིག་མཐོང་མ་སོང་། སློབ་མ་ཚོའི་འབྲི་རྩལ་ཡར་རྒྱས་འགྲོ་མིན་དེ་བརྡ་སྤྲོད་ཀྱི་གཞུང་དཀའ་སླ་ལ་ཐུག་པ་ཞིག་མིན་པར་གཙོ་བོ་དགེ་རྒན་གྱིས་སློབ་མ་ལ་འབྲི་རྩལ་གྱི་སྦྱོང་བརྡར་ལེགས་པོ་ཞིག་སྤྲད་མིན་ལ་ཐུག་པར་འདོད། ང་ཚོའི་སྲོལ་རྒྱུན་ལྟར་ན། དགེ་རྒན་གྱིས་གཞུང་བཤད་ཟབ་མོ་མང་པོ་ཞིག་གནང་གནང་ནས། སློབ་མ་ལ་འབྲི་སྦྱོང་མང་ཞིག་བྱེད་འཇུག་རྒྱུ་དེ་གཙོ་བོར་མི་འཛིན་པ་དེ་ལ་ཐུག་པར་འདོད། བོད་ནང་ལ་མཚོན་ན། ས་ཆ་མང་པོ་ཞིག་ནང་། འཛིན་རིམ་བཞི་པ་དང་ལྔ་པའི་ནང་བཅད་ལྷུག་གང་རུང་གི་རྩོམ་འབྲི་མཁན་མང་པོ་ཞིག་འབྱུང་བཞིན་པ་མ་ཟད་འགའ་རེའི་རྩོམ་རྩལ་ཚད་མཐོན་པོར་སླེབས་འདུག ང་རང་ཡོང་སའི་གྲོང་གསེབ་དེའི་སློབ་ཆུང་ནང་ཡང་རྩོམ་འབྲི་ཐུབ་མཁན་གྱི་སློབ་མ་སྐོར་ཞིག་འདུག་པ་མ་ཟད་རྩོམ་ཡིག་དུས་དེབ་ཅིག་ཀྱང་འདོན་བཞིན་མཆིས། བོད་ཀྱི་དགེ་རྒན་རྣམ་པ་ཚོས་རང་ཉིད་ཀྱིས་གོ་བདེ་ཁ་གསལ་ཉུང་ཉུང་ཞིག་ཤོད། སློབ་མ་ཚོར་མང་པོ་ཞིག་འབྲི་ཆུག ལ་དོན་གྱི་ཕྲད་ལ་མཚོན་ན། དེ་སློབ་སྐབས། འཇུག་ཡུལ་རེ་རེ་བཞིན་སློབ་མ་ཚོར་དཔེ་བརྗོད་མང་པོ་ཞིག་འབྲི་ཆུག དེ་ལེགས་པར་ཤེས་པ་དང་། འཇུག་ཡུལ་རེ་རེར་ཚིག་སྦྱོར་སྙན་ཆ་ཅན་གྱི་དཔེ་བརྗོད་འབྲི་ཆུག དེ་ཤེས་པ་དང་། འཇུག་ཡུལ་སོ་སོའི་དཔེ་བརྗོད་ཚིགས་སུ་བཅད་པའི་ནང་འབྲི་ཆུག དེ་ཤེས་པ་ཡིན་ན་ཁྱེད་རང་གིས་ཁོང་ཚོར་ལ་དོན་སློབ་དགོས་པའི་དགོས་པ་འགྲུབ་པ་རེད། ཕྲད་གཞན་པ་ཚོ་ཡང་དེ་ལས་མ་འདས། དེ་མིན་གཞུང་བཤད་རྐྱང་རྐྱང་བརྒྱབ། སི་ཏུའི་ལུགས བྲ་ཏིའི་ལུགས། ཅིག་ཅིག་ཉིག་ཉིག་གི་ལུགས། རྟ་ལ་རྩྭ་བྱིན་གཅིག་པོའི་ཐོག་གཉིས་པ་ཡིན་དང་བཞི་པ་ཡིན་མཁས་བཤད་བརྒྱབ་ནས་ཉི་མ་བཏང་། འཇུག་ཡུལ་རེ་རེའི་མཚན་ཉིད་བློ་འཛིན་བྱས་ནས་འགྲོ་དགོས་ན་སློབ་མ་ཚོར་དཀའ་ལས་ཁག་པོ་འབྱུང་རྒྱུ་མ་ཟད་ཐ་མ་ཚིག་གྲུབ་གཅིག་ཀྱང་འབྲི་མི་ཤེས་པ་ཆགས་ཀྱི་རེད། ཕྲད་སློབ་པའི་དམིགས་ཡུལ་ག་རེ་རེད་ཟེར་ན། ཕྲད་བེད་སྤྱོད་གཏོང་ཤེས་པའི་ཆེད་རེད།
དྲ་གྲོགས་ཚོས། འདིར་རང་གིས་གང་ཤེས་བོད་སྐད་སྐོར་ལ་འབྲི་ཤོད་གནང་བ་བློ་ངོར་དགའ་བདེ་ཆེན་པོ་ཤར་བྱུང་ལ། ང་ནི་ཁྱེད་རྣམས་ཀྱི་ཚིག་འབྲུ་རེ་རེ་གཉིས་གཉིས་ལ་སོ་སོར་ཕྱེ་ནས་བློ་སྐྱེད་གསར་པ་འཚོལ་ཞིན་ཡོད་པས་ད་དུང་མང་ཙམ་རྩོད་ཅིག དེ་ལས་མང་ཙམ་བགྲོ་གླེང་གནང་རོགས་གནོངས། ད་བོད་སྐད་ལ་འཆི་སྐྱོན་མི་ཡོང་ལ། བོད་གཞིས་བྱེས་གཉིས་འཛོམས་དུས་སྐྱིད་པའི་ཉི་མ་དེ་རང་སྐད་རང་ལ་མཛད་སྒོ་ཚུགས་ཐུབ་པར་ངེས་སོ། དགེའོ། ཡུལ་ལུང་ཀུན་ཏུ་དགེའོ། དུས་ཀུནད་ཏུ་དགེའོ། །རྒྱལ་ལོ། རྒྱལ་ལོ། སློབ་དཔོན་ཐུ་མི་སྲིད་མཐའི་བར་དུ་རྒྱལ་ལོ། །
ང་ཚོ་ལྐུག་པའི་ཨུ་ཚུགས་རྒྱབ་ནས་སྔོན་མ་དེ་འདྲ་ཡོད་རེད། ད་ལྟ་ཡང་དེ་འདྲ་རང་འགྲོ་དགོས་ཤེ་ལབ་ན་འགྲིགས་ཀྱི་མི་འདུག་སྙམ། རྒན་ཐུབ་བསྟན་སྦྱིན་པའི་དམིགས་ཡུལ་གཙོ་བོ་དེ་བོད་ཀྱི་བརྡ་སྤྲོད་པའི་གཞུང་དེ་ཡར་རྒྱས་སུ་གཏོང་ནས་དེང་རབས་དང་མཐུན་པ་ཞིག་བྱུང་ན་གཞོན་སྐྱེ་ཚོར་ཕན་ཐོག་ཅིག་འདུག་དགོངས་ཀྱིན་ཡོད་པ་དང་གཅིག གཉིས་ནས་དེང་གི་བོད་ཕྲུག་ཚོས་བོད་ཡིག་དེ་སྐད་ཡིག་གཞན་ལས་ཤེས་དཀའ་བ་དང་མགོ་རྙོག་ཆེ་བ་འདུག་ཅེས་ལབ་ཀྱིན་ཡོད་དུས། རྒན་ལགས་མཆོག་དབྱིན་བོད་གཉིས་ཀྱི་སྐད་ཡིག་ལ་བྱང་ཆུབ་པ་ཡིན་པས་ཉམས་མྱོང་ཐོག་ནས་དཀའ་ངལ་དེ་སེལ་རྒྱུའི་ཐབས་ལམ་ཞིག་གཟིགས་ཏེ། དཀའ་ངལ་དེ་སེལ་བའི་ཆེད་དུ་དབྱིན་ཡིག་གི་བརྡ་དག་ནང་བཞིན་བཟོ་ཐུབ་མིན་རྟོག་ཞིབ་སྔོན་ལ་གནང་ཏེ་བཟོ་ཐུབ་པའི་ངེས་པ་རྙེད་དེ་དེབ་དེ་དག་བཟོས་པ་རེད། ངེད་བསམ་ཚུལ་ནི་རིགས་ལམ་ལ་སྦྱངས་པ་ཡོད་པའི་དགེ་བཤེས་དང་རབས་འབྱམས་པ་ཚོར་སུམ་རྟགས་སྦྱོང་རྒྱུ་དང་ཤེས་རྒྱུ་ལ་དཀའ་ངལ་མེད་ཀྱང་སློབ་ཚན་ལྔ་དྲུག་ལ་སྦྱོང་དགོས་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་ཐབས་ཤེས་གཞན་ཞིག་སྟོན་མ་ཐུབ་ན་མ་འོང་པའི་མི་རབས་རྗེས་མ་ཚོར་དཀའ་ངལ་ཆེན་པོ་ཞིག་འཕྲོད་ངེས་འདུག་པས་རྒན་ཐུབ་བསྟན་སྦྱིན་པའི་ལས་འཆར་དེ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྒན་ཐུབ་བསྟན་སྦྱིན་པ་ལགས་ཀྱི་དེབ་རེག་མ་སོང་མོད། རྩ་བས་དེ་འདྲ་ཞིག་མཛད་དགོས་པ་ལྷག་བསམ་གྱིས་ཀུན་ནས་བསླངས་པ་ཡིན་པར་ཡིད་ཆེས་དང་ཡི་རང་ཞུ་ད་ཞུ། གོང་དུ་གཅིག་གིས་གསུངས་པ་ལྟར་ཡིན་ཡོད་རེད་འདུག་སོགས་ཁ་གསབ་དགོས་ཚུལ་གསུངས་པ་དེ་ཡང་བདེན་པ་རེད། དེ་མིན་དང་སྒྲ་དང་ན་སྒྲའི་སྐོར་དེ་ཚོ་རྩ་བའི་གཞུང་ན་མེད་པ་ཙམ་ལས་འགྲེལ་བ་ཕྱི་མ་དག་གིས་མང་པོ་ཞིག་ཁ་བསྐངས་ཟིན་ཡོད་པས་གླེང་དགོས་དོན་ཅང་མི་འདུག་སྙམ། གཙོ་བོ་སློབ་མ་ཚོའི་བརྡ་སྤྲད་ཀྱི་རྨང་གཞི་ཡག་པོ་ཞིག་ཆགས་མ་ཆགས་དེ་རེད། སྤྱིར་བཏང་སློབ་གྲ་ཁག་ནང་ལེགས་བཤད་ལྗོན་དབང་ལྟ་བུ་བསྐྱར་ཁྲིད་ཡང་ཁྲིད་བྱེད་ཀྱིན་འདུག་མོད། ཕྲད་དང་རྣམ་དབྱེའི་སྐོར་དེ་འཛིན་གྲ་བཞི་བ་ལྔ་བ་ནས་དེ་ལས་མཐོ་བའི་འཛིན་གྲ་ཚང་མར་དཀྱུས་གཅིག་ཏུ་ཁྲིད་སྟངས་གཅིག་བྱས་ནས་ཁྲིད་པ་མ་གཏོགས་ཕྲུ་གུ་ཚོའི་བསམ་བློའི་གནས་ཚད་ལ་དཔག་པའི་དབྱེ་བསེས་ཤིག་བྱེད་ཀྱི་མེད་པ་འདྲ། ལོ་བཅུ་གཉིས་བཅུ་གསུམ་ཅན་གྱི་བྱིས་པ་ཚོར་རྣམ་དབྱེའི་གོ་དོན་དང་ཁྱད་པར་སོགས་རྒྱས་བཤད་བྱེད་པ་ལྟ་བུས་མགོ་ཉོག་བཞིན་ཡོད། རྒན་གྱིས་ནག་པང་ལ་བྲིས་ནས་བཤུ་རུ་བཅུག བློར་འཛིན་བཅུག ཡིག་རྒྱུགས་སྐབས་དེ་རང་འཇགས་འབྲི་འཇུག་པ་ལྟ་བུས་ས་རྒྱ་གང་ཡང་ཆོད་མི་ཐུབ་པ་གསལ་བོ་རེད། དེ་ལས་ན་ཚོད་ལ་དཔག་པའི་འཁྲིད་ཐབས་གསར་པ་ཞིག་དགོས་གལ་ཆེན་པོར་མཐོང་། དེ་བཞིན་བརྡ་སྤྲོད་ཡང་བཤད་བསྐྱར་བཤད་ལས་བརྡ་དག་དེ་ཙམ་གལ་ཆེན་པོར་འཛིན་གྱི་མེད་པའི་བཟོ་འདྲ་མཐོང་སོང་། བརྡ་དག་གི་རྨང་གཞི་ཞན་པའི་སློབ་ཕྲུག་ཚོར་ལེགས་ལྗོན་ཐེངས་ཅི་ཙམ་ཁྲིད་ཀྱང་བློ་བསྐྱེད་ཅིག་ཁག་པོ་རེད་འདོད། དང་པོ་བརྡ་དག་གི་རྨང་གཞི་སྲ་ཐག་ཐག་གཅིག་ཡོད་ན་དེ་ནས་ཕྲད་དང་རྣམ་དབྱེའི་འགྲོ་སྟངས་སོགས་རིམ་པས་ངོ་སྤྲོད་བྱས་ན་ལས་སླ་བར་སེམས། གང་ལྟར་ཁྲིད་ཐབས་གསར་པ་་དང་དེ་ཡང་སློབ་མའི་ན་ཚོད་དང་བསམ་བློའི་གནས་ཚད་ལ་དཔགས་ནས་སློབ་ཚན་བཟོ་རྒྱུ་གལ་ཆེན་རེད་སྙམ། དེ་མིན་བསམ་བློ་མ་སྨིན་མ་སྨིན་ལ་མི་ལྟ་བར་ཕྲུ་གུ་ཚོར་རྣམ་དབྱེ་སོགས་དང་དེ་ནས་ནང་ཆོས་སྐོར དེ་བཞིན་རྒྱལ་རབས་སོགས་བཤད་བསྡད་ན་མགོ་འཐོམ་ནས་སྦྱང་འདུན་ཡང་རང་ཡལ་དུ་འགྲོ་བཞིན་ཡོད་ལ བོད་ཡིག་ཟེར་དུས་གོ་རྒྱུ་ཅང་མེད་པའི་ཧ་ཅང་གི་དཀའ་ལས་ཁག་པོ་ཅན་ཞིག་ཚོར་གྱི་འདུག
གོང་གི་མགོན་པོ་ཕྱག་གཉིས་པས་གསུངས་པ་དེ་ཚོ་ཧ་ཅང་ཡག་པོ་འདུག ཉམས་མྱོང་ཅན་གྱི་གསུང་རང་རེད་འདུག་མོད། བོད་ནང་འཛིན་གྲ་བཞི་བ་ལྔ་བའི་ནང་རྩོམ་འབྲི་མཁན་འདུག་ཅེས་པ་སྔོན་ཆད་དེ་འདྲ་མང་པོ་ཡོད་བདེན་པ་རེད། དེ་དུས་ཀྱི་འཛིན་གྲ་བཞི་བ་ལྔ་བའི་སློབ་མའི་ལོ་ཚད་ཅུང་ཆེན་པོ་རེད། ད་ལྟ་དེ་འདྲ་ཅུང་ཁག་ཏུ་ཕྱིན་ཡོད་ངེས། སྤྱིར་བཏང་ད་ལྟའི་དམིགས་བསལ་སློབ་གྲ་དང་འཛིན་གྲ་རེ་ཟུང་ཕུད་པའི་གཞན་འཛིན་གྲ་བཞི་བ་ལྔ་བའི་སློབ་ཕྲུག་ཕལ་ཆེར་ལོ་བཅུ་གཅིག་ནས་བཅུ་གཉིས་བར་དེ་འདྲ་རེད། བྱིས་པ་ལོ་བཅུ་གཅིག་བཅུ་གཉིས་ཅན་ཞིག་གིས་རྩོམ་འབྲི་ཐུབ་རྒྱུ་ཕར་ཞོག སྐད་ཆ་མགོ་སྔ་ཚང་བ་ཞིག་ཀྱང་ཁག་ཚོད་རེད་མོད། དེ་ཚོ་ལ་རྣམ་དབྱེའི་མཚན་ཉིད་དང་ཁྱད་པར མཁས་པ་གཞན་གྱི་འདོད་ཚུལ་སོགས་བཤད་བཞིན་ཡོད་པ་རེད། ད་དུང་བདེན་པ་བཞིའི་སྐོར་སོགས་ཀྱང་ཡོད། དེའི་རྐྱེན་གྱིས་བྱིས་པ་ཚ་མགོ་འཐོམ་གྱི་འདུག་ལ་ཁག་ཀྱང་ཅི་ཡོད། དང་པོ་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་ཅི་ལྟར་བཟོ་དགོས་པ་དང་དེ་ལ་སློབ་ཚན་གྱི་ཚད་གཞི་གང་འདྲ་ཞིག་ དང་ཁྲིད་ཐབས་གང་འདྲ་ཞིག་དགོས་མིན་གཙོ་བོ་རེད། ཕྱི་རྒྱལ་སྐད་ཡིག་གི་སློབ་ཚན་ལ་དཔེ་བླངས་ནས་ང་ཚོའི་སློབ་ཕྲུག་ཚོར་ཡང་ཁ་ཡོད་ལག་ཡོད་ཀྱིས་ཕན་པའི་སློབ་ཚན་གསར་པ་གཏན་འབེབས་བྱེད་དགོས་འདུག
རྒན་ཐུབ་བསྟན་སྦྱིན་པ་ལགས་ཀྱི་དེབ་དེ། དྲ་ཐོག་ནས་ཚར་གཅིག་ཀློག་རྒྱུ་བྱུང་ནའང་འགྲིག་ག གང་ལྟར་ང་ཚོ་བོད་རིགས་ཚོ་ལ་སྨན་པའི་ཆེད་ཁོང་གིས་སྙིང་ནས་བརྩམས་གནང་བ་ཞིག་ཡིན་ཚེ། གང་མགྱོགས་དྲ་ཐོག་ཏུ་བཞག་རོགས་ཞུ།
དྲ་གྲོགས་ཡོངས་ལ་མཚམས་འདྲི་ཞུ། ངེད་བོད་ཚང་ནི་དོགས་བཅད་བྱེད་རྒྱུ་ལ་ཧ་ཅང་དགའ་པོ་ཡོད་པ་རེད། སྐབས་རེ་དོགས་དཔྱད་བྱེད་དགོས་ས་ལ་བྱེད་མ་ཐུབ་པ་རྨོངས་དད་ཀྱི་དྲ་བའི་ནང་ཚུད་དེ་རྗེས་ལུས་ནང་ནས་རྗེས་ལུས་སུ་གྱུར་ཏེ་དཀའ་ངལ་ནང་ཚུད་པ་ཡང་བྱུང་ཡོད། ནང་ཆོས་སོགས་ཀྱི་གཞུང་ཆེན་མོ་ཁག་ལ་དོགས་དཔྱད་མང་པོ་བྲིས་ཐུབ་པའི་དྲིན་ལས་གཞུང་ཆེན་ཁག་གི་བརྗོད་བྱ་དྲི་་མ་མེད་པ་ཡང་དག་པ་ཞིག་ཆགས་ཏེ་དེ་དག་ལ་དགའ་པོ་བྱེད་མཁན་མང་དུ་ཕྱིན་པ་ལ་བརྟེན་ནས་དེང་སྐབས་དཀའ་ངལ་ལས་གྲོལ་རྒྱུའི་རེ་བ་ཡང་འཆར་བཞིན་ཡོད། དེ་བཞིན་བོད་མཁས་པ་ཚོས་བརྩམས་པའི་སུམ་རྟགས་འགྲེལ་བ་ཡང་མང་མ་དྲག་ཀྱང་ཉུང་མ་དྲག་པའི་ཚད་དུ་སླེབས་ཡོད། ད་ནི་སུམ་ཅུ་པའི་བསྟན་བྱ་གཙོ་བོ་ཕྲད་རྣམ་དབྱེ་དང་། རྟགས་འཇུག་གི་བསྟན་བྱ་གཙོ་བོ་བདག་གཞན་དུས་གསུམ་སོགས་གང་ལ་འཇུག་པ་དང་གང་ལ་མི་འཇུག་པའི་ཚུལ་ལ་དོགས་པ་དཔྱད་བྱས་ཏེ་མ་བཞུགས་པ་དེ་དག་ངོ་སྤྲོད་བྱེད་སྟངས་སམ་སློབ་འཁྲིད་བྱེད་སྟངས་གང་འདྲ་བྱེད་དགོས་མིན་ཐོག་དགོངས་འཆར་གནང་མཁན་ཡོད་ན་ཡག་པོ་འདུག་སྙམ། རྒན་ཐུབ་བསྟན་སྦྱིན་པའི་གསུང་པ་དེ་ལས་ལྷག་པ་དང་ཁ་གསལ་པ་སྤུས་དག་པ་གསུང་རྒྱུ་ཡོད་པའི་སུམ་རྟགས་མཁན་པོ་སུ་ཡོད་ནའང་ད་ལན་གསུང་པའི་དུས་རེད། གཞན་བོད་ནས་རྩོམ་ཡག་པོ་འདུག་ཟེར་བ་དང་རྒྱ་གར་ནང་གི་བོད་རྩོམ་སྙན་པོ་མི་འདུག བརྗོད་བྱ་བརྗོད་བྱེད་ལ་སྐྱོན་འདུག་ཅེས་ལབ་རེས་བྱས་ཏེ་བསྡད་པས་སྐབས་དོན་སྒྲུབ་བྱ་ལ་ཕན་ཐོག་གང་ཡང་མེད་པ་མ་ཟད་དངོས་སུ་ལས་ཀ་བྱེད་མཁན་ཚོའི་སེམས་ཤུགས་གཅོག་ཉེས་ཡོད་པ་རེད། ད་ལན་དགོངས་པ་བཞེད་ས་གཙོ་བོ་དེ་བོད་ཡིག་སྦྱོང་རྒྱུར་སྤྲོ་བ་མེད་བསྡད་པ་དང་། བོད་ཡིག་ལ་དོ་སྣང་མེད་བསྡད་པའི་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པ་དང་བྱེད་པ་འགྱུར་བའི་བོད་ཕྲུག་ཚོའི་ཐོག་དགོངས་པ་གཙོ་བོ་བཞེད་དེ་བཀའ་མོ་གནང་དགོས་པར་འདོད།
བདེན་པ་རེད། མི་དགོས་པའི་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རིས་རྩོད་ས་ཞིག་ཡིན་ན་གཅིག་ཤོར་གཉིས་ཤོར་རེད། ད་ལྟ་བཙན་བྱོལ་ནང་གི་སློབ་ཕྲུག་ཚོའི་བོད་ཡིག་གི་གནས་བབས་ཧ་ཅང་ཉག་ཕྲ་བར་གྱུར་ཡོད་པ་དངོས་ཡོད་གནས་ཚུལ་རེད་ལ་བཙན་བྱོལ་བའི་མི་ལོ་ལྔ་བཅུའི་རིང་གི་འཐུས་ཤོར་ཆེན་པོ་ཞིག་ཀྱང་རེད། འདི་འདྲའི་བརྗོད་གཞི་རིགས་ལ་དོ་སྣང་བྱེད་མཁན་དང་དགོངས་འཆར་སྤེལ་མཁན་ཡང་ཧ་ཅང་ཉུང་ཉུང་རེད།
བོད་ཀྱི་བརྡ་སྤྲོད་དང་རྩོམ་བྲིས་ལ་ཐུགས་དབྱིངས་ཡོད་པའི་སྐལ་མཉམ་བློ་མཐུན་རྣམས་ལ། འདིར་གསལ་བཤད་ཞུ་རྒྱུ་འགའ་ཤས་ཞིག་ལ། ཁོ་བོའི་དེབ་འདི་ལྡི་ལི་མན་ཇུ་ཊི་ལའི་དེབ་ཚོང་ཁང་ཁང་པ་གསར་གྲས་ས་འོག་ལ་ཡོད་པ་བོད་ནས་ཐོན་པའི་དཔེ་ཆ་མང་པོ་ཡོད་པ་དེར་ཚོང་བཅོལ་འགའ་ཤས་ཡོད་ལགས། དེ་མིན་དགའ་ལྡན་ཤར་རྩེའི་དཔེ་མཛོད་ལའང་ཡོད། ༌ ཀརྡོ་ཕྱག་གཉེར་ལགས་ནས། ཕ་མ་དང་མཇལ། ཐུགས་དང་འགལ། ཞེས་པའི་དང་སྒྲ་ད་དུང་ཡང་ཨུ་ཚུགས་ཀྱིས་འབྱེད་སྡུད་ཀྱི་འཇུག་ཚུལ་རེད་གསུངས་པ་ལ། ཕྲད་ཀྱི་རིགས་ལ་སྤྱིར་འཇུག་ཚུལ་ཐ་དད་ཡིན་མིན་ནི། སྐད་ཡིག་གཞན་ཞིག་ཏུ་ཕར་སྒྱུར་ཐབས་གནང་ན་སླ་པོར་མཁྱེན་ངེས། དཔེར་ན། ཤར་ལ་འགྲོ ཞེས་པ་ ཨཻན་སྐད་དུ་བསྒྱུར་ན། to ཞེས་བསྒྱུར་དགོས་ལ། ཁོ་ལ་ཉོས། ཞེས་རྣམ་དབྱེ་བཞི་པ་ཡིན་ན། for ཞེས་དང་། ནང་ལ་ཡོད། ཞེས་རྣམ་དབྱེ་བདུན་པ་ལ་བཀོད་ན། in ཞེས་དགོས་པས། དེ་རྣམས་བོད་ཡིག་ནང་ཕྲད་གཅིག་ཉིད་བཏབ་མོད། དོན་གྱི་སྦྱོར་ཚུལ་ཐ་དད་ཡིན་པར་གྲུབ་པ་བཞིན། ཕ་དང་མ་གཉིས་འདིར་འབྱོར། ཞེས་པའི་དང་སྒྲ་ལ་ and ཞེས་པ་དགོས་ལ། དེ་ལས་ལྡོག་སྟེ། ཕ་མ་དང་མཇལ། ཞེས་པའི་དང་སྒྲ་ལ་ with ཞེས་པ་དགོས་པས། དོན་གྱི་སྦྱོར་ཚུལ་དེ་གཉིས་གཏན་ནས་མི་འདྲ་བར་ཤེས་ནུས། དེ་ཡང་ཨིན་སྐད་ཙམ་མིན་ཏེ། ཧིན་དི་ལའང་ཚུལ་མཚུངས། དེ་ཡང་འཇམ་མགོན་ས་པཎ་གྱིས། གཞན་ལ་ལྟ་བའི་མིག་ཡོད་ཀྱང་། །རང་ལ་ལྟ་བའི་མེ་ལོང་དགོས། །གསུངས་པ་ལྟར། སྐད་ཡིག་གཞན་ཞིག་གི་ཚིག་སྦྱོར་དང་བརྡ་སྤྲོད་ལ་ལེགས་པོར་གཟིགས་ཐུབ་ན། དེ་མེ་ལོང་གི་ཚུལ་དུ་བྱས་ཏེ་རང་རེའི་བོད་ཀྱི་སྐད་ཡིག་གི་འགྲོས་ལ་བློ་སྐྱེས་དམིགས་བསལ་ཐོབ་སྲིད་པ་ཁོ་བོས་དྲན། ༌་མགོན་པོ་ཕྱག་གཉིས་པ་ལགས་ནས། ཁོ་བོའི་དེབ་ནང་དག་ཆ་མ་དག་པ་ཡོད་ཚུལ་གསུངས་པ་བདེན་པ་ཁོ་བོ་ལ་རྒྱུས་ཡོད་ཅིང་། དེའི་ཞུ་དག་སོ་སོས་ཀྱང་བཏང་སྟེ་ཐོ་བཏབ་ཡོད་ལ། ཆོས་གྲོགས་གཞན་ནས་ཀྱང་ཞུ་དག་གནང་འབྲས་ཀྱི་ཐོ་ཡིག་ཁོ་བོར་གནང་བྱུང་བས། དེབ་འདི་བསྐྱར་བཅོས་ཀྱིས་དཔར་ཐེངས་གཉིས་པ་འདེབས་སྐབས་ངེས་པར་དུ་དག་བཅོས་ཞུ་འཐུས། ༌ སློབ་ཕྲུག་ཚོར་བོད་ཡིག་འབྲི་ཀློག་སློབ་པའི་ཆེད་དམིགས་བསལ་ཕན་ཐོགས་ཡོད་ཚུལ་མ་གཟིགས་གསུངས་པ། དེབ་འདི་ཁོ་བོས་ཕྲུ་གུའི་སློབ་དེབ་ཀྱི་ཆེད་དུ་བྲིས་མེད་པ་དེབ་རང་ཉིད་ཀྱི་སྔོན་གླེང་དུ་གསལ་པོར་ཞུས་ཡོད་པ་ལྟར་ལགས། འོ་ན་ཇི་ལྟར་བོད་ཡིག་སློབ་པར་ཕན་ཞེ་ན། བོད་ཡིག་སློབ་སྟོན་མཛད་པའི་དགེ་རྒན་རྣམས་ནས་བོད་ཀྱི་སྐད་ཡིག་ལ་རང་ཆས་སུ་ཡོད་པའི་བརྡ་སྤྲོད་ཀྱི་གནད་རྣམས་ལག་ལེན་གྱི་སྒོ་ནས་ཁ་གསལ་ཞིང་ཆ་ཚང་བ་ཞིག་ཤེས་ཐུབ་པ་ཞིག་བྱུང་ན། བརྒྱུད་ནས་རིམ་པས་སློབ་ཕྲུག་ཚོར་བོད་ཡིག་སློབ་སྟངས་རྒྱལ་སྤྱིའི་ཚད་དང་མཐུན་པ་ཞིག་རིམ་པས་ཆགས་ཐུབ་པ་ཞིག་འོང་ངེས་པས་དེ་ལྟར་ཕན་སྲིད་སྙམ་པ་དེ་ཡིན། ཡང་མང་པོར་གསལ་བཤད་ཞུ་དགོས་པ་ཞིག་ནི། བརྡ་སྤྲོད་ཅེས་པའི་དོན་དེའི་ཐོག་ལ་ཡིན་པ་ཁོ་བོས་མཐོང་། སྤྱིར་བོད་སྐད་ཀྱི་བརྡ་སྤྲོད་ཅེས་པའི་ཐ་སྙད་འཇུག་ཡུལགཉིས་སུ་བྱ་དགོས་ཏེ། གཅིག་ནི་བོད་སྐད་ལ་རང་ཆས་སུ་གནས་པའི་སྐད་ཀྱི་འགྲོ་སྟངས་དང་ཚིག་སྦྱོར་བྱ་ཚུལ་སོགས་ཡིན། དེ་ནི་ད་ལྟའི་ཡི་གེ་འབྲི་སྲོལ་མ་དར་གོང་ནས་དུས་ཡུན་རིང་པོར་ཆགས་པའི་ཁྲིམས་ཤིག་ཡིན་པས། དེ་ལ་ནི་འགྱུར་བ་རང་འབྱུང་གི་ཐེབས་པ་ལས་ཆེད་དུ་བཅོས་བསྒྱུར་གཏོང་དགོས་དོན་མེད་ལ། གཏོང་ཐབས་བྱེད་ནའང་སྤྱི་ཚོགས་ཡོངས་རྫོགས་ཁ་གཅིག་སྦྲགས་བྱེད་ན་མ་གཏོགས་ནུས་པ་མི་ཐོན། བོད་ཀྱི་བརྡ་སྤྲོད་ཅེས་པའི་གོ་དོན་གཉིས་པ་ནི། གོང་དུ་སྨྲོས་པའི་བོད་སྐད་ལ་རང་ཆས་སུ་ཡོད་པའི་བརྡ་སྤྲོད་དེ་རིགས་པའི་ལམ་ནས་གསལ་བཤད་དང་འབྲེལ་གཏན་འབེབས་བྱེད་པའི་གཞུང་ལུགས་ཤིག་ལ་འཇུག ཁོ་བོས་བརྡ་སྤྲོད་ལ་སྣོན་འཕྲི་དང་གསར་གཏོད་ཀྱིས་བཅོས་བསྒྱུར་དགོས་ཚུལ་ཞུ་བ་དེ་ནི་གོ་དོན་གཉིས་པ་ལྟར་གྱི་དེ་ཡིན། དེ་ལ་དཔེ་མཚོན་འགའ་ཤས་ཉིན་ཤས་སྔོན་དྲ་ལམ་འདི་ཉིད་དུ་ཞུས་ཟིན་ལ། རྒྱས་པ་ཁོ་བོའི་དེབ་ཀྱི་ནང་དུ་ཡོད་པ་དེར་གཟིགས་འཚལ། ༌ བོད་ནས་ཕྱིས་ཀྱི་མཁས་པས་མཛད་པའི་བརྡ་སྤྲོད་ཀྱི་གཞུང་ལ་མཐོང་རྒྱ་ཆེ་ཙམ་དགོས་གསུངས་པ་ཤིན་ཏུ་ནས་བདེན། ཁོ་བོས་ད་བར་མཁས་དབད་ཚེ་ཏན་ཞབས་དྲུང་དང་། དོར་ཞི་ཚང་གི་གཞུང་རྣམས་ལ་དཔྱད་ཞིབ་ཞུ་རྒྱུ་བྱུང་། དེ་གཉིས་ལས་དོར་ཞིའི་བརྡ་སྤྲོད་ཀྱི་བཤད་པ་རྣམས་དམིགས་བསལ་གསར་གཏོད་ཀྱི་རྣམ་པ་མཐོན་པོ་ཡོད་པར་མཐོང་། སྐལ་བཟང་འགྱུར་མེད་ལགས་ཀྱིས་དེང་རབས་ཀྱི་བརྡ་སྤྲོད་དང་མཐུན་པའི་གཞུང་ཞིག་ཡོད་པ་དེང་ཕརནསའི་སྐད་དུ་བསྒྱུར་ཡོད་པ་གོ་ཐོས་བྱུང་མོད། ད་བར་གཞུང་དངོས་མ་མཇལ། རིམ་པས་མཇལ་བའི་རེ་བ་ཞུ། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས།
སྐལ་བ་མཉམ་དང་མི་མཉམ་དང་། བློ་མཐུན་པོ་ཡིན་དང་ངས་མི་ཤེས་ཀྱང་སྐབས་འདིར་དྲ་གྲོགས་བློ་བྱམས་ལགས་སུ། བོད་ཀྱི་བརྡ་སྤྲོད་རིག་པ་དང་། སུམ་རྟགས་གཉིས་ཀྱི་བར་ལ་ཁྱབ་ཆེ་ཆུང་མེད་འགྲོ་སྙམ་ལས་གཞན་གང་ཡང་མི་ཤེས། འོན་ཀྱང་ཡིན་ན་ལྟ་བུའི་ན་ཡིག་དང་། དེ་བྱས་པ་ཡིན་ན་མི་རྟག་པ་ཡིན་དགོས་ལྟ་བུ་རྒྱུ་མཚན་ལ་འཇུག་པ་དེ་ཚོར་སུམ་རྟགས་སམ་རྣམ་དབྱེའི་ནང་ལ་བསྡུས་མི་འདུག་ཟེར་ན། ཅུང་མི་ཐད་སྙམ། ཡང་། ་་་་། དོན་གྱི་སྦྱོར་ཚུལ་ཐ་དད་ཡིན་པར་གྲུབ་པ་བཞིན། ཕ་དང་མ་གཉིས་འདིར་འབྱོར། ཞེས་པའི་དང་སྒྲ་ལ་ and ཞེས་པ་དགོས་ལ། དེ་ལས་ལྡོག་སྟེ། ཕ་མ་དང་མཇལ། ཞེས་པའི་དང་སྒྲ་ལ་ with ཞེས་པ་དགོས་པས། དོན་གྱི་སྦྱོར་ཚུལ་དེ་གཉིས་གཏན་ནས་མི་འདྲ་བར་ཤེས་ནུས། ་་་་གསུང་ལ་ཅུང་ཟད་དཔྱད་ན། ངའི་འགྲེལ་བཤད་ནང་ལ། ཕ་མ་དང་མཇལ་ཞེས་པའི་ཚིག་དུམ་ནང་ལ། ང་ང་རང་གི་ཕ་མ་དང་མཇལ་ཏུ་ཕྱིན་པ་ཡིན། ཞེས་པའི་དོན་ཆ་ཚང་ཚང་དགོས་སམ་མི་དགོས། དགོས་ན་དང་སྒྲ་འདི་ཡང་withཙམ་ལ་མི་གོ་བར། དང་ངམ་andལ་ཡང་མི་འཇུག་གམ། ངས་ཨི་སྐད་ཁྱེད་ལྟར་ཡག་པོ་མི་ཤེས་ཀྱང་། དཔེར་ན་བོད་སྐད་ནང་གི་དང་བཅས་གཉིས་ལ་མཐུན་པའི་ཕྱོགས་ཡོད་པ་་བཞིན། ཨིན་སྐད་ནང་ལ་་withདང་andགཉིས་རྣམ་པ་དང་དུས་ཐམས་ཅད་དུ་འགལ་བ་ཨ་ཡིན་ནམ། andགི་དང་སྒྲ་ལས་ལོགས་སུ་དང་སྒྲ་འབྱེད་སྡུད་གཉིས་ལ་འཇུག་ཙུལ་ཅིག་གཞན་ཅིག་ཡོད་དམ། ངས་ཕ་མ་དང་མཇལ་ཞེས་པའི་དང་འདི་བཞིན་ཕ་མ་གཅིག མཇལ་བའི་བྱ་བ་དང་གཉིས་སོ་སོར་འབྱེད་ཀྱང་རུང་སྡུད་ཀྱང་རུང། གནད་ཀྱི་དོནཔོ་ནི། withཙམ་མ་ཟད་andགི་སྐད་དོད་ཀྱང་ཚང་དགོས་སྙམ་པས་དེ་ལྟར་འགྲེལ་བ་ཡིན། འོན་ཀྱང་བོད་རྒྱ་ཚིག་མཛོད་ཆེན་མོ་དང་མི་མཐུན་པ་སོགས་ཀྱིས་ཐལ་ཆ་ཧ་ཅང་ཆེས་དྲགས་ན་དགོངས་དག་ཞུ་རྒྱུ་ལས་ལྷག་མི་འདུག་ལགས།
༡ ཀརྡོས་བཤད་ན། ཕ་མ་དང་མཇལ་ཟེར་བ་ནི། འབྱེད་སྡུར་རེད་ཟེར། དེ་འབྱེད་སྡུད་མིན་པ་ལ་ཐུབ་བསྟན་སྦྱིན་པ་ལགས་ཀྱི་གོང་གི་གསལ་བཤད་དེ་ལས་གསལ་བ་དང་ལྷག་པ་ཞིག་ཕལ་ཆེར་སུས་ཀྱང་རྙེད་མདོག་ཁ་པོ་མ་རེད། གསལ་བཤད་ཡག་པོ་གནང་འདུག ༢ ཐུབ་བསྟན་སྦྱིན་པས་བཤད་ན། ཕ་མ་དང་མཇལ་ཟེར་བ་ལྟ་བུ་འདི་རིགས་བོད་ཀྱི་སུམ་རྟགས་རྩ་འགྲེལ་ཁག་གི་ནང་ད་སྔ་སུས་ཀྱང་གསལ་གཤད་གནང་ཡོད་པ་མ་རེད་ཟེར། དེ་ཡང་བདེན་པ་མ་རེད། ཐ་ན། བཙན་བྱོལ་བོད་གཞུང་གི་འཛིན་གྲྭ་དྲུག་པའི་སློབ་དེབ་ནང་ཡང་། དང་སྒྲའི་འཇུག་པ་ལྔ་བཤད་ཚར་བའི་རྗེས་སུ། རྩ་བའི་གཞུང་གི་འཇུག་ཡུལ་ལྔ་གང་ཡང་མ་ཡིན་པའི་ཚིག་དོན་སྔ་ཕྱིའི་མཚམས་སྦྱོར་ལའང་འཇུག་སྟེ། དཔེར་ན། བྱས་དང་བྱེད་མུས། མཐོང་དང་མཐོང་བཞིན་པ་ལྟ་བུ་བྱ་བ་སྔ་ཕྱི་མཚམས་སྦྱོར་བ་ལྟ་བུ་དང་། ནམ་མཁའ་དང་ས་གཞི། ཁྱོད་དང་ང་ལྟ་བུ་མིང་ཚིག་སྔ་ཕྱི་མཚམས་སྦྱོར་བ་དང་། རྡུལ་དང་འདྲེས། གྲོགས་དང་བྲལ། ཀུན་དང་མཐུན་ལྟ་བུ་གཞི་དང་བྱ་བ་གཉིས་མཚམས་སྦྱོར་བ་ལྟ་བུ་ཞེས་བོད་ནང་གི་མཁས་པ་གཞན་གྱི་གསུང་བཞིན་བཀོད་ཡོད། ༣ བོད་ནང་གི་བརྡ་སྤྲོད་སྨྲ་བ་སུའི་ངག་ལའང་ད་སྔ་ཐོན་ཡོད་མེད་མ་མཐོང་བ་ཞིག་ནི། ཡོང་གི་འདུག ཡོང་གི་ཡོད། ཟེར་བའི་གི་དངོས་པོ་བདག་ད་ལྟ་བ་དང་། དངོས་པོ་གཞན་ད་ལྟ་བ་ལ་འཇུག་པ། གི་རེད། གི་ཡིན་ཟེར་བའི་དངོས་པོ་བདག་གཞན་གཉིས་མ་འོངས་པ་ལ་འཇུག་པ་དང་། ཡིན། ཡོད། རེད། འདུག་ཅེས་པའི་བདེན་པའི་དོན་ཅན་ལ་འཇུག་པ། དེ་མིན། རི་དྭགས་བས་ཀྱང་མིག་མཛེས་མ་ལྟ་བུ་བས་སྒྲ་དགར་བའི་དོན་ཅན་ལ་འཇུག་པ། ཁོང་ངུ་གི མོ་འགྲོ་གི་ཟེར་བ་ལྟ་བུ། གཞན། རང་བཞིན་གྱིས། ངང་གིས། ཤུགས་ཀྱིས་ཟེར་བའི་རྣམ་དབྱེ་གསུམ་པའི་ཕྲད་ཅན་འདི་རིགས། ཁྱི་ཉལ་ཉལ། བྱ་འཕུར་འཕུར། སེང་གེ་འགྱིང་འགྱིང་། ལྟ་བུ་བྱ་ཚིག་ཉིས་རྐྱ་མཚུངས་གསལ་གྱི་སྒྲ་ལ་འཇུག་པ་འདི་ཚོས་མཚོན་ཁ་གསབ་བྱེད་འོས་པ་མང་པོ་ཞིག་ད་སྔ་བརྡ་སྤྲོད་ནང་སླེབས་པ་མ་མཐོང་། འདི་ཙམ་ས་བཅད་མ་སྟོང་ཙམ་ཡིན། ༤ ཐུབ་སྦྱིན་ལགས་ཀྱི་དེབ་ནང་། ཡིན་ཡོད་རེད་འདུག་སོགས་ལ་ཚིག་གི་མཇུག་མཐུད་ཟེར་བའི་མིང་གསར་ཞིག་བཏགས་ནས་བཅུག་འདུག་ཀྱང་། ངས་བལྟས་ན། འདི་དག་མཇུག་མཐུད་མ་རེད་མཇུག་སྡུད་རེད། མ་མི་སོགས་ལ་ལྟོས་ཏེ་བརྗོད་ན་འདི་དག་དགག་སྒྲའི་ལྡོག་ཕྱོགས་ཏེ་སྒྲུབ་ཕྱོགས་ལ་འཇུག་པ་རེད། དངོས་སུ་ན། བདེན་པའི་དོན་ཅན་ལ་འཇུག་པའོ།
མགོན་ཕྱག་ལགས་ཀྱིས། “ཀུན་དང་མཐུན་ལྟ་བུ་གཞི་དང་བྱ་བ་གཉིས་མཚམས་སྦྱོར་བ་ལྟ་བུ་ཞེས་བོད་ནང་གི་མཁས་པ་གཞན་གྱི་གསུང་བཞིན་བཀོད་ཡོད།” ཞེས་པའི་ཀུན་དང་མཐུན་འདི་ཡང་ངས། དཔེར་བརྗོད། ཕ་མ་དང་མཇལ། ཞེས་པ་འདི་ནི། ང་ང་རང་གི་ཕ་མ་དང་མཇལ་དུ་ཕྱིན་པ་ཡིན། དོན་ཚང་དགོས་བསྟན་ཡོད་ལ། དེ་བཞིན་ཀུན་དང་མཐུན་ཞེས་པ་འདི་ཡང་། སྐྱེས་བུ་དང་པོར། ངས་མི་ཀུན་དང་མཐུན་ལམ་བྱས་པ་ཡིན། ཞེསཔའམ་ཡང་ན། སྐྱེས་བུ་གཉིས་པར། ཁྱོད་རང་གིས་མི་ཀུན་དང་མཐུན་ལམ་བྱས་འདུག ཡང་སྐྱེས་བུ་གསུམ་པར། ཁོས་མི་ཀུན་དང་མཐུན་ལམ་བྱས་པ་རེད། ལྟ་བུ་ལ་འཇུག་དགོས་པས། ཀུན་ནི་གཞི་དང་། མཐུན་པ་བྱ་བ་གཉིས་པོ་སོ་སོར་དང་སྒྲས་འབྱེད་པ་ལ་མཚམས་སྦྱོར་ཞེས་སློབ་དེབ་བཟོ་མཁན་མཁན་པོས་མིང་བརྡ་སྦྱར་བ་ཙམ་ལས་ཁྱད་པར་གསར་པ་ཅང་མཐོང་མ་སོང་ལགས། ཐག་གཅོད་མ་སྔ་བར་ད་དུང་དཔྱད་པར་འཚལ།
ངའི་མཆན་བུ་༥༥རྟགས་ཅན་ནང་དགེ་བཤེས་བློ་སྦྱིན་ལགས་ལ་བློ་བྱམས་ཞེས་ནོར་འདུག་དགོངས་འགལ་མེད་པ་ཅིག ཡང་མགོན་པོ་ཕྱག་གཉིས་ལགས་ཀྱིས་༥༦ནང་འདིར་། འཇུག་མཐུད་དང་འཇུག་སྡུད་གཉིས་ཀྱང་། རྐང་འཁོར་དང་ལྕགས་རྟ་ལྟར་གྱི་ཁྱད་པར་ཙམ་དུ་མཐོང་ལགས། ད་དུང་གསར་གཏོད་མང་ཙམ་བྱས་ནས་བབ་ས་གཅིག་ཏུ་སོང་ན་མཛེས་ལ་ཕན་ཐོགས་ཀྱང་ཆེ་བར་འོངས་ངེས་ལགས།
རང་གི་མཆན་གསར་ལ་བསྐྱར་ཀློག་ཅིག་བྱས་པས། ་༸སྐུའི་གསུང་བསྒྱུར་ཐུབ་སྦྱིན་ལགས་ལ་བློ་བྱམས་དང་བློ་སྦྱིན་ཞེས་རྨོངས་པ་ངས་བྲིས་ནོར་ཐེབས་འདུག ཡང་བསྐྱར་དགོངས་དག་ཞུ་རྒྱུ་དང་། ང་ཚོ་གྲྭ་སར་རྩོད་དུས་ཁོང་གི་མཚན་ལ་དབང་རྒྱལ་ཞེས་པ་ལྟ་བུ་ཅིག་ལས་ཐུབ་བསྟན་སྦྱིན་པ་ཞེས་པ་ཟུར་ཙམ་ཡང་གོ་མ་མྱོང་བས་ཀྱང་ལན་འདུག་ལགས།
“ཁོས་ཕ་མ་ལ་བལྟས་སོང།”དང་“ཁོས་ཕ་མ་བལྟས་སོང།”ལྟ་བུའི་བརྗོད་པ་འདི་གཉིས་ཀྱི་ བྱ་ཡུལ་“ཕ་མ་”དེ་ལ་“ལ་དོན་”གྱི་ཕྲད་ཡོད་པ་དང་མེད་པའི་འགྲོས་ཀྱི་བརྡ་དོན་ལ་ཁྱད་པར་ཡོད་པས་དེ་ལ་འགྲེལ་པ་ཇི་ལྟར་རྒྱག།
“ཁོས་ཕ་མ་ལ་བལྟས་སོང།”དང་“ཁོས་ཕ་མ་བལྟས་སོང།”ལྟ་བུའི་བརྗོད་པ་འདི་གཉིས་ཀྱི་བྱ་ཡུལ་“ཕ་མ་”དེ་ལ་“ལ་དོན་”གྱི་ཕྲད་ཡོད་པ་དང་མེད་པའི་འགྲོས་ཀྱི་བརྡ་དོན་ལ་ཁྱད་པར་ཡོད་པས་དེ་ལ་འགྲེལ་པ་ཇི་ལྟར་རྒྱག།
དེབ་དེ་ལ་ལྟ་འདོད་ཡོད།
འོན་ཀྱང་ལྟ་བ་མི་མཐུན་ན་སྐུའི་གསུང་སྒྱུར་ཡིན་ནའང་ལན་རེ་འབྲི་འདོད་ཡོད།
མཁས་དབང་གླང་རི་བ་ཐུབ་བསྟན་སྦྱིན་པའི་སྨྲ་སྒོའི་ལྡེ་མིག་དང་འབྲེལ་བའི་བགྲོ་གླེང་། ཉན་རྗེས་བརྡ་སྤྲོད་གསར་གཏོད་རེད་མི་འདུག སློབ་སྟངས་གསར་གཏོད་རེད་འདུག རྗེས་སུ་ཡི་རང་ཡོད་ལགས། ཐུགས་རྗེ་ཆེ།
བརྡ་སྤྲོད་ལ་བཅོས་འགྱུར་ཞེས་པ་འདིར་བརྡ་སྤྲོད་བཅོས་སྒྱུར་བཏགས་ན་འགྲིག་ལ། བརྡ་སྤྲོད་ཁ་སྐོང་བཏགས་ན་དེ་བས་བཟང་།
ཁོང་གི་གསུང་བཤད་ལ་ལེགས་པར་མཉམ་འཇོག་བྱས་པ་ཡིན། མཁས་པ་ཆེན་པོའི་གསུང་དུ་གོ སྔོན་དུས་ཀྱང་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བཀས་བཅད་པའི་བཀའ་དྲིན་གྱིས་རིག་འཕྲུལ་སྣ་ཚོགས་གློག་ལྟར་གཡོ་བའི་དུས་སྐབས་འདིར་ཡང་། རང་རེའི་ཁ་སྐད་བརྡ་སྤྲོད་པའི་གཞུང་དང་མཐུན་པར་གནས་ཏེ། རང་ས་ཤོར་ཡང་། རིགས་དང་རིག་གཞུང་མ་ཞིག་པར་གནས་པའི་བཀའ་དྲིན་བསམ་བརྗོད་ལས་འདས།
ད་དུང་ཡང་ལོ་ཙཱ་བ་ཆེན་པོས་བརྡ་སྤྲོད་པའི་རྣམ་བཞག་ཇེ་ལེགས་སུ་གཏོང་བའི་ཐུགས་འདུན་ལ་ཡི་རངས་ཤིང་། དུས་ཀྱི་དགོས་མཁོ་ཡིན་ལ། མ་འོངས་སྔོན་བསུས་ཀྱི་མཛད་པའང་རེད། སྨྲ་སྒོའི་ལྡེ་མིག་ལག་ཏུ་འབྱོར་ཐབས་དང་། སྤྱི་སྨན་བསམ་འཆར་ཡང་འབུལ་བར་འདོད།
བོད་ཀྱི་སྐད་སྒྱུར་བ་གྲགས་ཅན་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་བརྡ་སྤྲོད་རྣམ་གཞག་གསར་པ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ།
གོང་གི་མཆན་དང་པོ་འདེབས་མཁན་ཀརྨ་དགེ་ལེགས་ཞུ་བ་དེ་གཙང་སྐོར་ཀརྨ་དགེ་ལེགས་ཨེ་ཡིན། ལན་ཞིག་འདེབས་རོགས།
༄། །སྐུའི་གསུང་སྒྱུར་མཁས་དབང་མཆོག་ལ་སྨྲ་སྒོའི་ལྡེ་མིག་བརྩམས་གྲུབ་པར་ཐུགས་རྗེ་ཆེ་ཞུ་ཞིང་། ང་ཚོ་གཞིས་སྡོད་ཚོས་ཀྱང་གང་མྱུར་མཇལ་ཀློག་ཐུབ་ཆེད་དྲྭ་ཐོག་ཏུ་འཇོག་ཐུབ་ན་ཅི་མ་རུང་།
མཁས་དབང་མཆོག་སྐུ་ཚེ་བརྟན་ངོས་བཞེད་དོན་འགྲུབ་པར་སྨོན།།
ཁྲི་ཏུས་གྲོང་ཆེར་གྱི་སློབ་གྲ་ཞིག་གི་ནང་རྒྱའི་སློབ་ཕྲུག་མང་པོས་བོད་ཀྱིས་སློབ་ཕྲུག་ཚོར་ཐུབ་ཚོད་བྱས་ཡོད་པའི་གནས་ཚུལ་འདི་ལྟར།
一场风一场梦: #群体事件频发#2011年12月14日晚上,成都郫县郫筒镇,成都铁路工程学校发生大暴乱,汉藏学生群殴,千多汉族学生围打藏族,藏族寝室被砸、学生被打,领导汽车、警车也被砸。 当局出动过百武警、特警镇压,许多学生被打伤。
ཁོང་གི་བརྡ་སྤྲོད་ཀློག་ཡིན་ལ་ཧ་ལམ་དབྱིན་ཡིག་གི་Grammarའདྲ་བོ་མ་གཏོགས་དམིགས་བསལ་ཁྱད་ཆོས་འདྲ་གང་མི་འདུག།འོན་ཀྱང་།༧སྐུའི་གསུང་བསྒྱུར་གྱི་ཆོས་ཕྱོགས་ཀི་མཁྱེན་ཡོན་དང་དབྱིན་སྐད་དུ་ནང་ཆོས་བསྒྱུར་སྟངས་དེ་ངོ་མཚར་སྐྱེ་དགོས་པ་ཅིག་འདུག་པས།དངོས་གནས་ཁོང་ལ་གུས་ཞབས་དང་དད་པ་ཚད་མེད་ཡོད།
རེད་དེ་བརྡ་སྤྲོད་བཅོས་བསྒྱུར་ཐད་ཁོང་རྣམ་པ་ཕྱི་རྒྱལ་དུ་ཡོད་པ་ཚོ་སྐབས་ལན་རེར་ཧམ་པ་ཚ་དྲག་འདུག་པའི་ཚོར་སྣང་ཅིག་འདུག
བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་ན་རང་རེ་བཙན་བྱོལ་ནང་སྐྱེས་འཚར་བོད་ཡིག་མཁས་པ་གསུང་བསྒྱུར་ཐུབ་བསྟན་སྦྱིན་པ་དང་ལོ་རྒྱུས་སྨྲ་བ་ཇོ་སྲས་བཀྲ་ཤིས་ཚེ་རིང་།ན་གཱ་སངས་རྒྱས་བསྟན་དར།པདྨ་ཚེ་དབང་སོགས་མང་པོ་ཡོད་པ་རྣམས་དགའ་སྤོབས་སྐྱེ་གཞི་ཅིག་རེད།ཡིན་ནའང་།བཙན་བྱོལ་ནང་སྐྱེས་འཚར་གྱི་མཁས་པ་ཚོར་འཆད་པ་དང་རྩོད་པ་མ་གཏོགས་རྩོམ་པའི་གྲུབ་འབྲས་དེ་ཙམ་མེད་ཅིང་།
ཁོང་རྣམ་པའི་བོད་ཡིག་ཐོག་རྩོམ་གྱི་ཚིག་སྦྱོར་ལེགས་ཤོས་དགེ་བཤེས་ཐུབ་སྦྱིན་ཡིན་རུང་ཁོང་གི་རྩོམ་ཁག་ཀྱང་བོད་ནང་གི་མཁས་པ་ཚོ་ཕར་བཞག།རྩོམ་མཁན་དཀྱུས་མ་ཅིག་གི་ཚིག་སྦྱོར་ལས་ཀྱང་སྐྱོ་ཙམ་འདུག་པ་བརྩམས་ཆོས་རྣམས་བསྡུར་དང་མངོན་གསལ་དོད་པོ་འདུག
ལར་བོད་ཀྱི་ཡུལ་ལུང་རང་གི་རིག་གཞུང་གོམས་གཤིས་དམིགས་བསལ་གཙང་སངས་སངས་དེའི་ནང་འཚར་ལོངས་མ་བྱུང་ན།བོད་མིའི་ཐུན་མོང་མ་ཡིན་པའི་ངག་རིག་སྒྱུ་རྩལ་རིགས་སྦྱང་སྟོབས་ཁོ་ནས་བསླབ་མི་ཐུབ་པ་གསལ་པོ་རེད་ལ།ད་ཆ་བོད་ཡིག་དང་བོད་མིའི་བརྡ་སྤྲོད་སྤྱིར་སླ་བཅོས་གནང་དགོས་ལུགས་བརྗོད་མཁན་ཚང་མ་བཙན་བྱོལ་ནང་ཡོང་གི་ཡོད་ཅིང་།བཙན་བྱོལ་མཁས་པ་དང་གཞོན་ནུ་ཚོས་རང་ཉིད་བོད་ཀྱི་བརྡ་སྤྲོད་ལ་བྱང་གོམས་འདང་ངེས་མེད་པ་ཚོར་མ་ཐུབ་པར།བརྡ་སྤྲོད་ལ་བཅོས་བསྒྱུར་དགོངས་བཞེས་གནང་བཞིན་པ་ནི་གཞི་རྩ་བརྟན་པོ་ཡོད་པའི་བོད་ཀྱི་བརྡ་སྤྲོད་ལ་མཚོན་ན་ཉེན་འགན་ཆེན་པོ་ཅིག་རེད་སྙམ།
ཉེ་རབས་སུ་མཁས་དབང་དོར་ཞི་ཚང་དང་དཔའ་རིས་སངས་རྒྱས་སོགས་ནས་བརྡ་སྤྲོད་ནང་ཁ་སྣོན་ཉུང་ཙམ་རེ་གནང་དགོས་པ་དང་སྔོན་རབས་མཁས་པའི་བཞེད་དགོངས་དང་མཐུན་པར་གསལ་ཁ་དོད་དགོས་ལུགས་བཀའ་མོལ་རེ་ཡོད་པ་ཙམ་ལས།བོད་ནང་ཆོས་སྲིད་རིག་གཞུང་དང་བཅས་པར་མཁྱེན་རླབས་ཆེན་པོའི་ཆོལ་གསུམ་མཁས་པ་སུས་ཀྱང་བརྡ་སྤྲོད་ཀྱིས་མི་འདང་བའི་དགོངས་པ་འཁྲུངས་མེད་ལ།
གཞོན་སྐྱེས་མཁས་པ་སྐད་རིགས་གསུམ་བཞི་ལ་ནང་བྱན་ཆུབ་པ་ཚོས་ཀྱང་དགོངས་བཞེས་དང་སེམས་ཁྲལ་དེ་འདྲ་བྱུང་གི་མེད།མཐའ་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་དུག་དང་བོད་ཕོངས་གཞི་ཉག་གཅིག་ཏུ་བལྟ་མཁན་ཞོགས་དུང་སོགས་གཞོན་སྐྱེས་མཁས་པ་རྣམས་ནས་ཀྱང་བརྡ་སྤྲོད་ཀྱིས་མི་འདང་པ་དང་དེ་ལ་བཅོས་བསྒྱུར་བསམ་ཚུལ་སྣ་གཅིག་ཡོང་གི་མེད།
དེ་བས་ང་ཚོ་བོད་རང་གི་རྩྭམ་དྲི་མར་དྲི་འཐུལ་བའི་ཚིག་སྦྱོར་བརྡ་སྤྲོད་ནུས་པ་འདང་ངེས་མེད་མཁན་མི་བསྐོར་ཅིག་གི་ཁ་རྗེས་སུ་རྒྱུགས་ཏེ་བརྡ་སྤྲོད་ཐོག་གང་བྱུང་འགྱུར་བཅོས་བཏང་ན།ནམ་ཞིག་བོད་སྐད་ཡིག་འདི་འབྲུག་གི་རྫོང་ཁ་ལྟ་བུ་ཅིག་མི་ཆགས་རྒྱུའི་ལྡང་ཚོད་སུ་ལ་ཡོད་རེད།
བོད་མིའི་སྤྱི་ཚོགས་སྤྱི་དངོས་པོའི་ལོངས་སྤྱོད་ཡར་རྒྱས་མ་སོང་བས་དེང་དུས་འཕྲུལ་རིག་སོགས་མང་པོ་ཅིག་བོད་ཡིག་གིས་མཚོན་མི་ཐུབ་པ་དངོས་གནས་ཡིན་ནའང་།དེ་ཚོ་མིང་ཚིག་གསར་གཏོད་དང་འཕེལ་འགྱུར་གནས་ཚུལ་ལ་འབྲེལ་པ་ཙམ་ལས།བརྡ་སྤྲོད་ཆ་ནས་ཕྱི་ནང་རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁས་དབང་ཟམ་གདོང་པས་བོད་ཀི་བརྡ་སྤྲོད་ཡར་རྒྱས་ཡང་རྩེ་ལ་སོན་ཡོད་ཅིང་།གསར་བྱུང་གི་དངོས་པོ་ལ་མིང་ཚིག་གསར་བཟོ་ཙམ་ལས་བརྡ་སྤྲོད་རང་ཡར་རྒྱས་གཏོང་རྒྱུ་གང་ཡང་ལྷག་མེད་ཅེས་གསུངས་ཡོད་པ་དང་ཕྱོགས་མཚུངས།༧གོང་ས་ཆེན་པོ་ནས་ཀྱང་ཟབ་ཅིང་རྒྱ་ཆེ་བའི་སངས་རྒྱས་ཀྱི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་བོད་ཡིག་གིས་སྟོན་ཐུབ་པ་འདྲ་བོ་ཅིག་དེང་ཡིག་རིགས་གང་གིས་ཀྱང་སྟོན་མི་ཐུབ་པས།ང་ཚོ་སོ་སོའི་སྐད་ཡིག་དང་བརྡ་སྤྲོད་ནུས་པ་ལྡན་པ་དེར་སྤོབས་པ་དང་ངོ་མཚར་སྐྱེ་གཞི་རེད་ཅེས་ཡང་ཡང་གསུངས་བཞིན་པ་སོགས་ཨ་གསར་ཅན་དང་གཏིང་མི་རིག་པའི་གསར་ཞེན་ཅན་ཚོའི་སེམས་ལ་བཟུང་ན་བོད་མིའི་འཕྲལ་ཕུགས་ལ་ཕན་ཐོགས་ཆེ་སྙམ།
ཡ་དེ་འདྲ་ཡིན་ན། བོད་བོད་རིགས་ཚོས་རྒྱ་སྐད་ཆག་བཀྱོག་ཅིག་བརྒྱབ་ནས་སྡོད་དགོས་པ་དང། བྱེས་འབྱོར་བོད་རིགས་ཚོས་ཨིན་སྐད་ཆག་བཀྱོག ཧིན་སྐད་ཆག་བཀྱོག ཡང་ན། བལ་སྐད་ཆག་བཀྱོག་ཅིག་བརྒྱབ་ནས་སྡོད་དགོས་ཡ་དེ་རྒྱུ་མཚན་གང་ལ་ཐུག་ཡོད་དམ། བྲག་ཞོག་ལགས།
བརྡ་སྤྲོད་ལ་ བཅོས་འགྱུར་ མ་རེད། བོད་ཀྱི་ སྤྱི་སྐད་ སློབ་སྟངས་ལ་ བཅོས་འགྱུར་ རེད་འདུག་ པས། བྲག་ཞོལ་ལགས་ དང་། ཟམ་གདོང་ བླ་མ་ སྐྲག་ མི་དགོས་ ལགས། ཁྱེད་རང་ཚོས་ སྤྱི་སྐད་ལ་ ཕན་ཐོགས་ མ་ཐུབ་ ན་ཡང་། ཆབ་སྲིད་ ཡག་པོ་ ཁྲབ་ནས་ མི་ཚེ་ མཐར་ འཁྱོལ་བར་ གྱིས་ཤིག །
ལྷག་བསམ་ལ་མངོན་པ་བསྟོད་དོ། ཡིན་ན་ཡང་
མཁས་དབང་མཆོག་གི་ལྷག་བསམ་དང་ཐུགས་རེ་ལ་རྒྱབ་སྐྱོར་ཡོད། མཁས་བས་གསུང་ན་ཅི་ཡང་བདེན་ཟེར་བ་བཞིན་དུས་རབས་དང་བསྟུན་ཏེ་ཁ་གསལ་བོ་གོ་བདེ་རུ་གཏོང་དགོས་བ་དངོས་ཡོད་གནས་ཚུལ་རེད། བོད་ཡིག་བཀོད་སྤྱོད་ཁོར་ཡུག་རྒྱ་ཆེ་རུ་དང་རྨང་གཞིའི་རྩ་བ་བརྟན་དུ་གཏོང་ན་ངེས་པར་དམའ་རིམ་སློབ་ཕྲུག་ཚོའི་སེམས་ཁམས་དང་རན་པའི་སློབ་གཞི་གསར་བ་འམ་ཕྱིའི་ལེགས་ཆ་བསྡུ་ལེན་གྱིས་རིག་པའི་གཞུང་ལུགས་ཇེ་ཕྱུག་ཇེ་རྒྱས་སུ་གཏོང་རྒྱུ་ནི་ང་ཚོའི་དགོས་མཁོ་རེད་འདོད།
སྐུའི་ལོ་ཙཱ་བ་ཆེན་མོ་དགེ་ཤེས་གླང་རི་བ་ལགས་འདི་འདྲ་ས་མེད་ཀི། རྡ་སྤྲོད་ཀྱི་རྣམ་བཞག་ཇེ་མཐུས་སུ་བཏང་ནས་དུས་རབས་དང་མི་རབས་གསར་པ་དང་བསྟུན་ནས་འགྲོ་དགོས་པ་གནད་ཀྱི་དོན་པོ་ལགས། བྱས་ཙང་དགེ་ཤེས་ལགས་ཀྱི་དཔྱད་གཞིའི་དེབ་དེར་བོད་རིག་པའི་མཁས་དབང་རྣམས་ཀྱིས་གྲོ་གླེང་དང་དཔྱད་བསྡུར་ལེགས་པར་གནང་ཏེས་རིམ་པས་ལག་བསྟར་གནང་དགོས་པར་འདོད།
དེ་དང་ཆབས་ཅིག་ལ་དྭགས་བློ་འཇམས་ཞེས་པའི་མཆན་ཞབས་པ་དེ་ནམ་རྒྱུན་ཁོང་གིས་བོད་ཡིག་བོད་སྐད་བཤད་དུས་བཀའ་འགྱུར་བསྟན་འགྱུར་ནང་གི་བརྡ་རྙིང་ཆ་ཚང་བེད་སྤྱོད་བྱེད་དགོས་པ་འདྲ་ཞིག་མང་མང་གླེང་སོང་། བྱས་ཙང་ཁོ་རང་ཡང་གྲོ་གླེང་འདིར་བཞུགས་དགོས་ངེས་རེད།
ཁ་བརྡ་ང་ལ་སྡང་དོན་ཅི་ཡིན།
ཉེས་ཆར་ངས་བྲིས་པ་རེ་ཁ་བརྡ་ལ་བསྐུར་བ་ཡིན་མོད། དེ་ཁ་བརྡ་ཐོག་ཏུ་མི་འཇོག་པར་མ་ཟད་དེ་རིང་འདི་ནས་དྲི་བ་ཞིག་ལ་དྭགས་བློ་བཟང་འཇམ་དཔལ་ལ་ཕུལ་བ་ཡིན། འོན་ཀྱང་ལེན་ཚར་འདུག ལེན་དགོས་དོན་ཅི་ཡིན།
རྒྱུ་མཚན་ཅི་ཡང་མེད་པར་ལེན་འགྲོ་ན་རྒྱ་ནག་གི་བྱ་སྤྱོད་དང་ཁྱད་པར་ཅི་ཞིག་ཡོད། རང་དབང་གི་ལུང་པ་འདི་འདྲ་རེད་དམ།
མཁས་དབང་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་ཀྱི་བརྡ་སྤྲོད་ཀྱི་རྩ་བར་འགྱུར་བ་གཏོང་དགོས་པའི་དུས་ལ་བབས་མིན་གང་ལྟར་ཡང་། སློབ་ཁྲིད་ཀྱི་ཐབས་ལམ་ལ་ངེས་པར་དུ་འགྱུར་བ་གཏོང་དགོས་པ་ཞིག་ཆགས་འདུག སློབ་གྲ་ཁག་ཏུ་བརྡ་སྤྲོད་ཀྱི་གཞུང་བོད་དགེ་རྣམ་པས་ཉིན་ལྟར་སློབ་བཞིན་ཡང་། སློབ་ཕྲུག་མང་ཆེ་བ་ནི་བོད་ཡིག་གི་ལམ་ནས་བཏང་ཡིག་ངོ་ཐང་པ་ཞིག་ཀྱང་འབྲི་མི་ཐུབ་པའི་རྒྱུ་མཚན་ལ་མཁས་དབང་རྣམ་པས་དགོངས་བཞེས་གནང་བ་ཐུགས་རྗེ་ཆེ།
༧སྐུ་ཡི་གསུང་བསྒྱུར་མཁས་དབང་ཐུབ་སྦྱིན་མཆོག་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ།
ཡུལ་དུས་འཁོར་ཡུག་ལ་རན་ཞིང་མ་འོང་བོད་ཕྲུག་ཚོར་ཕན་པའི་སྦྱང་བདེ་སློབ་དེབ་ཅིག་ཡིན་ན་ཉིན་གཅིག་ཡིན་ཡང་སྔ་ཙམ་དང་སློབ་གྲྭ་གཅིག་ཡིན་ཡང་མ་ལུས་པར་ཁྱབ་སྤེལ་སློབ་ཁྲིད་བྱ་དགོས་གི་རེད།
དགོངས་འཆར་ཡོད་ན་རྗེས་སུ་གསུང་ཆོག་གི་རེད། བཀའ་ཤག་སྐབས་སྔོན་མས་ཤེས་ཡོན་སྲིད་ཇུས་གསར་བ་ཞིག་གཏན་འབེབས་བྱས་ཡོད་ཟེར་མོད། དོན་དུ་སློབ་གྲྭ་གཅིག་དང་འཛིན་གྲྭ་གཅིག་གཉིས་ཅིག་གི་བོད་ཡིག་སློབ་ཚན་རེ་ཟུང་ཇེ་མང་ལ་བཏང་བ་ཙམ་ཡིན། དེ་ནི་ཤེས་ཡོན་སྲིད་ཇུས་ནང་གི་རྒྱ་ཆའི་ལྔ་ཙམ་དང་ཐེམ་སྐས་རིམ་པ་དང་པོ་ལས་མིན།
བཀའ་ཤག་གསར་པ་ཚང་འདི་ཐེམ་སྐས་རིམ་པ་གཉིས་པར་འཛེག་མིན་ད་རུང་མི་ཤེས། དེ་བས་ཕྱོགས་བཞི་མཚམས་བརྒྱད་ན་ཡོད་པའི་གློ་སྙིང་མཆིན་གསུམ་ཤི་ན་བོད་དང་གསོན་ན་བོད་ཡིན་མཁན་ཚོས་སྲོག་དབུགས་རིང་དུ་གཏོང་བའི་དུས་ཚོད་རེད།
བྲག་ཞོལ་སྤེན་པ་ལགས། ཁྱོད་རང་གིས་ལོ་ཙཱ་བ་ཆེན་པོ་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་བོད་ཀྱི་བརྡ་སྤྲོད་པ་འཐུས་ཚང་གཏོང་བའི་དགོངས་བཞེད་ལ་བསམ་ཚུལ་གསུངས་པར་ཡང་གོ་རྒྱུ་འདུག གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཞེས་པ་ལྟར་རིགས་པ་སྨྲ་བའི་བགྲོ་གླེང་དུ་སོང་འདུག་པ་ངས་སྙིང་དབུས་ནས་དགའ་བསུ་ཞུ།
ང་ཚོའི་ཆོས་དང་སྲིད། རིག་གཞུང་གང་ཅིའི་གནས་ཚུལ་གསར་འགོད་སྐབས་འདི་ལྟ་བུའི་བགྲོ་གླེང་དུ་ཞུགས་ཐུབ་ན། ཚང་མར་བློ་སྐྱེད་དང་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ངེས་ཡིན།
ང་རང་ནི། ད་ལྟ་ལོ་ཙཱ་བ་ཆེན་པོའི་སྨྲ་སྒོའི་ལྡེ་མིག་ལག་ཏུ་མ་སོན་ཡང་། ཁོང་གི་དགོངས་བཞེད་ལ་རྒྱབ་སྐྱོར་ཚད་མེད་ཡོད། གང་ལགས་ཤེ་ན། རང་རིགས་གསར་བུ་བ་རྣམས་རིག་གསར་སྣ་ཚོགས་ཁྲོད་འཚར་ལོངས་བྱུང་བས། དུས་དང་བསྟུན་པའི་རང་རེའི་སྐད་དང་ཡི་གེ་སློབ་ཐབས་ཀྱི་ལམ་ཞིག་མ་བཙལ་ན། མེས་པོས་བཞག་པའི་གཙུག་ལག་གི་བང་མཛོད་རྣམས་ཤེས་རྟོགས་ལྟ་ཅི། ཁ་སྐད་འདི་ཡང་འཇིག་ཉེན་ལ་ཐུག་འདུག
མདོར་ན། ཡིག་སྐད་དང་ཁ་སྐད་གཉིས་བར་ཐག་རིང་དུ་འགྲོ་བ་དང་། གཞོན་སྐྱེས་མང་ཆེ་བ་རང་རེའི་ཡི་གེར་སློབ་འདོད་མི་བྱེད་པའི་དཀའ་ངལ་རྣམས་ང་ཚོའི་མདུན་དུ་གནས་ཡོད། སྔོན་དུས་ཡིག་སྐད་དང་ཁ་སྐད་ལོགས་སུ་མེད་ཀྱང་། རིམ་པས་ཡིག་སྐད་དང་ཁ་སྐད་གཉིས་སུ་གྱེས། དེ་གཉིས་ཀྱང་བར་ཐག་རིང་དུ་རིང་དུ་འགྲོ་བའི་མཚམས་ཀྱི་མདུད་པ་ཞིག་དང་། གསར་བུ་བ་རྣམས་དང་བ་འདྲེན་ཐུབ་པའི་བརྡ་སྤྲོད་པ་དང་སློབ་ཐབས་གསར་པ་ཞིག་ནི་དུས་ཀྱི་དགོས་མཁོ་ཡིན།
མཁྱེན་ཡངས་རྣམས་ཀྱིས་བོད་ཀྱི་བརྡ་སྤྲོད་སྐོར་ལ་གླེང་མོལ་མཛད་པ་དེ་ལ་ད་ལྟ་མ་གཏོགས་དྲྭ་རྒྱ་སྔོག་ལོང་མ་བྱུང་བས་སྣང་མེད་དུ་ལུས། ངའི་བསམ་པ་ལ་བརྡ་སྤྲོད་ལ་མགོ་འཁོར་ནས་བོད་སྐད་ལེགས་པ་ཞིག་མི་འོང་བའི་ཚོད་དུ་མཐོང་། གདན་ས་ནས་འཐོན་པའི་དགེ་བཤེས་ཤིག་ལ་རྩོམ་ཡིག་འབྲི་གྲོགས་ཞུ་བ་ན། ངས་སུམ་རྟགས་མ་སྦྱངས་པས་རྩོམ་ཡིག་འབྲི་མི་ཤེས་གསུང་བ་ཐག་ཆོད། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཞལ་སྔ་ནས། སྙན་སུམ་དམིགས་བསལ་གྱིས་སྦྱངས་མེད་གསུངས་པ་རྣམ་ཐར་ན་ཡོད་པ་དྲན། འོན་ཀྱང་བླ་མ་ཆེན་པོ་ཁོང་གིས་གསུང་འབུམ་པོ་ཐི་མང་པོ་བརྩམས་པར་མཛད། ཡི་གེའི་དག་ཆ་ཤིན་ཏུ་ལེགས། དུས་ཀྱི་དགོངས་ལ་སའི་ཡང་འཇུག་འབྲི་བར་མཛད། སྙན་དངགས་ལ་དཔེར་ན།
སེམས་མེད་ཤིང་བལ་དག་ཀྱང་རླུང་གི་མཐུས།
འདབ་ཆགས་བཞིན་དུ་མཁའ་ལ་ལྡིང་བར་བྱེད།
དབྱུ་གུས་བསྐུལ་ན་རྔ་ཡང་སྒྲ་སྙན་སྒྲོགས།
རླུང་གིས་བསྐུལ་ན་ལྗོན་པའང་གར་སྟབས་བྱེད།
རྡོ་རྗེས་ཕུག་པའི་བཤུལ་དུ་སྲད་བུའང་རྒྱུ།
དེའི་ཕྱིར་བློ་དམན་ཉམ་ཆུང་བདག་ལྟ་བུས།
རྡོ་རྗེའི་ཚིག་འབྱེད་ནུས་པ་མ་མཆིས་ཀྱང་།
དབང་མེད་གཞན་གྱིས་བསྐུལ་བར་གྱུར་པ་དང་།
མཁས་པའི་ལུགས་སྲོལ་མཐོང་བས་འདི་བརྗོད་དོ།།
ཞེས་པའི་གསུང་རྩོམ་ཡོད་པ་དང་།
ལ་དྭགས་པ་བླ་མ་ཚུལ་ཁྲིམས་ཉི་མ་རིན་པོ་ཆེའི་རྣམ་ཐར་འབྲི་བར་མཛད་པ་པོ། གནས་བརྟན་ཚུལ་ཁྲིམས་རྡོ་རྗེས་སྙན་སུམ་ལ་སྦྱངས་མེད་ཀྱང་བཀའ་བསྟན་གསུང་འབུམ་བཅས་བཀླགས་ནས་བོད་ཀྱི་སྐད་ཡིག་ལ་ནང་བྱན་ཆུད་ཡོད་པ་དང་། རྣམ་ཐར་དེ་ལ་ཕུར་ལྕོགས་ཡོངས་འཛིན་བྱམས་པ་རིན་པོ་ཆེས་ཚུལ་ཁྲིམས་ཉི་མའི་མཛད་པ་རེ་རྫོགས་པའི་མཚམས་སུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་མཛད་ཅིང་། བླ་མ་ཚུལ་ཁྲིམས་ཉི་མ་ལ་སངས་རྒྱས་ཀྱི་མཚན་ནས་བོས་པར་མཛད། གནས་བརྟན་ཚུལ་ཁྲིམས་རྡོ་རྗེ་ལ་ལ་དྭགས་པ་སུམ་རྟགས་མཁས་པ་ཞིག་གིས་ཁོང་བརྡ་སྤྲོད་གཞུང་ལུགས་སྦྱངས་པའི་མཁས་མ་ཡིན། རིག་པ་ཅན་ཡིན་ཞེས་ཟེར་ཡོད་འདུག
ཉེ་དུས་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུར་ས་པཎ་་ནས་བཟུང་སྟེ། ་བོད་ཀྱི་བརྡ་སྤྲོད་མང་པོ་བརྩམས་དང་རྩོམ་བཞིན་པ་ཡིན་འདུག དགེ་བཤེས་ཐུབ་བསྟན་སྦྱིན་པ་ཡང་དེར་བཞུགས་ཡོད། བོད་སྐད་ཀྱི་བརྡ་སྤྲོད་སྐོར་མང་པོ་འཐོན་ཀྱང་། དེ་དག་གིས་བདག་ལྟ་བུ་ཀུན་མགོ་འཐོམས་པའི་རྐྱེན་དུ་འགྱུར་བ་མ་གཏོགས། བོད་སྤྱིའི་སྐད་དེ་ཇེ་སྡུག་ཇེ་སྡུག་ཆགས་པར་མཐོང་། བདག་རང་གིས་ཀྱང་གཞན་གྱི་ལད་མོ་བྱས་ཏེ། བརྡ་སྤྲོད་ཀྱི་སྐོར་དཔེ་ཆ་ཆེ་ཆུང་སུམ་ཙམ་བྲིས་ན་ལོ་ངོ་བཅོ་ལྔ་ལྷག་འགྲོ་ཡང་། སྤར་ནས་དགོས་པ་ཆེར་མ་མཐོང་ཡང་། ཉེ་དུས་སློབ་གྲྭ་ཆེན་མོའི་སློབ་དགེ་ཞིག་ལ་བཀླག་རྒྱུར་བསྐུར་པ་དེ་སྤར་རྒྱབ་པར་ཐག་ཆོད་འདུག ཨིན་སྐད་དུ་བསྒྱུར་ཡོད་ཅིང་། བོད་ཚིག་རྣམས་ཀྱང་བོད་ཡིག་དང་། ཨིན་ཡིག་གཉིས་ཀར་བྲིས་ཡོད་པས་གཅིག་ན་ཅུང་ཟད་ཕན་ཡང་སྲིད།
དེས་ན་བརྡ་སྤྲོད་སུམ་རྟགས་སོགས་ཡུན་རིང་སྦྱོང་བ་ལས། བཀའ་བསྟན་གསུང་འབུམ་བཅས་རྟག་སྦྱོར་དང་གུས་སྦྱོར་གྱིས་སྦྱང་དགོས་པར་མཐོང་། བོད་ཀྱི་མིང་ཚིག་ཡིན་ན། རྗེས་འཇུག་བཅུ། ད་བཤུལ་གསུམ། དབྱངས་ལྔ་སྟེ། ཡི་གེ་བཅོ་བརྒྱད་པོ་གང་རུང་གི་མཐའ་ཅན་ཡིན་དགོས། བོད་སྐད་ཀྱི་ཚིག་ཕྲད་རྣམས་མཐའ་ཅན་དེ་དག་ལ་བལྟོས་ཏེ། རྫོགས་ཚིག་གཅུ་གཅིག ལ་དོན་བདུན་གྱི་ནང་ན་ཚིག་ཕྲད་ལྔ་། རྒྱན་སྡུད་གསུམ། ལྷག་བཅས་གསུམ། འབྱེད་སྡུག་བཅུ་གཅིག ཅིང་། ཞིང་། ཤིང་། ཅིག ཞིག ཤིག ཅེས་ ཞེས་པ་བཅས་ཚིག་ཕྲད་དག་གི་སྦྱོར་ཚུལ་ཤེས་ན། ལེགས་སྦྱར་སྐད་ཀྱི་འགྲོ་ཚུལ་རྣམ་དབྱེ་སོགས་མ་ཤེས་ཀྱང་། བཀའ་བསྟན་འབུམ་གང་རུང་གི་དཔེ་ཆ་རེ་བཀླགས་ཏེ་བོད་ཀྱི་སྐད་ལ་སྦྱང་དགོས་པར་མཐོང་། བཀའ་བསྟན་གསུམ་བཅས་བཀླག་དགོས་ཞུས་པ་ན། རང་ལ་མི་མཁོ་བའི་བརྡ་རྙིང་སྦྱང་དགོས་པ་གཏན་ནས་ཞུ་བ་མེད། འོན་ཀྱང་བཀའ་འགྱུར་གྱི་དཔེ་ཆ་ཞིག་བལྟ་ན། ད་ལྟ་འབྲི་བ་པོ་དག་གིས་ཚིག་སྡུད་རྒྱབ་པ་ལྟ་བུ་མ་ཡིན་པར་ཚིག་ལེགས་པར་ཡོངས་རྫོགས་བྲིས་ཡོད་པར་མཐོང་། དཔེར་ན། ད་ལྟ་འབྲི་བ་པོ་དག་གིས་སྒྲ་སྒྲོག་ཅེས་མང་པོས་་འབྲི་ཡང་། མ་དག་པ་ཡིན། དག་པ་དེ་བཀའ་འགྱུར་ན་སྒྲ་སྒྲོགས། ཞེས་གསལ་ལོ།།
གླང་རི་བ་ཐུབ་བསྟན་སྦྱིན་པའི་སྨྲ་སྒོའི་ལྡེ་མིག་གི་རྩོམ་པར་དམ་བཅའ་བ་ལ་མངོན་པར་བསྟོད་པ་དང་། དེབ་དེའི་མཇུག་བྱང་ནང་གི་འདི་ཡང་མཁས་དང་གྲགས་པའི་ཕྱིར་མ་ཡིན།། ནོར་དང་བརྙེད་པ་བཀུར་བསྟིའི་ཕྱིར་མ་ཡིན།། བོད་ཡིག་ཇི་ལྟར་ངལ་བ་ཆུང་ངུའི་བརྒྱུད།། ཤེས་ནུས་བྱུང་ན་སྙམ་པ་ཁོ་ན་ལེགས་ཞེས་པའི་རྣམ་དག་ལྷག་བསམ་ལ་དད་མོས་ཡོད། དེ་མིན་མཁས་པ་གང་གིས་གསུངས་བ་བཞིན་དེབ་དེ་ནི་ད་དུང་ལེགས་འགྲུབ་བྱུང་མེད་པས་མཁྱེན་ལྡན་རྣམས་ཀྱིས་དགོངས་འཆར་དང་ཐབས་ཚུལ་མན་ངག་བུམ་པ་གང་བྱོའི་ཚུལ་དུ་བཏོན་ནས་བསྟན་བཅོས་རིན་པོ་ཆེ་དེ་གང་མྱུར་ཡོངས་སུ་་འགྲུབ་པའི་མཐུན་རྐྱེན་དུ་འགྱུར་བར་སྨོན། ཅོག་རོང་སྒྲོལ་མ་སྐྱབས་ནས།
གོང་དུ་ཕྲན་ནས ཡིན་ན་ཡང་ལབ་པའི་རྒྱུ་མཚན་བོད་པ་ཕལ་ཆེ་བ་ཕྱི་རྒྱལ་ལ་རྔམ་སྟེ་སྦྱང་ཨེ་ཡོང་། སློབ་གྲྭ་པུ་གུ་ཚོར་སྐད་ཆ་འབྲི་དུས་ང་ཆེ་པོ་ཆག་ན་ཕྱི་རྒྱལ་འགྲི་གིན་ཡིན་ལབ་མཁན་མང་པོ་བྱུང་། ད་རུང་ཕ་མ་ཁ་ཤས་ནས་བོད་ཡིག་སྦྱོང་བཅུག་ན་རྗེས་མ་པུ་གུ་ཆེ་པོ་ཆག་དུས་ལྟོ་གང་གིས་བཙལ་ཡང་ལབ་མཁན་འདུག དངོས་ཡོད་གནས་ཚུལ་ཡིན མཁས་དབང་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང རེ་བསྐུལ་ཞིག་ལ་སློབ་གྲྭ་ཁག་གི་དགེ་རྒན་རྣམ་པས་སློབ་མ་རྣམས་ལ་ཐབས་ཤེས་མཁས་པའི་ཐོག་ནས་བསླབ་བྱ་གནང་རོགས་ཞུ། སྤྱི་བཏང་ང་རང་ཡང་དག་ཆ་དང་ཡི་གེ་ཡག་པོ་འབྲི་ཤེས་མཁན་ཞིག་མིན
ཀརྡོ་ལགས།ཁྱེད་བོད་ཡིག་དང་བརྡ་སྤྲོད་ལ་དེ་འདྲའི་དོ་སྣང་ཅན་ཅིག་དང་ཆབ་སྲིད་མི་འཁྲབ་མཁན་ཅིག་ཡིན་ན།དང་པོ་སོ་སོས་མཆན་བུ་གཙང་མ་ཡིག་ནོར་མེད་ལ་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པ་ཅིག་བྲིས་ཤིག་དང་དེ་ནས་ངས་ཁྱེད་ལ་གོ་བརྡ་སྤྲོད།
དེ་མ་གཏོགས་རྒྱུ་མཚན་མེད་པའི་ཕྲག་དོག་དང་ཞེན་ཁོག་སྐམ་པོའི་སྐད་ཆའི་རིགས་ལ་ལན་སློག་འདོད་མེད་ལགས།
ང་ལ་ཕྲག་དོག་དང་ཞེན་ཁོག་སྐམ་པོ་འདུག་ཨེ། ཡ་ཡ། ལགས་སོ། །
བདག་ལ་བསྟོད་པ་གཞན་ཡོད་ན། །སྨད་པའི་མི་དགའ་ཅི་ཞིག་ཡོད། །
ད་ཆ་བཙན་བྱོལ་ནང་གི་དཀའ་ངལ་གཙོ་བོ་ནི་བོད་ཡིག་ནུས་མེད་ཡིན་པ་དང་བརྡ་སྤྲོད་ཀྱིས་མ་འདང་པ་གང་ཡང་མ་རེད་སྙམ།གཞོན་སྐྱེས་ཚོ་དང་བོད་མི་སྤྱིར་བོད་ཡིག་ལ་དོ་སྣང་དགའ་མོས་མེད་པ་དང་།རྩིས་མཐོང་མེད་པར་ལན་པོ་འདུག།ང་ཚོ་ཚང་མ་རང་བློ་རང་ལ་ལྐོག་གྱུར་མིན་པས་ཆགས་ཞེན་དགའ་སྡུག་དབང་དུ་མ་སོང་བར་ལྷོད་ལྷོད་བྱས་ཏེ་དྲང་པོའི་སྒོ་ནས་བསམ་བློ་གཏོང་དང་།དབྱིན་ཡིག་ལ་སློབ་སྦྱོང་བརྩོན་འགྲུས་བསྟེན་པ་ནང་བཞིན་ཅིག་བཙན་བྱོལ་སློབ་ཕྲུག་ཚོས་བོད་ཡིག་ལ་སྦྱང་གི་འདུག་གམ།
སོ་སོས་བོད་ཡིག་མི་སྦྱང་པ་དང་དེ་ལ་དོ་སྣང་མེད་པ་བརྗེད་དེ་བོད་ཡིག་གིས་ཚུར་སྦྱང་དགོས་པ་དང་དབྱིན་ཡིག་ཕར་སྦྱང་དགོས་པ་ལྟ་བུའི་བསམ་བློ་ཁུར་པ་ཁྱད་མཚར་རེད།
གསར་འབྱོར་བ་གཞོན་སྐྱེས་བོད་ཡིག་འབྲི་ཤེས་མཁན་འགའ་ཤས་ཀྱིས། བཙན་བྱོལ་བས་མ་འཇོན་སྟངས་རྐྱང་རྐྱང་ཤོད་པ་དང་། དེ་གྲས་འགའ་ཞིག་གིས་་མི་བསད་ཁྲག་སྦྱོར་བྱས་པ་དང་། འགའ་ཤས་རྐུན་འཇག་བྱས་པ་ཁ་ལུད་ཀྱང་རྒྱག་མཁན་མང་པོ་འདུག ཨ་ཁ་ད་ག་རེ་བྱེད་དགོས་རེད།
ང་ཚོ་བོད་པ་ཡིན། བོད་པ་ནི་ཆོས་པ་ཡིན། ང་ཚོ་མི་ཆེན་པོ་ཡིན། ད་བོད་པས། ང་ནི་ཚང་པའོ། ཚང་པ་ནི། ཆེན་པོའོ། ཞེས་པའི་འུ་ཐུག་པའི་དུས་ཚོད་ཤར་མ་བཅུག་པར་རང་རེའི་ཞན་ཆ་ལ་ཞན་ཆར་ཁས་བླང་ནས་གཞན་ལ་དཔེ་བལྟས་ཡར་རྒྱས་གཏོང་བཅུག་མ་གཏོགས་རྗེས་ལུས་སྒང་ལ་རྗེས་ལུས་མ་བཅུག་པ་འདི་ཉིད་མི་ལེགས་སམ། ངས་རང་དོན་ཐུག་ན་བཟོད་བསྲན་གང་ཐུབ་ཐུབ་བྱེད་བགྱིད་ཡོད་ཀྱང་། སྤྱི་དོན་ལ་ཐུག་ན་སུ་ལ་ཡང་མི་ཞེད་མཁན་ཅིག་ཡིན་ནོ། །བྲག་ཞོལ་ལགས།
ཀརྡོ་ལགས།ང་ཚོས་འདི་ན་སུ་སུ་ལ་སྐྲག་མི་སྐྲག་དང་གསར་འབྱོར་ཚོས་རྐུན་མ་བརྒྱག་མིན་མི་གསོད་མིན་སོགས་བཤད་ཀི་མེད།ང་ཚོས་བོད་ཀྱི་སྐད་ཡིག་གི་རིན་ཐང་དང་དེའི་བརྡ་སྤྲོད་ལ་འགྱུར་བཅོས་གཏོང་དགོས་མིན་བཤད་ཀི་ཡོད་རེད།
འོན་ཀྱང་།ངས་དང་ཐོག་ནས་ཁྱོད་མི་མཐོང་རྒྱ་མེད་པའི་ཞེན་ཁོག་སྐམ་པོ་འཛིན་མཁན་ཅིག་རེད་ཅེས་པ་ད་ཆ་ཁྱོད་རང་ནས་བོང་བུའི་ནང་ཆ་ཁྲོམ་སྟོན་གནང་སོང་ང་།གསར་འབྱོར་ཚོས་བོད་ཡིག་ཤེས་པར་ཕྲག་དོག་ལངས་ན་སྡུག་གྱོང་རེད།རྒྱ་མི་གུང་བྲན་གྱི་འོག་སྲོག་གཏའ་མར་བཞག་ནས་སྦྱང་རེད་ཨེ་ཤེས།
མི་གསོད་ཁྲག་སྦྱོར་དང་རྐུན་ཇག་བརྒྱབ་མཁན་རེ་ཟུང་བྱུང་ན་ཧ་ལས་རྒྱུ་ཇི་གང་མེད་པ་རེད།དེང་སང་འཛམ་གླིང་ནང་མི་གསོད་དང་རྐུན་ཇག་མེད་སའི་ལུང་པ་ཅིག་གང་ན་འདུག།
དེ་ཚོ་མིའི་སྤྱོད་ལམ་རེད་བོད་མི་ཡང་མི་ཡིན་དུས་མི་སྤྱིའི་སྤྱོད་པ་བསྐྱངས་ཀི་རེད།བོད་མི་ཚོ་སངས་རྒྱས་བྱང་སེམས་རྐྱང་མིན་པ་རེད།
དེ་ནས་བཙན་བྱོལ་ནང་མ་འཇོན་པ་དང་བོད་ནང་བོད་མིའི་སྐད་ཡིག་ཆོས་རིག་སྲོག་དང་བསྡོས་ཏེ་སྲུང་སྐྱོབ་ཡར་རྒྱས་གཏོང་བཞིན་པར་བསྔགས་བརྗོད་གནང་མཁན་གསར་འབྱོར་པ་ཚོ་མ་རེད།ཏཱ་ལའི་བླ་མའི་ཤེས་ཡོན་ལམ་སྟོན་ནང་ལྟོས་དང་དེ་འདྲ་རྐྱང་གིས་ཁེངས་འདུག་ལ།གསར་ལམ་ཁག་བསྔོགས་དང་ཁ་སང་རང་TCVའཚོགས་ཁང་དུ་ཚན་རིག་དང་ནང་ཆོས་བགྲོ་གླེང་སྐབས་༧གོང་ས་མཆོག་གིས་བོད་ནང་བོད་ཡིག་ཐོག་བརྗོད་གཞི་གསར་པའི་དཔེ་དེབ་ཧ་ཅང་མང་པོ་འཐོན་བཞིན་པ་དགའ་སྤོབས་སྐྱེ་གཞི་ཅིག་ཡིན་ནའང་།ང་ཚོ་རང་དབང་ལུང་པར་དེ་འདྲ་ཇི་གང་མཐོང་རྒྱུ་མེད་པ་ངོ་ཚ་རེད་ཅེས་གསུངས་སོང་ང་།
ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོའི་འཇོན་ཐང་ཡོད་ན་མེད་ན་དེ་སྒོར་མོའི་ཆེད་དུ་བོད་མི་རིགས་རིག་གཞུང་དང་བཅས་པ་ཚོང་རྫས་སུ་བསྒྱུར་རྒྱུ་དེ་རེད།དེ་ཙམ་ཡིན་ལགས།རྗེས་མ་ལུང་རིག་རྒྱུ་མཚན་གྱི་ལམ་ནས་བགྲོ་གླེང་བྱེད་ན་དགའ་བསུ་ཡོད།རྡོ་དང་གཡུག་པ་བེད་སྤྱོད་གཏོང་རྩིས་ལ་ལན་འདེབས་མེད་ལགས།
༥༩ནས་བཙན་བྱོལ་བོད་མིས་འཁྱགས་པའི་སྟེང་ནས་བོད་ཀྱི་ཆོས་སྲིད་ཀྱི་མེ་ཁ་གསར་གསོ་བྱས་ཡོད་པ་དེ་དུས་ནམ་ཡང་བརྗེད་རྒྱུ་ཡོད་མ་རེད། ང་ཀརྡོ་རྨོངས་པ་རེད་ལབ་པ་འདི་ཚི་ངས་བཤེས་ཚིག་དང་ཁྱད་མེད་དུ་ངས་ཁྱུར་མིག་བཏང་ཐུབ་ཀྱང་། ༸གོང་ས་མཆོག་ལ་ཁ་གཏོང་བབ་དང་། བཀའ་ཁྲི་ཟམ་གདོང་ལ་ངན་སྨྲས། ད་ལྟའི་སྲིད་སྐྱོང་བློ་སེང་ལགས་ལ་འཕྱ་དམོད་འདི་རིགས་ངས་བག་ཟོན་བྱ་རྒྱུའི་གནས་སུ་གྱུར་པ་རེད།
ཨ་ལེ།ཀརྡོ་ལགས།ད་ཁྱོད་ཚོས་གནའ་སྔ་མོ་བོད་མི་མང་ཤོས་ཡིག་རྨོངས་སྐབས་ཀྱི་དཀྲོག་གཏམ་དང་རང་ཉེས་གཞན་འགེལ་གྱི་ལོག་སྤྱོད་དེས་ཁོངས་འཁྱོལ་གི་མ་རེད་ལགས།
ད་ཆ་ངེད་གཉིས་སྐད་ཆ་བཤད་ཀི་ཡོད་པ་རེད།ངས་མཆན་གོང་མ་ཁག་ནང་ལྟོས་དང་བཙན་བྱོལ་ནང་གི་མཁས་པ་ཚོར་གུས་ཞབས་ཆེན་པོ་དང་བཅས་ཏེ་བགྲོ་གླེང་བྱས་ཡོད་ལ།ངས་མཁས་དབང་ཟམ་གདོང་དང་༧གོང་ས་སྐྱབས་མགོན་ཆེན་པོ།བཀའ་ཁྲི་བློ་བཟང་སེང་གེ་བཅས་ལ་གང་ན་ངན་སྨྲས་བྱས་འདུག
ཁྱེད་ནས་ཚིག་གཅིག་རག་གི་རེད།ཁྱད་མཚར་པ་ལ།ཁ་བཤད་དུས་སྣ་བཤད།
སྐུ་མཁྱེན།ཉ་དང་ཉུང་མ་མ་བསྲེ་རོགས་ཞུ།
དགོངས་དག།ཁྱེད་ནས་ཚིག་གཅིག་རག་གི་མ་རེད་ཅེས་པར་བཅོས་རོགས།
༢༩༽ བྲག་ཞོལ་སྤེན་པ་ལགས། མཐའ་མ་ང་གཉིས་དམ་ཚིག་འོ་ཆུ་འདྲེས་ཟིན་འདུག བཀའ་དྲིན་ཆེ་ལགས།
འདི་རིང་ནས་ངས་སྨྱུག་མིང་ལ་ཀརྡོ་གཉེར་ཕྱག་པ་ཞེས་འབྲི་བར་འདོད་པས་ཁ་བརྡའི་དྲ་བདག་དང་རྩོམ་པ་པོ་དང་། མཆན་བུ་པ་ཚོས་དགོངས་འཇགས་འཚལ་ཞེས་ཞུ་ཡིག་ཏུ་ཕུལ། །
དེབ་དེ་བཀླགས་པ་ཡིན། བརྗོད་བྱའི་ཆ་ནས་བསམ་འཆར་མེད་པ་མིན་ཡང་ཐོག་མར་རྗོད་བྱེད་ཀྱི་ཆ་ནས་ཡིག་སྐྱོན་མང་བ་དང་དུས་གསུམ་གྱི་རྣམ་གཞག་འཁྲུག་པ། བོད་རང་གི་ཡིག་སྐད་དུ་ཡོད་བཞིན་དུ་དབུས་གཙང་གི་སྐད་ལ་ཕྱོགས་སོང་བ་བཅས་མང་པོ་ཞིག་འདུག་པས་དེར་འགྱུར་བ་ཞིག་གཏོང་ཐུབ་ན་ལེགས་སྙམ། རྨང་གཞི་དེའི་ཐོག་གཞི་ནས་བརྗོད་བྱའི་སྐོར་ལ་གླེང་ན་ཕན་ཆེ་སྙམ།
ཁོ་བོའི་བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག་དང་། དེ་བཞིན་ཀུན་གླེང་ཐོག་གླེང་མོལ་ཞུས་པར། རང་རིགས་བློ་གསལ་མང་དག་ཅིག་ནས་ཁ་བརྡའི་ནང་དགོངས་འཆར་ལྷུག་བཏོན་གནང་འདུག་པར་ཐུགས་རྗེ་ཆེ་ཞུ། སྤྱིར་ཁོ་བོ་ལ་མི་རིགས་ཀྱི་ལྟ་བ་དང་། སྲོལ་རྒྱུན་བོད་ཀྱི་རིག་གནས་ལ་ཡིད་སྨོན་གཞིར་བྱས་པའི་སྤོབས་པ་གཉིས་མི་དམན་པ་ཞིག་ཡོད་པར་མ་ཟད། ཆུང་དུས་སློབ་གཉེར་བྱས་སའི་གནས་ཀྱང་མཚན་ཉིད་རིག་པ་སོགས་སྲོལ་རྒྱུན་གྱི་རིག་གནས་གཙོ་བོ་ཡིན་གྱི། དེང་རབས་ཀྱི་སློབ་ཚན་མིན་མོད། ཁོ་བོའི་ལངས་ཕྱོགས་ནི། ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་ནང་ཚང་མ་ཆ་ཚང་ཡོད་པས། དེར་གང་ཡོད་པ་རྣམས་ལ་བཅོས་འགྱུར་གཏོང་ཅི་ནས་མི་རུང་ཞེས་པའི་ཁྲེགས་འཛིན་གྱི་ལུགས་དེ་མེད།
སྐབས་དོན་བརྡ་སྤྲོད་ལ་ཆ་བཞག་ན། དུས་རབས་བདུན་པའི་ནང་། ད་ལྟའི་ང་ཚོའི་ཡི་གེ་འདི་འབྲི་སྲོལ་གཏོད་པའི་ཡས་མས་སུ་བརྩམས་པའི་སུམ་རྟགས་ཀྱི་གཞུང་གཉིས་ནས། བོད་ཀྱི་སྐད་ལ་རང་ཆས་སུ་ཡོད་པའི་བརྡ་སྤྲོད་ཀྱི་གནད་གཅིག་ཀྱང་མ་ལུས་པ་གཏན་འབེབས་ཐུབ་པར་ཁས་བླངས་ན། དངོས་མཐོང་གི་གནས་ཚུལ་དང་འགལ་བ་གསལ་པོ་རེད། གཤམ་དུ་དཔེར་བརྗོད་ཁ་ཤས་ཤིག་ཞུས་ན།
༌ ཕྲད་ཀྱི་ནང་། ལ་ དང་ ནའི་འཇུག་ཚུལ་ལ། སུམ་རྟགས་གཉིས་ཀྱི་ནང་མ་ཐོན་པའི་ཚུལ་མང་དག་ཅིག་དུས་རབས་བཅུ་གཅིག་པའི་ནང་བརྩམས་པའི་སྨྲ་སྒོ་མཚོན་ཆའི་ནང་འཁོད་པ་དེའི་རྒྱུ་མཚན་གང་ཡིན་ནམ། དཔེར་ན། ཕ་མ་དང་མཇལ། བཀའ་དང་འགལ། བསམ་པ་དང་བསྟུན། ཞེས་པའི་དང་སྒྲའི་འཇུག་ཚུལ་དེ་བོད་ཀྱི་སྐད་དང་ཡི་གེ་གཉིས་ཀར་ཡོད་པའི་བོད་སྐད་ཀྱི་འགྲོས་ཐུན་མིན་ཞིག་ཡིན་མོད། སུམ་རྟགས་རྩ་འགྲེལ་གང་དུ་དེའི་བཤད་པ་འདུག་གམ།
༌ དེ་བཞིན་དུ། ཁྱོད་འགྲོ་ན་ང་ཡང་འགྲོ ཆར་པ་བཏང་ན་གུར་ནང་དུ་ཤོག ཅེས་པའི་ན་སྒྲའི་འཇུག་པ་དེ་ཤིན་ཏུ་ཁྱབ་ཆེ་མོད། སྲོལ་རྒྱུན་སུམ་རྟགས་ཀྱི་བརྡ་སྤྲོད་ནང་དེའི་བཤད་པ་གཏན་འབེབས་འདུག་གམ། དེ་དང་དེ་འདྲའི་རིགས། བོད་ཀྱི་སྐད་དང་ཡི་གེ་གཉིས་ཀར་བཀོལ་སྤྱོད་ཁྱབ་ཆེ་ཡོད་པའི་ཕྲད་ཀྱི་འགྲོ་སྟངས་གང་འཚམས་ཤིག་ལ་དེ་སྔ་བརྡ་སྤྲོད་ཀྱི་བཤད་པ་གཏན་འབེབས་མ་བྱུང་བ་རྣམས་རང་སོར་འཇོག་རྒྱུ་ཡིན་ནམ།
༌ ལྷག་པར་སྲོལ་རྒྱུན་གྱི་བརྡ་སྤྲོད་ཀྱི་གཞུང་དུ། ཚིག་ཕན་ཚུན་བར་ཚིག་ཕྲད་སྦྱོར་ཚུལ་ཙམ་ལས། ཚིག་སྒྲུབ་བྱ་ཚུལ་དང་འབྲེལ་བའི་གནད། དཔེར་ན་ཚིག་སྒྲུབ་ཀྱི་རྩ་བའི་སྒྲོམ། ཚིག་སྒྲུབ་ཀྱི་ཁྱད་གཞི་དང་ཁྱད་ཆོས། དེ་དག་སོ་སོའི་ཆ་ཤས་དང་གོ་རིམ་བསྒྲིག་ཚུལ་སོགས་ལས་བརྩམས་པའི་བཤད་པ་གང་དུ་འདུག་གམ། འོ་ན། བོད་ཀྱི་སྐད་ཡིག་ལ་དེ་རིགས་ཀྱི་རྣམ་དབྱེ་དང་གསལ་བཤད་རྩ་བ་ནས་མི་དགོས་པ་ཡིན་ནམ།
༌ དེ་བཞིན་དུ། བོད་ཀྱི་སྐད་ཡིག་གཉིས་ཀར་ལག་ལེན་ལ། མིང་ཚིག་དང་། མིང་ཚབ། མིང་གྲོགས། བྱ་ཚིག ཁྱད་ཚིག རྣམ་འགྱུར་རྗོད་པའི་ཚིག ཚིག་གྲོགས་སོགས་རིགས་སོ་སོར་ཡོད་མོད། དེ་སྔའི་བརྡ་སྤྲོད་ཀྱི་གཞུང་དུ་དེའི་རྣམ་བཞག་མེད་པར་བརྟེན། ང་ཚོའི་ཚིག་མཛོད་དཔེར་ན་རྒྱས་ཤོས་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུའང་། ཐ་སྙད་མང་དག་ཅིག་ཚུད་ཅིང་དེ་རྣམས་རེ་རེའི་གོ་དོན་གསལ་བཤད་དཔེར་བརྗོད་དང་བཅས་པ་ཡོད་མོད། སྐད་ཡིག་ཆེ་ཁག་གཞན་གྱི་ཚིག་མཛོད་དང་བསྡུར་ན། རྒྱལ་སྤྱིའི་ཚིག་མཛོད་ཀྱི་ཚད་ལོངས་པ་འཇོག་དཀའ་སྟེ། ཐ་སྙད་སོ་སོའི་ཟུར་དུ་ཚིག་གི་སྡེ་ཚན་བྱེ་བྲག་པ་གང་ཡིན་གྱི་བཤད་པ་མ་བྱུང་བའི་ཕྱིར་རོ།། འོ་ན། བོད་ཀྱི་སྐད་ཡིག་ལ་དེ་ལྟ་བུའི་ཚིག་གི་སྡེ་ཚན་སོ་སོ་དབྱེ་མི་དགོས་པ་ཡིན་ནམ།
གོང་དུ་བཀོད་པ་རྣམས་དཔེ་མཚོན་ཙམ་སྟེ། ཞིབ་པར་སྨྲ་སྒོའི་ལྡེ་མིག་ལ་གཟིགས་མཛོད། མཐའ་དོན། ཁོ་བོས་དེབ་འདི་བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་ཀྱི་གནད་རྣམས་ཆ་ཚང་ཞིང་ཁ་གསལ་བ་ཞིག་གཏན་འབེབས་བྱུང་ན། རང་རིགས་གཞོན་སྐྱེས་རྣམས་ལ་བོད་ཡིག་འབྲི་རྩལ་ཅུང་ལས་སླ་བོ་ཞིག་གི་ལམ་ནས་སློབ་སྟོན་ཐུབ་རྒྱུའི་གོ་སྐབས་ཤིག་ཐོབ་སྲིད་སྙམ་སྟེ་གཞུང་འདི་བརྩམས་ཏེ་སྤེལ་བ་ཡིན་པས། དོན་མཐུན་གྱི་དགོངས་འཆར་དང་། སྐྱོན་སེལ་གྱི་ལམ་སྟོན་གང་ཡོད་ཐོ་བཀོད་དེ་རྗེས་སུ་ཁོ་བོར་གནང་རོགས་ཞུ་ཞེས་སྐྱབས་འཇུག་ཞུའོ།།
གླང་རི་པ་ཐུབ་བསྟན་སྦྱིན་པ་ལགས་ཀྱིས།
་་་། དཔེར་ན། ཕ་མ་དང་མཇལ། བཀའ་དང་འགལ། བསམ་པ་དང་བསྟུན། ཞེས་པའི་དང་སྒྲའི་འཇུག་ཚུལ་དེ་བོད་ཀྱི་སྐད་དང་ཡི་གེ་གཉིས་ཀར་ཡོད་པའི་བོད་སྐད་ཀྱི་འགྲོས་ཐུན་མིན་ཞིག་ཡིན་མོད། སུམ་རྟགས་རྩ་འགྲེལ་གང་དུ་དེའི་བཤད་པ་འདུག་གམ། ་་་ཟེར།
༌ དེ་བཞིན་དུ། ཁྱོད་འགྲོ་ན་ང་ཡང་འགྲོ ཆར་པ་བཏང་ན་གུར་ནང་དུ་ཤོག ཅེས་པའི་ན་སྒྲའི་འཇུག་པ་དེ་ཤིན་ཏུ་ཁྱབ་ཆེ་མོད། སྲོལ་རྒྱུན་སུམ་རྟགས་ཀྱི་བརྡ་སྤྲོད་ནང་དེའི་བཤད་པ་གཏན་འབེབས་འདུག་གམ། ་་་ཟེར།
༸སྐུའི་གསུང་བསྒྱུར་ཐུབ་སྟན་སྦྱིན་པ་ལགས། དང་པོ་ཐོག་མར་བཀྲ་ཤིས་བདེ་ལེགས་ཡོད། ངེད་གཉིས་འཇང་གུན་ཆོས་སྐབས་སུ་ཆོས་རར་ཆོས་རྩོད་པ་ཨེ་དྲན། ད་ཆ་འདིར་མཁས་ཉམས་སྟོན་ནས་མ་བཞུགས་པར་ཁ་བརྡའི་ཐང་བདེ་མོའི་གཡུལ་སར་ཕེབས་པར་བཀའ་དྲིན་ཆེ་ལགས། འདི་རིང་འདིར་ཡང་གཞན་དང་རྩད་ཞོར་དུ་བརྡ་སྤྲོད་རྩོད་སར་བདག་ཁྱེད་ལ་ཡང་རྩོད་པར་སྤྲོའོ །
ཕ་དང་མ། འདི་སྡུད་པའི་དཔེར་བརྗོད་དུ་སོང་ན། ཕ་མ་དང་མཇལ་འདི་སྡུད་པའི་དཔེར་རུ་མི་འཐད་པ་ཅི་ཡིན་ནམ། དང་སྒྲའི་སྡུད་པའི་དཔེ་ལ་ཆ་ཡ་གཉིས་ཀ་ཡིན་མིང་རྐྱང་ཡིན་དགོས་པ་ཐུ་མི་ཕྱག་དམ་བསྐྱོན་ཨེ་ཡོད་སྙམ། ཕ་མ་དང་མཇལ་འདི་སྡུད་པ་ལ་འཇུག་སྟེ། བྱ་བའི་ཡུལ་ཕ་མ་དང་། བྱ་བ་གཉིས་སོ་སོར་ཡིན་པ་ལ་གཅིག་ཏུ་སྡུད་པའི་ཕྱིར་རོ། །ཞེས་ན་ལན་ཅི་ཡོད་ལགས། འོ་ན་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་དེ་དབྱེ་སེལ་གནང་འདུག་ཟེར་ན། གཞན་གྱི་ཟེར་སྒྲོས་གཅིག་རྗེས་སུ་མ་བསྦྲངས་བར། རིགས་ལམ་རྣམ་དག་གི་རྗེས་སུ་རྒྱུགས་ཅིག ཅེས་དྲན་གསོ་བླང་འདོད་ཡང་བྱུང་ངོ་། །དགེ་བཤེས་ལགས།
ཡང་།
ཁྱོད་འགྲོ་ན་ང་ཡང་འགྲོ །ཞེས་པའི་ན་འདི། བོད་ཀྱི་སུམ་རྟགས་བརྡ་སྤྲོད་ནང་ལ་མེད་པའི་ཁུངས་ཅི་ཡོད་དམ། ན་ཡིག་འདི་ནི། ཨིན་སྐད་དུ་གཡིཕ་ཕམ་ If གྱི་སྐད་དོད་ཡིན་པ་མཁྱེན་གསལ་ལྟར། ན་ཡིག་བོད་བརྡ་ཡིན་པས་བོད་ཀྱི་བརྡ་སྤྲོད་ནང་ནས་བསྐྲད་༼ན་༽སྡིག་མི་ཆེའམ། བརྡ་དང་ཐ་སྙད། ཚིག་ཟུར་ཡོད་ཚད་མཉམ་བསྲེས་བྱས་པས་བརྡ་སྤྲོད་ཁུངས་ལྡན་ཅིག་ཀྱང་ཡོང་སྲིད་དམ། ང་ལ་ནི། གཞུང་གཞན་དྲུག་ཡོད་ནས་ཉམས་ཡོད་ན་ཡང་བོད་ཀྱི་བརྡ་སྤྲོད་ཆ་ཚང་ཡོད་ཅེས་ཁས་ལེན་བཞིན་ཡོད་ལགས།
དེ་བས། དིང་གི་བོད་རིགས་སྤྱི་སྐད་དུ། ང་ འགྲོ་གི་ ཡིན། ལས། ང་ འགྲོ་ཀི་ ཡིན། འདི་ལེགས་ལ། དེ་གཉིས་ལས་ཀྱང་། ཨིན་ཡིག་ལྟར་མ་འོངས་པའི་ཡིག་གཟུགས་ཡོད་པ། ང་ འགྲོ་ བགྱི ཡིན་དང་། ད་ལྟ་བ་ལ། ང་འགྲོ་བགྱིད་ ཡོད། ཕྲིས་ཤིག་ཅེས་ཞོར་འཕྲོས་ཡིན་ལགས། དགེའོ། །
ཁ་སང་འདིར་མཆན་ཞིག་བཀོད་པ་བསུབ་ཚར་འདུག ད་ཡང་བསྐྱར་འབྲི་བར་དུས་ཚོད་ཀྱང་མི་འདུག དགེ་བཤེས་ཐུབ་བསྟན་སྦྱིན་པ་སྐུ་དངོས་སུ་ཕེབས་ནས་བསམ་ཚུལ་གསུངས་པར་དགའ་ཡོད
ཀརྡོ་གཉེར་ཕྱག་པ་ལགས་ནས། ཕ་མ་དང་མཇལ། བསམ་པ་དང་འགལ། ཞེས་སོགས་ཀྱི་དང་སྒྲ ཕ་དང་མ། ཞེས་པ་ལྟ་བུའི་སྡུད་པ་ལ་འཇུག་པར་གསུངས་པ་མ་བརྟགས་པའི་བཤད་པ་སྟེ། གཅིག་ནས་དཔེར་བཀོད་པའི། ཕ་དང་མ། ཞེས་པའི་དང་སྒྲ་ནི་འབྱེད་པའི་དོན་ཡིན་ལ། གཉིས་ནས། ཕ་མ་དང་མཇལ། ཞེས་པ་བྱ་བ་དང་ཡུལ་གཉིས་གཅིག་ཏུ་སྡུད་ཅེས་པ་ལ་གོ་རྒྱུ་གང་འདུག གཅིག་ཏུ་སྡུད་ཅེས་པའི་གཅིག་དེ་གང་ལ་ངོས་འཛིན་རྒྱུ་ཡིན། དང་སྒྲ་སྡུད་པ་ལ་འཇུག་པའི་དོན་ནི། གཞུང་ནས་བཤད་པ་ལྟར་ན། སངས་རྒྱས་དང་། ཆོས་དང་། དགེ་འདུན་ནི་སྐྱབས་སོ། །ཞེས་དེ་གསུམ་སྐྱབས་སུ་སྡུད་པ་དང་། དབུས་གཙང་དང་། མདོ་སྟོད། མདོ་སྨད་གསུམ་ནི་བོད་ཀྱི་ཆོལ་ཁའོ། །ཞེས་པ་ལྟ་བུ་དེ་གསུམ་ཆོལ་ཁའི་ནང་དུ་སྡུད་པས། རིམ་པ་བཞིན། སྡུད་ཅེས་པའི་སྡུད་ས་དེ་གང་ཡིན་ངོས་འཛིན་རྒྱུ་ཡོད། ལར་ནས། ཕ་མ་དང་མཇལ། ཞེས་སོགས་ཀྱི་དང་སྒྲའི་འཇུག་ཚུལ་དེ་དང་སྒྲ་སྡུད་པ་ལ་འཇུག་པའི་ཚུལ་དུ་སྲོལ་རྒྱུན་བརྡ་སྤྲོད་ཀྱི་གཞུང་གང་དུ་བཀོད་འདུག ཉིད་ནས་གཟིགས་སམ། དེ་རིགས་ཐུགས་ཞིབ་དང་དཔྱད་པ་གནང་སྟེ་གསུང་བ་ལས། གང་བྱུང་གསུངས་པས་ཅི་ཕན།
དེ་བཞིན་དུ། ང་འགྲོ་བགྱིད་ཡིན། འགྲོ་བགྱི་ཡོད། ཅེས་སོགས་ཀྱང་། ཉིད་ཀྱི་བསམ་ཚུལ་ཙམ་ལས། དམིགས་བསལ་དགོས་པ་མ་མཐོང་། དེ་ནི་ཁ་སྐད་ཀྱི་ཚིག་སྦྱོར་བྱ་ཚུལ་ཡིག་ཐོག་ཏུ་བཀོད་པའི་རིགས་ཡིན་པས། གང་ཐུབ་ཀྱི་སྟབས་བདེ་བྱུང་ན་ལེགས་པ་ལས། བྱ་ཚིག་བགྱི། བགྱིད། བགྱིས།་སོགས་དུས་གསུམ་གྱི་གཟུགས་སོ་སོ་ངེས་ནས་འབྲི་དགོས་པར་བྱེད་ན་མགོ་རྙོག་ཆེ་བར་མཐོང་།
གང་ལྟར་ཡང་། དངོས་འབྲེལ་ཐུགས་སྣང་ཡོད་ཚེ་ཁོ་བོའི་དེབ་དེ་ཞིབ་མོར་བཀླགས་ཏེ་དེར་སྐྱོན་སེལ་ལེགས་བཅོས་ཀྱི་དགོངས་འཆར་གང་ཡོད་ཐོ་བཀོད་དེ་ཁོ་བོར་གནང་ཐུབ་པ་བྱུང་ན་དཔར་སྐྲུན་གཉིས་པའི་སྐབས་བསྐྱར་བཅོས་རྒྱ་ཆེ་ཙམ་ཞིག་བྱ་འདུན་ཡོད་པས། དེ་དུས་ངེས་པར་ཕན་ཐོགས་པ་ཞིག་འོང་ངེས་ཤེས་ཞུའོ།།
ཐུབ་བསྟན་སྦྱིན་པ་ལགས།
སངས་རྒྱས་དང་། ཆོས་དང་། དགེ་འདུན་ནི་སྐྱབས་སོ། ཞེས་པ་དང་སྒྲ་སྡུད་པ་ལ་འཇུག་པའི་དཔེར་བརྗོད་དུ་འོས་ལ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱིས་གསུངས་སོ། དང་། ཡང་ན། སངས་རྒྱས་དང་། ཆོས་དང་། དགེ་འདུན་སྐྱབས་གསུམ་གྱིས་གསུངས་སོ། དང་སྒྲ་སྡུད་པ་མིན་ཟེར་རམ། ཡང་ན། ནི་སྒྲས་སྡུད་པ་ཡིན་ཞེས་ལབ་དགོས་ཐལ་བ་དང་། ཡང་ན། བྱ་ཚིག་སྦྱར་བ་ཙམ་གྱིས་དང་སྒྲ་སྡུད་ཚིག་ལ་མི་འཇུག་པ་གྱུར་ཟིནད་ཏོ། ཞེས་སྨྲ་དགོས་སོགས་མི་ཐལ་ལམ། ངས་ནི་ཁྱེད་ཅག་སྲོལ་རྒྱུན་དཔེར་བརྗོད་ལ་གོམས་པ་ཆེ་དྲགས་པ་དང་། ཅུང་བློ་གྲོ་གྲོས་གུ་དོག་ཏུ་བཏང་བ་མིན་ནམ།
ཡང་། འགྲོ་ བགྱི་ ཡིན། དང་། འགྲོ་ བགྱིད་ ཡོད། ཅེས་པ་ཡང་ཁྱེད་ཀྱིས་ཁས་བླངས་མི་ཐུབ་སྟེ། ཁྱེད་རྣམས་ཀྱིས་བསྒྲིགས་པའི་བོད་ཀྱི་ཁ་སྐད་དང་ཕྱི་རོལ་སོང་བས་མིན་ནམ། གང་ལྟར་ཡང་བོད་ཀྱི་སྤྱི་སྐད་ལ་བསམས་ནས་ངའི་རྩོད་པར་ལན་གནང་བར་ཐུགས་རྗེ་བཀའ་དྲིན་ཆེ་ལགས། ཁྱེད་ཀྱི་ཕྱག་དེབ་ད་ལྟ་ལག་སོན་མ་བྱུང་དེའི་ནང་དོན་སྐོར་ལ་ལེགས་ཉེས་ཞུ་རྒྱུ་མ་མཆིས་ལགས། ལྗགས་རྩོམ་གནང་བ་གོ་བ་ཙམ་གྱིས་རྗེས་སུ་ཡི་རང་ཞུ་རྒྱུ་ལས་མ་འདས་སོ། །
བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ཟེར་ན་སུམ་རྟགས་གཉིས་ཁོ་ན་ལ་གོ་ན་མི་འགྲིག་སྙམ། བོད་ཀྱི་བརྡ་སྤྲོད་ད་ཡོད་ནང་མི་འདྲ་བ་ཁ་ཤས་ཡོད་པ། ༡༽ གནས་བརྒྱད་རྩ་བ། འདི་ལ་རཀ་ར་རིན་པོ་ཆེ་ནས་འགྲེལ་བ་རྒྱས་པར་བརྩམས་ཤིང་། ཁྲིད་པའི་རྒྱུན་བཟང་སྤེལ། ༢༽ སུམ་ཅུ་པ། འདི་ལ་སྔ་ཕྱི་བར་གསུམ་དུ་འགྲེལ་བ་མི་འདྲ་པ་ཤིན་ཏུ་མང་། ༣༽ རྟགས་ཀྱི་འཇུག་པ། ༤༽ སྨྲ་སྒོ་མཚོན་ཆ་འཁོར་ལོ། འདི་དག་ཚང་མ་བརྡ་སྤྲོད་པའི་གཞུང་ལོས་ཡིན།
གསུང་བསྒྱུར་ཐུབ་བསྟན་སྤྱིན་པ་ལགས་ཀྱིས་གསུང་པ་ལྟར་དང་སྒྲ་འདི་སུམ་འགྲེལ་མང་པོ་ཞིག་ན། དང་ནི་འབྱེད་སྡུད་རྒྱུ་མཚན་དང་།། ཚེ་སྐབས་གདམས་ངག་ལྔ་ལ་འཇུག། གསུངས་ཡོད་ན་ཡང་། གསེར་ཏོག་སུམ་འགྲེལ་ལྟ་བུ་ན། ལྔ་བོ་དེར་མ་འདུས་པའི་དང་སྒྲ་ངོས་བཟུང་པ་འདི་ལྟར། ༼ཚེ་སྒྲ་དང་དོན་གཅིག་པ་ཡོད་དེ། དཔེར་ན་ཆོས་ཉན་པ་དང་བློ་བསྐྱེད་མང་པོ་རྙེད། དབང་ཡོད་པ་དང་ཀུན་གྱིས་བཏུད། ༽འདི་འདྲ་བཀོད་འདུག
ལར་ཕྲད་ཀྱི་རིགས་ལ་ལེགས་བཤད་ལྗོན་དབང་དང་། སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས་སོགས་ན་གྲངས་ཀའི་ངོས་བཟུང་མཛད་ཡོད་ན་ཡང་། ཨ་ཁུ་དམུ་དགེ་སོགས་ཀྱིས་སུམ་རྟགས་གཉིས་དང་། སྨྲ་སྒོ་མཚོན་ཆ་འཁོར་ལོ་སོགས་ན་དངོས་སུ་མ་བསྟན་པའི་ཕྲད་དང་དེའི་འཇུག་ཡུལ་མང་པོ་ཞིག་ཟུར་དུ་བཏོན་པ་དོན་དངོས་ལ་ཡོད་ཡོད་པ་རེད། མེད་པ་ཟབ་འཇུག་བྱས་ན་རྗེས་སུ་ཡི་རངས་ཞུ་རྒྱུ་ལས་མེད། འོན་ཀྱང་ཡོད་པ་ཞིག་བསྒྱུར་བཅོས་གཏོང་པའི་རིགས་ལ་དགེ་མཚན་གང་ཡོད་མེད་ལ་བརྟག་དགོས་པ་ཞིག་སྣང་།
ང་ཚོས་འདི་ནས་སྨྲ་སྒོ་ལྡེ་མིག་གི་ཕྱག་དཔེ་མ་མཐོང་པར་དེའི་དགེ་མཚན་བཤད་བསྡད་ན། དེ་ནི་རི་བོང་ར་ཡོད་མེད་པ་ཤེས་པར། དེ་ལ་འདོམ་པ་ག་ཚོད་ཡོད་མེད་རྩོད་པ་དང་གཉིས་སུ་མེད་པ་ལྟ་བུ་ཞིག་ཏུ་སྣང་། ད་ཐེངས་དུས་དབང་སྐབས་སུ་དེབ་དེ་རེག་སོང་ན། རྗེས་ནས་བསམ་ཚུལ་ཞིག་འབུལ་ངེས་ཡིན།
སྔར་རིག་གནས་གསར་བརྗེ་སྐབས་སུ་སུམ་རྟགས་གསར་བ་བརྩམས་པའི་ནང་དུ་ངའི་བློ་ངོར་ངེས་པའི་ཚིག་གཅིག་སྟེ། གི་ཀྱི་གྱི་འུ་ཡི་ལྔ་ལས།། རྣམ་དབྱེ་དྲུག་པའི་གི་མ་གཏོགས།། གསར་བརྗེའི་ཆེད་དུ་དོར་བ་ཡིན།། འདི་ལྟར་བོད་ཡིག་སྟབས་བདེ་བཟོས་པ་རེད། ད་ཐེངས་བོད་ཕྱོགས་ནས་བོད་ཡིག་སྟབས་བདེ་བཟོ་རྒྱུ་ཟེར་ན། ཡང་སྔར་གྱི་རྒྱ་ཕྱོགས་ནས་བོད་ཡིག་སྟབས་བདེ་བཟོས་པ་དེ་ཚོ་དྲན་ནས་བློ་བདེ་བོ་ཞིག་མི་འདུག
བརྡ་སྤྲོད་དང་རིགས་གཞུང་སྐོར་ལ་དབང་གཅོད་བྱས་ན་བོད་སྤྱི་བ་ལ་གྱོང་རེག་རྒྱུ་རེད། རྒྱ་ཕྱོགས་བོད་ཕྱོགས་སུ་ཡིན་ན་ཡང་གཅིག་པ་རེད་དྲན།།
དཔེར་ན་རྗེ་ཙོང་ཁ་པའི་ལེགས་བཤད་གསར་ཕྲེང་ན། གང་ལ་ན། གང་གིས་ན། གང་ན། ཇི་ལྟར་ན། སོགས་མང་པོ་ཞིག་ཡོད་པ་དེ་དག་ནི་གནས་བརྒྱད་རྩ་བའི་བརྡ་སྤྲོད་ཀྱི་འགྲོས་ཡིན་པ་ལས། སུམ་རྟགས་དང་། སྨྲ་སྒོ་མཚོན་ཆ་སོགས་ཀྱི་བརྡ་སྤྲོད་ཀྱི་འགྲོས་མ་རེད་ཅེས་བདག་གིས་སྤོབས་པ་ཆེན་པོས་སྨྲ་སྤོབས་སོ།
ཨོ། དེ་རིང་ཐུབ་བསྟན་སྦྱིན་པ་ལགས་སྐུ་དངོས་སུ་ཕེབས་འདུག་པར་བཀྲ་ཤིས་བདེ་ལེགས་ཡོད།
ཁྱེད་རང་དངོས་སུ་འདིར་ཕེབས་པས་ངའི་ལག་པ་འཛིན་ཐུབ་མ་སོང་།
སྐུ་ཉིད་ཀྱི་དེབ་དེ་གང་འཚམས་ཤིག་ཀློག་པ་ཡིན། གསར་གཏོད་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་བསྔགས་བརྗོད་ཡོད། དེ་དང་མཉམ་དུ། མགོའི་བཅོས་འགྱུར་ཟེར་བ་ནས་བཟུང་སྟེ་ཡིག་ནོར་དང་། ཕྱི་རྒྱལ་གྱི་མིང་བོད་ཡིག་ནང་འབྲི་སྟངས། འཇུག་པ་གསར་པའི་རིགས་ལ་མིང་འདོགས་སྟངས། དབྱེ་བ་འབྱེད་སྟངས་སོགས་ལ་བསམ་ཚུལ་ཡང་གང་མང་ཞིག་འདུག རབ་ཡིན་ན་ཁྱེད་དང་དངོས་སུ་ཐུག་ནས་ཁ་བརྡ་བྱེད་པར་སྤྲོ། འུ་གཉིས་གྲོང་ཁྱེར་གཅིག་ཏུ་ཡོད་པ་རེད། དེ་མིན་དུས་ཚོད་ཡོད་སྐབས་སུ། དྲ་ཐོག་འདི་རང་ཐོག་བགྲོ་གླེང་བྱས་ནའང་མ་འགྲིགས་པ་མི་འདུག
ང་ཚོའི་བརྡ་སྤྲོད་ཀྱི་གཞུང་དེ་ཕུན་སུམ་ཚོགས་སུ་གཏོང་བ་དང་ཁྲིད་ཐབས་ལ་བཅོས་སྒྱུར་བྱེད་དགོས་པའི་དགོངས་ཚུལ་བཏོན་པ་ཡིན་ན་དེ་ལ་ཡོངས་སུ་རྒྱབ་སྐྱོར་བྱེད་ཐུབ་པ་ཞིག་རེད། ཡིན་ནའང་། བརྡ་སྤྲོད་ལ་བཅོས་སྒྱུར་བྱེད་དགོས་གསུངས་པ་དེ་མགོ་ཚོས་མ་སོང་། བརྡ་སྤྲོད་ཀྱི་ཁྲིད་ཐབས་དང་འབྲི་ཐབས་ལ་ཇི་ལྟར་འགྱུར་བ་བཏང་ནའང་། དང་སྒྲ་དང་ནི་སྒྲ་ལ་སོགས་པའི་ཕྲད་རྣམས་སྔར་བཞིན་ཡོང་རྒྱུ་ཡིན་པར་བརྟེན་དེ་ནི་བརྡ་སྤྲོད་ཀྱི་འགྱུར་བ་ཞིག་ཏུ་བསམ་དཀའ་འོ།
བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་དེ། གནའ་ནས་ད་བར་གྱི་བོད་ཀྱི་མཁས་དབང་རིན་བྱོན་རྣམ་པས་གསར་རྙེད་དང་ཁ་གསབ་ཡང་ཡང་བྱས་པ་ལ་བརྟེན་ཕུན་སུམ་ཇེ་ཚོགས་ནས་ཇེ་ཚོགས་སུ་ཕྱིན་ཏེ་ད་ལྟ་ང་ཚོའི་མདུན་དུ་ཡོད་པའི་བརྡ་སྤྲོད་ཀྱི་གཞུང་དེ་དག་གྲུབ་པ་རེད། ད་ལྟ་ད་རུང་ཁ་གསབ་བྱེད་རྒྱུ་ཡོད་པར་མཐོང་། དཔེར་ན། མ་མི་མིན་མེད་སོགས་དགག་ཕྱོགས་ལ་འཇུག་པ་རྣམས་བརྡ་སྤྲོད་དུ་བཅུག་ཡོད་ནའང་། དེའི་ལྡོག་ཕྱོགས་ཏེ་སྒྲུབ་ཕྱོགས་སམ་བདེན་པར་འཇུག་པའི་ཡིན་ཡོད་རེད་སོགས་ཁྱེད་ལྟར་ང་ཚོ་ལ་མེད་པ་དེ་དག་ངེས་པར་ཁ་གསབ་བྱ་དགོས་པར་མཐོང་། གཞན་ན་སོགས་འཇུག་ཡུལ་གསར་པ་ཡིན་པར་བརྗོད་པ་ནི་དེ་ལྟར་མ་ཡིན་ནོ།
ཁྱེད་རང་ནས་སྔོན་རབས་ཀྱི་བོད་ཀྱི་བརྡ་སྤྲོད་གཞུང་གང་འཚམས་ཤིག་ཀློག་འདུག་པར་དགའ་བ་སྒོམ་བཞིན་དུ་ཡོད་ཀྱང་། བོད་ནང་གི་མཁས་དབང་དུང་དཀར་ཚང་། ཚེ་ཏན་ཞབས་དྲུང་ཚང་། དམུ་དགེ་བསམ་གཏན་ཚང་། མཁྱེན་རབས་འོད་གསལ། དོར་ཞི། གསུང་རབ་རྒྱ་མཚོ། བཀྲ་ཤིས་དབང་འདུས། ཧོར་ཁང་སོགས་ཀྱིས་མཚོན་པའི་མཁས་དབང་ཆེས་མང་པོ་ཞིག་ནས་བརྡ་སྤྲོད་དང་འབྲེལ་བའི་དེབ་དང་རྩོམ་གྲངས་ཀྱིས་བགྲང་དཀའ་བ་ཞིག་བྲིས་ཤིང་། དེའི་ནང་གསར་པ་ཁ་གསབ་ཀྱང་མང་པོ་ཞིག་གནང་ཡོད་པ་དེ་དག་ད་རུང་གཟིགས་མེད་ཚོད་དུ་འདུག་ན་ད་དུང་ལྟ་རྒྱ་ཐོས་རྒྱ་བསྐྱེད་དགོས་སའང་ཡོད་ཡོད་འདྲ།
དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་འདིར་ཕེབས་པར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ཁ སྔོན་སློབ་དགེ་ཞིག་གི་ཕྱག་ནས་ཁྱེད་ཀྱིས་བརྩམས་པའི་དེབ་དེ་མཇལ་རྒྱུ་བྱུང་ཞིང་གང་འཚམས་ཤིག་ཀྱང་བཀླགས་ཟིན། ངས་བསམ་ངོར་འདི་འདྲ་ཞིག་དྲན་བྱུང་སྟེ། བོད་ཀྱི་སྐད་ལ་བྱང་ཆ་ཡོད་མཁན་ཞིག་ཡིན་ཕྱིན་བརྡ་སྤྲོད་ཀྱི་རྣམ་གཞག་དེ་སྔ་ཡོད་པ་དེས་མ་འཐུས་པ་མི་འདུག་སྙམ། ལར་ནས་བོད་སྐད་གཏན་ནས་མི་ཤེས་མཁན་ཞིག་ལ་མཚོན་ན་འདིས་ཕན་ཐོགས་ཤིག་ཡོད་ངེས་རེད། ད་ལྟ་རང་རེའི་ན་གཞོན་ཚོར་མཚོན་ན་རང་ཉིད་ཀྱིས་བརྡ་སྤྲོད་ལ་སྦྱང་བརྩོན་བྱེད་མིན་གཙོ་བོ་ཡིན་པ་ལས་ཁོང་ཅག་གིས་བརྡ་སྤྲོད་ཀྱི་འགྲོ་སྟངས་མི་ཤེས་པ་དེ་གཞུང་ལུགས་ཀྱི་ཞན་ཆ མ་རེད་སྙམ། ད་ལྟའི་བོད་ཀྱི་སློབ་གྲྭ་ཁག་གི་འཛིན་རིམས་བཅུ་གཅིག་པའི་སློབ་དེབ་ནང་དུ་མཁས་དབང་ཐུབ་བསྟན་མཆོག་གྲུབ་ལགས་ཀྱིས་མཛད་པའི་བརྡ་སྤྲོད་ཀྱི་སློབ་ཚན་༼དབྱིན་ཇིའི་བརྡ་སྤྲོད་ལ་དཔེ་བླངས་པ་༽ཞིག་འདུག་པ་དེ་ཡང་ལོ་བཅུར་བོད་ཡིག་སྦྱངས་ཟིན་པའི་བོད་པ་ཞིག་ལ་མཚོན་ན་སྦྱོང་མི་དགོས་པའི་སློབ་ཚན་ལྷག་མ་ཞིག་རེད། དཔེར་ན་ ང་འགྲོ་ ཟེར་བ་ལྟ་བུར་མཚཽན་ན་ མིང་རྐྱང་ ང་ སྔོན་དང་ བྱ་ཚིག་ འགྲོ་ རྗེས་ལ་སྦྱོར་དགོས་པ་ལྟ་བུའི་བཤད་པ་ཤིན་ཏུ་མང་པོར་འདུག་པ་དེ་ཚོ་བོད་སྐད་ཡག་པོ་ཤེས་མཁན་ཞིག་ཡིན་ཕྱིན་རང་བཞིན་གྱིས་ཤེས་པ་དང་མི་ནོར་བ་ཞིག་རེད། དེ་རིང་དུས་ཚོད་ཀྱིས་རྐྱེན་པས་དེ་ཙམ་ཡིན། སྐུ་ཉིད་དངོས་སུ་དྲྭ་ཐོག་ཏུ་ཕེབས་ཐུབ་པར་དགའ་བོ་བྱུང་བར་མ་ཟད་རང་རེའི་རིག་གཞུང་ལ་སྲི་ཞུ་བླ་མེད་ཞུ་པའི་སྙིང་སྟོབས་ལ་མངོན་པར་བསྟོད་དོ། ཁ་དྲོ་བཀྲ་ཤིས།
ད་རུང་བསམ་ཚུལ་མི་མཐུན་ས་གཅིག་འབྲི་ཆོག་པ་གྱིས། ཁྱེད་རང་གི་བརྡ་སྤྲོད་གསར་པ་དེ་འབྲི་དགོས་པའི་དམིགས་ཡུལ་གཙོ་བོ་གཅིག བརྡ་སྤྲོད་དེ་ལ་བརྟེན་ནས་སློབ་མ་ཚོའི་འབྲི་རྩལ་ཡར་རྒྱས་འགྲོ་བའི་རེ་བ་ཡོད་གསུངས་འདུག་ཀྱང་། ངས་ཁྱེད་ཀྱི་དེབ་ཀྱི་མགོ་མཇུག་གང་དུའང་སློབ་མ་ཚོའི་འབྲི་རྩལ་ལ་ཕན་ཐོགས་ས་ཞིག་མཐོང་མ་སོང་། སློབ་མ་ཚོའི་འབྲི་རྩལ་ཡར་རྒྱས་འགྲོ་མིན་དེ་བརྡ་སྤྲོད་ཀྱི་གཞུང་དཀའ་སླ་ལ་ཐུག་པ་ཞིག་མིན་པར་གཙོ་བོ་དགེ་རྒན་གྱིས་སློབ་མ་ལ་འབྲི་རྩལ་གྱི་སྦྱོང་བརྡར་ལེགས་པོ་ཞིག་སྤྲད་མིན་ལ་ཐུག་པར་འདོད། ང་ཚོའི་སྲོལ་རྒྱུན་ལྟར་ན། དགེ་རྒན་གྱིས་གཞུང་བཤད་ཟབ་མོ་མང་པོ་ཞིག་གནང་གནང་ནས། སློབ་མ་ལ་འབྲི་སྦྱོང་མང་ཞིག་བྱེད་འཇུག་རྒྱུ་དེ་གཙོ་བོར་མི་འཛིན་པ་དེ་ལ་ཐུག་པར་འདོད།
བོད་ནང་ལ་མཚོན་ན། ས་ཆ་མང་པོ་ཞིག་ནང་། འཛིན་རིམ་བཞི་པ་དང་ལྔ་པའི་ནང་བཅད་ལྷུག་གང་རུང་གི་རྩོམ་འབྲི་མཁན་མང་པོ་ཞིག་འབྱུང་བཞིན་པ་མ་ཟད་འགའ་རེའི་རྩོམ་རྩལ་ཚད་མཐོན་པོར་སླེབས་འདུག ང་རང་ཡོང་སའི་གྲོང་གསེབ་དེའི་སློབ་ཆུང་ནང་ཡང་རྩོམ་འབྲི་ཐུབ་མཁན་གྱི་སློབ་མ་སྐོར་ཞིག་འདུག་པ་མ་ཟད་རྩོམ་ཡིག་དུས་དེབ་ཅིག་ཀྱང་འདོན་བཞིན་མཆིས།
བོད་ཀྱི་དགེ་རྒན་རྣམ་པ་ཚོས་རང་ཉིད་ཀྱིས་གོ་བདེ་ཁ་གསལ་ཉུང་ཉུང་ཞིག་ཤོད། སློབ་མ་ཚོར་མང་པོ་ཞིག་འབྲི་ཆུག ལ་དོན་གྱི་ཕྲད་ལ་མཚོན་ན། དེ་སློབ་སྐབས། འཇུག་ཡུལ་རེ་རེ་བཞིན་སློབ་མ་ཚོར་དཔེ་བརྗོད་མང་པོ་ཞིག་འབྲི་ཆུག དེ་ལེགས་པར་ཤེས་པ་དང་། འཇུག་ཡུལ་རེ་རེར་ཚིག་སྦྱོར་སྙན་ཆ་ཅན་གྱི་དཔེ་བརྗོད་འབྲི་ཆུག དེ་ཤེས་པ་དང་། འཇུག་ཡུལ་སོ་སོའི་དཔེ་བརྗོད་ཚིགས་སུ་བཅད་པའི་ནང་འབྲི་ཆུག དེ་ཤེས་པ་ཡིན་ན་ཁྱེད་རང་གིས་ཁོང་ཚོར་ལ་དོན་སློབ་དགོས་པའི་དགོས་པ་འགྲུབ་པ་རེད། ཕྲད་གཞན་པ་ཚོ་ཡང་དེ་ལས་མ་འདས།
དེ་མིན་གཞུང་བཤད་རྐྱང་རྐྱང་བརྒྱབ། སི་ཏུའི་ལུགས བྲ་ཏིའི་ལུགས། ཅིག་ཅིག་ཉིག་ཉིག་གི་ལུགས། རྟ་ལ་རྩྭ་བྱིན་གཅིག་པོའི་ཐོག་གཉིས་པ་ཡིན་དང་བཞི་པ་ཡིན་མཁས་བཤད་བརྒྱབ་ནས་ཉི་མ་བཏང་། འཇུག་ཡུལ་རེ་རེའི་མཚན་ཉིད་བློ་འཛིན་བྱས་ནས་འགྲོ་དགོས་ན་སློབ་མ་ཚོར་དཀའ་ལས་ཁག་པོ་འབྱུང་རྒྱུ་མ་ཟད་ཐ་མ་ཚིག་གྲུབ་གཅིག་ཀྱང་འབྲི་མི་ཤེས་པ་ཆགས་ཀྱི་རེད།
ཕྲད་སློབ་པའི་དམིགས་ཡུལ་ག་རེ་རེད་ཟེར་ན། ཕྲད་བེད་སྤྱོད་གཏོང་ཤེས་པའི་ཆེད་རེད།
དྲ་གྲོགས་ཚོས།
འདིར་རང་གིས་གང་ཤེས་བོད་སྐད་སྐོར་ལ་འབྲི་ཤོད་གནང་བ་བློ་ངོར་དགའ་བདེ་ཆེན་པོ་ཤར་བྱུང་ལ། ང་ནི་ཁྱེད་རྣམས་ཀྱི་ཚིག་འབྲུ་རེ་རེ་གཉིས་གཉིས་ལ་སོ་སོར་ཕྱེ་ནས་བློ་སྐྱེད་གསར་པ་འཚོལ་ཞིན་ཡོད་པས་ད་དུང་མང་ཙམ་རྩོད་ཅིག དེ་ལས་མང་ཙམ་བགྲོ་གླེང་གནང་རོགས་གནོངས། ད་བོད་སྐད་ལ་འཆི་སྐྱོན་མི་ཡོང་ལ། བོད་གཞིས་བྱེས་གཉིས་འཛོམས་དུས་སྐྱིད་པའི་ཉི་མ་དེ་རང་སྐད་རང་ལ་མཛད་སྒོ་ཚུགས་ཐུབ་པར་ངེས་སོ། དགེའོ། ཡུལ་ལུང་ཀུན་ཏུ་དགེའོ། དུས་ཀུནད་ཏུ་དགེའོ། །རྒྱལ་ལོ། རྒྱལ་ལོ། སློབ་དཔོན་ཐུ་མི་སྲིད་མཐའི་བར་དུ་རྒྱལ་ལོ། །
ང་ཚོ་ལྐུག་པའི་ཨུ་ཚུགས་རྒྱབ་ནས་སྔོན་མ་དེ་འདྲ་ཡོད་རེད། ད་ལྟ་ཡང་དེ་འདྲ་རང་འགྲོ་དགོས་ཤེ་ལབ་ན་འགྲིགས་ཀྱི་མི་འདུག་སྙམ། རྒན་ཐུབ་བསྟན་སྦྱིན་པའི་དམིགས་ཡུལ་གཙོ་བོ་དེ་བོད་ཀྱི་བརྡ་སྤྲོད་པའི་གཞུང་དེ་ཡར་རྒྱས་སུ་གཏོང་ནས་དེང་རབས་དང་མཐུན་པ་ཞིག་བྱུང་ན་གཞོན་སྐྱེ་ཚོར་ཕན་ཐོག་ཅིག་འདུག་དགོངས་ཀྱིན་ཡོད་པ་དང་གཅིག གཉིས་ནས་དེང་གི་བོད་ཕྲུག་ཚོས་བོད་ཡིག་དེ་སྐད་ཡིག་གཞན་ལས་ཤེས་དཀའ་བ་དང་མགོ་རྙོག་ཆེ་བ་འདུག་ཅེས་ལབ་ཀྱིན་ཡོད་དུས། རྒན་ལགས་མཆོག་དབྱིན་བོད་གཉིས་ཀྱི་སྐད་ཡིག་ལ་བྱང་ཆུབ་པ་ཡིན་པས་ཉམས་མྱོང་ཐོག་ནས་དཀའ་ངལ་དེ་སེལ་རྒྱུའི་ཐབས་ལམ་ཞིག་གཟིགས་ཏེ། དཀའ་ངལ་དེ་སེལ་བའི་ཆེད་དུ་དབྱིན་ཡིག་གི་བརྡ་དག་ནང་བཞིན་བཟོ་ཐུབ་མིན་རྟོག་ཞིབ་སྔོན་ལ་གནང་ཏེ་བཟོ་ཐུབ་པའི་ངེས་པ་རྙེད་དེ་དེབ་དེ་དག་བཟོས་པ་རེད། ངེད་བསམ་ཚུལ་ནི་རིགས་ལམ་ལ་སྦྱངས་པ་ཡོད་པའི་དགེ་བཤེས་དང་རབས་འབྱམས་པ་ཚོར་སུམ་རྟགས་སྦྱོང་རྒྱུ་དང་ཤེས་རྒྱུ་ལ་དཀའ་ངལ་མེད་ཀྱང་སློབ་ཚན་ལྔ་དྲུག་ལ་སྦྱོང་དགོས་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་ཐབས་ཤེས་གཞན་ཞིག་སྟོན་མ་ཐུབ་ན་མ་འོང་པའི་མི་རབས་རྗེས་མ་ཚོར་དཀའ་ངལ་ཆེན་པོ་ཞིག་འཕྲོད་ངེས་འདུག་པས་རྒན་ཐུབ་བསྟན་སྦྱིན་པའི་ལས་འཆར་དེ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྒན་ཐུབ་བསྟན་སྦྱིན་པ་ལགས་ཀྱི་དེབ་རེག་མ་སོང་མོད། རྩ་བས་དེ་འདྲ་ཞིག་མཛད་དགོས་པ་ལྷག་བསམ་གྱིས་ཀུན་ནས་བསླངས་པ་ཡིན་པར་ཡིད་ཆེས་དང་ཡི་རང་ཞུ་ད་ཞུ། གོང་དུ་གཅིག་གིས་གསུངས་པ་ལྟར་ཡིན་ཡོད་རེད་འདུག་སོགས་ཁ་གསབ་དགོས་ཚུལ་གསུངས་པ་དེ་ཡང་བདེན་པ་རེད། དེ་མིན་དང་སྒྲ་དང་ན་སྒྲའི་སྐོར་དེ་ཚོ་རྩ་བའི་གཞུང་ན་མེད་པ་ཙམ་ལས་འགྲེལ་བ་ཕྱི་མ་དག་གིས་མང་པོ་ཞིག་ཁ་བསྐངས་ཟིན་ཡོད་པས་གླེང་དགོས་དོན་ཅང་མི་འདུག་སྙམ། གཙོ་བོ་སློབ་མ་ཚོའི་བརྡ་སྤྲད་ཀྱི་རྨང་གཞི་ཡག་པོ་ཞིག་ཆགས་མ་ཆགས་དེ་རེད། སྤྱིར་བཏང་སློབ་གྲ་ཁག་ནང་ལེགས་བཤད་ལྗོན་དབང་ལྟ་བུ་བསྐྱར་ཁྲིད་ཡང་ཁྲིད་བྱེད་ཀྱིན་འདུག་མོད། ཕྲད་དང་རྣམ་དབྱེའི་སྐོར་དེ་འཛིན་གྲ་བཞི་བ་ལྔ་བ་ནས་དེ་ལས་མཐོ་བའི་འཛིན་གྲ་ཚང་མར་དཀྱུས་གཅིག་ཏུ་ཁྲིད་སྟངས་གཅིག་བྱས་ནས་ཁྲིད་པ་མ་གཏོགས་ཕྲུ་གུ་ཚོའི་བསམ་བློའི་གནས་ཚད་ལ་དཔག་པའི་དབྱེ་བསེས་ཤིག་བྱེད་ཀྱི་མེད་པ་འདྲ། ལོ་བཅུ་གཉིས་བཅུ་གསུམ་ཅན་གྱི་བྱིས་པ་ཚོར་རྣམ་དབྱེའི་གོ་དོན་དང་ཁྱད་པར་སོགས་རྒྱས་བཤད་བྱེད་པ་ལྟ་བུས་མགོ་ཉོག་བཞིན་ཡོད། རྒན་གྱིས་ནག་པང་ལ་བྲིས་ནས་བཤུ་རུ་བཅུག བློར་འཛིན་བཅུག ཡིག་རྒྱུགས་སྐབས་དེ་རང་འཇགས་འབྲི་འཇུག་པ་ལྟ་བུས་ས་རྒྱ་གང་ཡང་ཆོད་མི་ཐུབ་པ་གསལ་བོ་རེད། དེ་ལས་ན་ཚོད་ལ་དཔག་པའི་འཁྲིད་ཐབས་གསར་པ་ཞིག་དགོས་གལ་ཆེན་པོར་མཐོང་། དེ་བཞིན་བརྡ་སྤྲོད་ཡང་བཤད་བསྐྱར་བཤད་ལས་བརྡ་དག་དེ་ཙམ་གལ་ཆེན་པོར་འཛིན་གྱི་མེད་པའི་བཟོ་འདྲ་མཐོང་སོང་། བརྡ་དག་གི་རྨང་གཞི་ཞན་པའི་སློབ་ཕྲུག་ཚོར་ལེགས་ལྗོན་ཐེངས་ཅི་ཙམ་ཁྲིད་ཀྱང་བློ་བསྐྱེད་ཅིག་ཁག་པོ་རེད་འདོད། དང་པོ་བརྡ་དག་གི་རྨང་གཞི་སྲ་ཐག་ཐག་གཅིག་ཡོད་ན་དེ་ནས་ཕྲད་དང་རྣམ་དབྱེའི་འགྲོ་སྟངས་སོགས་རིམ་པས་ངོ་སྤྲོད་བྱས་ན་ལས་སླ་བར་སེམས། གང་ལྟར་ཁྲིད་ཐབས་གསར་པ་་དང་དེ་ཡང་སློབ་མའི་ན་ཚོད་དང་བསམ་བློའི་གནས་ཚད་ལ་དཔགས་ནས་སློབ་ཚན་བཟོ་རྒྱུ་གལ་ཆེན་རེད་སྙམ། དེ་མིན་བསམ་བློ་མ་སྨིན་མ་སྨིན་ལ་མི་ལྟ་བར་ཕྲུ་གུ་ཚོར་རྣམ་དབྱེ་སོགས་དང་དེ་ནས་ནང་ཆོས་སྐོར དེ་བཞིན་རྒྱལ་རབས་སོགས་བཤད་བསྡད་ན་མགོ་འཐོམ་ནས་སྦྱང་འདུན་ཡང་རང་ཡལ་དུ་འགྲོ་བཞིན་ཡོད་ལ བོད་ཡིག་ཟེར་དུས་གོ་རྒྱུ་ཅང་མེད་པའི་ཧ་ཅང་གི་དཀའ་ལས་ཁག་པོ་ཅན་ཞིག་ཚོར་གྱི་འདུག
གོང་གི་མགོན་པོ་ཕྱག་གཉིས་པས་གསུངས་པ་དེ་ཚོ་ཧ་ཅང་ཡག་པོ་འདུག ཉམས་མྱོང་ཅན་གྱི་གསུང་རང་རེད་འདུག་མོད། བོད་ནང་འཛིན་གྲ་བཞི་བ་ལྔ་བའི་ནང་རྩོམ་འབྲི་མཁན་འདུག་ཅེས་པ་སྔོན་ཆད་དེ་འདྲ་མང་པོ་ཡོད་བདེན་པ་རེད། དེ་དུས་ཀྱི་འཛིན་གྲ་བཞི་བ་ལྔ་བའི་སློབ་མའི་ལོ་ཚད་ཅུང་ཆེན་པོ་རེད། ད་ལྟ་དེ་འདྲ་ཅུང་ཁག་ཏུ་ཕྱིན་ཡོད་ངེས། སྤྱིར་བཏང་ད་ལྟའི་དམིགས་བསལ་སློབ་གྲ་དང་འཛིན་གྲ་རེ་ཟུང་ཕུད་པའི་གཞན་འཛིན་གྲ་བཞི་བ་ལྔ་བའི་སློབ་ཕྲུག་ཕལ་ཆེར་ལོ་བཅུ་གཅིག་ནས་བཅུ་གཉིས་བར་དེ་འདྲ་རེད། བྱིས་པ་ལོ་བཅུ་གཅིག་བཅུ་གཉིས་ཅན་ཞིག་གིས་རྩོམ་འབྲི་ཐུབ་རྒྱུ་ཕར་ཞོག སྐད་ཆ་མགོ་སྔ་ཚང་བ་ཞིག་ཀྱང་ཁག་ཚོད་རེད་མོད། དེ་ཚོ་ལ་རྣམ་དབྱེའི་མཚན་ཉིད་དང་ཁྱད་པར མཁས་པ་གཞན་གྱི་འདོད་ཚུལ་སོགས་བཤད་བཞིན་ཡོད་པ་རེད། ད་དུང་བདེན་པ་བཞིའི་སྐོར་སོགས་ཀྱང་ཡོད། དེའི་རྐྱེན་གྱིས་བྱིས་པ་ཚ་མགོ་འཐོམ་གྱི་འདུག་ལ་ཁག་ཀྱང་ཅི་ཡོད། དང་པོ་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་ཅི་ལྟར་བཟོ་དགོས་པ་དང་དེ་ལ་སློབ་ཚན་གྱི་ཚད་གཞི་གང་འདྲ་ཞིག་ དང་ཁྲིད་ཐབས་གང་འདྲ་ཞིག་དགོས་མིན་གཙོ་བོ་རེད། ཕྱི་རྒྱལ་སྐད་ཡིག་གི་སློབ་ཚན་ལ་དཔེ་བླངས་ནས་ང་ཚོའི་སློབ་ཕྲུག་ཚོར་ཡང་ཁ་ཡོད་ལག་ཡོད་ཀྱིས་ཕན་པའི་སློབ་ཚན་གསར་པ་གཏན་འབེབས་བྱེད་དགོས་འདུག
རྒན་ཐུབ་བསྟན་སྦྱིན་པའི་དེབ་དེ་གང་ནས་རག་མིན་ཅིག་ཤེས་འདོད་འདུག སེམས་བཟང་ཞིག་གིས་ངོ་སྤྲོད་ཅིག་གནང་རོགས
རྒན་ཐུབ་བསྟན་སྦྱིན་པ་ལགས་ཀྱི་དེབ་དེ། དྲ་ཐོག་ནས་ཚར་གཅིག་ཀློག་རྒྱུ་བྱུང་ནའང་འགྲིག་ག གང་ལྟར་ང་ཚོ་བོད་རིགས་ཚོ་ལ་སྨན་པའི་ཆེད་ཁོང་གིས་སྙིང་ནས་བརྩམས་གནང་བ་ཞིག་ཡིན་ཚེ། གང་མགྱོགས་དྲ་ཐོག་ཏུ་བཞག་རོགས་ཞུ།
དགེ་བཤེས་ལགས་ཀྱི་སྨྲ་སྒོའི་ལྡེ་མིག་རྡ་རམ་ས་ལའི་དེབ་ཁང་ཁ་ཤས་ནང་འཚོང་གི་འདུག་ལགས།
དྲ་གྲོགས་ཡོངས་ལ་མཚམས་འདྲི་ཞུ། ངེད་བོད་ཚང་ནི་དོགས་བཅད་བྱེད་རྒྱུ་ལ་ཧ་ཅང་དགའ་པོ་ཡོད་པ་རེད། སྐབས་རེ་དོགས་དཔྱད་བྱེད་དགོས་ས་ལ་བྱེད་མ་ཐུབ་པ་རྨོངས་དད་ཀྱི་དྲ་བའི་ནང་ཚུད་དེ་རྗེས་ལུས་ནང་ནས་རྗེས་ལུས་སུ་གྱུར་ཏེ་དཀའ་ངལ་ནང་ཚུད་པ་ཡང་བྱུང་ཡོད། ནང་ཆོས་སོགས་ཀྱི་གཞུང་ཆེན་མོ་ཁག་ལ་དོགས་དཔྱད་མང་པོ་བྲིས་ཐུབ་པའི་དྲིན་ལས་གཞུང་ཆེན་ཁག་གི་བརྗོད་བྱ་དྲི་་མ་མེད་པ་ཡང་དག་པ་ཞིག་ཆགས་ཏེ་དེ་དག་ལ་དགའ་པོ་བྱེད་མཁན་མང་དུ་ཕྱིན་པ་ལ་བརྟེན་ནས་དེང་སྐབས་དཀའ་ངལ་ལས་གྲོལ་རྒྱུའི་རེ་བ་ཡང་འཆར་བཞིན་ཡོད། དེ་བཞིན་བོད་མཁས་པ་ཚོས་བརྩམས་པའི་སུམ་རྟགས་འགྲེལ་བ་ཡང་མང་མ་དྲག་ཀྱང་ཉུང་མ་དྲག་པའི་ཚད་དུ་སླེབས་ཡོད། ད་ནི་སུམ་ཅུ་པའི་བསྟན་བྱ་གཙོ་བོ་ཕྲད་རྣམ་དབྱེ་དང་། རྟགས་འཇུག་གི་བསྟན་བྱ་གཙོ་བོ་བདག་གཞན་དུས་གསུམ་སོགས་གང་ལ་འཇུག་པ་དང་གང་ལ་མི་འཇུག་པའི་ཚུལ་ལ་དོགས་པ་དཔྱད་བྱས་ཏེ་མ་བཞུགས་པ་དེ་དག་ངོ་སྤྲོད་བྱེད་སྟངས་སམ་སློབ་འཁྲིད་བྱེད་སྟངས་གང་འདྲ་བྱེད་དགོས་མིན་ཐོག་དགོངས་འཆར་གནང་མཁན་ཡོད་ན་ཡག་པོ་འདུག་སྙམ། རྒན་ཐུབ་བསྟན་སྦྱིན་པའི་གསུང་པ་དེ་ལས་ལྷག་པ་དང་ཁ་གསལ་པ་སྤུས་དག་པ་གསུང་རྒྱུ་ཡོད་པའི་སུམ་རྟགས་མཁན་པོ་སུ་ཡོད་ནའང་ད་ལན་གསུང་པའི་དུས་རེད། གཞན་བོད་ནས་རྩོམ་ཡག་པོ་འདུག་ཟེར་བ་དང་རྒྱ་གར་ནང་གི་བོད་རྩོམ་སྙན་པོ་མི་འདུག བརྗོད་བྱ་བརྗོད་བྱེད་ལ་སྐྱོན་འདུག་ཅེས་ལབ་རེས་བྱས་ཏེ་བསྡད་པས་སྐབས་དོན་སྒྲུབ་བྱ་ལ་ཕན་ཐོག་གང་ཡང་མེད་པ་མ་ཟད་དངོས་སུ་ལས་ཀ་བྱེད་མཁན་ཚོའི་སེམས་ཤུགས་གཅོག་ཉེས་ཡོད་པ་རེད། ད་ལན་དགོངས་པ་བཞེད་ས་གཙོ་བོ་དེ་བོད་ཡིག་སྦྱོང་རྒྱུར་སྤྲོ་བ་མེད་བསྡད་པ་དང་། བོད་ཡིག་ལ་དོ་སྣང་མེད་བསྡད་པའི་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པ་དང་བྱེད་པ་འགྱུར་བའི་བོད་ཕྲུག་ཚོའི་ཐོག་དགོངས་པ་གཙོ་བོ་བཞེད་དེ་བཀའ་མོ་གནང་དགོས་པར་འདོད།
བདེན་པ་རེད། མི་དགོས་པའི་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རིས་རྩོད་ས་ཞིག་ཡིན་ན་གཅིག་ཤོར་གཉིས་ཤོར་རེད། ད་ལྟ་བཙན་བྱོལ་ནང་གི་སློབ་ཕྲུག་ཚོའི་བོད་ཡིག་གི་གནས་བབས་ཧ་ཅང་ཉག་ཕྲ་བར་གྱུར་ཡོད་པ་དངོས་ཡོད་གནས་ཚུལ་རེད་ལ་བཙན་བྱོལ་བའི་མི་ལོ་ལྔ་བཅུའི་རིང་གི་འཐུས་ཤོར་ཆེན་པོ་ཞིག་ཀྱང་རེད། འདི་འདྲའི་བརྗོད་གཞི་རིགས་ལ་དོ་སྣང་བྱེད་མཁན་དང་དགོངས་འཆར་སྤེལ་མཁན་ཡང་ཧ་ཅང་ཉུང་ཉུང་རེད།
བོད་ཀྱི་བརྡ་སྤྲོད་དང་རྩོམ་བྲིས་ལ་ཐུགས་དབྱིངས་ཡོད་པའི་སྐལ་མཉམ་བློ་མཐུན་རྣམས་ལ།
འདིར་གསལ་བཤད་ཞུ་རྒྱུ་འགའ་ཤས་ཞིག་ལ། ཁོ་བོའི་དེབ་འདི་ལྡི་ལི་མན་ཇུ་ཊི་ལའི་དེབ་ཚོང་ཁང་ཁང་པ་གསར་གྲས་ས་འོག་ལ་ཡོད་པ་བོད་ནས་ཐོན་པའི་དཔེ་ཆ་མང་པོ་ཡོད་པ་དེར་ཚོང་བཅོལ་འགའ་ཤས་ཡོད་ལགས། དེ་མིན་དགའ་ལྡན་ཤར་རྩེའི་དཔེ་མཛོད་ལའང་ཡོད།
༌ ཀརྡོ་ཕྱག་གཉེར་ལགས་ནས། ཕ་མ་དང་མཇལ། ཐུགས་དང་འགལ། ཞེས་པའི་དང་སྒྲ་ད་དུང་ཡང་ཨུ་ཚུགས་ཀྱིས་འབྱེད་སྡུད་ཀྱི་འཇུག་ཚུལ་རེད་གསུངས་པ་ལ། ཕྲད་ཀྱི་རིགས་ལ་སྤྱིར་འཇུག་ཚུལ་ཐ་དད་ཡིན་མིན་ནི། སྐད་ཡིག་གཞན་ཞིག་ཏུ་ཕར་སྒྱུར་ཐབས་གནང་ན་སླ་པོར་མཁྱེན་ངེས། དཔེར་ན། ཤར་ལ་འགྲོ ཞེས་པ་ ཨཻན་སྐད་དུ་བསྒྱུར་ན། to ཞེས་བསྒྱུར་དགོས་ལ། ཁོ་ལ་ཉོས། ཞེས་རྣམ་དབྱེ་བཞི་པ་ཡིན་ན། for ཞེས་དང་། ནང་ལ་ཡོད། ཞེས་རྣམ་དབྱེ་བདུན་པ་ལ་བཀོད་ན། in ཞེས་དགོས་པས། དེ་རྣམས་བོད་ཡིག་ནང་ཕྲད་གཅིག་ཉིད་བཏབ་མོད། དོན་གྱི་སྦྱོར་ཚུལ་ཐ་དད་ཡིན་པར་གྲུབ་པ་བཞིན། ཕ་དང་མ་གཉིས་འདིར་འབྱོར། ཞེས་པའི་དང་སྒྲ་ལ་ and ཞེས་པ་དགོས་ལ། དེ་ལས་ལྡོག་སྟེ། ཕ་མ་དང་མཇལ། ཞེས་པའི་དང་སྒྲ་ལ་ with ཞེས་པ་དགོས་པས། དོན་གྱི་སྦྱོར་ཚུལ་དེ་གཉིས་གཏན་ནས་མི་འདྲ་བར་ཤེས་ནུས། དེ་ཡང་ཨིན་སྐད་ཙམ་མིན་ཏེ། ཧིན་དི་ལའང་ཚུལ་མཚུངས། དེ་ཡང་འཇམ་མགོན་ས་པཎ་གྱིས། གཞན་ལ་ལྟ་བའི་མིག་ཡོད་ཀྱང་། །རང་ལ་ལྟ་བའི་མེ་ལོང་དགོས། །གསུངས་པ་ལྟར། སྐད་ཡིག་གཞན་ཞིག་གི་ཚིག་སྦྱོར་དང་བརྡ་སྤྲོད་ལ་ལེགས་པོར་གཟིགས་ཐུབ་ན། དེ་མེ་ལོང་གི་ཚུལ་དུ་བྱས་ཏེ་རང་རེའི་བོད་ཀྱི་སྐད་ཡིག་གི་འགྲོས་ལ་བློ་སྐྱེས་དམིགས་བསལ་ཐོབ་སྲིད་པ་ཁོ་བོས་དྲན།
༌་མགོན་པོ་ཕྱག་གཉིས་པ་ལགས་ནས། ཁོ་བོའི་དེབ་ནང་དག་ཆ་མ་དག་པ་ཡོད་ཚུལ་གསུངས་པ་བདེན་པ་ཁོ་བོ་ལ་རྒྱུས་ཡོད་ཅིང་། དེའི་ཞུ་དག་སོ་སོས་ཀྱང་བཏང་སྟེ་ཐོ་བཏབ་ཡོད་ལ། ཆོས་གྲོགས་གཞན་ནས་ཀྱང་ཞུ་དག་གནང་འབྲས་ཀྱི་ཐོ་ཡིག་ཁོ་བོར་གནང་བྱུང་བས། དེབ་འདི་བསྐྱར་བཅོས་ཀྱིས་དཔར་ཐེངས་གཉིས་པ་འདེབས་སྐབས་ངེས་པར་དུ་དག་བཅོས་ཞུ་འཐུས།
༌ སློབ་ཕྲུག་ཚོར་བོད་ཡིག་འབྲི་ཀློག་སློབ་པའི་ཆེད་དམིགས་བསལ་ཕན་ཐོགས་ཡོད་ཚུལ་མ་གཟིགས་གསུངས་པ། དེབ་འདི་ཁོ་བོས་ཕྲུ་གུའི་སློབ་དེབ་ཀྱི་ཆེད་དུ་བྲིས་མེད་པ་དེབ་རང་ཉིད་ཀྱི་སྔོན་གླེང་དུ་གསལ་པོར་ཞུས་ཡོད་པ་ལྟར་ལགས། འོ་ན་ཇི་ལྟར་བོད་ཡིག་སློབ་པར་ཕན་ཞེ་ན། བོད་ཡིག་སློབ་སྟོན་མཛད་པའི་དགེ་རྒན་རྣམས་ནས་བོད་ཀྱི་སྐད་ཡིག་ལ་རང་ཆས་སུ་ཡོད་པའི་བརྡ་སྤྲོད་ཀྱི་གནད་རྣམས་ལག་ལེན་གྱི་སྒོ་ནས་ཁ་གསལ་ཞིང་ཆ་ཚང་བ་ཞིག་ཤེས་ཐུབ་པ་ཞིག་བྱུང་ན། བརྒྱུད་ནས་རིམ་པས་སློབ་ཕྲུག་ཚོར་བོད་ཡིག་སློབ་སྟངས་རྒྱལ་སྤྱིའི་ཚད་དང་མཐུན་པ་ཞིག་རིམ་པས་ཆགས་ཐུབ་པ་ཞིག་འོང་ངེས་པས་དེ་ལྟར་ཕན་སྲིད་སྙམ་པ་དེ་ཡིན།
ཡང་མང་པོར་གསལ་བཤད་ཞུ་དགོས་པ་ཞིག་ནི། བརྡ་སྤྲོད་ཅེས་པའི་དོན་དེའི་ཐོག་ལ་ཡིན་པ་ཁོ་བོས་མཐོང་། སྤྱིར་བོད་སྐད་ཀྱི་བརྡ་སྤྲོད་ཅེས་པའི་ཐ་སྙད་འཇུག་ཡུལགཉིས་སུ་བྱ་དགོས་ཏེ། གཅིག་ནི་བོད་སྐད་ལ་རང་ཆས་སུ་གནས་པའི་སྐད་ཀྱི་འགྲོ་སྟངས་དང་ཚིག་སྦྱོར་བྱ་ཚུལ་སོགས་ཡིན། དེ་ནི་ད་ལྟའི་ཡི་གེ་འབྲི་སྲོལ་མ་དར་གོང་ནས་དུས་ཡུན་རིང་པོར་ཆགས་པའི་ཁྲིམས་ཤིག་ཡིན་པས། དེ་ལ་ནི་འགྱུར་བ་རང་འབྱུང་གི་ཐེབས་པ་ལས་ཆེད་དུ་བཅོས་བསྒྱུར་གཏོང་དགོས་དོན་མེད་ལ། གཏོང་ཐབས་བྱེད་ནའང་སྤྱི་ཚོགས་ཡོངས་རྫོགས་ཁ་གཅིག་སྦྲགས་བྱེད་ན་མ་གཏོགས་ནུས་པ་མི་ཐོན། བོད་ཀྱི་བརྡ་སྤྲོད་ཅེས་པའི་གོ་དོན་གཉིས་པ་ནི། གོང་དུ་སྨྲོས་པའི་བོད་སྐད་ལ་རང་ཆས་སུ་ཡོད་པའི་བརྡ་སྤྲོད་དེ་རིགས་པའི་ལམ་ནས་གསལ་བཤད་དང་འབྲེལ་གཏན་འབེབས་བྱེད་པའི་གཞུང་ལུགས་ཤིག་ལ་འཇུག ཁོ་བོས་བརྡ་སྤྲོད་ལ་སྣོན་འཕྲི་དང་གསར་གཏོད་ཀྱིས་བཅོས་བསྒྱུར་དགོས་ཚུལ་ཞུ་བ་དེ་ནི་གོ་དོན་གཉིས་པ་ལྟར་གྱི་དེ་ཡིན། དེ་ལ་དཔེ་མཚོན་འགའ་ཤས་ཉིན་ཤས་སྔོན་དྲ་ལམ་འདི་ཉིད་དུ་ཞུས་ཟིན་ལ། རྒྱས་པ་ཁོ་བོའི་དེབ་ཀྱི་ནང་དུ་ཡོད་པ་དེར་གཟིགས་འཚལ།
༌ བོད་ནས་ཕྱིས་ཀྱི་མཁས་པས་མཛད་པའི་བརྡ་སྤྲོད་ཀྱི་གཞུང་ལ་མཐོང་རྒྱ་ཆེ་ཙམ་དགོས་གསུངས་པ་ཤིན་ཏུ་ནས་བདེན། ཁོ་བོས་ད་བར་མཁས་དབད་ཚེ་ཏན་ཞབས་དྲུང་དང་། དོར་ཞི་ཚང་གི་གཞུང་རྣམས་ལ་དཔྱད་ཞིབ་ཞུ་རྒྱུ་བྱུང་། དེ་གཉིས་ལས་དོར་ཞིའི་བརྡ་སྤྲོད་ཀྱི་བཤད་པ་རྣམས་དམིགས་བསལ་གསར་གཏོད་ཀྱི་རྣམ་པ་མཐོན་པོ་ཡོད་པར་མཐོང་། སྐལ་བཟང་འགྱུར་མེད་ལགས་ཀྱིས་དེང་རབས་ཀྱི་བརྡ་སྤྲོད་དང་མཐུན་པའི་གཞུང་ཞིག་ཡོད་པ་དེང་ཕརནསའི་སྐད་དུ་བསྒྱུར་ཡོད་པ་གོ་ཐོས་བྱུང་མོད། ད་བར་གཞུང་དངོས་མ་མཇལ། རིམ་པས་མཇལ་བའི་རེ་བ་ཞུ།
ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས།
སྐལ་བ་མཉམ་དང་མི་མཉམ་དང་། བློ་མཐུན་པོ་ཡིན་དང་ངས་མི་ཤེས་ཀྱང་སྐབས་འདིར་དྲ་གྲོགས་བློ་བྱམས་ལགས་སུ།
བོད་ཀྱི་བརྡ་སྤྲོད་རིག་པ་དང་། སུམ་རྟགས་གཉིས་ཀྱི་བར་ལ་ཁྱབ་ཆེ་ཆུང་མེད་འགྲོ་སྙམ་ལས་གཞན་གང་ཡང་མི་ཤེས། འོན་ཀྱང་ཡིན་ན་ལྟ་བུའི་ན་ཡིག་དང་། དེ་བྱས་པ་ཡིན་ན་མི་རྟག་པ་ཡིན་དགོས་ལྟ་བུ་རྒྱུ་མཚན་ལ་འཇུག་པ་དེ་ཚོར་སུམ་རྟགས་སམ་རྣམ་དབྱེའི་ནང་ལ་བསྡུས་མི་འདུག་ཟེར་ན། ཅུང་མི་ཐད་སྙམ།
ཡང་།
་་་་། དོན་གྱི་སྦྱོར་ཚུལ་ཐ་དད་ཡིན་པར་གྲུབ་པ་བཞིན། ཕ་དང་མ་གཉིས་འདིར་འབྱོར། ཞེས་པའི་དང་སྒྲ་ལ་ and ཞེས་པ་དགོས་ལ། དེ་ལས་ལྡོག་སྟེ། ཕ་མ་དང་མཇལ། ཞེས་པའི་དང་སྒྲ་ལ་ with ཞེས་པ་དགོས་པས། དོན་གྱི་སྦྱོར་ཚུལ་དེ་གཉིས་གཏན་ནས་མི་འདྲ་བར་ཤེས་ནུས། ་་་་གསུང་ལ་ཅུང་ཟད་དཔྱད་ན།
ངའི་འགྲེལ་བཤད་ནང་ལ། ཕ་མ་དང་མཇལ་ཞེས་པའི་ཚིག་དུམ་ནང་ལ། ང་ང་རང་གི་ཕ་མ་དང་མཇལ་ཏུ་ཕྱིན་པ་ཡིན། ཞེས་པའི་དོན་ཆ་ཚང་ཚང་དགོས་སམ་མི་དགོས། དགོས་ན་དང་སྒྲ་འདི་ཡང་withཙམ་ལ་མི་གོ་བར། དང་ངམ་andལ་ཡང་མི་འཇུག་གམ། ངས་ཨི་སྐད་ཁྱེད་ལྟར་ཡག་པོ་མི་ཤེས་ཀྱང་། དཔེར་ན་བོད་སྐད་ནང་གི་དང་བཅས་གཉིས་ལ་མཐུན་པའི་ཕྱོགས་ཡོད་པ་་བཞིན། ཨིན་སྐད་ནང་ལ་་withདང་andགཉིས་རྣམ་པ་དང་དུས་ཐམས་ཅད་དུ་འགལ་བ་ཨ་ཡིན་ནམ།
andགི་དང་སྒྲ་ལས་ལོགས་སུ་དང་སྒྲ་འབྱེད་སྡུད་གཉིས་ལ་འཇུག་ཙུལ་ཅིག་གཞན་ཅིག་ཡོད་དམ། ངས་ཕ་མ་དང་མཇལ་ཞེས་པའི་དང་འདི་བཞིན་ཕ་མ་གཅིག མཇལ་བའི་བྱ་བ་དང་གཉིས་སོ་སོར་འབྱེད་ཀྱང་རུང་སྡུད་ཀྱང་རུང། གནད་ཀྱི་དོནཔོ་ནི། withཙམ་མ་ཟད་andགི་སྐད་དོད་ཀྱང་ཚང་དགོས་སྙམ་པས་དེ་ལྟར་འགྲེལ་བ་ཡིན། འོན་ཀྱང་བོད་རྒྱ་ཚིག་མཛོད་ཆེན་མོ་དང་མི་མཐུན་པ་སོགས་ཀྱིས་ཐལ་ཆ་ཧ་ཅང་ཆེས་དྲགས་ན་དགོངས་དག་ཞུ་རྒྱུ་ལས་ལྷག་མི་འདུག་ལགས།
༡ ཀརྡོས་བཤད་ན། ཕ་མ་དང་མཇལ་ཟེར་བ་ནི། འབྱེད་སྡུར་རེད་ཟེར། དེ་འབྱེད་སྡུད་མིན་པ་ལ་ཐུབ་བསྟན་སྦྱིན་པ་ལགས་ཀྱི་གོང་གི་གསལ་བཤད་དེ་ལས་གསལ་བ་དང་ལྷག་པ་ཞིག་ཕལ་ཆེར་སུས་ཀྱང་རྙེད་མདོག་ཁ་པོ་མ་རེད། གསལ་བཤད་ཡག་པོ་གནང་འདུག
༢ ཐུབ་བསྟན་སྦྱིན་པས་བཤད་ན། ཕ་མ་དང་མཇལ་ཟེར་བ་ལྟ་བུ་འདི་རིགས་བོད་ཀྱི་སུམ་རྟགས་རྩ་འགྲེལ་ཁག་གི་ནང་ད་སྔ་སུས་ཀྱང་གསལ་གཤད་གནང་ཡོད་པ་མ་རེད་ཟེར། དེ་ཡང་བདེན་པ་མ་རེད།
ཐ་ན། བཙན་བྱོལ་བོད་གཞུང་གི་འཛིན་གྲྭ་དྲུག་པའི་སློབ་དེབ་ནང་ཡང་། དང་སྒྲའི་འཇུག་པ་ལྔ་བཤད་ཚར་བའི་རྗེས་སུ།
རྩ་བའི་གཞུང་གི་འཇུག་ཡུལ་ལྔ་གང་ཡང་མ་ཡིན་པའི་ཚིག་དོན་སྔ་ཕྱིའི་མཚམས་སྦྱོར་ལའང་འཇུག་སྟེ། དཔེར་ན། བྱས་དང་བྱེད་མུས། མཐོང་དང་མཐོང་བཞིན་པ་ལྟ་བུ་བྱ་བ་སྔ་ཕྱི་མཚམས་སྦྱོར་བ་ལྟ་བུ་དང་། ནམ་མཁའ་དང་ས་གཞི། ཁྱོད་དང་ང་ལྟ་བུ་མིང་ཚིག་སྔ་ཕྱི་མཚམས་སྦྱོར་བ་དང་། རྡུལ་དང་འདྲེས། གྲོགས་དང་བྲལ། ཀུན་དང་མཐུན་ལྟ་བུ་གཞི་དང་བྱ་བ་གཉིས་མཚམས་སྦྱོར་བ་ལྟ་བུ་ཞེས་བོད་ནང་གི་མཁས་པ་གཞན་གྱི་གསུང་བཞིན་བཀོད་ཡོད།
༣ བོད་ནང་གི་བརྡ་སྤྲོད་སྨྲ་བ་སུའི་ངག་ལའང་ད་སྔ་ཐོན་ཡོད་མེད་མ་མཐོང་བ་ཞིག་ནི། ཡོང་གི་འདུག ཡོང་གི་ཡོད། ཟེར་བའི་གི་དངོས་པོ་བདག་ད་ལྟ་བ་དང་། དངོས་པོ་གཞན་ད་ལྟ་བ་ལ་འཇུག་པ། གི་རེད། གི་ཡིན་ཟེར་བའི་དངོས་པོ་བདག་གཞན་གཉིས་མ་འོངས་པ་ལ་འཇུག་པ་དང་། ཡིན། ཡོད། རེད། འདུག་ཅེས་པའི་བདེན་པའི་དོན་ཅན་ལ་འཇུག་པ། དེ་མིན། རི་དྭགས་བས་ཀྱང་མིག་མཛེས་མ་ལྟ་བུ་བས་སྒྲ་དགར་བའི་དོན་ཅན་ལ་འཇུག་པ། ཁོང་ངུ་གི མོ་འགྲོ་གི་ཟེར་བ་ལྟ་བུ། གཞན། རང་བཞིན་གྱིས། ངང་གིས། ཤུགས་ཀྱིས་ཟེར་བའི་རྣམ་དབྱེ་གསུམ་པའི་ཕྲད་ཅན་འདི་རིགས། ཁྱི་ཉལ་ཉལ། བྱ་འཕུར་འཕུར། སེང་གེ་འགྱིང་འགྱིང་། ལྟ་བུ་བྱ་ཚིག་ཉིས་རྐྱ་མཚུངས་གསལ་གྱི་སྒྲ་ལ་འཇུག་པ་འདི་ཚོས་མཚོན་ཁ་གསབ་བྱེད་འོས་པ་མང་པོ་ཞིག་ད་སྔ་བརྡ་སྤྲོད་ནང་སླེབས་པ་མ་མཐོང་། འདི་ཙམ་ས་བཅད་མ་སྟོང་ཙམ་ཡིན།
༤ ཐུབ་སྦྱིན་ལགས་ཀྱི་དེབ་ནང་། ཡིན་ཡོད་རེད་འདུག་སོགས་ལ་ཚིག་གི་མཇུག་མཐུད་ཟེར་བའི་མིང་གསར་ཞིག་བཏགས་ནས་བཅུག་འདུག་ཀྱང་། ངས་བལྟས་ན། འདི་དག་མཇུག་མཐུད་མ་རེད་མཇུག་སྡུད་རེད། མ་མི་སོགས་ལ་ལྟོས་ཏེ་བརྗོད་ན་འདི་དག་དགག་སྒྲའི་ལྡོག་ཕྱོགས་ཏེ་སྒྲུབ་ཕྱོགས་ལ་འཇུག་པ་རེད། དངོས་སུ་ན། བདེན་པའི་དོན་ཅན་ལ་འཇུག་པའོ།
མགོན་ཕྱག་ལགས་ཀྱིས།
“ཀུན་དང་མཐུན་ལྟ་བུ་གཞི་དང་བྱ་བ་གཉིས་མཚམས་སྦྱོར་བ་ལྟ་བུ་ཞེས་བོད་ནང་གི་མཁས་པ་གཞན་གྱི་གསུང་བཞིན་བཀོད་ཡོད།” ཞེས་པའི་ཀུན་དང་མཐུན་འདི་ཡང་ངས། དཔེར་བརྗོད། ཕ་མ་དང་མཇལ། ཞེས་པ་འདི་ནི། ང་ང་རང་གི་ཕ་མ་དང་མཇལ་དུ་ཕྱིན་པ་ཡིན། དོན་ཚང་དགོས་བསྟན་ཡོད་ལ།
དེ་བཞིན་ཀུན་དང་མཐུན་ཞེས་པ་འདི་ཡང་། སྐྱེས་བུ་དང་པོར། ངས་མི་ཀུན་དང་མཐུན་ལམ་བྱས་པ་ཡིན། ཞེསཔའམ་ཡང་ན། སྐྱེས་བུ་གཉིས་པར། ཁྱོད་རང་གིས་མི་ཀུན་དང་མཐུན་ལམ་བྱས་འདུག ཡང་སྐྱེས་བུ་གསུམ་པར། ཁོས་མི་ཀུན་དང་མཐུན་ལམ་བྱས་པ་རེད། ལྟ་བུ་ལ་འཇུག་དགོས་པས། ཀུན་ནི་གཞི་དང་། མཐུན་པ་བྱ་བ་གཉིས་པོ་སོ་སོར་དང་སྒྲས་འབྱེད་པ་ལ་མཚམས་སྦྱོར་ཞེས་སློབ་དེབ་བཟོ་མཁན་མཁན་པོས་མིང་བརྡ་སྦྱར་བ་ཙམ་ལས་ཁྱད་པར་གསར་པ་ཅང་མཐོང་མ་སོང་ལགས། ཐག་གཅོད་མ་སྔ་བར་ད་དུང་དཔྱད་པར་འཚལ།
ངའི་མཆན་བུ་༥༥རྟགས་ཅན་ནང་དགེ་བཤེས་བློ་སྦྱིན་ལགས་ལ་བློ་བྱམས་ཞེས་ནོར་འདུག་དགོངས་འགལ་མེད་པ་ཅིག ཡང་མགོན་པོ་ཕྱག་གཉིས་ལགས་ཀྱིས་༥༦ནང་འདིར་། འཇུག་མཐུད་དང་འཇུག་སྡུད་གཉིས་ཀྱང་། རྐང་འཁོར་དང་ལྕགས་རྟ་ལྟར་གྱི་ཁྱད་པར་ཙམ་དུ་མཐོང་ལགས། ད་དུང་གསར་གཏོད་མང་ཙམ་བྱས་ནས་བབ་ས་གཅིག་ཏུ་སོང་ན་མཛེས་ལ་ཕན་ཐོགས་ཀྱང་ཆེ་བར་འོངས་ངེས་ལགས།
རང་གི་མཆན་གསར་ལ་བསྐྱར་ཀློག་ཅིག་བྱས་པས། ་༸སྐུའི་གསུང་བསྒྱུར་ཐུབ་སྦྱིན་ལགས་ལ་བློ་བྱམས་དང་བློ་སྦྱིན་ཞེས་རྨོངས་པ་ངས་བྲིས་ནོར་ཐེབས་འདུག ཡང་བསྐྱར་དགོངས་དག་ཞུ་རྒྱུ་དང་། ང་ཚོ་གྲྭ་སར་རྩོད་དུས་ཁོང་གི་མཚན་ལ་དབང་རྒྱལ་ཞེས་པ་ལྟ་བུ་ཅིག་ལས་ཐུབ་བསྟན་སྦྱིན་པ་ཞེས་པ་ཟུར་ཙམ་ཡང་གོ་མ་མྱོང་བས་ཀྱང་ལན་འདུག་ལགས།
“ཁོས་ཕ་མ་ལ་བལྟས་སོང།”དང་“ཁོས་ཕ་མ་བལྟས་སོང།”ལྟ་བུའི་བརྗོད་པ་འདི་གཉིས་ཀྱི་
བྱ་ཡུལ་“ཕ་མ་”དེ་ལ་“ལ་དོན་”གྱི་ཕྲད་ཡོད་པ་དང་མེད་པའི་འགྲོས་ཀྱི་བརྡ་དོན་ལ་ཁྱད་པར་ཡོད་པས་དེ་ལ་འགྲེལ་པ་ཇི་ལྟར་རྒྱག།
“ཁོས་ཕ་མ་ལ་བལྟས་སོང།”དང་“ཁོས་ཕ་མ་བལྟས་སོང།”ལྟ་བུའི་བརྗོད་པ་འདི་གཉིས་ཀྱི་བྱ་ཡུལ་“ཕ་མ་”དེ་ལ་“ལ་དོན་”གྱི་ཕྲད་ཡོད་པ་དང་མེད་པའི་འགྲོས་ཀྱི་བརྡ་དོན་ལ་ཁྱད་པར་ཡོད་པས་དེ་ལ་འགྲེལ་པ་ཇི་ལྟར་རྒྱག།