ཟླ་བ་འོད་ཟེར།
བདག་ནི་མི་ལོ་དུ་མ་ཞིག་ལ་བོད་ཀྱི་བརྡ་སྤྲོད་རིག་པ་ལ་འགྲོག་འདྲིས་ཟབ་པ་དང་། ལྷག་ཏུ་ད་ལོ་ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་ཞུས་ཆེན་པའི་སྡེ་ཁག་ཏུ་ལས་ཀར་ཞུགས་པའི་ཡུན་ལ་གནའ་དེང་གི་བོད་ཀྱི་མཁས་པ་མང་བོས་མཛད་པའི་བོད་ཀྱི་བརྡ་སྤྲོད་རིག་པའི་དཔེ་ཆ་སུམ་བརྒྱ་ལྷག་ལ་མཇལ་བའི་སྐལ་བ་བྱུང་། བོད་ཀྱི་བརྡ་སྤྲོད་ཅེ་ན། མིང་ཚིག་དག་པར་བྱེད་པ་དག་ཡིག་གི་སྐོར་དང་། ཕྲད་རྣམ་དབྱེ་དག་པར་སྦྱོར་བ་སུམ་ཅུ་བའི་སྐོར། བྱ་ཚིག་གསལ་བར་བྱེད་པ་རྟགས་འཇུག་གི་སྐོར། འདི་གསུམ་གྱི་ནང་དུ་ཕལ་ཆེར་མ་ཚུད་པ་མེད་པ་དང་། འདི་དག་གི་གཞུང་ཡང་ཕར་དེད་ན་སུམ་རྟགས་གཉིས་ཀྱི་ནང་དུ་འདུས་པར་སྣང་།
སུམ་རྟགས་གཉིས་ཀྱི་རྩ་བ་ནི་ཀུན་གྱིས་ཤེས་གསལ་ཉུང་ཉུང་ཙམ་རེ་མ་གཏོགས་མེད་པ་དེ་རེད། ཡོངས་གྲགས་སུ་སུམ་རྟགས་ཀྱི་རྩ་བ་ནི་དུས་རབས་བདུན་པའི་དུས་དཀྱིལ་དུ་བྱོན་པའི་སློབ་དཔོན་ཐོན་མི་ཟེར་བ་ཞིག་གིས་རྒྱ་གར་གྱི་ཡིག་རིགས་ཤིག་ལ་དཔེར་མཛད་དེ་བོད་ཡིག་གསར་གཏོད་མཛད་པ་མ་ཟད། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་བརྒྱད་མཛད་པར་གྲགས། ཡང་ལ་ཤས་ཀྱིས་ཞང་ཞུང་དང་རྒྱ་གར་གྱི་ཡི་གེ་སོགས་ལ་གཞི་མཛད་ནས་སློབ་དཔོན་ཐོན་མིས་བོད་ཀྱི་ཡི་གེ་གསར་གཏོད་མཛད་པ་མ་ཡིན་པར་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་མཛད་པ་ཡིན་ཟེར།
བདག་གིས་འདི་སུས་མཛད་པ་གཙོ་བོ་མ་ཡིན་པར། ང་ཚོ་ལ་ད་ཡོད་ཀྱི་བརྡ་སྤྲོད་ཀྱི་གཞུང་འདི་དག་གི་མ་འདང་ས་ཁ་སྐོང་དང་གཅིག་གྱུར་གྱི་ལམ་གར་འགྲོ་བ་གལ་ཆེ་སྙམ། དེ་བས་འདིའི་ཕྱོགས་ནས་བདག་གིས་མཐོང་བའི་གནད་དོན་འགའ་རེ་ཟུར་དུ་བཏོན་ནས་གླེང་རྒྱུ་ཡིན།
༡ སུམ་ཅུ་བའི་སྐབས་ཀྱི་གནད་དོན་ནི། ད་དྲག་མི་མངོན་པར་བཏང་བ།
༢ རྟགས་འཇུག་གི་སྐབས་ཀྱི་གནད་དོན་ནི། བྱ་ཚིག་ལ་འབྲི་སྟངས་གཉིས་བྱུང་ཡོད་པ།
༣ དག་ཡིག་གི་སྐབས་ཀྱི་གནད་དོན་ནི། མིང་ཚིག་སྐོར་ཞིག་ལ་འབྲི་སྟངས་མང་བ་དང་ཤད་འཇོག་སྟངས་མི་འདྲ་བ་རེ་གཉིས་བྱུང་ཡོད་པའོ།།
དང་བོ། སུམ་ཅུ་བའི་སྐབས་ཀྱི་གནད་དོན་ནི། ད་དྲག་མི་མངོན་པར་བཏང་བ།
༡ ད་དྲག་གི་ཁུངས་ངོས་འཛིན་པ། ༢ ད་དྲག་སུས་མི་མངོན་པར་བཏང་བ། ༣ ད་དྲག་མི་མངོན་པར་བཏང་བའི་གནོད་པ། ༤ ད་དྲག་གི་གནད་དོན་སྟབས་བདེ་མོའི་སྒོ་ནས་ཐག་གིས་གཅོད་ཐབས་བཅས་ཚན་པ་བཞིའི་སྒོ་ནས་གླེང་བར་བྱའོ།།
༡ ད་དྲག་གི་ཁུངས་ངོས་འཛིན་པ།
ད་དྲག་གི་ཁུངས་ནི་སློབ་དཔོན་ཐོན་མིས་མཛད་པའི་སུམ་ཅུ་བའི་ནང་དུ། དབྱངས་བཞི་དང་གསལ་བྱེད་སུམ་ཅུ། གསལ་བྱེད་དེ་ལ་ཡང་མིང་གཞི་དང་སྔོན་འཇུག རྗེས་འཇུག་སོགས་གསལ་བོར་བསྟན་ཡོད་ན་ཡང་། ཡང་འཇུག་ད་དྲག་དང་ས་དྲག་གཉིས་གསལ་བོར་བསྟན་མེད། ཕྱིས་ཀྱི་མཁས་པ་དག་གིས་ད་དྲག་དང་ས་དྲག་ཤུགས་བསྟན་ཡིན་པ་དང་། དེའི་ཁུངས་ནི། སུམ་ཅུ་བའི་རྩ་ལས། བསླབ་པ་ཀུནད་ཀྱི་གཞི་འཛིནད་ཅིང་།། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།། ཞེས་པ་ལས། ཀུནད་དང་འཛིནད་དང་། རྣམས། ཞེས་པ་ད་དྲག་དང་ས་དྲག་གི་ཁུངས་ཡིན་པར་ངོས་འཛིན་བྱེད་དོ།།
༢ ད་དྲག་སུས་མི་མངོན་པར་བཏང་བ།
སྤྱི་ལོ ༡༠༥༩ ནས ༡༡༠༩ རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི༼དག་ཡིག་ཉེར་མཁོ་བསྡུས་པ།༽ལས། ན་ར་ལ་གསུམ་རྗེས་སུ་ནི།། སྒྲ་བསྒྱུར་སྔ་མས་ད་དྲག་བཞེད།། དེ་ཚེ་ཅིང་ཅེས་ཅིག་འཐོབ་ཀྱང༌།། ཕྱི་མ་རྣམས་ཀྱིས་ད་དྲག་དོར།། ཞེས་པ་ལྟར། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་བོ་སོགས་ཀྱིས་སྐད་གསར་བཅད་ཐེངས་གསུམ་པ་བྱས་པ་དེའི་སྐབས་སུ་མི་མངོན་པར་བྱས་པར་གྲགས་ལ། དེ་ནས་བཟུང་བོད་ཡིག་གི་ཐོབ་ཐང་འཆོལ་བའི་མགོ་ཚུགས་ཞེ་ནའང་མི་ཆོག་པ་མེད་པར་འདོད། ད་དྲག་མི་མངོན་པར་གཏོང་མཁན་ནི། སྐད་གསར་ཐེངས་གསུམ་པ་བྱེད་མཁན་དག་གོ།།
༣ ད་དྲག་མི་མངོན་པར་བཏང་བའི་གནོད་པ།
ད་དྲག་མི་མངོན་པའམ་མེད་པར་་བཏང་བའི་གནོད་པ་ནི། རྗེས་འཇུག་པ་བལྟོས་དགོས་པའི་ཕྲད་རྣམས་ལས། རྗེས་འཇུག་ན་ར་ལ་གསུམ་དང་འབྲེལ་བ་ཡོངས་ཀྱི་ཐོབ་ཐང་འཆོལ་ཡོད་དེ། སུམ་ཅུ་པའི་སྐབས་ཀྱི་ཚིག་ཕྲད་ཀྱི་རིམ་པ་བཞིན་བརྗོད་པར་བྱའོ།
གཅིག རྫོགས་ཚིག་དང་འབྲེལ་བ་ཡོད་པ་ནི། ༡ མིང་ཚིག་ལ་རྫོགས་ཚིག་སྦྱར་བའི་སྐོར་ནས་གཅིག་གྱུར་མེད་པ་ནི། ཀུན་ནོ།། ཀུནད་ཏོ།། རབ་འབྱོར་རོ།། རབ་འབྱོརད་ཏོ།། གོང་འཕེལ་ལོ།། གོང་འཕེལད་ཏོ།། ལྟ་བུའོ།། ༢ བྱ་ཚིག་ལ་རྫོགས་ཚིག་སྦྱར་བའི་སྐོར་ནས་གཅིག་གྱུར་མེད་པ་ནི། བསྟན་ནོ།། བསྟནད་ཏོ།། བསྒྱུར་རོ།། བསྒྱུརད་ཏོ།། གསལ་ལོ།། གསལད་ཏོ།། ལྟ་བུའོ།།
གཉིས་པ། ལ་དོན་དང་འབྲེལ་བའི་སྐོར་ནས་གཅིག་གྱུར་མེད་པ་ནི། ཀུན་དུ། ཀུནད་ཏུ། ཕ་རོལ་དུ། ཕ་རོལད་ཏུ། ལྟ་བུའོ།།
གསུམ་པ། བྱེད་འབྲེལ་གྱི་ཕྲད་དང་འབྲེལ་བའི་སྐོར་ནས་གཅིག་གྱུར་མེད་པ་ནི། ༡ འབྲེལ་བ་ནི། ཀུན་གྱི། ཀུནད་ཀྱི། ཕར་ཕྱིན་གྱི། ཕར་ཕྱིནད་ཀྱི། ཕ་རོལ་གྱི། ར་ཕོལད་ཀྱི། ༢ བྱེད་སྒྲ་ནི། ཀུན་གྱིས། ཀུནད་ཀྱིས། ཕར་ཕྱིན་གྱིས ཕར་ཕྱིནད་ཀྱིས། ཕ་རོལ་གྱིས། ར་ཕོལད་ཀྱིས། ལྟ་བུའོ།།
བཞི་བ། རྒྱན་སྡུད་ཀྱི་ཀྱང་ཡང་འང་དང་འབྲེལ་བའི་སྐོར་ནས་གཅིག་གྱུར་མེད་པ་ནི། བསྟན་ཡང་། བསྟནད་ཀྱང་། བསྒྱུར་ཡང༌། བསྒྱུརད་ཀྱང་། ཡིན་ཡང་། ཡིནད་ཀྱང་། ལྟ་བུའོ།།
ལྔ་བ། ལྷག་བཅས་ཀྱི་ཕྲད་དང་འབྲེལ་བའི་སྐོར་ནས་གཅིག་གྱུར་མེད་པ་ནི། ཀུན་ཏེ། ཀུནད་དེ། བསྒྱུརད་དེ། བསྒྱུར་ཏེ། བསྟན་ཏེ། བསྟནད་དེ། ལྟ་བུའོ།།
དྲུག་པ། ཚིག་ཕྲད་ཞིང་སོགས་དང་འབྲེལ་བའི་སྐོར་ནས་གཅིག་གྱུར་མེད་པ་ནི། སྟོནད་ཅིག་དང་སྟོན་ཞིག བྱིནད་ཅིག་དང་བྱིན་ཞིག བསྟན་ཞིང་། བསྟནད་ཅིང་། བསྒྱུར་ཞིང་། བསྒྱུརད་ཅིང་། བསྐྲུན་ཞིང་། བསྐྲུནད་ཅིང་སོགས་ལྟ་བུའོ།།
གོང་གི་དཔེར་བརྗོད་དག་ནི། ད་དྲག་མི་མངོན་པར་བྱས་ནས་བོད་ཀྱི་ཡིག་གི་ཐོབ་ཐང་གཅིག་གྱུར་མ་ཡིན་པར་གྱུར་པའི་གནས་ཚུལ་རེད། འདི་ནི་ངས་གང་བྱུང་བཤད་ནི་མ་ཡིན་པར། གནའ་དེང་གི་བོད་ཀྱི་དཔེ་ཆ་མང་བོ་བཀླགས་པའི་ཁྲོད་ནས་བུད་པའི་གནས་ཚུལ་རེད། འདི་ནི་ང་ཚོས་ངེས་པར་དུ་ཐག་གཅོད་དགོས་པའི་བྱ་བ་རེད། འདི་ནི་ང་ཚོས་ཀྱང་ཐག་མི་ཆོད་པ་མེད་པའི་བྱ་བ་ཞིག་ཀྱང་རེད།
༤ ད་དྲག་གི་གནད་དོན་སྟབས་བདེ་མོའི་སྒོ་ནས་ཐག་གིས་གཅོད་ཐབས།
དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་ལེགས་བཤད་ལྗོན་དབང་དུ།
རྫོགས་ཚིག་གི་ཐད་དུ། དྲག་ཡོད་ཏོ་དང་མཐའ་མེད་འོ།།
ལ་དོན་གྱི་ཐད་དུ། ས་སུ་ག་བ་དྲག་མཐར་ཏུ།།
བྱེད་འབྲེལ་གྱི་ཐད་དུ། ད་བ་ས་ཀྱི་ག་ང་གི །
རྒྱན་སྡུད་ཀྱི་ཐད་དུ། ག་ད་བ་ས་དྲག་མཐར་ཀྱང་།།
ལྷག་བཅས་ཀྱི་ཐད་དུ། ན་ར་ལ་ས་དྲག་མཐར་ཏེ།།
འབྱེད་སྡུད་ཀྱི་ཐད་དུ། སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས།།
ཚིག་ཕྲད་ཞིང་སོགས་ཀྱི་ཐད་དུ། ག་ད་བ་དང་ད་དྲག་མཐར།། ཅིང་ཅེས་ཅེའོ་ཅེ་ན་ཅིག།
ཅེས་པ་འདིའི་ནང་བཞིན་དུ་འགྲོ་དགོས་པ་གལ་ཆེ་བ་དང་། དེ་ལས་ད་དྲག་ཡོད་དང་མེད་ཤེས་དགོས་པ་ཡང་གཙོ་ཆ་སྟེ། སྔོན་གྱི་བརྡ་སྤྲོད་མཁས་པ་བསྟན་དར་ལྷ་རིམས་པའི་ཡི་གེ་བཤད་པ་མཁས་པའི་ཁ་རྒྱན་ལས། རྣམ་པ་ཀུན་ཏུ་ད་དྲག་ཡོད་པའི་མིང་ཚིག་འགའ་བསྟན་འདུག་པ་འདི་ཉིད་གཞི་རུ་བཞག་ན་འགྲིག་པར་མངོན་ཏེ། ད་དྲག་གི་ཕྱོགས་ནས་གསལ་ཁ་ཐོན་པའི་བརྡ་སྤྲོད་ནི་ཉིན་མོའི་སྐར་མ་འདྲ་བས་སོ།།
དེ་བས་རྣམ་པ་ཐམས་ཅད་དུ་ད་དྲག་ཡོད་པའི་མིང་ཚིག་ནི། ཀུནད། མཁྱེནད། འོནད་། ཐརད་པ། ཕར་ཕྱིནད། འབྱོརད་པ། འཛིནད་ཅིང་། ཤིནད་ཏུ་སོགས་དང་། དུས་གསུམ་ལས་ད་དྲག་གི་འཇུག་ཡུལ་དུ་གྱུར་པའི་འདས་པ་དང་སྐུལ་ཚིག་ལ་ངེས་པར་དུ་ད་དྲག་ཡོད་པར་བྱས་ན། དཔེར་ན། དུས་ད་ལྟ་བར་སྟོན་ཞིང་། དུས་མ་འོངས་པར་བསྟན་ཞིང་། འདས་པ་ལ་བསྟནད་ཅིང་། སྐུལ་ཚིག་ལ་སྟོནད་ཅིག ལྟ་བུའི་དཔེར་བརྗོད་འདིས་སྤྱི་འགྲོས་ཤིག་སྟོན་ཐུབ་སྙམ་མོ།།
ད་དྲག་ཕྱིར་མངོན་པར་བྱས་ནས་གོང་གི་འདི་ལྟར་དུ་སོང་བ་ཡིན་ན། རྙོག་དྲ་ཆེན་པོ་མེད་སྙམ་མོ།།
༢ རྟགས་འཇུག་གི་སྐབས་ཀྱི་གནད་དོན་ནི།
༡ བྱ་ཚིག་ལ་འབྲི་སྟངས་གཉིས་བྱུང་ཡོད་པ།
བྱ་ཚིག་བཀོལ་སྟངས་ཀྱི་ཆ་ནས་འབྲི་ཚུལ་གཉིས་བྱུང་དང་འབྱུང་བཞིན་འདུག་པ་ནི་བརྡ་སྤྲོད་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ན་ཤེས་ཚོད་ཡིན་ཏེ། འབྲི་སྟངས་གཅིག་ནི། དགེ་འདུན་པ་རྣམས་ཀྱིས་ཁ་སང་སྦྱིན་བསྲེགས་བྱས། དེ་རིང་སྦྱིན་སྲེག་བྱེད་ཀྱིན་འདུག སང་ཉིན་སྦྱིན་བསྲེག་བྱ་རྒྱུ་རེད། གནངས་ཉིན་སྦྱིན་སྲེགས་བྱོས། ཞེས་པ་འདི་རེད། འབྲི་སྟངས་འདིས་སྦྱིན་གྱི་ཚིག་གྲོགས་སྲེག་དེ་དུས་གསུམ་སྐུལ་ཚིག་དང་བཅས་པར་འགྱུར་བ་གཏོང་བཞིན་པ་དེ་རེད།
ཡང་འབྲི་སྟངས་གཞན་པ་ནི། དཔེར་ན། དགེ་འདུན་པ་རྣམས་ཀྱིས་ཁ་སང་སྦྱིན་སྲེག་བྱས། དེ་རིང་སྦྱིན་སྲེག་བྱེད་ཀྱིན་འདུག སང་ཉིན་སྦྱིན་སྲེག་བྱ་རྒྱུ་རེད། གནངས་ཉིན་སྦྱིན་སྲེག་བྱོས། ཞེས་པ་འདི་རེད། འབྲི་སྟངས་འདིས་སྦྱིན་གྱི་ཚིག་གྲོགས་སྲེག་དེ་དུས་གསུམ་སྐུལ་ཚིག་དང་བཅས་པར་འགྱུར་བ་གཏོང་གི་མེད་པ་དེ་རེད།
འདི་ལ་སྔོན་གྱི་བརྡ་སྤྲོད་རྣམས་ཀྱི་ཁྲོད་ལས། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་བརྩམས་པའི་ལུང་དུ་སྟོན་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་འགྲེལ་ལེགས་བཤད་སྣང་བྱེད་ནོར་བུ་ལས། གསལ་ཁ་ཞིག་བྱས་འདུག་པ་འདི་ལྟར། གཞན་ཡང་མིང་དང་བྱ་བ་བྱེད་པ། སེམས་སྐྱེད་བྱེད། སེམས་སྐྱེད་བྱ། སྒྲུབ་པ་བྱེད། སྒྲུབ་པ་བྱ། སྦྱིན་སྲེག་བྱེད། སྦྱིན་སྲེག་བྱ་ལྟ་བུ་མིང་གི་རང་བཞིན་དུ་གནས་པའི་སྒྲ་ཡིན་པས་གསལ་བྱེད་ཀྱི་སྒྲ་ལ་མི་ལྟོས་པ་དང༌། མེ་ལ་སྲེག་པར་བྱེད། བསྲེག་པར་བྱ། སེམས་སྐྱེད་པར་བྱེད། བསྐྱེད་པར་བྱ། ནོར་སྒྲུབ་པར་བྱེད། བསྒྲུབ་པར་བྱ་ལྟ་བུ་བྱ་བ་ཡིན་པས་གསལ་བྱེད་ཀྱི་སྒྲ་ལ་ལྟོས་པ་དང༌།
ཞེས་པ་འདི་རེད། འདིས་སེམས་སྐྱེད་བྱེད། སེམས་སྐྱེད་པར་བྱེད། ཅེས་མིང་དང་བྱ་བ་བྱེད་པའི་བར་ཁྱད་འབྱེད་བྱེད་ར་སྒྲ་ཙམ་ཡིན་པ་བསྟན་འདུག འདི་བ་ཚང་མ་གཏོགས་སྔོན་བྱོན་གྱི་མཁས་པའི་ཁྲོད་དུ་བྱ་ཚིག་གི་གནད་དོན་འདི་ལ་དོ་སྣང་ཙམ་བྱས་ཡོད་པ་ བདག་གིས་མཐོང་མ་སོང་།
བྱ་ཚིག་བཀོལ་སྟངས་ཀྱི་ཆ་ནས་འདི་ལྟར་འབྲི་ཚུལ་གཉིས་ཡོད་པ་ལས། འབྲི་སྟངས་གཅིག་གྱུར་བྱུང་བ་ཡིན་ན་བདེ་བར་སྙམ་པ་མ་ཟད། ཁོ་བོ་ཕྱི་མར་འཐད་པ་ཡོད་དེ། རྒྱུ་མཚན་བྱ་ཚིག་བཀོལ་སྟངས་ཀྱི་རྙོག་དྲ་ཉུང་ངུར་འགྲོ་བས་ཡིན།
༢ བྱ་ཚིག་རེ་འགའ་དུས་གསུམ་སྤྱི་འགྲོས་ལྟར་བྲིས་མེད་པ།
སྔོན་གྱི་དཔེ་རྙིང་ཁ་ཤས་ཀྱི་ནང་དུ། དུས་གསུམ་སྤྱི་འགྲོས་ལྟར་བྲིས་མེད་པ་རེ་འགའ་འདུག་པ། དཔེར་ན། འདས་པ་ལ་སྐུལ་ཚིག་བྲིས་ཡོད་པ། ཡིད་འཕྲོག་གི་འདས་པར་ཕྲོགས། ༼གསལ་བྱེད། འ་འདས་པར་མི་འཇུག་ཟེར་མཁན་ནི་མི་བདེན་ཏེ། མདའ་འཕངས། ཐག་པ་འཐེནད། ཐག་པ་ཐུར་དུ་འཕྱངས་སོགས་མང་ངོ་། ། ༽གོས་ཀླུབ་པའི་འདས་ཀླུབས། གནས་ལ་སླེབ་པའི་འདས་པར་སླེབས། གྲངས་ཀ་སྡོམ་པའི་འདས་པར་སྡོམས། བཀའ་སྩོལ་བའི་འདས་པར་སྩལ། ལྟ་བུ་དང་། ད་ལྟ་བར་སྐུལ་ཚིག་བྲིས་ཡོད་པ། སྒྲོགས། ལྟ་བུ་གནད་དོན་ཡང་བྱུང་ཡོད། དེའི་ཤུགས་རྐྱེན་གྱིས་ད་ལྟ་འང་སླེབས་དང་། སྩལ་འབྲི་བཞིན་ཡོད་ཀྱང་། འདི་དག་ནི་དུས་གསུམ་སྤྱི་འགྲོས་ལྟར་དུ་འདས་པ་ལ་བསླེབས་དང་། བསྩལད། བྲིས་ན་ལེགས་པར་མཐོང་ངོ་། །
༣ དག་ཡིག་གི་སྐབས་ཀྱི་གནད་དོན་ནི། མིང་ཚིག་སྐོར་ཞིག་ལ་འབྲི་སྟངས་མང་བ་དང་། ཤད་འཇོག་སྟངས་མི་འདྲ་བ་རེ་གཉིས།
གཅིག མིང་ཚིག་སྐོར་ཞིག་ལ་འབྲི་སྟངས་མང་བའི་སྐོར།
༡ འབྲི་སྟངས་གཉིས་པའི་སྐོར།
སྨྲ་མི་ཤེས་པའི་མི་ལ། ལྐུགས་པ་དང་ལྐུག་པ།
སྐེད་པ་སྡོམ་བྱེད་ལ། སྐེ་རགས་པ་དང་སྐ་རགས།
ལུས་ཀྱི་སྐེད་པ་ལ། སྐེད་པ་དང་རྐེད་པ།
འགྲོ་བ་ཡོད་དོ་ཅོག་ལ། སྐྱེ་རྒུ་དང་སྐྱེ་དགུ།
སངས་རྒྱས་ཀྱི་རྣམ་ཐར་ལ། སྐྱེས་རབས་དང་སྐྱེ་རབས།
ལྕགས་རིགས་ཤིག་ལ། འཁར་བ་དང་མཁར་བ།
ཕྱག་ཆ་ཞིག་ལ། འཁར་གསིལ་དང་མཁར་གསིལ།
མཐའ་བསྐོར་བའི་ཉེ་འདབས་ཀྱི་མིང་ལ། ཁོར་ཡུག་དང་འཁོར་ཡུག
སྨན་རིགས་ཤིག་ལ། ག་བུར་དང་། ག་པུར།
འབྲི་སྟངས་གཉིས་ཡོད་པའི་སྐོར་གྱི་དཔེར་བརྗོད་ནི་བརྗོད་ཀྱིས་མི་ལང་བ་ཡོད་ཀྱང་འདིར་དེ་ཙམ་གྱིས་འཐུས་པར་བྱས་སོ། །
༢ འབྲི་སྟངས་གསུམ་པའི་སྐོར།
སྡིགས་མོ་བྱེད་རེས་བྱས་པའི་དོན་ལ། འཁོན། ཁོན། མཁོན།
ནམ་མཁའ་སོགས་ཀྱི་མིང་ལ། སྔོ་བསངས་མ། སྔོ་སངས་མ། སྔོ་བསང་མ།
འབྲུ་རིགས་ཡོངས་དཀར་ལ། ཡུངས་དཀར། ཡུངས་ཀར། ཉུངས་དཀར།
འབྲི་སྟངས་གསུམ་ཡོད་་པའི་སྐོར་གྱི་དཔེར་བརྗོད་ནི་བརྗོད་ཀྱིས་མི་ལང་བ་ཡོད་ཀྱང་འདིར་དེ་ཙམ་གྱིས་འཐུས་པར་བྱས་སོ། །
༣ འབྲི་སྟངས་བཞི་པའི་སྐོར།
སྐད་ཀྱི་གྲིམ་ལྷོད་ལ། གྲིམས་ཀློད། གྲིམ་ལྷོད། གྲིམ་གློད། བསྒྲིམ་ཀློད།
འདུག་སྟངས་ཤིག་ལ། སྐྱིལ་ཀྲུང་་དང་། དཀྱིལ་ཀྲུང་། དཀྱིལ་དཀྲུང་། དཀྱིལ་དཀྲུངས།
མཁྲིས་རྡོ་ལ། གི་ཝང་། གི་ཧཾ། གི་ཧང་། གི་ཝཾ།
འབྲི་སྟངས་བཞི་ཡོད་པའི་སྐོར་གྱི་དཔེར་བརྗོད་ནི་བརྗོད་ཀྱིས་མི་ལང་བ་ཡོད་ཀྱང་འདིར་དེ་ཙམ་གྱིས་འཐུས་པར་བྱས་སོ། །
གཞན་ལེགས་སྦྱར་གྱི་སྐད་དེ། སེངྒེ་དང་། གངྒཱ། པདྨ་སོགས་ཀྱང་བརྩེགས་མར་བྲིས་ཡོད་པ་མེད་པའི་འབྲི་སྟངས་གཉིས་བྱུང་ཡོད་པ་འདི་ཡང་གང་ལྟར་གཅིག་གྱུར་གྱི་འབྲི་སྟངས་ཤིག་ཡོད་པ་དང་།
རི་མོའི་མིང་ལ། རེ་ཁཱ་དང་རེ་ཁ། སྡུག་བསྔག་གྱི་མིང་ལ། དུཿ་ཁ་དང་དུ་ཁ། འདི་དག་གི་སྔ་མ་ལྟར་བྲིས་ན་ལེགས་པར་མཐོང་ངོ་།།
གཉིས་པ། ཤད་འཇོག་སྟངས་མི་འདྲ་བ་རེ་གཉིས།
ཚིག་ལྷུག་གི་སྐབས་སུ་ཕྱི་རྐང་ཅན་གྱི་ཡི་གེ་ཀ་ག་ཤ་གསུམ་གྱི་རྗེས་སུ་ཆིག་ཤད་འཇོག་པ་དང་མི་འཇོག་པའི་སྲོལ་གཉིས་ཡོད་པ་དང་། རྫོགས་ཚིག་གོ་ལྟ་བུར་ཆིག་ཤད་འཇོག་པ་དང་ཉིས་ཤད་འཇོག་པའི་སྲོལ་གཉིས་བྱུང་ཡོད།
སྡེ་དགེ་དཔར་ཁང་དང་ལྷ་ས་ཞོལ་དཔར་ཁང་སོགས་སྔོན་གྱི་ཤིང་དཔར་རྙིང་བ་དག་ཏུ། ཚིག་ལྷུག་ཅིག་ཡིན་ན་ཕྱི་རྐང་ལ་བལྟོས་པ་མེད་པར་ཆིག་ཤད་བཞག་ཡོད་པ་དང་། རྫོགས་ཚིག་གོའི་རྗེས་སུ་ཡང་ཉིས་ཤད་བཞག་ཡོད།
ལེགས་བཤད་ལྗོན་དབང་སོགས་ཚད་ལྡན་གྱི་སུམ་ཅུ་བའི་སྡོམ་ཚིག་དག་ལས། ཚིག་ལྷུག་སྐབས་ཆིག་ཤད་འཇོག་དགོས་པ་དང་། ཕྱི་རྐང་ཅན་གྱི་ཡི་གེའི་ཀ་ག་ཤ་སོགས་ཀྱི་རྗེས་སུ་ཤད་འཇོག་མི་དགོས་པར་གསུངས་ཡོད་པས། དེང་སང་མང་ཆེ་བས་དེ་ལྟར་འབྲི་བཞིན་ཡོད་པས་དེ་ཤིན་ཏུ་ལེགས་པར་འདོད། ཡིན་ནའང་། རྫོགས་ཚིག་གོའི་རྗེས་སུ་ཆིག་ཤད་དང་ཉིས་ཤད་གང་འཇོག་དགོས་པ་གསལ་བོ་ཞིག་མེད་ནའང་། ཨ་ཁུ་དམུ་དགེ་བསམ་གཏན་རྒྱ་མཚོ་ཚང་གིས། རྫོགས་ཚིག་གོའི་རྗེས་སུ་ཉིས་ཤད་བཞག་ཡོད་པས་དེ་བདེ་འམ་སྙམ་མོ། །
༼གངས་རིས་བརྒྱུད་གཏོང་བྱས།༽
སྔ་རབས་ཀྱི་རྒྱ་གར་ཁོ་རང་ཚོའི་ཡིག་རིགས་མི་འདྲ་བ་དེ་ཚོའང་། སྔ་དུས་ཀྱི་དུས་རབས་དང་འདས་པའི་ལོ་ཚོད་འདི་འདྲ་ཞིག་ལ་བྱུང་བར་ཚོད་སྒམ་བྱེད་པ་མ་གཏོགས། མི་བུ་བྱེ་བྲག་པ་འདིས་ལོ་དུས་དེར་བཟོས་པ་རེད་ཟེར་ནས་གསལ་གསལ་དག་དག་སྟོན་རྒྱུ་ཨ་ཡོད་ན། དེ་ཡོད་ན་ག་བར་འདུག་འདིར་ཁྱེར་ཡོང་རོགས་གནོངས། པ་ལི་དང་སམ་ཀྲི་ཏ་དང་གུབ་ཏའི་ཡི་གེ་སོགས་བཟོ་མཁན་གྱི་མི་བུ་བྱེ་བྲག་པ་དེ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟ་བུར་སྟོན་ཡོང་རོགས། གལ་སྲིད་སྟོན་རྒྱུ་མེད་ན་དེ་རྣམས་ཐམས་ཅད་བདེན་པ་མ་རེད་རྫུན་པ་རེད་ཟེར་ནས། ངས་བཟོས་དང་ཁོས་བཟོས་ཟེར་ནས་རྩོད་འཁྲུགས་ཀྱི་དུས་བཟླ་དགོས་སམ། །
བོད་སྐད་ཡིག་སྲོག་ཉེན་ལ་ཐུག་ཡོད་པའི་སྐབས་འདིར་མི་མང་པོ་ཞིག་གིས་བོད་སྐད་ཡིག་ལ་ནང་བྱང་ཆུབ་པའི་མཁས་དབང་རྣམས་ཀྱིས་བརྩམས་པའི་བརྡ་སྤྲོད་ལ་མ་བལྟོས་པར་རང་འདོད་ལྟར་དག་ཆ་དང་སུམ་རྟགས་ཀྱི་འགྲོ་སྟངས་ཤེས་མིན་གྱིས་བྲིས་དང་འབྲི་བཞིན་པ་དེ་ནི་བོད་ཡིག་གི་སྲོག་རྩ་གཅོད་པར་འགྱུར་གྱིན་ཡང་ན་འགྱུརད་ཀྱིན་ཡོད། དཔེར་ན། བ་ཡི་ཚབ་ཏུ་པ་རྐྱང་བ་བྲིས་པ་ལས་བ་ནི་མཐོང་དཀོན་པོར་གྱུར་ཡོད། དེ་བས་ན། ད་ལྟ་ཀ་ཁ་སུམ་ཅུ་ཐམས་པ་དེ་ཀ་ཁ་ཉེར་དགུ་རུ་གྱུར་ཡོད། དེ་བཞིན་དུ་བོད་རང་གི་ཀུས་ཚིག་གམ་ཞེ་ས་སོགས་ཀྱང་དེ་བཞིན་རེད། ཟ་ཡི་ཚབ་ལ་དུད་འགྲོ་ཡན་ཆད་ལ་མཆོད། ད་དུང་མང་ཡ་་་་་མང་། མི་ལ་ལར་ཞེ་ས་ཐམས་ཅད་སྤྱིར་བཏང་གི་ཚིག་ཏུ་ཆགས་ཡོད་པ་མ་ཟད། ཁོང་ཚོས་ཞེ་ས་བཤད་ས་ནོར་ཡོད་རུང་ཞེ་ས་མ་བཤད་ན་མིར་མི་བརྩིས་པའི་བསམ་བློ་དེ་ཇི་ལྟར་འགྱུར་བ་གཏོང་སྲིད་དམ།
ཟླ་བ་འོད་ཟེར་ནས་ལེགས་པར་བྲིས་འདུག་མངོན་པར་བསྟོད། མིང་མེད་ལེགས་ལ། ང་ཡང་ཞེ་ས་མ་ཤེས་ན་མིར་མི་བརྩི་མཁན་ཞིག་ཡིན་ཀྱང་། རྐུབ་དང་། སྐྱག་པ་དང་། སྟུ་དང་རླིག་པ་འདི་ཚོ་ལ་ཞེ་ས་ཞིག་རྙེད་ཀི་མེད་ཀི་ཁྱོད་ཀི་གཅིག་གསུང་ན་ཨེ་འགྲིགས།
ཟླ་བ་འོད་ཟེར་ལེགས།
ཧི་མཱ་ལ་ཡ་སྟེ། རི་བོ་གངས་ཅན་གྱི་རིག་མཛོད་ཁང་ཆེན་མོའི་ཞུས་ཆེན་པའི་སྡེ་ཁག་ཏུ་བོད་གངས་ལྗོངས་ཀྱི་སྐད་ལ་སྦྱོང་བཞིན་པར་དགའ་བསུ། འོན་ཀྱང་ཞིབ་ཏུ་ཀློག་ལོང་མེད། འོང་ཀྱང་ཁ་སྐད་གཙོ་བོར་བཟུང་སྟེ། “སྐད་གསར་བཅད་ཐེངས་གསུམ་པ་བྱས་པ་དང། བསྩལད། བྲིས་ན་ལེགས་པར་མཐོང་ངོ་། ” ཞེས་པ་ལོགས་བོད་ཀྱི་བཀའ་བསྟན་གསུང་འབུམ་རྣམས་ཀྱི་སྐད་མེད་པར་གཏོང་བའི་རྒྱུ་རྐྱེན་བྱེད་པར་མི་འདུག་གམ། རྣམ་དཔྱོད་ཀྱིས་སེམས་ན་དེ་ལྟར་ལགས་ཀྱང་།
“རྒྱལ་ཁམས་ཆུས་གང་ན། རྡོ་ལེབ་སྐམ་པོ་གང་དུ་ལུས།” ཞེས་པའི་ཁ་རྒྱུན་ལྟར་རོ།
ངའི་མཆན་འདི་ཚོ་ཐད་ཀར་མོ་འགྲོ་མཁན་ཞིག་ཆགས་འདུག
སྐྱེ་རྒུ་དང་གྲིམ་ལྷོད་སོགས་གཅིག་ཉིད་སྤྱད་ན་ལེགས། སེང་གེ་དང་པདྨ་སོགས་ནི་ཡུལ་གཞན་གྱི་སྐད་ཡིན་པས་གང་ཡང་ཆོག
ཟླབ་འོད་ཟེར་ལགས་ཀྱིས།
་་་་་་་་་ བཀའ་སྩོལ་བའི་འདས་པར་སྩལ། ལྟ་བུ་དང་། ད་ལྟ་བར་སྐུལ་ཚིག་བྲིས་ཡོད་པ། སྒྲོགས། ལྟ་བུ་གནད་དོན་ཡང་བྱུང་ཡོད། དེའི་ཤུགས་རྐྱེན་གྱིས་ད་ལྟ་འང་སླེབས་དང་། སྩལ་འབྲི་བཞིན་ཡོད་ཀྱང་། འདི་དག་ནི་དུས་གསུམ་སྤྱི་འགྲོས་ལྟར་དུ་འདས་པ་ལ་བསླེབས་དང་། བསྩལད། བྲིས་ན་ལེགས་པར་མཐོང་ངོ་། ། ་་་་་
་
འདིི་ནང་ལ། ་་་་་བཀའ་སྩོལ་བའི་འདས་པར་སྩལ། ལྟ་བུ་དང་། ་་་་་་ ་་་་་་བསྩལད། བྲིས་ན་ལེགས་པར་མཐོང་ངོ་། ། ་་་་་་་ ཞེས་པ་འདི་ཚིག་གོང་འོག་ནང་འགལ་དུ་སོང་བ་རེད་དོ།།
བྱ་ཚིག་ལ་འདས་སྐུལ་གཉིས་ལ་ད་དྲག་སྦྱར་དགོས་ཟེར་ན་སྟབས་བདེ་ཡང་། ན་ར་ལ་གསུམ་རྗེས་འཇུག་ཅན་མིང་རྐྱང་འགའ་ཤས་ད་དྲག་ཐོབ་པ་དང་འགའ་ཤས་ལ་མི་ཐོབ་བའི་དབྱེ་མཚམས་དེ་ཇི་ལྟར་འབྱེད་དགོས་པ་ནི་དཀའ་གནད་ཅིག་རེད།
༼The Bakhshali manuscript is now believed to date from the 3rd or 4th Century, making it hundreds of years older than previously thought.༽
༼The manuscript was found by a farmer in a village called Bakhshali, in what is now Pakistan,༽
http://www.bbc.com/news/uk-england-oxfordshire-41265057
ཨ་ཁུ་འབྲོག་ལགས། ཁྱེད་ཀྱིས་མ་ཤེས་པ་ཐམས་ཅད་མེད་པ་མ་ཡིན་པས། དེ་འདྲའི་ཚིག་མིང་མཁོ་ན་ཚིག་མཛོད་ཆེན་མོར་སོང་ནས་ལྟོས། དེ་རེ་རེར་མིང་གི་རྣམ་གྲངས་སམ་ཞེ་ས་བཅུ་ཁ་ལྷག་ཡོད་གི། ངས་འདིར་དྲྭ་བདག་དང་མཆན་ཀློག་མཁན་རྣམས་ལ་གུལ་ཞབས་ཀྱི་སླར་ཚིག་རྩོག་དེ་རིགས་འབྲི་འདོད་མ་བྱུང་བས་དགོངས་འགལ་མེར་པར་ཞུ།
མེར་དེ་མེད་ལ་བཅའ་རོགས།
ཨ་ཁུ་འབྲོག་པ་ལགས། ཁྱེད་ཀྱིས་མ་ཤེས་པ་ཐམས་ཅད་མེད་པ་མ་ཡིན་པས། དེ་འདྲའི་ཚིག་མིང་མཁོ་ན་ཚིག་མཛོད་ཆེན་མོར་སོང་ནས་ལྟོས། དེ་རེ་རེར་མིང་གི་རྣམ་གྲངས་སམ་ཞེ་ས་བཅུ་ཁ་ལྷག་ཡོད་གི། ངས་འདིར་དྲྭ་བདག་དང་མཆན་ཀློག་མཁན་རྣམས་ལ་གུས་ཞབས་ཀྱི་སླད་ཚིག་རྩོག་དེ་རིགས་འབྲི་འདོད་མ་བྱུང་བས་དགོངས་འགལ་མེད་པར་ཞུ།
མིང་མེད་ལགས། ང་ཡིས་མ་ཤེས་པ་རྣམས་ཚིག་མཛོད་ཆེན་མོའི་ནང་དུ་ལྟ་ལོས་ཡོད། ཁྱེད་ཀྱིས་ཟ་ཡི་ཚབ་ཏུ་དུད་འགྲོ་ལ་ཡང་མཆོད་་་་་ད་དུང་ཡང་་་་་མང་། ཟེར་བ་ལ་བལྟས་ན་ཞེ་ས་མང་པོ་ཤེས་ཤག་གིས་དྲིས་པ་ཡིན། ད་ཡང་དྲྭ་བདག་དང་ཀློག་མཁན་རྣམས་ལ་གུས་ཞབས་སླད་འབྲིར་མ་འདོད་ཟེར་བར། རང་རེ་བོད་སྐད་དང་བོད་ཡིག་སྐུ་ཚེ་རིང་ཙམ་བྱུང་ན་བསམ་སྟེ་ལྷག་བསམ་རྣམ་དག་གིས་མིང་ཚིག་སྣ་ཚོགས་འབྲི་བ་ལ་གུས་ཞབས་ཡོད་མེད་བལྟ་ཅི་དགོས། ལྷག་པར་རྗེ་བཙུན་མི་ལས། ངོ་ཚ་དགོས་ས་ལ་མི་ཚ་བར། ཚ་མི་དགོས་ས་ལ་ཚ་བར་འདུག་གསུངས་པ་ལྟར་ཁྱེད་ཀྱིས་མི་གཞན་ལ་དུད་འགྲོ་ལ་ཡང་ཞེས་ས་བྱེད་མཁན་ཞེས་རྙས་སྨོད་བྱེད་པར་ཀློག་མཁན་རྣམས་ལ་གུས་ཞབས་མེད་པར་མི་འགྱུར་བར། ཕོ་མོའི་མཚན་མ་ལུས་ཀྱི་ཆ་ཤས་གལ་ཆེ་ཤོས་རྣམས་ཀྱི་མིང་དང་དེ་དག་ལ་ཞེ་ས་བྲིས་པར་གུས་ཞབས་མེད་པར་གྱུར་ན། ཁྱེད་ཀྱི་གུས་ཞབས་ཟེར་བ་དེ་ཅི་འདྲ་ཞིག་ལ་ཟེར་ངས་མི་ཤེས། དེང་གི་སྐབས་སུ་ལམ་རིམ་ཆེན་པོ་མན་ཆད་དཔེ་དེབ་པར་བསྐྲུན་བྱས་ཚད་ལ་སྔར་པ་ཡོད་ས་ཚང་མར་བ་བཅུག་སྟེ། ཀློག་བཞིན་པར་བ་ཡི་ཚབ་ཏུ་པ་རྐྱང་བྲིས་པ་ལས་བ་མཐོང་དཀོན་པར་གྱུར་ཡོད། ཅེས་དངོས་སུམ་ལ་བསྙོན་པར། དྲྭ་བདག་ལ་གུས་ཞབས་མེད་པར་མི་འགྱུར་བར་ཡབ་ཀྱི་རྡོ་རྗེ་དང་། ཡུམ་གྱི་པདྨ། ཡབ་ཀྱི་གསང་མཚན། ཡུམ་གྱི་གསང་གནས། བཙུན་མོའི་བྷ་ག ། དེ་བཞིན་གཞན་གཉིས་ལ་ཡང་། གཅེར་འདོན་མི་དགོས་པར་བཞུགས་འཕོང་། ཆབ་ཆེན། བཤང་ལམ། བཤང་བ་སོགས་མིང་ཚིག་གོ་བདེ་ལ་བབ་ཆགས་པ་མང་པོ་ཡོད། གཞན་ཡང་གཞོན་ནུ་དོན་གྲུབ་ཀྱི་སྦ་བ་སྦུབས་སུ་ནུབ་ཟེར་བ་ལྟ་བུ་འབྲི་བ་ལ་མ་གུས་པར་འགྱུར་ན་དངོས་གནས་ཞེ་ས་དང་གུས་ཞབས་ཟེར་བ་ཁ་ཙམ་མ་རེད་དམ ། ལར་ནས་ཞེ་ས་སོགས་མིང་ཚིག་ཇི་ཙམ་མང་བ་དེ་ཙམ་གྱིས་བོད་ཀྱི་སྐད་ཡིག་ཕྱུག་པོ་ཡིན་པའི་རང་རྟགས་ངོམ་པ་ལས་སྐྱོན་ཏིལ་འབྲུ་ཙམ་ཡང་ཚན་རིག་མཁས་པས་བཙལ་ཀྱང་མི་རྙེད་དོ།།
ཞེ་ས།
རྐུབ་ལ། གཞང་འབོག
སྐྱག་པ་ལ། ཆབ་ཆེན།
སྟུ་ལ། བྷ་ག མོ་མཚན། ཡུམ་གྱི་པདྨ།
རླིག་པ་ལ། རྡོ་རྗེ། ཕོ་མཚན། ཡབ་ཀྱི་གསང་མཚན།
ངས་ནི་ཀླད་ཀོར་གྱི་མ་དཔེ་ཡང་བོན་པོའི་གཤེན་གཞུང་ལ་གཏུགས་ཡོད་ཤག་བྱས་ཡིན་ཡང་། ད་བྱས་ན་དེ་འདྲ་མིན་པ་འདྲ། ཡང་ན་ང་ཚོའི་བོན་པོ་ཚོས་ཁོང་ཚོའི་རྫུན་རྐུབ་རལ་བའི་དུས་ལ་ཐོན་པ་འདྲ། ཧ་ཧ་ཧ། བོན་པོ་ལགས།
ཕོ་མཚན་དང་། མོ་མཚན་ལ། ཡབ་ཀྱི་གསང་གནས་དང་། ཡུམ་གྱི་གསང་གནས་སམ། ཡང་ན། གསང་གནས་ཙམ་གྱིས་ཀྱང་ཞེ་སར་འཇོག་ཆོག་སྙམ་མོ།།
ཨ་ཁུ་འབྲོག་པ་ལགས། ཁྱེད་ཀྱིས་རྐུབ་དང་སྟུའི་མིང་གཞན་ནམ་ཞེ་ས་ཤེས་བཞིན་དུ་མི་གཞན་ལ་སྐད་ཆ་བྲིས་པ་དེས་ཁྱེད་ནི་མི་ཇི་འདྲ་ཞིག་ཡིན་པ་མཚོན་གྱིན་ཡོད་དམ།
ཞེ་ས་ནི་རང་ཉིད་ཀྱིས་བཀུར་སའི་མི་ལ་གུས་ཞབས་བྱེད་པའི་ཚིག་ཅིག་ཡིན་པ་ལས་རང་ཉིད་ཀྱིས་དམའ་འབེབ་བྱེད་སའམ་མི་ངན་ཁྱི་ལ་དཔེ་འཇོག་སར་བེད་སྤྱོད་གཏོང་བའི་ཚིག་ཅིག་མ་རེད་བསམ། དེ་བས་ན་རང་ཉིད་ཀྱིས་གང་འདོད་ལྟར་མི་ལ་ཆེ་ཆུང་མེད་ཁ་ལ་ལ་ཐུར་མེད་དཔེ་ལྟར་ཡོད་ཚད་ལ་ཞེ་ས་བརྒྱབས་ན་ཞེ་སའི་རིན་ཐང་དེ་ཅི་འདྲ་ཞིག་ཏུ་འགྱུར་རམ། ཡང་ན་དེ་ཞེ་ས་རེད་ལ་རྒྱུན་ཚིག་ཅིག་རེད་དམ།
སྐད་ཡིག་གང་ཡིན་རུང་དངོས་པོ་གཅིག་ལ་མིང་མི་འདྲ་བ་མང་པོ་ཡོད་པ་ནང་བཞིན་བོད་སྐད་ཡིག་ལ་ཡང་ཐ་སྙད་གྲངས་ཀྱི་མི་ལང་བ་ཞིག་ཡོད་པ་དེ་སྤྱི་བཏང་གི་ཡག་པོ་རེད། འོན་ཀྱང་ཁྱེད་ཀྱིས་བཤད་པ་ནང་བཞིན་ཕྱིའི་ཚན་རིག་པས་བོད་སྐད་ཡིག་གི་ཐོག་ཏུ་དངོས་པོ་གཅིག་ལ་མིང་ཅི་ཙམ་ཡོད་མེད་བརྟག་དཔྱད་བྱས་ཡོད་མེད་དང་བོད་སྐད་ཡིག་ལ་མིང་མང་པོ་ཡོད་ན་གནོན་སྐྱོན་ཡོད་མེད་མ་རྙེད་པ་ནི་ངས་མི་ཤེས། ངས་ཤེས་པ་ནི་བོད་སྐད་ལ་ཐ་སྙད་མ་འདྲ་བ་མང་དྲགས་པའམ་ཕྱིའི་དངོས་པོར་མིང་གཅིག་གྱུར་མེད་པས་ཕ་མ་དང་བུ་ཕྲུག་གི་བར་དང་། དགེ་རྒན་དང་སློབ་མའི་བར། ལུང་ཚན་དང་ལུང་ཚན་གྱི་བར། ཆོལ་ཁ་དང་ཆོ་ཁའི་བར་ལ་གོ་བརྡ་མི་འཕྲོད་པ་དེ་རེད། མཁས་དབང་ལྡོང་ཡོན་ཏམ་རྒྱས་མཚོས་གསུངས་བ་ལྟར་ན་ཉི་མ་གཅིག་བུར་མིང་མི་འདྲ་བ་ཉི་བརྒྱ་ལྷག་དང་སངས་རྒྱས་ཅིག་བུར་མིང་མི་འདྲ་བ་བདུན་ཅུ་ལྷག་འདུག་ཟེར། མིའི་ཤེས་པ་ནི་དུས་ཚོད་ལ་བརྟེན་དགོས་པས་དེ་ཚོ་ཚང་མ་ཤེས་མཁན་ནི་ཉི་མོའི་སྐར་མ་བཞིན་རེད། དེ་ཚོ་ཚང་མ་ཤེས་མཁན་མེད་དུས་སོ་སོའི་ས་ནས་མིང་ཚིག་རེ་སྦྱང་ནས་བོད་སྐད་བཤད་རུང་གོ་བརྡ་ཇི་ལྟར་སྤྲོད་དམ། མིང་ཚིག་བརྗོད་པ་ཀུན་གྱི་གཞི་ཟེར་བ་ནང་བཞིན། ཞེ་ས་ཡིན་ན་དེའི་གོ་གནས་དང་རིན་ཐང་སྤྲད་ནས་བེད་སྤྱོད་བཏང་ན་ནི་ཞེ་ས་དེའི་ཁྱད་ཆོས་མངོན་ཡོང་གིན་རེད། དེ་མིན་ཞེ་ས་མཐོ་སྨད་དང་ཆེ་ཆུང་མེད་ལ་བེད་སྤྱད་ན་(ཡར་ལྷ་ལ་མཆོད་པ་དང་། མར་དབུལ་ཕུང་ལ་སྦྱིན་པ) ཟེར་དགོས་པ་ཡོད་མ་རེད་དོ།
མིང་མེད་ལགས། ལན་རེམ་ནས་བྲིས་ཏེ་གནང་བར་བཀའ་དྲིན་ཆེ། ད་དུང་རེམ། འདི་ནས་བརྗོད་དོན་སྙིང་པོར། ཤེས་བྱའི་མཐའ་ལ་ཟད་པ་ཡོད་པ་མ་རེད། ཤེས་མཐའ་རྫོགས་ན་སངས་རྒྱས་ཐམས་ཅད་མཁྱེན་པ་ཞུ་བ་དེ་ཆགས་ཟིན་པ་རེད། ཤེས་བྱའི་མཐའ་ཟད་རྒྱུ་ཡོད་པའི་བོད་ཡིག་དང་བོད་སྐད་ཅིག་བཟོ་འདོད་ན་བཟོ་ས་ཟིན་པའི་ཉི་མ་དེ་ནས་བོད་དང་བོད་མི་བོད་སྐད་དང་བོད་ཡིག་ཟེར་བ་བེད་སྤྱོད་གང་ཡང་མེད་པ་སུ་ལ་ཡང་མི་མཁོ་བ་ཞིག་ཏུ་གྱུར་ཟིན་པས་དེ་ནས་མི་དམིགས་པའི་དབྱིངས་སུ་རྒྱས་བཏབ་ཟེར་བ་དེ་ཆགས་ཟིན་རེད་ཅེས་པ་ཙམ་མོ།།
ད་ལྟ་བ་ལ་སྒྲོགས་ཞེས་སྐུལ་ཚིག་ལྟ་བུ་ཞིག་འབྲི་བ་ནི་སྐུལ་ཚིག་མ་ཡིན་པར་སྒྲོག་ཅེས་ས་ཡང་འཇུག་མེད་ན་སྒྲོག་གུ་ཡི་སྒྲོག་ལ་ནོར་འགྲོ་བས་དེ་ལྟར་ནོར་བར་མི་གོ་བའི་སླད་དུ་སྒྲོགས་ཞེས་ས་ཡང་འཇུག་ཅན་དེ་བྲིས་པར་མཁས་པའི་གསུང་རྒྱུན་དུ་གྲགས།