ཚེ་རིང་གི་བུ།
ཉེ་ཆར་ནས་བཟུང་། བརྩམས་སྒྲུང་གི་དེབ་འདྲ་མི་འདྲ་ཞིག་ལ་ྐློག་འདོད་ཀྱི་སྤྲོ་བ་བརྟས། བློ་སྐྱེད་ཅིག་གི་ཆེད་དུ་ཟེར་ནའང་འདྲ། རང་གི་དང་དོད་ཟེར་ནའང་འདྲ། དུས་ཚོད་དམ་འཛིན་གྱིས་ཅན་རྡི་སྒར་དང་ཐག་རིང་པ་ཞེས་པ་དང་། གངས་རིའི་སྙིང་ཁྲག་ཅེས་པའི་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་སྒྲུང་དེ་དག་ཀྱང་ྐློག་ཁུལ་བྱས། ནོ་སྦེལ་རྩོམ་རིག་གི་བྱ་དགའ་ཐོབ་ཟིན་པའི་བརྩམས་ཆོས་དེ་དག་ྐློག་ཞོར་དང་སློབ་སྦྱོང་བྱེད་ཡོང་དུས། ནོ་སྦེལ་བྱ་དགའ་ཐོབ་པའི་བརྩམས་ཆོས་ཕལ་མོ་ཆེ་ནི་བརྩམས་སྒྲུང་ཡིན་པ་དང་། བརྩམས་སྒྲུང་གི་ནང་དུ་སྤྱི་ཚོགས་ཤིག་གི་འཚོ་བ་དང་། འཚོ་བ་ལས་འཕྲོས་པའི་སྣང་བརྙན་སྣ་ཚོགས་ཤིག ྐློག་པ་པོའི་སེམས་ལ་ཕྱི་གསལ་ནང་གསལ་གྱིས་གསལ་སྟོན་དང་། དེ་ཡང་གསལ་སྟོན་བྱེད་པ་ཙམ་མ་ཡིན་པར་ྐློག་པ་པོའི་སེམས་ལ་འགུལ་སྐྱོད་གཏོང་ཐུབ་པར་མ་ཟད། གཟུགས་མེད་ཀྱི་བག་ཆགས་ཟབ་མོ་ཞིག་ཀྱང་ངམ་ངམ་ཤུགས་ཀྱིས་སྟེར་ཐུབ་པས། བརྩམས་སྒྲུང་ནི་ནོ་སྦེལ་རྩོམ་ཡིག་བྱ་དགའ་གནང་མཁན་ཚོའི་བསམ་པའི་ནགས་ཁྲོད་དུ་སྐྱེས་པའི་ཙན་དན་ལྟ་བུའང་རེད་
སྙམ། ང་རང་སྡོད་སའི་རྒྱལ་ཁབ་འདིར་མཚོན་ནའང་། བརྩམས་སྒྲུང་ནི་འགྲོ་རྒྱུགས་ཆེ་ཤོས་ཀྱི་གྲས་རེད། ྐློག་ཅེས་པའི་རྩོམ་རིག་དུས་དེབ་ཅིག་སྟེང་དུ། ལོ་རེར་བརྩམས་སྒྲུང་རྐྱང་བའི་དེབ་གྲངས་ཉིས་བརྒྱ་ནས་སུམ་བརྒྱའི་བར་དཔར་གྱི་ཡོད་པའི་རྩོམ་ཡིག་གཅིག་མཐོང་། རྩོམ་ཡིག་འདི་བྐླགས་མ་ཐག ང་ལ་འདང་རྒྱག་ཅིག་སྤྲད་བྱུང་།
དེ་ནས་ངས་བོད་ཕྱི་ནང་གཉིས་ལ་བསམ་བློ་ཞིག་བཏང་། དངོས་གནས་སྙན་ངག་པའི་སྡེ་ནི་བཙན་པོའི་སྐབས་ཀྱི་དམག་དཔུང་བཞིན་མང་པོ་ཡོད་པ་རེད་དེ། བརྩམས་སྒྲུང་འབྲི་མཁན་གྱི་སྡེ་ནི་བརྒྱ་ལམ་ན་རེ་ཟུང་ཙམ་ལས་མི་འདུག ངོས་རང་རྒྱ་གར་དུ་ཡོད་དུས་ཀྱི་རིང་། བསམ་ཕྱོགས་གཅིག་པའི་བློས་ཐུབ་ཀྱི་གྲོགས་པོ་སྐོར་ཞིག་དང་ལྷན་དུ་བོད་ཀྱི་བརྩམས་སྒྲུང་གི་སྐོར་ལ་ཁ་བརྡ་མང་པོ་བྱས། བོད་ལ་བྱུང་བའི་བརྩམས་སྒྲུང་གི་ཐོག་མ་གང་རེད་ཅེས་དང་། རྟོག་པ་འཆར་ཡན་རིང་ལུགས་དང་། དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཞེས་པ་སོགས་གང་འདྲ་ཞིག་ཡིན་མིན་གྱི་སྐོར་ལ་གླེང་སློང་བྱས། དེང་སང་འདང་རེ་བརྒྱབས་ན་དེ་དག་གལ་ཆེན་པོ་མ་རེད། དེ་རིང་ཁ་སང་ང་ལ་སེམས་ཁྲལ་ཞིག་ཡོད་པ་ནི་བོད་ལ་བརྩམས་སྒྲུང་ཁ་ཤས་ཤིག་ལས་མེད་པ་དེ་རེད། དཔེར་ན། བཀྲས་ཟུར་ཚང་གི་གཏམ་རྒྱུད་དང་། ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག སྟོན་གྱི་རང་སྒྲ འཕོ་འགྱུར་ཟེར་བ་ལྟ་བུའི་སྒྲུང་རིང་དང་། དེ་མིན་གྱི་སྒྲུང་ཐུང་ཁ་ཤས་ཤིག་ལས་མེད། སྒྲུང་རིང་འབྲི་མཁན་མང་པོ་མེད་པའི་རྒྱུ་མཚན་གང་ཡིན་ནམ། སྤྱིར་བརྩམས་སྒྲུང་ནི་མི་རྣལ་མ་ཞིག་གི་ལས་ཀ་དང་། མི་ཞིབ་ཚགས་ཅན་ཞིག་མིན་ཚེ། སྒྲུང་གི་འགོ་བཙུགས་ནས་ཤོག་ངོས་གཅིག་ཀྱང་མ་ཚར་སྔོན་དུ་སྒྲུང་གི་མི་སྣ་བདག་པོ་རྒྱག་མི་ཐུབ། ཡིན་ནའང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་ཤེས་ཡིན་པའི་གྲས་སུ་མི་རྣལ་མ་མང་པོ་ཡོད་ཀྱི་རེད་དེ། དེ་ཚོས་སྒྲུང་རྩོམ་འབྲི་བར་ལེ་ལོར་བྱེད་པའམ། ཡང་ན་དུས་ཚོད་གྲོན་པ་ལ་འཕང་སེམས་སྐྱེ་གི་ཡོད་མིན་ཆ་མ་འཚལ་མོད། འོན་ཀྱང་། འདི་ནི་ང་ཚོའི་སྟོང་ཆ་ཞིག་རེད།
དྲང་མོར་བཤད་ན། སྒྲུང་རྩོམ་འདིས་མི་རིགས་ཀྱི་བསམ་བློ། མི་རིགས་ཀྱི་འཚོ་བ། མི་རིགས་ཀྱི་འདུ་ཤེས། མི་རིགས་ཀྱི་ལྟ་བ། མི་རིགས་ཀྱི་ཁྱད་ཆོས་སོགས་ཞིབ་འབྲི་བྱེད་ཐུབ་པར་མ་ཟད། ཧ་ལམ་སྒྲུང་རྩོམ་གཅིག་པུ་ལས་གཞན་གྱིས་འདི་ལ་རྔོ་མི་ཐོགས་སྟབས། སྒྲུང་རྩོམ་ནི་འབྲི་དགོས་པ་ཞིག་དང་། ནུབ་ཕྱོགས་ལུང་པར་སྐད་གྲགས་ཡོད་པའི་སྒྲུང་རྩོམ་དེ་དག་ཀྱང་ཕྱི་གཏེར་ནང་འདྲེན་གྱི་ཚུལ་གྱིས་རང་སྐད་དུ་བསྒྱུར་དགོས་པར་མཐོང་། དེ་མིན་གོ་མེད་ཚོར་མེད་ཀྱི་སྙན་ངག་ང་ཚོར་མང་མེད་ན་ཉུང་མེད། འདི་ངའི་སེམས་གཏམ་ཡིན། དྲིན་ཆེན་ཚོ།
རེད། ཚང་མས་ར་ལོ་ལ་སློབ་སྦྱོང་མ་བྱེད་པར་ར་ལོ་འབྲི་མཁན་གྱི་སྒྲུང་རྩོམ་པ་དོན་འགྲུབ་ཚེ་རིང་ལ་སློབ་སྦྱོང་བྱོས། བོད་ཨ་མདོ་ན་ཁོ་དང་སྟག་འབུམ་རྒྱལ། ཚེ་རྒྱལ། བཀྲ་ཤིས་དོན་གྲུབ། གཅན་ཚའི་རྡོ་རྗེ་རིན་ཆེན། ལྷ་ས་ན་བཀྲ་ཤིས་དཔལ་ལྡན་དང་། བཀྲ་ཤིས་ཟླ་བ། སེར་པོ་གཉིས་རྒྱ་ཡིག་པ། ཚེ་རིང་གཡང་སྐྱིད། ལྷོ་ཁ་ན་མཁས་གྲུབ་ཆོས་འཕེལ། ནག་ཆུ་ན་བསྟན་པ་ཡར་རྒྱས་དང་། ཟི་ལིང་ན་བདེ་སྐྱིད་སྒྲོལ་མ། རྒྱལ་རོང་ན་ཨ་ལེ་སོགས་རྒྱ་ཡིག་གིས་འབྲི་མཁན་སྐོར་ཞིག་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་ན་ཡང་སྒྲུང་རྩོམ་པ་ཉི་ཚེ་བ་རེ་ཡོད། འཇམ་ནོར་གོང་ཕུད་ཡིན། པད་མ་ཚེ་དབང་གཡས་བཞག་ཡིན།
ཀླུ་སྨྱོན། ཁྱོད་འདི་མཁས་རྟགས་སྟོན་རྒྱུར་དགའ་མཁན་ཞིག་རེད། ངས་ཀྱང་གོང་གི་མི་འདི་ཚོ་ཤེས་ཀྱི་ཡོད། ད་དུང་རང་སྒྲ། ཅོ་ནེ་ཡུམ་ཚེ་རིང་སོགས་མང་པོ་ཡོད།
ཨ་རོ། རང་སྒྲ་དང་ཚེ་རྒྱལ་གཉིས་མི་གཅིག་རེད་ཡ།
ཁོས་སྔོན་ཆད་མཚོ་སྔོན་མང་ཚོགས་སྒྱུ་རྩལ་ཁང་ན་བྱ་བ་སྒྲུབ་བཞིན་ཡོད་ཀྱང་ད་ལྟ་མི་ཤེས།
སྒྲུང་རྩོམ་འདི་གང་གི་སྤྱི་ཚོགས་ནང་འབྲེལ་འདྲིས་མེད་པའི་མི་ཁེར་རྐྱང་། རྟོག་བཟོ་ལ་དགའ་མཁན། མི་ཚེའི་ནང་དཀའ་ངལ་མང་པོ་འཕྲད་མཁན་ཚོའི་རང་སེམས་གསོ་བྱེད་ཀྱི་ལྷ་སྒྲུང་གཞན་ཞིག་ཡིན། དཔྱད་བརྗོད་པ་འགའ་རེས་འདི་སྤྱི་ཚོགས་ཀྱི་འཚོ་བ་གང་ཞིག་གི་འདྲ་བཤུས་གསོན་པོ་ཡིན་ཟེར་གི་ཡོད་པ་རེད། དོན་དམ་པས་ཁོ་ཚོའི་ཁོར་ཡུག་དང་མི་སྣ་སོགས་ཀྱི་ཕྲ་ཞིང་ཕྲ་བའི་རྣམ་པ་ཞིབ་འབྲི་བྱས་པ་ལ་ཞིབ་ཚགས་ཀྱིས་དཔྱད་ཕྱིན་པ་ཡིན་ན་དངོས་ཡོད་གནས་ཚུལ་དང་རོ་རྒྱབ་ཁུར་དུ་ཕྱིན་པ་རྐྱང་རྐྱང་ཡིན། ང་ཚོས་ཅིའི་ཕྱིར་དངོས་ཡོད་ཀྱི་མི་སྣ་དང་དངོས་ཡོད་ཀྱི་གནས་ཚུལ་བྲིས་ཐུབ་ཀྱི་མེད་པ་རེད། ང་ཚོར་ཅིའི་ཕྱིར་འདི་འདྲའི་ལྷ་སྒྲུང་། བཅོས་སྒྲུང་། རྟོག་བཟོས་སྒྲུང་མང་པོ་ཞིག་དར་ཡོང་བ་རེད། མི་ཚང་མར་ལག་ལེན་གྱིས་མ་འདང་བ་རེད། བརྩམས་སྒྲུང་ལོ་རེ་ནས་ལོ་རེར་ཉུང་དུ་འགྲོ་བཞིན་པ་དང་དངོས་སྒྲུང་ལོ་རེ་ནས་ལོ་རེར་མང་དུ་འགྲོ་བཞིན་པའི་གནས་ཚུལ་འདིའང་ཤེས་དགོས་པའི་གནད་དུ་འདུག
ཚེ་རིང་དོན་འགྲུབ་ངའི་ཆང་རོགས་ཡིན། ངས་ཁོ་ལ་སྒྲུང་ངོ་མར་གཞི་བཅོལ་བའི་སྒྲུང་ཞིག་འབྲི་རྒྱུར་སྐུལ་མ་བྱས་པ་ཡིན། ཁོའི་སྒྲུང་རེ་རེའི་ནང་ཁོ་རང་གི་གཤིས་ཀ་ཞིག་ཟར་དང་ཟུར་ལ་མངོན་ཡོང་དུས་ང་དེ་ལ་ཀློག་འདོད་སྐྱེ་ཡི་མི་འདུག
ང་ཚོའི་རྩོམ་གྱི་ཁ་ཕྱོགས་གསར་པ་ཞིག་འཚོལ་དགོས་ཀྱི་འདུག ང་ཚོའི་སྙན་ངག་གི་ཁ་ཕྱོགས་གསར་པ་ཞིག་འཚོལ་དགོས་ཀྱི་འདུག དེ་མིན་ན། གཞན་རྗེས་རྐྱང་རྐྱང་འབྲང་ནས་བྲིས་ཡོང་ན་མ་བྲིས་ན་བཟང་།
དེང་སང་གི་རྩོམ་པ་པོ་ཚོ་མིང་མང་སོང་ན་གེ སུ་སུ་ཡིན་མིན་ཤེས་དཀའ བཀྲ་རྒྱལ། ཚེ་རྒྱལ། འདྲ་པོ་ཏག་ཏག་རེད། ཁྱེད་གཅིག་པུ་ལའང་༸ཐྲྤཀླུ་སྨྱོན། ཡི་ཤེས། ༸ཐྲྤཀླུ་སྨྱོན་ཧེ་རུ་ཀ སྤྲུལ་སྐུ་ཡི་ཤེས་རྒྱ་མཚོ། ༸ཐྲྤཀླུ་གངས་དཀར་ཤ་མེད། ཨ་རོ། གངས་དཀར་ཤ་མེད་འདི་སློབ་དཔོན་རིན་པོ་ཆེས་གཞི་བདག་ལ་བཀོད་ཡོད་བསམས་སོང་། ཁྱོས་གཞི་བདག་དེ་མོ་དེའི་མིང་བརྐུས་ནས་ག་རེ་བྱེད།
ཨ་རོ། ཁྱོས་རྐྱལ་བའི་འཇིག་རྟེན་དུ་མྱུལ་བའི་རྩོམ་པ་པོ་རེབ་གོང་རྡོ་རྗེ་མཁར་དང་། སེང་གཤོང་རྡོ་རྗེ་གཅོད་པ་གཉིས་བརྗེད་འདུག་ག
མི་ཚེ་སྟོད་ཟད་ལ་གཏོང་ན།། འཛམ་གླིང་ཤོབ་སྒྲུང་ལ་བལྟ་དགོས།། འདི་ནི་ཨ་མདོའི་གཏམ་དཔེ་ཅིག་རེད། ཚེ་རིང་གི་བུ་དང་ཀླུ་སྨྱོན་འདིའི་གྲངས་ཀྱིས་ཨ་ཧ་ཞིག་བཤད་ཡོད་འདོད་གིན་ཡོད་འདྲ། མགོན་པོས་བཤད་པ་དེ་རང་རེད། བཅོས་མ་རྫུན་མ་འདི་གྲངས་ལ་བལྟ་ཀློག་གི་རིན་ཐང་དེ་ཙམ་མེད་པར་མཐོང༌། གང་ཡིན་ཟེར་ན། མགོ་ནས་མཇུག་བར་ཤོབ་རྐྱང་རྐྱང་བསྒྲིགས་ཡོད་པ་རེད། མྱི་བསམ་མེད་ཚོར་མགོ་གཡོག་མགོ་སྐོར་འདྲ་ཞིག་རེད། ཨ་ལ་ཀུ་རེ་ཡིན།
རང་ཉིད་གཅིག་པོ་གློག་ཀླད་ཀྱི་གམ་ནས་འཇམ་ཅག་གེར་ལས་ཀ་ལ་བྲེལ་ནས་བསྡད་དུས་མཚམས་ལན་རེར་ཁ་བརྡ་ཚང་ལ་ཡོང་འདོད་ཆེ་གི
དེ་ནི་མ་གཞི་དུངས་ཞེན་ཞིག་གིས་རེད། བོད་སྐད་ཡིག་ལ་དུངས་པའི་རྐྱེན་གྱིས་རེད། ཡིན་ན་འང་ཁ་བརྡ་ཚང་ལ་ཁ་བྲལ་དུས་ང་རང་གཞི་ནས་འགྱོད་པ་ཞིག་གིས་དེད་ནས་ཡོང་གི། དེ་ནི་ཁ་བརྡའི་ནང་ཁ་འཛིང་བྱེད་རྒྱུར་དགའ་བ་དང་ལྷག་པར་དུ་མཆན་བུ་འདོགས་མཁན་རྣམ་གྱིས་རྩོམ་ཡིག་ལ་ཞིབ་དཔྱོད་མི་བྱེད་པར་ཧོལ་རྒྱུག་དང་ཧམ་བཤད་བྱེད་རྒྱུར་དགའ་བ་སོགས་རེད། ད་དུང་ཁོ་ཚོས་སྐད་ཆ་ལྗིད་ཁོག་ཅན་དང་བསམ་བློའི་བློ་འབྱེད་སྐོར་བཤད་མི་ཤེས་པའམ་ཡང་ན་བཤད་རྒྱུར་གོམས་མེད་པས་རྐྱེན་གྱིས་མཚམས་རེར་རང་ཉིད་འདིའི་ཁོར་ཡུག་ཏུ་ཡོང་བའང་འགྱོད་དགོས་པའི་ཚོར་རླབས་མང་བོ་ཡོང་གི་འདུག འདི་ནི་ངས་ངལ་གསོའི་གསོལ་ཇ་གང་གི་ཚབ་ཏུ་ཁ་བརྡ་ཚང་ལ་སོང་བའི་རྗེས་ཀྱི་དཀའ་ངལ་རེད།
མི་དང་མིའི་སེམས་ཁམས་ལ་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ཚེ་རྗེས་ཕྱོགས་ཐུགས་འཛེམ་གནང་རོགས། ང་ལྟ་བུའི་མི་བུ་ཉམ་ཆུང་ཚོ་ལ་ཐུགས་རྗེ་གནང་རོགས། ང་ལྟ་བུའི་བོད་མི་རྗེས་ལུས་ཚོ་ལ་ཕྱིར་མིག་གནང་རོགས།
ངས་ཁྱེད་ཚོར་རེ་བ་ཞུ་བཞིན་པ་ནི་སྐད་ཆ་ལྗིད་ཁོག་ཅན་དང་བསམ་བློ་གཏོང་རན་ཡོད་པའི་སྐོར་ཤོད་ཟེར་གྱིན་ཡོད།
རེབ་གོང་རྡོ་རྗེ་མཁར་གྱིས་ལོ་ཤས་གོང་ནས་བརྩམས་སྒྲུང་འབྲི་མཚམས་བཞག་འདུག་ལ། སེང་གཤོང་བས་ལོ་བཅོ་ལྔའི་སྔོན་ནས་བཞག་འདུག དེང་སྐབས་རྔ་བ་འཇམ་པེ་དང་ལྷ་བྱམས་རྒྱལ། ད་དུང་རིག་ལྡན་རྒྱ་མཚོ་ལྟ་བུའི་གསར་བུ་རེ་འབུར་ཡོང་གི་ཡོད། རིག་ལྡན་ངོ་མ་བརྩམས་སྒྲུང་འབྲི་རྩལ་བྱང་དུ་ཆུབ་ཡོད། ཉེ་སྔོན་གཡང་མཚོ་སྐྱིད་ཀྱིས་ཀྱང་ལོ་བཅོ་ལྔའི་རིང་ལ་བོར་སོང་བའི་རྩོམ་སྙུག་རྙེད་ནས་སྒྲུང་རིང་ཞིག་འབྲི་མགོ་བརྩམས་པའི་གསར་འགྱུར་ཞིག་མཐོང་སོང་། གྲངས་ཀ་ལ་ལྟ་འདོད་ན་ངས་བོད་ཕྱི་ནང་གི་རྩོམ་པ་པོ་བརྒྱ་ཕྲག་བརྒལ་བ་ཞིག་གི་མིང་དང་རྩོམ་གཞུང་ཞིག་བྲིས་ཡོད་པའི་འདྲ་བཤུས་ཤིག་ལ་རྩེ་ཚང་དཔེ་མཛོད་ལ་ཕུལ་ཡོད་པས་གཟིགས་མོས་་ཡོད་ན་དེ་ཙམ་ཡིན།
རྩོམ་པ་པོ་ཅུང་ཟད་ཉུང་དུ་འགྲོ་བ་དེ་བཟང་རྟགས་ཤིག་རེད་མ་གཏོགས་ངན་རྟགས་གང་ཡང་མ་རེད། རྩོམ་ཡིག་ཞིག་ལས་ཅུང་ལྷག་པའི་དོན་དག་ཅིག་རེག་གི་ཡོད་པའི་རྟགས་རེད། བསམ་ཕྱོགས་གཅིག འབྲི་ཕྱོགས་གཅིག ངུ་ཕྱོགས་གཅིག མཚམས་རེར་འདི་ཚང་མ་ཤི་ཐེངས་གཅིག་ལ་མཉམ་དུ་ཤི་སོང་ན་ཅི་མ་རུང་བསམ་གི་ཡོད་དེ། ད་ཤི་དགོས་ས་མ་རེད། ཉུང་དུ་ཕྱིན་ན་ཡག་པོ་རེད།
དེང་སང་སྒྲུང་རྩོམ་ཐུང་བ་འབྲི་མཁན་ཁ་ཤས་ཤིག་འདུག་སྟེ། སྒྲུང་རྩོམ་རིང་པོ་འབྲི་མཁན་ཉུང་ངུ་ཞིག་ལས་མེད། དེ་ཡང་ སྒྲུང་རྩོམ་ཚད་ལྡན་ནི་མེད། དེ་བཞིན་སྒྲུང་རྩོམ་འབྲི་མཁན་ཚོར་ཞིབ་འཇུག་འདྲ་པོ་བྱེད་རན་མེད་གི ཐོ་གཞུང་ཞིག་བསྒྲིགས་ནའང་མི་ཁ་ཤས་ཤིག་མ་གཏོགས་མེད་པ། ༸ཐྲྤཀླུ་སྨྱོན། སྒྲུང་རྩོམ་པ་ཅིག་ཅིག་ཉིས་ཉིས་ཀྱི་ལས་ཀ་ག་རེ་བྱེད་ཀྱི་ཡོད་པ་སོགས་བཤད་ན་ཉན་འདོད་མེད། སྒྲུང་རྩོམ་སྐོར་ལ་ལྟ་བ་གསར་པ་འདྲ་ཡོད་ན་ཤོད། དེ་མིན་ཁ་བརྡ་ཆོ་མེད་ཅིག་གི་ལོག་འགྲོ་གྲབས་འདུག ལོ་ངོ་ཁ་ཤས་ཀྱི་སྔོན་ནས་བཟུང་། བཙན་པོ་བང་སོ་མྱུལ་བའི་གཏམ་རྒྱུད་ཀྱི་འཕྲོ་བསྐྱངས་པ་ཡིན། ཁོ་རང་ལྷ་ཡུལ་དུ་ཕེབས་ནས་སྟོན་པ་དང་། རྒྱན་དྲུག་མཆོག་གཉིས། དེ་ནས་བཙན་པོ་རིམ་བྱོན། རྗེ་ཙོང་ཁ་བ། དགེ་ཆོས་སོགས་ལ་མཇལ་བ་དང་། དེ་ནས་ཕྱིར་མི་ཡུལ་དུ་ཕེབས་པ་སོགས་ཀྱི་སྐོར་མང་པོ་བྲིས་ཡོད། སྐྱིད་པོ་ཏག་ཏག་བྲིས་ཡོད།
སྐད་ཆ་བདེན་པ་བཤད་ན་ང་ཀླུ་སྨྱོན་གྱི་རྩོམ་ཡིག་དག་ལ་མྱོང་ཚོར་ཟབ་མོ་ཡོད། ཁྱད་པར་ཁོང་གིས་ཆེས་སྔོན་དུས་ཤིག་ལ་བྲིས་པའི་བོད་དམར་པོ་ཁྲག་གི་ཨོམ་ཞེས་པའི་རྩོམ་སྒྲུང་དེ་གདུག་རྩུབ་ཅན་གྱིས་དབང་བསྒྱུར་བྱེད་པའི་སྣང་ཚུལ་གསོན་པོ་ཞིག་བྲིས་འདུག་པས་ང་ཚོ་ལ་ཡར་ལངས་དང་རྒོལ་ལན་བྱེད་འདོད་པའིཚོར་རྟོག་ཞིག་རང་ཤུགས་སྟེར་བཞིན་འདུག ད་དུང་སྒྲུང་གཏམ་སྤུས་ལེགས་ཤིག་ལ་རོལ་མྱོང་བྱེད་འདོད་ཡོད་ཚེ་རྩོམ་པ་པོ་ལྷ་རྒྱལ་ཚེ་རིང་གིས་་་ཕུགས་བསམ་་ཞེས་པ་དེ་ལ་གཅིག་གཟིགས་དང་ཁྱེད་ཅག་ལ་བརྩེ་དུང་རྣལ་མ་ཞིག་གི་རྟོགས་སད་རྙེད་རེ་ཆེ།།
ཁྱོད་ཀྱིས་དེ་འདྲ་བཤད་ན། ལྷ་རྒྱལ་ཚེ་རིང་ཐོག་མའི་བརྩམས་སྒྲུང་དངུལ་གྱི་སོར་གདུབ་དང་་མཐའ་མའི་བརྩམས་སྒྲུང་ཕུགས་བསམ་གཉིས་ཀྱིས་ང་ཅིག་ལ་ཁྲིད་མྱོང་། ཕུགས་བསམ་གྱི་མགོ་བརྗོད་དང་རི་མོ་དེ་གཅིག་པོ་ཡང་ད་དུང་ངའི་སེམས་ནང་བསུབས་ཀྱང་བསུབ་རྒྱུ་མི་འདུག ཡིན་ན་ཡང་དེ་ནས་བཟུང་སྟེ་ཁོས་སྙན་ངག་དང་དཔྱད་རྩོམ་རྐྱང་བ་བྲིས་ནས་བསྡད་སོང་ལ་དེ་དག་ཀྱང་ཡག་པོ་རེ་བྲིས་འདུག
ཕྱག་གཉིས་པ་ལ་ཁར་སང་དེ་རིང་གཟའ་གྲིབ་འདྲ་ཞིག་ཕོགས་པ་མིན་འགྲོ། གང་བཤད་ཚང་མ་བཀྲ་མ་ཤིས་པ་ཤ་སྟག་རེད་འདུག བོད་ཡིག་གི་སྟེང་ནས་རྩོམ་འབྲི་མཁན་ཉུང་དུ་ཕྱིན་ན་ཁོ་དགའ་གི་འདུག་ཟེར། སྐད་ཡིག་གི་བེད་སྤྱོད་མཚམས་ཆད་ཉིན་བོད་པ་ཟེར་བ་དེ་མི་རིགས་གཞན་ཞིག་ཏུ་གྱུར་པ་མ་རེད་དམ། ང་ཚོ་མི་རིགས་གཞན་གྱི་ནང་དུ་ཐིམས་འགྲོ་གི་འདུག ལོ་གཞོན་པ་ཚོར་ཁག་མེད། མགོན་པོ་ཕྱག་གཉིས་པ་པོ་ཏོ་འདི་ཡང་འགྱུར་བ་སོང་བ་དེར་གཅིག་ལྟོས་དང་། མི་འདི་ལ་བོད་པའི་དྲི་མ་ཞིག་ཅང་འདུག་གམ།
དཀོན་མཆོག་འདི་མི་གཟུ་བོར་གནས་པ་ཞིག་མིན་པ་འདྲ། ང་སོགས་ཁ་ཤས་ཤིག་ལ་དངོས་ཤུགས་བརྒྱུད་གསུམ་ནས་ནག་ཉེས་ཆེན་པོ་ཞིག་མགོར་འགེལ་ས་ཨེ་རྙེད་ལྟ་གི་འདུག མགོན་པོ་ཕྱག་གཉིས་པ་སོགས་ཀྱིས་གང་བཤད་ཀྱང་ཁོས་སྣང་མེད་དུ་འཇོག་གི་རེད། ཁར་སང་ཕྱག་གཉིས་པས་ཁོ་རྒྱ་ནག་ལ་ཡིད་ཆེས་ཡོད་ཚུལ་སོགས་མང་པོ་ཞིག་ལབ་སོང་། དེ་བཞིན་བོད་ཡིག་གི་སྟེང་ནས་རྩོམ་འབྲི་མཁན་ཚོར་ཟུར་ཟ་སྒྲོ་སྐུར་མང་པོ་བྱས་སོང་། རྩོམ་ཡིག་རང་གི་སྟེང་ནས་ཧ་ལས་པ་ཞིག་འཇོན་ཡོད་རུང་མེད་རུང་མི་རིགས་རང་གི་སྐད་ཡིག་དེ་མི་རིགས་རང་གི་སྲོག་རྩ་མ་རེད་དམ། བོད་ཡིག་མ་ཤེས་ནས་ཅིག་འགྲིགས་ན་བོད་ཕྱི་ནང་གཉིས་ན་བོད་གཞོན་བོད་ཡིག་མི་ཤེས་པའི་མི་རབས་ཤིག་འཚར་ལོངས་ཡོང་གིན་འདུག སྐུ་ཞབས་ཕྱག་གཉིས་པ་ཐུགས་བདེ་བར་ཞུགས་ཆོག་གི་འདུག
གོ་ཐོས་ལ་ཁྱེད་རང་གཙོས་མི་ཁ་ཤས་ཀྱིས་དུད་ནག་ཡིན་ན་ཅིག་བཏང་ནས་ཕྱག་གཉིས་པ་ཁ་བརྡ་ནས་སྐེ་ལ་ཐག་པ་བསྐོན་ནས་དྲུད་སོང་བ་རེད་ཟེར། དེ་བདེན་པ་མིན་ནམ། སྐད་ཆ་ཡོད་ན་ཁ་ཐུག་ལ་མ་བཤད་པར་ལྐོག་ནས་མི་བཏང་ནས་འཇིག་རྟེན་ཕ་རོལ་ལ་གཏོང་ཐབས་བྱས་པ་ངོ་མ་ཡིན་ན་ཡག་པོ་མ་རེད། ད་གང་ལྟར་ཁོ་གསོན་པོར་ལྷག་ཡོད་ན་དེ་གས་འགྲིག་པ་རེད། དགྲ་བོད་བར་ལ་སྐད་ཆ་བཤད་ནས་འགྲིག་སར་ཁོ་ལ་ཡང་དྲག་ལས་ལས་གྲོས་མོལ་གྱི་ལམ་ནས་དོན་དག་ཐག་གཅོད་བྱེད་ཡ་ལོས་ཡོད་འདོད་གི མ་རེད་དམ། སྤོབས་པ་ཀེ།