གཅན་གཡང་ཕྱུག་ལགས་ཀྱི་བརྩམས་སྒྲུང་གི་དེབ་གསར་བ་<>ཞེས་པ་ཐོན་ལ་ཉེ
དེབ་མིང་། <>
རྩོམ་པ་པོ། གཅན་གཡང་ཕྱུག སྨྱུག་མིང་། བདེན་འཚོ།
ས་གནས། ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་།
དེ་ནི་ཕལ་ཆེར་ཉིས་སྟོང་བདུན་ལོར་ཡིན་ངེས། དེའི་སྐབས་ཀྱི་ས་རཱ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་ཆབ་བྲག་ལྷ་མོ་སྐྱབས་མཆོག་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་དུ་ཉིན་འགའི་རིང་རྩོམ་རིག་ཟབ་སྦྱོང་ཞིག་ཏུ་འཆད་ཁྲིད་དུ་བཅར་ནས་ཕྱིར་ཕེབས་རྗེས། ཝཱ་ཎ་མཐོ་སློབ་ཏུ་བརྩམས་སྒྲུང་རིང་བོ་འབྲི་མཁན་ཞི་མོ་ཁ་ཤས་ཤིག་འདུག་ཅེས་རེ་བ་དང་བཅས་གསུངས་པ་དངོས་དང་བརྒྱུད་ནས་ཡང་ཡང་ཐོས། དེ་དུས་སེམས་ལ་མཚར་སྣང་སྣ་ཚོགས་ཤིག་འཆར་ཞིང་ཡིད་སྨོན་དང་བཅས་གྲོགས་རྟ་ནག་པ་དང་འཇམ་དབྱངས་སྐམ་པོ། ཚེ་རིང་ལོ་བརྒྱ་སོགས་དང་ལྷན་དུ་དེའི་སྐོར་གྱི་སྐད་ཆའང་གང་མང་བཤད་མྱོང་།
རིམ་གྱིས་ལོ་དེའི་ལོ་མཇུག་ལ་རང་ཉིད་གཙུག་ལག་སློབ་གཉེར་ཁང་འདིར་འཛུལ་སྐལ་བྱུང་བ་དང་ག་ལེར་ག་ལེར་ཁོང་ཚོ་དང་ཡང་ཁད་ཀྱིས་རྒྱུས་ཡོད་ནས་རྒྱུས་མེད་དུ་གྱུར་ཅིང་། རྒན་གྱི་གཏམ་གྱི་གཟས་ས་ནི་པདྨ་ཆོས་སྒྲོན་དང་ཀླུ་མོ་འཚོ། གཡང་ཕྱུག་སོགས་ཡིན་པའང་རྟོགས་པར་གྱུར། པདྨ་ཆོས་སྒྲོན་གྱི་བརྩམས་སྒྲུང་རིང་མོ་<>་དང་། ཀླུ་མོ་འཚོའི་<>སོགས་ཀྱང་འདས་ཟིན་པའི་ལོ་ངོ་འདི་དག་གི་རིང་ལ་བརྒྱུད་ལམ་ཅི་རིགས་བརྒྱུད་ཀློག་པའི་སྐལ་བ་བྱུང་མོད། ཁོང་གཉིས་ལ་སྤྱིར་བཏང་གི་ངོ་ཤེས་གྲོགས་པོ་ཙམ་ལས་དེ་ཙམ་གྱི་འདྲིས་གཤིབ་མ་བྱུང་། ཡིན་ནའང་། གཡང་ཕྱུག་ལགས་དང་ཐེངས་མང་ཁོམ་སྐབས་སུ་རྩོམ་རིག་དང་བརྩམས་སྒྲུང་དང་། ཡང་ན་རང་རང་གི་དགའ་ཕྱོགས་དང་ཕུགས་བསམ་སོགས་དང་འབྲེལ་ནས་ཡུན་རིང་དང་ཐེངས་མང་གླེང་མོལ་བྱས་མྱོང་ལ།
རང་གིས་ཀྱང་ཅི་ནུས་ཀྱིས་རང་གི་དཔེ་ཀློག་ཁྲོད་ཀྱི་ཉམས་མྱོང་དང་། གོ་རྟོགས་དང་། ལེགས་ཆ་གང་མང་ཞིག་བརྗེ་རེས་བྱས་མྱོང་བ་སྟེ། ཐེ་ཀོར་གྱི་<> <> མར་སེལ་ཕི་རོ་སི་ཋི་ལགས་ཀྱི་<>། ཌུ་མ་སི་ཆུང་བའི་<> གྷབ་རི་ཨོལ། མར་ཁ་ཝི་ཟིའི་<> ཨོར་ཧན་འཕགས་མུག་ལགས་ཀྱི་<> <> ཨ་ལེ་ལགས་ཀྱི་<> ཕོའོ་ལའོ་ཁོ་ཨེ་ལོའི་<>་དང་། <> <> རྒྱ་གར་བ་ཨར་ཝིན་དཱ། ཨ་དཱི་གཱ་ལགས་ཀྱི་<>། ལྷ་བྱམས་རྒྱལ་ལགས་ཀྱི་<>ལ་སོགས་དཔེ་ཀློག་གི་བརྒྱུད་རིམ་རིང་མོའི་ཁྲོད་རང་ཉིད་ལ་ཤུགས་རྐྱེན་གང་མང་ཐེབས་མྱོང་ཞིང་ཀློག་རིན་དང་ལྟ་རིན་མཆིས་པར་མཐོང་བའི་བརྩམས་སྒྲུང་དེ་དག་གི་མཚོན་ཐབས་དང་བརྗོད་སྙིང་སོགས་སེམས་ལ་དྲན་ཚོད་དང་ཡིད་ལ་ཡོང་ཚོད་ཀྱིས་གཏམ་གླེང་ཅི་ཐུབ་བྱས་མྱོང་།
ད་ནི་དགོས་མེད་ཀྱི་སྤྲོས་བཤད་མང་དུ་མི་བྱེད་པར་དོན་གྱི་གནད་ལ་འཇུག་ན། དེ་རིང་བདག་གིས་བོད་ཡིག་གི་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་དཔེ་དེབ་གསར་བ་ཞིག་ངོ་སྤྲད་འདོད་ཅིང་། དེ་ནི་གཞན་མ་ཡིན་པར་ཁོང་མོས་མྱངས་ནས་བྲིས་ཤིང་གསར་དུ་དཔར་པའི་བརྩམས་སྒྲུང་གི་དེབ་<>་ཞེས་པ་འདི་ཡིན། བརྩམས་སྒྲུང་འདི་ནི་ཚན་པ་བཅོ་བརྒྱད་ཀྱིས་གྲུབ་ཅིང་། ཤོག་གྲངས་ཉིས་བརྒྱ་དང་ལྔ་ཙམ་འདུག་ལ།
མི་སྣ་གཙོ་བོ་ཚེ་སྐྱིད་ཀྱི་འཚོ་བ་དང་འབྲེལ་ནས་བོད་ནང་གི་ཁྱིམ་ཚང་ཕལ་བ་ཞིག་གི་དཀའ་ངལ་དང་། རྒྱ་ནག་གི་གཡོ་ཇུས། བརྩེ་དུང་གི་རྨ་ཁ། རྩིས་མེད་ཀྱི་ཐོབ་ཐང་། ཁྲི་མུན་གྱི་མནར་གཅོད།
རྨི་ལམ་བཞིན་གྱི་སྐྱབས་བཅོལ་སོགས་དང་འབྲེལ་ནས་མུ་ཏིག་གི་ཕྲེང་ཐག་ཆད་པ་ལྟ་བུའི་འུ་ཐུག་གི་མིག་ཆུས་བརྩམས་སྒྲུང་འདིའི་བྱུང་རིམ་གྱི་ཕྲེང་རྡོག་དག་སྲད་བུར་བརྒྱུས་འདུག་ལ། མིག་ཆུ་དང་མིག་ཆུ་སྦྲེལ་ནས་དཀའ་སྡུག་གི་འཚོ་སྟངས་གཞན་ཞིག་ཟ་དང་ཟུར་ནས་སྟོན་ཅི་ཐུབ་བྱས་འདུག འདིས་སྤྱིར་འ་ཆད་འུ་ཐུག་གིས་འཚོ་བའི་བཙན་འོག་གི་ཁྱིམ་ཚང་ཞིག་དཀའ་སྡུག་བརྗོད་པ་ལ་བརྟེན་ནས་དེ་ལྟ་བུའི་ཁྱིམ་ཚང་ཕལ་མོ་ཆེའི་དཀའ་སྡུག་ཡོད་ཚད་གོ་གཅིག་ཆོད་ཀྱིས་བཞེངས་བསྐྲུན་བྱས་འདུག་ལ། དེ་ལྟར་བྱས་ཏེ་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ཀྱི་ཤོག་ལྷེ་ངོ་མ་ཞིག་ལ་དངོས་ཡོད་དང་རྟོག་བཏགས་ཀྱི་ཚོན་སྣ་དང་ཚོར་སྣ་དཀྲུགས་ཏེ་འབྲི་བཞེངས་བྱས་པ་ལ་བརྟེན་ནས་ད་རབས་པ་དག་ལ་གཞེན་སྐུལ་དང་ཕྱི་རབས་པ་དག་ལ་དྲན་རྟེན་དུ་གནང་འདུག་སྙམ། འདི་ནི་རྩོམ་མཁན་གྱི་དགོངས་དོན་ཀྱང་ཡིན་པར་ངེས།
དེ་ལས་ཀྱང་བློ་ལ་འབབ་ཅིང་ཡིད་དུ་འོང་བ་ནི་བརྩམས་སྒྲུང་དེའི་མཇུག་བསྡུ་སྟངས་དེ་ཉིད་དུ་མཐོང་སྟེ། དེའི་མཇུག་ཏུ་འདི་ལྟར། “སྒེའུ་ཁུང་ལས་ལྷ་སའི་ཡུལ་ལྗོངས་ལ་མཐའ་མཇུག་གི་ཕྱིར་མིག་ཐེངས་གཅིག་བྱས་ཤིང་། ཡུད་ཙམ་གྱི་རྗེས་ནས་ཁོ་གཉིས་གཉིད་ལ་ཤོར་ཏེ་རྨི་ལམ་ལྟ་བུའི་རྨི་ལམ་གྱི་ཞིང་ཁམས་ཤིག་འགྲིམས་མགོ་ཚུགས་ཞེས་པ་འདིའོ།། འདིས་བཙན་བྱོལ་བ་དག་གི་ལས་དབང་སྐྱུར་མོའི་དབུ་ཁྱུད་ལའང་ཁ་དོག་དང་མཐོང་སྣེ་གསར་བ་བསྐྲུན་འདུག་སྙམ།
ད་ནི་ང་ཚོས་རྩོམ་མཁན་གྱི་སྐད་ཆ་ཁ་ཤས་ལ་གསན་པར་ཞུ་སྟེ། དེ་ཡང་ཁོང་མོས་གསུངས་རྒྱུར། “<>་ཞེས་པའི་བརྩམས་སྒྲུང་འདི་ནི་ངས་མི་ཡུལ་ལ་ཕུལ་བའི་ལེགས་སྐྱེས་ཆུང་ཆུང་ཞིག་ཡིན་ཞིང་། འདིས་ངའི་འཚོ་བར་བཅངས་པའི་བརྩེ་དུང་དང་། འཁྲེང་ཞེན། རེ་སྨོན་བཅས་མཚོན་ལ། དེབ་འདི་བརྒྱུད་ནས་ཁྱེད་ཅག་གིས་ངའི་མི་གཤིས་དང་བསམ་བློ་སོགས་ཀྱང་རྟོགས་ངེས།” ཞེས་དང་། ཡང་། “རང་གི་འཚོ་བའི་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་ལ་དྲང་བདེན་གྱི་རྣམ་ཤེས་ཞུགས་སུ་བཅུག་སྟེ་བརྩམས་སྒྲུང་གི་ལམ་ནས་སྤྱི་ཚོགས་འཚོ་བའི་སྣང་བརྙན་གསོན་པོ་དག་མཚོན་པར་བྱེད་རྒྱུ་ནི་རང་ཉིད་ཀྱི་དགའ་ཕྱོགས་ཉག་གཅིག་ལགས།” ཞེས་ན་གཞོན་རྩོམ་དགའ་མ་ཞིག་གི་རང་གི་དགའ་ཕྱོགས་དང་རྩོམ་རིག་ལ་དུངས་པའི་ཚོར་འདུ་གསལ་བར་བསྟན་འདུག་སྙམ།
བརྩམས་སྒྲུང་འདིར་རིན་ཐང་གི་གདེང་འཇོག་ག་ཙམ་ཡོད་མེད་ནི་ཀློག་པ་པོ་ཉིད་ལ་རག་ལས་པས་ཀློག་པ་པོ་གཟུར་གནས་དཔྱོད་ལྡན་དག་གི་བགོ་སྐལ་དུ་བསྩལ་བ་ཡིན་ལ། མཇུག་མཐར་རྩོམ་པ་པོ་ཉིད་ཀྱི་དགོངས་དོན་ཐ་དག་ཡིད་བཞིན་དུ་འགྲུབ་པ་དང་མུ་མཐུད་དེ་སྨྱུ་གུའི་མཐོང་གཤོལ་མ་གློད་པར་བོད་ཀྱི་རྩོམ་རིག་གི་ཞིང་སར་འདི་ལྟ་བུའི་ལེགས་སྐྱེས་གང་མང་བསྣམས་འོང་བའི་རེ་སྨོན་དང་བཀྲ་ཤིས་ཁ་གཡང་དང་བཅས་བྷོ་ཊའི་གཙུག་ལག་ཁང་ཆེན་གྱི་རིག་པ་དོན་གཉེར་བ་ཟླ་བ་གཞོན་ནུར་འབོད་པས་སྦྱར་བ་དགེའོ།།
མི་འགྱངས་པར་ལྡི་ལི་དང་དྷ་ས། ལྷོ་ཕྱོགས་མོན་གྷོ་དང་། སྦེལ་ཀོབ་སོགས་སུ་བོད་ཡིག་ལ་དུངས་པ་ཟབ་ཅིང་བོད་སྐད་ལ་བརྩེ་འདང་མི་དམན་པའི་ཀློག་པ་པོ་དག་གི་བགོ་སྐལ་དུ་འགྲེམས་སྤེལ་ཞུ་རྒྱུ་ཡིན་པའི་གསལ་བརྡ་རུ།
གཡང་ཕྱུག་་་ངར་གི་་་བཀྲ་ཤིས་བདེ་ལེགས་ཡོད
སྐྱ་ཟད་འུ་ཐུག་གི་ཝར་ནཱ་མཐོ་སློབ་ཏུ་རྩོམ་ཡིག་འབྲི་མཁན་ཁ་ཤས་བྱུང་འདུག་པར་དགའ་པོ་བྱུང་། དེ་མིན། བོད་ཀྱི་གཞུང་ཆེན་པོར་ལག་པ་རྒྱབ་རྐྱང་གིས་གང་ནས་ཡིན་ནའང་ཐ་རེ་ཐོ་རེའི་ཁ་སྦོམ་པོ་ཅན་གྱི་ཝར་ནཱའི་སློབ་ཟུར་མང་པོ་མཐོང་མྱོང་། སྙིང་རྗེ་མྱོང་། སྔར་ཡིན་ན་ཨཅརྱ་ཀརྨ་སྨོན་ལམ་སོགས་ཀྱི་སློབ་ཕྲུག་གཅིག་ཤོར་གཉིས་ཤོར་ནས་བར་སྐབས་ཐབས་སྐྱོ་པོ་ཞེ་དྲག་རེད། ད་ཆ་རེ་བ་ཅུང་རྒྱས་བཞིན་ཡོད་པའི་རེ་བ་འདུག
དེང་སང་ཝར་ན་ན་སློབ་ཕྲུག་རེ་བ་ཅན་གསར་བ་གང་མང་ཡོད་རེད་ཟེར་བ་ཀུན་གྱིས་ཁ་ནས་གོ་མྱོང་།
སྐད་ཡིག་གང་མང་ལ་མཁས་པ། བོད་ཀྱི་གནའ་དེང་གཉིས་ཀྱི་རྩོམ་རིག་ལ་གྲུབ་འབྲས་ཐོན་དང་ཐོན་བཞིན་པའི་སློབ་མ་མིག་དཔེར་རུང་བ་ཡོང་གཅིག་གཉིས་ཅིག་ཐོན་ས་རེད་ཅེས་བཙན་བྱོལ་དུ་མིང་གྲགས་གཉིས་ལྡན་གྱི་རྩོམ་པ་པོ་དང་སྙན་ངག་པ། དགེ་རྒན་ཁ་ཤས་ཀྱི་ཁ་ནས་གོ་མྱོང་།
ཕལ་ཆེར་ག་ལེར་གྲགས་ནས་ཡོང་གི་རེད་འདོད། བོད་ཀྱི་རིག་གཞུང་གི་རྩི་མ་ཡལ་བ་ཁ་ཤས་ཐོན་པའི་སྨོན་ལམ་འདེབས།
ང་ཚོ་ལ་རྩོམ་པ་པོ་ཆུ་བོའི་རྒྱུན་བཞིན་ཤོག
ཆུ་བོའི་རྒྱུན་བཞིན་ཤོག
ཀློག་ཚར་རྗེས་བསམ་ཚུལ་སྤེལ་ཆོག་པར་ཞུ། སྔོན་ཆད་སློབ་གྲྭ་དེར་སོང་ནས་ཟླ་ཤས་རིང་ཉམས་ཞིབ་འདྲ་བྱས་པ་ཡིན། སློབ་ཕྲུག་སྤུས་གཅིག་གཉིས་ཤིག་ལས་ཕལ་ཆེར་མེད་ཚོད་ཡིན། གང་ལྟར། ཐེངས་གཅིག་བལྟ་ཆོག
“སྒེའུ་ཁུང་ལས་ལྷ་སའི་ཡུལ་ལྗོངས་ལ་མཐའ་མཇུག་གི་ཕྱིར་མིག་ཐེངས་གཅིག་བྱས་ཤིང་།” ཕྱི་མིག་ཐེངས་གཅིག་འཕངས་ཤིང་། ཞེས་བྲིས་ཡོད་ན་བརྡ་སྤྲོད་པའི་འགྲོས་དང་མཐུན་ལ་ཀློག་ཀྱང་བདེ་བར་སྙམ།
ཐོག་མར་ངས་གཡང་ཕྱུག་ཁོ་མོ་མིག་ཆུ་ཐ་ར་ར་ཞེས་བའི་དུས་དེབ་ཅིག་འདོན་འཆར་ཡོད་པར་བསྟོད་བསྔགས་ཡོད། སྤྱིར་བདག་ལ་མཚོན་ན་ཁོ་མོ་ཆེས་ཐག་ཉེ་བའི་གྲོགས་པོ་ཞིག་ཡིན་ཟེར་ན་མི་ཆོག་པར་མེད་ལ་ད་དུང་ཁོ་མོ་དང་མཉམ་ཏུ་ལོ་ངོ་བཞི་ལྷག་ལ་སུ་ཇ་བོད་ཁྱིམ་སློབ་གྲྭའི་ལོ་འཁོར་དུས་དེབ་ཟམ་པའི་རྩོམ་སྒྲིག་བྱས་མྱོང་ལ་ ཁོ་མོའི་རྣམ་དཔྱོད་ལ་མཚོན་ན་ བུད་མེད་ཅིག་གི་ནང་ནས་མ་འདྲ་བ་ཞིག་ཡོད་རེད་ཅེས་བདག་གིས་ཁ་ཚོད་ཆེན་པོའི་ངང་བཤད་ཐུབ། རྗེས་སུ་ཁོ་མོ་ཝཱ་ཎ་མཐོ་སློབ་ཏུ་སོང་ནས་གོ་མེད་ཐོས་མེད་སོང་མོད་། ད་ཡིན་ན་མོས་ཁུ་སུམ་སུམ་མིག་ཆུ་ཐ་ར་ར་བྲིས་ནས་བསྡད་ཡིན་ས་རེད། ཨ་ལ་ཀུ་རེ་ཡིན་དེ་རིང་སླར་ཡང་ཁོ་མོའི་མིང་གི་ཐ་སྙད་ཙམ་གོ་བ་ནས་ཧ་ཅང་དགའ་བོ་བྱུང་ལ བདག་ཆེས་ཁྱོད་ཀྱི་བརྩམས་ཆོས་ཀློག་པ་པོ་ཞིག་ཡིན་པས་ཆ་ནས་ཉིད་ཀྱི་བརྩམས་ཆོས་དེ་ལེགས་ལྷོང་ཡོང་བའི་སྨོན་འདུན་ཞུ།
ཨ་རོ་ཐུབ་པ། ཁྱོད་ལ། ཕྱིར་མིག་ཐེངས་གཅིག་བྱས་ཤིང་།” ཕྱི་མིག་ཐེངས་གཅིག་འཕངས་ཤིང་། གཉིས་ལས་གང་བདེ་བར་འདུག ད་ནི་ལུག་གིས་ལུག་ལ་སྐད་ཆ་མ་དྲིས་ཐབས་མེད་ཆགས་སོང་།
སྤྱིར་རྩོམ་པ་པོར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ངས་བལྟས་ན་མིག་ཆུ་ཐ་ར་ཐ་ར་ཞེས་པའི་ཁ་བྱང་དེ་སྙན་པོ་མིན་འདུག་ལ་དེབ་ཀྱི་ཁ་བྱང་བཟོ་བཀོད་ཀྱང་དེ་བས་ཡག་པོ་མིན་འདུག
ཁ་བྱང་དེ་སྙན་དངགས་དཔེ་དེབ་ཅིག་འདྲ་པོ་འདུག ལྷག་པར་དུ། མིག་ཆུ་ཐ་ར་ར་ཟེར་ན་གོ་དོན་འདྲ་ཡོད་དམ། རང་མོས་སྒྲུང་རྩོམ་གྱི་ལེའུ་གསར་པ་ཞིག་ཨེ་རེད།
ཕྱིན་ཆད་ང་ཚོས་དཔེ་དེབ་རིགས་གང་འདྲ་ཞིག་འདོན་ཚེ། བོད་ནས་བཏོན་པའི་དུས་དེབ་དང་། དཔེ་དེབ་ཁག་ལ་ཞིབ་ཚགས་ཀྱི་རྒྱབ་ཤ་སོགས་ཇུས་བཀོད་ཐད་དོ་སྣང་བྱ་རྒྱུ་གལ་ཆེན་པོ་རེད་འདུག དེ་བཞིན་ཨིན་ཡིག་སོགས་སྐད་ཡིག་གཞན་གྱི་དཔེ་དེབ་ཁ་ཤོག་དང་། རྒྱབ་ཤ་ཇུས་འགོད་བྱེད་སྟངས་ལ་དོ་སྣང་བྱ་རྒྱུ་གལ་ཆེར་མཐོང་། དེ་མིན། བཙན་བྱོལ་ནས་དཔར་པའི་དུས་དེབ་ཕལ་མོ་ཆེའི་ཇུས་བཀོད་ཀྱི་སྒྱུ་རྩལ་ཧ་ཅང་སྐྱོ་པོ་རེད་ཡ།
༼མིག་ཆུ་ཐ་ར་ར༽ཞེས་པའི་རྩོམ་ཡིག་ཞིག་ང་ཚོའི་མིག་ལམ་དུ་གང་མགྱོགས་བཀྲམ་འཆར་ཡོད་པ་དངོས་གནས་དགའ་པོ་བྱུང་།རྩོམ་པ་པོ་མཆོག་ལ་བཀྲིས་བདེ་ལེགས་ཞུ།
རྩོམ་ཡིག་མིག་ལམ་དུ་མ་འབྱོར་གོང་ནས་ཁ་ཤས་རྩོད་གཞི་འགོ་བཙུགས་པ་དེས་ཕ་དང་བུ་ཡི་གཏམ་རྒྱུད་དེ་དྲན་བྱུང་།
དེ་རིང་ཝཱ་ཎ་གཙུག་ལག་སློབ་ཁང་གི་སློབ་བུ་གཅན་གཡང་ཕྱུག་ལགས་ཀྱིས་རྩོམ་སྒྲུང་གསར་བ་ཞིག་སྤེལ་འདུག་པས་།་རྟེན་འབྲེལ་འཚམས་འདྲིའི་ཆེད་དུ་་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ལོ་ངོ་ཉི་ཤུ་ལྷག་ཅིག་གི་ནང་ལ་ཝཱ་ཎའི་ཁོར་ཡུག་ནས་སྙན་ངག་པ་དང་སྒྲུང་རྩོམ་པ་ཞིག་བུད་པ་གོ་ཐོས་མ་བྱུང་མོད།་་་་་ཡིན་ནས་དེ་རིང་སྒྲུང་རྩོམ་པ་ཞིག་བུད་པས་རྟེན་འབྲེལ་ཞུ།
༼སྒེའུ་ཁུང་ལས་ལྷ་སའི་ཡུལ་ལྗོངས་ལ་མཐའ་མཇུག་གི་ཕྱིར་མིག་ཐེངས་གཅིག་བྱས་ཤིང་། ཡུད་ཙམ་གྱི་རྗེས་ནས་ཁོ་གཉིས་གཉིད་ལ་ཤོར་ཏེ་རྨི་ལམ་ལྟ་བུའི་རྨི་ལམ་གྱི་ཞིང་ཁམས་ཤིག་འགྲིམས་མགོ་ཚུགས༽
ཕྱིར་མིག་ཐེངས་གཅིག་བྱས། ཕྱིར་མིག་ཐེངས་གཅིག་འཕངས། ཕྱིར་མིག་ཐེངས་གཅིག་བལྟས། ད་གང་འགྲིག་པ་འདུག་གམ།
ཧམ་འཐུང་ཐེངས་གཅིག་བྱས། གཏོང་རྩིས་ཐེངས་གཅིག་བྱས། ཕྱིར་མིག་ཐེངས་གཅིག་བྱས། གང་འགྲིག་པ་འདུག་གམ།
མིག་གིས་བལྟས། སོ་ཡིས་ལྡད། རྣ་བས་ཉན། དབང་པོའི་བྱེད་ལས་དང་སྦྲེལ་ནས་ལྟོས། གང་འགྲིག་པ་འདུག་གམ།
སྔོ་ཚལ་རྒྱ་མ་གཅིག་ཉོས། སྔོ་ཚལ་རྒྱ་མ་གཅིག་བྱས། བྱ་ཚིག་ཡིན་པ་འདྲ་འདྲ་ཡིན། ད་གང་འགྲིག་པ་འདུག་གམ།
བརྡ་སྤྲོད་པ་ཟེར་བ་ནི། ཕྲད་ཀྱི་སྦྱོར་སྟངས་ཁོ་ན་བཤད་པ་ཞིག་མ་རེད། དེ་ནི་བརྗོད་པ་ཞིག་འགྲུབ་པའི་གོ་རིམ་ཆ་ཚང་བ་ཞིག་ལ་ཟེར་གྱི་རེད།
ད་འདི་ལྟར་སོམས་དང་། དགའ་ན་འདྲ། མ་དགའ་ན་འདྲ། ཀླུ་སྨྱོན་གྱིས་བདེན་བདེན་འདྲ་ཞིག་བཤད་འདུག
གཉིད་ལ་ཤོར། གཉིད་ཤོར། གཉིད་ལ་བབས། གཉིད་བབས། གཉིད་་་ ་་་་ ་་་་་་
མིག་ཆུ་ཐ་ར་ར། འདི་ཁ་སྐད་ཅིག་ཡིན་པ་འདྲ། དོན་ག་རེ་སྟོན་གྱི་ཡོད་པ་རེད་དམ།
བོད་ཡིག་ལ་དུང་བ་ཟབ་པའི་རྩོམ་པ་པོ་ཁོང་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད་་་་ཡག་པོ་རེད་་་་
ཐོག་མར་ཞི་མོ་དེས་བརྩམས་སྒྲུང་ཞིག་བྲིས་པར་དགའ་བསུ་ཞུ། གོང་དུ་གཅིག་གིས་དུས་དེབ་ཅེས་ལབ་འདུག དེ་ནོར་བ་རེད། དུས་དེབ་མ་རེད། གཞན་སེམས་ཁྲལ་ཞིག་ཡོད་པ་ནི་མོའི་དེབ་ཀྱི་རིན་གོང་མཐོ་དྲགས་པས་སྤྱི་ཚོགས་སུ་འགྲོ་རྒྱུ་མ་རེད་བསམ་པ་དེ་གཅིག་བུ་ཡིན། ངས་ཉམས་མྱོང་སྟེང་ནས་བཤད་ན་རྩོམ་པ་པོ་མང་བོ་ཞིག་གི་དེབ་དང་པོ་རིན་གོང་མཐོ་དྲགས་ནས་མཐའ་མ་རང་གི་ཁང་བའི་ནང་དུ་གད་སྙིགས་དང་ལྷན་དུ་ཉར་དགོས་བྱུང་བ་རེད།
ཨ་རིག་དགེ་མཐོང་གིས་དེབ་ཀྱི་རིན་གོང་ལ་སྔོན་བརྡ་ཞིག་བཏང་པ་ཡག་པོ་རེད། ང་ལ་བསམ་ཚུལ་ཞིག་ཡོད་པ་ནི། དངུལཏོག་ཙམ་ཡོད་མཁན་དང་ལྷག་པར་དུ་ཕྱི་རྒྱལ་ནཡོད་པའི་རང་གི་སྐད་དང་ཡི་གེ་ལ་དུངས་པ་ཟབ་པའི་བོད་རིགས་ཚོས་འདི་འདྲའི་གོ་སྐབས་རེ་ཤར་ཚེ་རྩོམ་པ་པོ་རྣམས་ལ་རྒྱབ་སྐྱོར་བྱེད་པར་དེབ་གང་མང་ཉོ་རྒྱུ་ནི་ངའི་རེ་བ་ཡིན་ལ་དམིགས་བསལ་སློབ་ཕྲུག་རྩོམ་པ་པོ་ཞིག་ལ་དཔལ་འབྱོར་ཀྱི་རྒྱབ་སྐྱོར་མེད་ན་ང་ཚོའི་མིག་ལམ་དུ་དེབ་འདི་འདྲ་ཡོང་རྒྱུ་དཀའ་སྙམ།
དགའ་བསུ་ཡོད། བཀྲ་ཤིས་བདེ་ལེགས་ཞུ།
ཅི་ཡང་མི་ཤེས་མཁན་གྱི་ལུག་ལ་ཐུབ་པ་ཅན་པོས་མིག་ཆུ་ཐ་ར་ར་ཞེས་པར་འགྲེལ་བཤད་ཡང་དག་ཅིག་རྒྱོབ་དང་།
བཀྲ་ཤིས་བདེ་ལེགས་ཞུ། བུད་མེད་རྩོམ་པ་མོ་མང་པོ་ཞིག་བརྩམས་སྒྲུང་འབྲི་རྒྱུར་དགའ་བ་མཐོང་། འདི་ནི་བུད་མེད་ཀྱི་སེམས་ཁམས་དང་འབྲེལ་བ་ཡོད་པ་འདྲ།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་བོད་ཀྱི་བུད་མེད་རྩོམ་པ་པོ་དང་སྙན་ངག་པ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འཕེལ་བའི་སྨོན་འདུན་དང། ཉིད་ཀྱིས་བརྩམས་སྒྲུང་དཔེ་དེབ་མིག་ཆ་ཐ་ར་ར་ཞེས་པ་བརྩམས་ནས་ལེགས་འགྲུབ་བྱུང་བར་སྙིང་ནས་དགའ་བསུ་དང་སྦྲགས། མུ་མཐུད་དུ་རྩོམ་རིག་གི་ལམ་ཆེན་སྟེང་དུ་གོམ་པ་མདུན་སྤོ་དང་སེམས་རྒྱ་ཆེར་བསྐྱེད་ཀྱིས་ཧུར་བརྩོན་བྱ་རྒྱུ་མ་བརྗེད་རོགས། །
རྩོམ་པ་བོའམ་སྨྱུག་ཐོགས་པ་ཞིག་ལ་མཚོན་ན་དཔེ་དེབ་ཅིག་དཔར་སྐྲུན་བྱེད་པར་དཀའ་ངལ་མང་དག་ཅིག་བརྒྱུད་དགོས་པ་ལས་ཆེས་དཀའ་ངལ་ཆེ་ཤོས་ཤིག་ནི་དཔེ་དེབ་འགྲེམས་རྒྱུགས་ཀྱི་ཁོར་ཡུག་ཧ་ཅང་ཞན་པ་དེ་ཡིན་ལ། སྲང་གི་བག་ལེབ་འཚོང་བ་ལྟར་སྐད་འབོད་ཅི་ཙམ་བྱས་ཀྱང་ཉོ་མཁན་ཧ་ཅང་དཀོན་པ་ནི་དཔེ་དེབ་དཔར་སྐྲུན་འགྲེམས་སྤེལ་གྱི་བརྒྱུད་རིམ་ཁྲོད་ཆེས་སེམས་ཚེགས་ཆེ་ཤོས་ཡིན་ནོ།།
སློབ་མའི་རྩོམ་ཡིག་ལ་ལྟ་འདོད་ཅི་བས་ཆེ། འདིའི་ནང་ནས་སྒྲུང་གི་མི་སྣ་ཙམ་མ་ཟད་འུ་ཅག་གི་སོན་རྩ་ཚོའི་སེམས་ཁམས་དང་རིག་སྟོབས་ཀྱང་མཐོང་ཡོང་བས། ངས་ནམ་རྒྱུན་སློབ་མའི་རྩོམ་ཡིག་ཅིག་ཡིན་ཕྱིན་ཀློག་ཅི་ཐུབ་བྱེད་བཞིན་ཡོད། མཆན་འདེབས་མཁན་འགའ་རེས་རྒྱབ་ཤ་ཇུས་འགོད་ཐད་ནས་བོད་ནང་དང་དབྱིན་ཇིའི་དེབ་སོགས་ལ་དཔེ་ལྟ་དགོས་པ་འདྲ་ཞིག་བཤད་ཀྱིན་འདུག རྩོམ་པ་པོའི་སེམས་ངོགས་སུ་ཡོད་པའི་ཇུས་འགོད་དེ་སུ་ལས་ཀྱང་དཔེ་ལེན་ཐབས་མེད་ལ། རྩོམ་ཡིག་གི་ནང་དོན་དང་མི་མཐུན་པའི་མདུན་ཤོག་གི་ཇུས་འགོད་ཅིག་ཡིན་ན་དེ་བས་ཀྱང་ཐལ་དོང་དུ་འདེབས་འོས་པ་རེད། དེ་བས་སུ་ལའང་དཔེ་མ་བླངས་པར་རང་གི་རྟོག་འཆར་གྱི་དབང་བཙན་པར་བྱས་ན་གཞི་ནས་ཐུན་མིན་ཅན་དང་ནང་དོན་ཅན་དུ་འགྱུར་བ་རེད། ངེད་ཝར་ནའི་མཐོ་སློབ་ལ་སློབ་མ་རེ་བ་ཅན་མང་པོ་ཡོད་དཱ། རྗེས་མ་མཐོང་ཡོང་གི་རེད། རྣམ་པ་ཚོས་མིག་ཆེ་ཙམ་གདངས་ནས་གཟིགས་ཤིག
བྷོ་ཊའི་གཙུག་ལག་ཁང་ཆེན་གྱི་རིག་པ་དོན་གཉེར་བ་ཟླ་བ་གཞོན་ནུ་ལགས།
བོད་ཡིག་(གི)་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་ཟེར་ན་ག་རེ་རེད། བརྡ་སྤྲོད་འདི་གསར་བ་ཞིག་ཨེ་རེད།
(དེ་མིན་མོ་ཨམ་མདོའི་བུ་མོ་ཟིག་ཡིན་སོད་ཀི
ཐ་ར་ར་འ་འགྲེལ་བཤད་ཡག་གོ་ཟིག་རྒྱག་མི་ཐུབ་ན་ངས་ཁྱོ་འ་རོགས་ག་ཡེད་དགོས།)
ཉི་མ་འཚོ་ལྟ་བུ་ཞིག་བྱུང་ན་དེ་གས་འགྲིག དེ་ལས་ལྷག་གི་རེ་བ་མེད། གང་ལྟར་དེབ་གཅིག་ཉོ་ཁོ་ཐག་ཡིན། ཚར་གཅིག་ཀློག་ངོ་མ་ཡིན། རང་གི་སེམས་ལ་གང་ཤར་བའི་བསམ་ཚུལ་རྗེས་ནས་བཤད།
ཐུབ་པ་ཟེར་མཁན་དེས་གཞན་ལ་ལུག་ཅེས་ཁ་བརྡུང་བཏང་། ཁོ་རང་་དཔེ་དེབ་དེའི་ཁ་བྱང་མིག་ཆུ་ཐ་ར་ར་ཞེས་པར་འགྲེལ་བཤད་ཅིག་རྒྱོབ་ཟེར་དུས་མི་མངོན་དབྱིངས་སུ་གཤེགས་པར་ངོ་མཚར་ཆེ།
ངོ་ནས་ངར་བ་རེད།
སེམས་ཁོང་ནས་དགའ་བསུ་ཞུ།
འུ་ཚང་ནས་
ད་དུང་ཁྱེད་འདྲ་བ་མང་པོ་ཞིག་འཐོན་ངེས།
མིག་ཆུ་ཐ་ར་ར་ཞེས་པ་རང་དབང་མེད་པར་མིག་ཆུ་ལྷུང་བའམ་རྒྱུན་མ་ཆད་པར་གཞུར་བའི་དོན་ལ་གོ་དགོས་པ་འདྲ། །
གཞུར་དེ་བཞུར་ལ་བཅོས།
ལོ་ཤས་སྔོན་ངའི་མིག་མདུན་དུ་དེབ་ཆེན་ཞིག་མངོན་པར་གྱུར། དེ་ནི་ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་གི་རྗེས་དྲན་དུ་བསྐྲུན་པའི་དེབ་ཅིག་རེད། དེབ་ཀྱི་སྟོད་ཆར་དབུ་མེད་ནང་༼ཕྱིར་ལ་གཟིགས་དང་མིག་ཆུས་མཆོད་༽ཅེས་བྲིས་འདུག་པ་དེ་ཤོས་ངོས་ཡོངས་རྫོགས་ལ་གཅིག་འགྱུར་བཀོད་འདུག
དེ་མ་ཐག་ངའི་གྲོགས་པོ་ལ་དེབ་འདིར་ཉུང་མཐར་ཡི་གེ་མ་དག་པ་༼ཤོག་ངོས་ཀྱི་གྲངས་དང་མཉམ་པ༽གསུམ་བརྒྱ་འདུག་ཅེས་བཤད། ཁོས་རྒྱུ་མཚན་དྲིས་པར་ཕྱིར་ཞེས་པ་ཕྱི་ལ་ཞེས་པའི་དོན་གང་ཞིག་ལ་ཡང་བསྐྱར་ལ་ཞེས་ལ་དོན་གྱི་ཕྲད་འཕར་མ་བསྣན་པས་ཟློས་སྐྱོན་དུ་འགྱུར་བས་སོ་ཞེས་བཤད།
མེ་ཏོག་དཀར་པོ་ཟེར་བ།
ཅི་ཡང་མི་ཤེས་ན་བླུན་པོ་སྨྲ་བ་ཉུང་ན་མཛེས་ཞེས་པ་ལྟར་བཤད་རྒྱུ་མ་མང་ན་ཡག་པོ་ཡོད་རེད། ཕྱི་ལ་གཟིགས་དང་ཕྱིར་ལ་གཟིགས་གཉིས་ལ་གནམ་སའི་ཁྱད་པར་ཡོད་པ་རེད། དངོས་གནས་གླེན་པ་ལུག་ཅིག་རེད་བཞག
དེར་མ་ཟད། ཁྱད་པར་དུ་ལྟ་བུ། ལྷག་པར་དུ་ལྟ་བུ། འདི་དག་མིང་གི་ཆ་ཤས་སུ་གྱུར་ནས་ཡོད་པ་རེད།
སྤྱི་ཚོགས་འདིར། ཐ་ར་ར་ཡི་དོན་ཡང་མི་ཤེས་པ་འདི་ཅིས་ལན་པ་ཡིན་ནམ། ཁྱོད་ཚོས་ཅི་ལི་ལི་ཨེ་ཤེས།
ཤུ་རུ་རུ་ཨེ་ཤེས། འདར་ར་ར་ཨེ་ཤེས། ཆ་ལ་ལ་ཨེ་ཤེས། ལམ་ལམ་ལམ་ཨེ་ཤེས།
ལྷུང་ལྷུང་ལྷུང་ཨེ་ཤེས། ཀོ་རོ་རོ་ཨེ་ཤེས། འཁྱག་སིབ་སིབ་ཨེ་ཤེས། དྲོད་ལམ་ལམ་ཨེ་ཤེས། ལྡ་རི་ལྡིར་རི་ཨེ་ཤེས།
ཤ་བུ་ཤུབ་བུ་ཨེ་ཤེས། མི་ཤེས་བོད་ཡིག་སྦྱོང་། བོད་ཡིག་གི་ཆུ་ཚད་འདི་འདྲ་རེད་དམ། དངོས་གནས་སེམས་པ་སྐྱོ་བ་ལ།
ཧ་ཧ་ཧ་་་་་་་་་་་་་་་་རྩོད་པ་རྒྱབ་ནས་བོད་ཡིག་ཡར་རྒྱསགཏང་གི་ཡོད་པ་འདྲ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཤ་ཚ་་་་་་་་་་་་་་་ཤ་ཚ་་་་་་་་་་་་་་་་་་་་་་་་ཤ་ཚ