རོང་བོ་དཀོན་མཐིལ།
ད་ལྟ་དྲ་ལམ་ཁག་ཏུ་གནས་ཚུལ་ཞིག་ཁྱབ་བཞིན་པ་ནི། དེ་རིང་ཕྱི་ལོ་༢༠༡༦ ཕྱི་ཟླ་༡ ཚེས་༡༡ ཉིན་བོད་མདོ་སྨད་ཀྱི་རེབ་གོང་ཐུན་རིན་རྫོང་སྲིད་གཞུང་གཞུང་ལས་ཁང་གིས་ས་གནས་ཀྱི་སྲིད་འཛིན་སྡེ་ཁག་དང་དོན་གཉེར་ལས་ཁུངས་སོ་སོའི་གཞུང་ཐམ་དང་། སྒོ་བྱང་སོགས་ལ་ངེས་པར་དུ་བོད་ཡིག་ཀྱང་བཀོལ་སྤྱོད་བྱེད་དགོས་པའི་བརྡ་སྦྱོར་ཞིག་ཡོངས་ཁྱབ་ཏུ་བཀྲམས་འདུག་པ་དེ་རེད། སྤྱིར་ན་བརྡ་སྦྱོར་འདི་ཙམ་སྤེལ་བ་ཙམ་གྱིས་དེ་དོན་མ་འོངས་པར་ལག་ལེན་སྟེང་དུ་ཇི་བཞིན་འཁེལ་ཐུབ་མིན་ནི་ད་ལྟ་བཤད་ཐག་མི་ཆོད་ན་ཡང་།
ས་གནས་སྲིད་གཞུང་གི་གཞུང་འབྲེལ་ལས་ཁུངས་ཞིག་གི་ངོས་ནས་ཡོངས་ཁྱབ་ཏུ་བརྡ་སྦྱོར་འདི་ཙམ་སྤེལ་བ་དེ་ཡང་། དེང་སྐབས་འགོག་རྐྱེན་དང་ཚད་བཀག་ཆེས་ཆེ་བའི་བོད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་དགོས་སའི་གལ་གནད་ཅིག་གི་སྟོང་ཆ་བསྐང་ཐུབ་རེ་ཡོད་པར་བཟོས་པ་རེད། འདི་ནི་ང་ཚོ་བོད་མི་རྣམས་ཀྱི་གོ་སྐབས་ཤིག་ཡིན་ཞིང་བོད་ཕྱི་ནང་གཉིས་ཀའི་ཚོགས་སྡེ་ཁག་ལ་དྲན་སྐུལ་ཞིག་དེ་བས་ཀྱང་ཡིན་པར་སེམས།
གནས་ཚུལ་འདི་དང་འབྲེལ་ནས་འོད་མདངས་ཞུ་བ་ཞིག་གིས། སྔོན་ཆད་དྲ་ལམ་ཁག་ཏུ་༼བོད་ཡིག་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་དགོས།༽ཞེས་པ་འདི་སྤེལ་བ་དྲན་བཅུག་སོང་། ཁོང་གིས་བརྗོད་གསལ་ལ་(འདི་ནི་ང་ཚོའི་སྲོལ་རྒྱུན་ཞིག་ལ་བོད་ཡིག་ཏུ་བྲིས་པའི་དེབ་དང་ཡི་གེ་དེ་དག་དད་པ་བྱེད་ཡུལ་དང་། མཆོད་འབུལ་བྱེད་ཡུལ་ཁོ་ནར་བརྩིས་ཏེ་གང་བྱུང་དུ་ལམ་འགྲམ་དང་ཐང་སྟོང་། གད་སྣོད་སོགས་མི་གཙང་བའི་གནས་ལ་གཡུག་མི་ཉན་བསམ་པ་དང་། ཡིག་རིགས་གཞན་པ་ནང་བཞིན་ལམ་དང་ཟམ་པ། ལྷམ་དང་དོར་མ། གདན་སོགས་དམན་སར་འབྲི་མི་རུང་བསམ་པ་སོགས་ནི་སྐད་ཡིག་ཁྱབ་སྤེལ་གྱི་བཀག་འགོག་ཆེ་ཤོས་ཡིན། ཡིག་རིགས་གཞན་ལ་རུང་ན་བོད་ཡིག་༼ཆོས་ཡིག་དམིགས་གསལ༽ལ་མི་རུང་བའི་རྒྱུ་མཚན་རྣམ་དག་ཅི་ཡང་བཤད་རྒྱུ་མེད། དགོན་པ་དང་མཆོད་གནས། འཛིན་ཁང་དང་དཔེ་མཛོད་ཁང་། མཐོ་རིམ་གྱི་གནས་དང་གཙང་ས་ཁོ་ནར་བོད་ཡིག་བཀོལ་སྤྱོད་བྱེད་པ་ལས་གཞན་དུ་མི་རུང་སྙམ་ནས་བསྡད་ན། རང་བཞིན་གྱིས་གཞི་རིམ་དམངས་ཚོགས་དང་གཞོན་སྐྱེས་སོགས་བོད་ཡིག་ལ་ཁ་ཐག་ཇེ་རིང་དང་། འབྲེལ་ལམ་དང་སྤྲོ་སྣང་མེད་པ་ཆགས་འགྲོ། དེས་ན་དོན་དངོས་བོད་ཡིག་ཁྱབ་སྤེལ་དང་འཕེལ་རྒྱས་གཏོང་ལུགས་ནི་དྲྭ་རྒྱ་དང་བརྡ་འཕྲིན། ལམ་འགྲམ་དང་ཟམ་པ། སྒོ་བྱང་དང་ལམ་ཡིག ཚོང་ལས་དང་དཔལ་འབྱོར། གཙོ་བོ་འཚོ་བའི་རྒྱུན་མཁོ། དཔེར་ན། ལྷམ་སོགས་གྱོན་གོས་རིགས། རྩམ་པ་སོགས་བཟའ་བའི་རིགས། ཁ་པར་སོགས་མཁོ་ཆས་རིགས། ཇ་ཕོར་སོགས་ཁྱིམ་ཆས་རིགས་སོགས་མདོར་ན་སྤྱི་ཚོགས་དང་འཚོ་བའི་ཁྲོད་ཀྱི་ཅ་དངོས་ཡོངས་ལ་བཀོལ་སྤྱོད་བྱེད་རྒྱུ་ཧ་ཅང་གལ་ཆེ།)
ཞེས་འཁོད་འདུག་པ་ལྟར་ང་ཚོས་བྱུང་ན། དེ་ནི་རང་རེའི་བོད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་ཆེ་རུ་འགྲོ་བ་དང་། བོད་ཡིག་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་ཐབས་ལམ་ཡག་པོ་ཞིག་ཀྱང་རེད་བསམ།
བཙན་བྱོལ་སྤྱི་ཚོགས་ནང་བོད་སྐད་དང་བོད་ཡིག་ཉམས་དུ་
འཇུག་མཁན་མཐོ་རིམ་ལས་བྱེདྈཚོ་རེད་འདུག་།
ལྟོས་དང་དབྱིན་སྐད་ཆག་ཀྱོག་དང་དབྱིན་ཡིག་ཁྱར་ཁྱོར་ལ་
དབྱིངས་ཞུགས་ནས་བོད་སྐད་དང་བོད་ཡིག་ལ་འགན་མ་འཁུར་
ནས་ང་ཚོར་དཀའ་ངལྈའདི་འཕྲད་པ་རེད་ལ་ལྷན་ཁང་ཁག་
གི་ཡིག་ཆ་ཡོངས་རྗོགས་བོད་ཡིག་ནང་བཞག་དགོས་པ་གལ་ཆེན་པོ་རེད་འདུག་།
http://tibettimes.net/144298-2/
རྫོང་སྲིད་གཞུང་གིས་རྒྱ་ཡིག་བརྡ་ཁྱབ་ཅིག་སྤེལ་ཏེ། རྫོང་ཁོངས་ཀྱི་ལས་ཁུངས་ཁག་དང་ཁེ་ལས་ཁང་ཚོས་གཞུང་ཐམ་དང་དཔང་ཡིག བརྡ་སྦྱོར་སོགས་ངེས་པར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ནང་འབྲི་དགོས་པ་མ་ཟད། བོད་ཡིག་དང་རྒྱ་ཡིག་གཉིས་གོང་འོག་བྱས་ནས་འབྲི་སྐབས་བོད་ཡིག་གོང་དུ་འབྲི་དགོས་པ་དང་། དེ་བཞིན་གཡས་གཡོན་གཉིས་ལས་བོད་ཡིག་གཡོན་ཕྱོགས་སུ་འབྲི་དགོས་་་་་་་་་་་་་
་་་་་་་་་ ཡིག་རིགས་གཞན་པ་ནང་བཞིན་ལམ་དང་ཟམ་པ། ལྷམ་དང་དོར་མ། གདན་སོགས་དམན་སར་འབྲི་མི་རུང་བསམ་པ་སོགས་ནི་སྐད་ཡིག་ཁྱབ་སྤེལ་གྱི་བཀག་འགོག་ཆེ་ཤོས་ཡིན། ་་་་་་་་་་
རེད་རེད། ཆོས་ཚིག་ཡོད་པའི་བོད་ཡིག་དང་མེ་པའི་བོད་ཡིག་གཉིས་དབྱེ་བ་ཕྱེས་ན་སྐྱོན་མེད་སྙམ།