གྲོལ་ཧེ་རུ་ཀཿ
རྩོམ་ཐུང་འདི་ནི་བདག་ལ་ཧ་ཅང་དུང་བའི་ཇོ་མོ་བློར་འབབ་ཅིག་དང་བདག་གཉིས་ཕན་ཚུན་སྐུར་བའི་འཕྲིན་པ་བསྟར་མ་ཞིག་ཡིན།
ཇོ་གཞས་མ། ངའི་ཤག་གི་གྲོང་པ་ཆ་ཚང་ཉལ་ཚར་འདུག ཧཧ། དོ་ནུབ་ང་ཁ་སང་དང་མི་འདྲ་བར། དེ་རིང་རང་གི་གདོང་རིས་དང་བགད་མོ་ཤོར་བའི་རྣམ་འགྱུར་སོགས་ཡོད་ཚད་ཡིད་ལ་འཁོར་ནས་གཉིད་ཡེར། iPad ཁ་ཕྱེས་ནས་རང་གི་པར་རིས་དང་སྐད་འཕྲིན་ནང་ཡོད་པའི་ཁྱེད་ཀྱི་སྐད་སྒྲ་ཡང་ཡང་ཉན་དགོས་ཐུག ངོ་མ་ཡིན་དཱ། རང་གིས་ལྟས་ན་དེ་ཚོ་ཚང་མ་གློག་བརྙན་ནང་གི་སྐད་ཆ་འདྲ་པོ་ཡོད་སྲིད། ཡིན་ན་ལས། དེ་ག་ལ་ཡིན་སྲིད། ཁྱོད་ངའི་མི་ཚེའི་ནང་སྔ་མིན་འཕྱི་མིན་འདི་འདྲ་ཞིག་ལ་ཐུག་དོན་ཅི་ཡིན་ནམ། གལ་སྲིད་སྔ་པོ་ནས་ཐུག་ཡོད་ན་ཅི་མ་རུང་།
ཇོ་གཞས་མ། ཉལ་ཚར་ཡིན་ནམ། ལོ་མང་རིང་མ་ཐུག་ནས་ད་ལྟ་ཧོབ་སྟེ་ཐུག་དུས་ངོ་མ་བློ་ཡིད་ཚིམ་གྱི་མི་འདུག ད་རེའི་ང་གཉིས་ཐོག་མར་ཐུག་ས་ཟ་ཁང་ཡིན་པས་མ་གཏོགས། ང་ངོ་མ་རང་ལ་འཐམ་དགོས་ཐུག་ས་རེད། ངོ་མ་ཡིན། ཡ་ཡ་ ལན་མི་དགོས། རང་སྐྱིད་པོ་སྡོད།
ཇོ་གཞས་མ། སང་ཉིན་ཁོམ་པ་ཡོད་ན་ཐུག་ས་བྱེད་རོགས། “二月十四号”如果你跟别人去的话,我没有意见。
བདག 情人节ཟེར་བ་འདི་ལ་ངས་སྔོན་ཆད་དོ་སྣང་བྱེད་མྱོང་མེད། ཁྱེད་ཀྱིས་ང་ལ་དེའི་བྲོ་བ་མྱོང་དུ་བཅུག་པར་ཐུགས་རྗེ་ཆེ། རྗེས་མར་ང་གང་དུ་སོང་ནས་གང་དུ་བསྡད་ཀྱང་ལོ་རྟག་པར་二月十四号ཉིན་ཁྱེད་ཉིད་དྲན་ཅིང་ཁྱེད་ཉིད་གཅིག་པུར་Valentine’s Day འདི་ཕུལ་ངེས་ཡིན། དེ་མ་ཟད་ད་དུང་无论你走到哪里,变个什么样子,我也永远都会爱着你,想着你!
བདག ངའི་རེ་བར་ཁྱེད་ཀྱིས་མ་འོངས་པར་དགེ་བཤེས་མ་རྩེ་ཕུད་ཅིག་བཏོན་ནས་མཁས་པའི་སྙན་གྲགས་འབར་རྒྱུ་དེ་ཡིན།
བདག ཁ་པར་ནང་ནས་ཕོ་སར་དང་གྲྭ་བ་ཚོར་དོན་མེད་དུ་གཏན་ནས་སྐད་ཆ་མ་བཤད། ཁོ་ཚོས་གང་བྱུང་མ་བྱུང་བཤད་ནས་སེམས་པ་འཁྲུག་ཏུ་འཇུག་གི་རེད། ཁ་ཡ་མ་བྱེད། རང་སེམས་རང་གིས་བདག་གྱིས།
བདག རང་རང་སོ་སོའི་མི་ཚེའི་དམིགས་འདུན་མ་འདྲ་བས་ང་ནི་དམར་པོ་ནས་སྐྱ་བོར་གྱུར། ཁྱོད་ནི་སྐྱ་བོ་ནས་དམར་པོར་གྱུར། རེད་དེ་ང་ཚོ་སུ་ཡང་ནོར་ཡོད་པ་མ་རེད། དགའ་ཕྱོགས་མ་འདྲ་བ་ཙམ་རེད། མུ་མཐུད་མདུན་ལ་ཤར་སྐྱོད་ཀྱིས། ང་ད་ལྟ་འཇིག་རྟེན་གྱི་འགྲོ་ལུགས་ལྟར་ཆང་ས་བརྒྱབས་ཚར་ཡིན། འོན་ཀྱང་བརྩེ་བས་ཆང་ས་བརྒྱབ་མེད། ཁྱེད་ལའང་དབང་།
ཇོ་གཞས་མ། ཡ་ཡ དེ་ལ་རང་བློ་བདེ་མོ་གྱིས་ལོ། ང་གནས་ལུགས་དང་ལེགས་ཉེས་གོ་མཁན་ཞིག་ཡིན། གང་བྱུང་རྩ་ནས་བྱེད་གི་མ་རེད། རང་ཆང་ས་བརྒྱབ་ཚར་ཡོད་རེད་སྔོན་མ་ནས་བསམ་བྱུང་། རྒྱག་དང་རྒྱག ཡིན་ན་ཡང་ངའི་རང་ལ་བརྩེ་བ་དང་དགའ་པོ་ག་འདྲ་ཡོད། དེ་རང་གིས་ཧ་གོ་ན་ང་ལ་རེ་བ་དེ་ལས་མེད། ངོ་མ་ཡིན། དེ་ཡིན་གཅིག་རང་གི་ངེས་རོགས། ངས་ལོ་བཅུའི་ནང་ལ་རང་རྩ་ནས་བརྗེད་མྱོང་མེད། ངའི་མི་ཚེ་འདིའི་ནང་རང་མ་གཏོགས། ང་རང་ལ་དགའ་གི་འདུག་ལབ་མྱོང་མེད། ཡ་ཡ། ང་གཉིས་མི་ཚེའི་ལམ་ཁ་སོ་སོ་རེད། ཁ་སང་རང་གིས་བཤད་པ་ནང་བཞིན་བརྩེ་དུང་ཟེར་བ་དེ་རང་དབང་རེད། རང་གིས་ཆང་ས་གཅིག་ཕར་བཞག་ཆང་ས་བཅུ་རྒྱབ་ཡོད་ནའང་ངའི་བརྩེ་བ་སྔོན་མ་ལྟར་ཡིན།
ཇོ་གཞས་མ། 我今天给你准备了一份礼物,下次有机会就给你吧! 记得以后你在家时,不方便就不要出来见我哦!我们俩谁也不要忘记谁就够了。
བདག 我当然知道你的心!也什么都知道你的一切!你是一个好女人!有人才的好人!我永远爱你!
ཇོ་གཞས་མ། 知道了……亲爱的,只要你幸福,我也就心满意足了。既然你选择了跟她过一辈子,记得要对她好。我相信你会的,因为你是我心目中唯一相信的人。可你也不要忘记我对你的爱。 好了,不多说了,反正你也知道的。记得有空约我。
ཇོ་གཞས་མ། 呵呵!今天这天气啊!真是让我哭笑不得啊! 不过没事,我们就算上,今天我们一起度过情人节吧!好了!我要看书了,你方便的话,睡之前记得回我一句话吧!
ཇོ་གཞས་མ། 我多么盼望着你给我发一个信息,呵呵!到最后还是没有收到。好了! 可我从不相信发一个信息的机会都没有。 好了!晚安
བདག ད་ལྟ་རང་ང་ཉལ་གྲབ་ཡོད། ཁྱོད་མགྱོགས་པ་མང་དྲགས་རེད། ང་མ་ཉལ་གོང་ཁྱེད་ལ་འཕྲིན་ཡིག་གཏོང་བ་དེ་གཏན་ནས་བརྗེད་མེད། ག་བ་བརྗེད་གི་རེད། ཉིན་གང་བོར་ཁྱེད་རང་དྲན་དྲན་ལ་བསྡད་ཡོད། ངོ་མ་ཡིན། ཇོ་བོ་རིན་པོ་ཆེ།
ཇོ་གཞས་མ། 嗯!我相信你。亲爱的。晚安我也想。
བདག ཁྱོད་གོ་ནོར་མ་ཐེབས། ངོ་མ་བཤད་ན་ཉིན་འདི་དག་ལ་ངས་ཁྱོད་མ་དྲན་བསམ་པ་མེད། དྲན་པ་མང་ལ་ལ་ཡིན། ཆུང་མ་འགྲམ་དུ་ཡོད་ནའང་སེམས་པ་མང་ཆེ་བ་ཁྱོད་ཕྱོགས་སུ་ཤོར་འགྲོ་གི་འདུག དྲང་མོ་བཤད་ནི་ཡིན། ང་མི་གཏན་ཚུགས་ཅན་ཞིག་ཡིན། མངོན་ལྐག་གི་སྐད་ཆ་གཏན་ནས་མི་བཤད། ལྷག་ཏུ་རང་ལ་དགའ་མཁན་གྱི་མི་ལ་མགོ་སྐོར་གཏན་ནས་མི་གཏོང་། ང་ལ་ཡིད་ཆེས་ཀྱིས། ངས་བརྩེ་དུང་གི་རིན་ཐང་ངོས་ཟིན་ལ་དེ་གཅེས་ཉར་ཡང་བྱེད་ཤེས་ཀི་ཡོད། ངའི་རྨི་ལམ་མཛའ་མོ། གཉིད་སྐྱིད། ཁྱེད་ལ་དུང་བའི་xx་ནས་ཉལ་ཁར་གཉིད་སྨན་དུ་ཕུལ།爱你!
ཇོ་གཞས་མ། 嗨^_^亲爱的宝贝^_^在干嘛呢!我在看书,可突然想你了!呵呵不过你放心我不会耽误学习的。不方便不要回信,我知道你的心。
བདག དགོང་མོ་བདེ་ལེགས། སྙིང་ཉེ་ལགས། ཉལ་གྲབ་ཡོད་དམ། ང་ཉལ་སར་ལོག་ནས་བསྡད་ཡོད། ཁྱེད་ཀྱིས་སྐུར་བའི་འཕྲིན་ཡིག་དེ་ངས་རང་གི་Favorite ནང་ཉར་ཚར་ཡིན། ནམ་ཡང་མེད་པར་མི་བཟོ། དེ་ཡིན། སང་ཉིན་མཇལ། བདེ་མོ། གཉིད་སྐྱིད།
ཇོ་གཞས་མ། ཡ་ཡ། ཚེ་རིང་རྒྱུ། རང་སྐྱིད་པོ་ཡོད་ན་ང་ཡང་སྐྱིད་པོ་འདུག ། ངོ་མ་ཡིན། རང་བསམ་བློ་ཡག་པོ་བཏང་ཤེས་མཁན་ཡིན་ཙང་། ང་ལ་སེམས་ཁྲལ་མི་འདུག ། ངོ་མ་ཡིན། ང་རང་དང་མཉམ་དུ་མི་ཚེ་སྐྱེལ་བའི་ལས་དབང་མེད་ན་ཡང་། རང་ངའི་མི་ཚེའི་ནང་ཡོད་པ་ཙམ་ནས་ང་བློ་ཡིད་ཚིམ་གི་འདུག རང་གི་ལག་པ་གཅིག་དེ་རང་གི་ཆུང་མ་ལ་དབང་གི་རེད། ཡིན་ན་ཡང་ལག་པ་ཡ་གཅིག་དེ་ངའི་ཡིན། ང་རང་ལ་དགའ་པོ་ཡོ།
ཇོ་གཞས་མ། 早上好!亲爱的宝贝,醒来后我突然想起了我们在学校时候的感觉!那时候我真的很想接近你,还有我多么盼望你对我说几句话。呵呵
ཇོ་གཞས་མ། དགའ་དགའ། ངས་དེ་རིང་ངོ་མ་ཁྱེད་ལྷག་ཏུ་དྲན་ཀི། སྐབས་རེ་ང་ལ་ཁྱེད་ཡོད་ཙང་སེམས་ནང་དགའ་ལྷང་ལྷང་འདྲ་འདུག། ངོ་མ་ཡིན། གང་ཡིན་ཟེར་ན། ལོ་བཅུའི་ནང་རང་གིས་ང་མ་བརྗེད་པས་མ་ཚད་ད་དུང་བརྩེ་བ་སྔར་ལྟར་གནས་ནས་ང་འཚོལ་ཁ་ཡོང་པ་དེས་ཡིན། ཡང་སྐབས་རེ་ང་སེམས་པ་སྐྱོ་ཡང་སྐྱོ་ནི་འདྲ་རེད། གང་ཡིན་ཟེར་ན་ང་རང་ཉིད་ཆེས་དགའ་སའི་མི་དེ། ང་རང་གི་མདུན་དུ་ཡོད་ཀྱང་ལས་ཀྱི་བར་ཐག་གིས་བཅད་ནས་ཐ་ན་ལག་པ་གཅིག་འཆང་བའི་གོ་སྐབས་ཡང་ཡོད་མ་རེད།དཔེར་ན། ཤེལ་སྒོའི་ནང་གི་མོག་མོག་ལྟ་བུ་རེད། ཡིན་ཡང་། ཁྱེད་ལ་སེམས་ཁྲལ་མི་དགོས། ངས་ནམ་ཡིན་ཡང་ཁྱེད་ཀྱི་རྒྱབ་ནས་ཁྱེད་ལ་བརྩེ་བ་ལྷད་མེད་སྤྲད་ཆོག །
བདག སྙིང་ཉེ་ལགས་ཉལ་ཚར་ཡོད་པེ། ཁྱེད་ཀྱི་འཕྲིན་ཡིག་ངས་བཀླགས་ཚར་ཡིན། ཁྱེད་ཀྱིས་བཤད་པ་བདེན་པ་རེད། ངས་ཁྱེད་ཀྱི་མི་ཚེའི་མདུན་མར་བར་ཆད་གཏན་ནས་བཟོ་མི་འདོད། གང་ཡིན་ཟེར་ན་འཇིག་རྟེན་འཁོར་བ་འདིར་སྐྱིད་ངོ་མ་ཞིག་གཏན་ནས་མི་འདུག དེ་བས་ཁྱེད་ཀྱི་ད་ལྟའི་ལམ་ཁ་འདི་ནོར་མེད་པ་མ་ཟད་སྐྱིད་ངོ་མའང་དེ་རེད། ངས་ཁྱེད་ལ་བརྩེ་བ་སྤྲད་ནས་འོ་བྱེད་པ་དང་སྐེ་ལ་ལག་པ་འཐམ་འཁྱུད་བྱེད་པ་སོགས་བྱེད་མ་ཤེས་པ་གཏན་ནས་མིན། ཡིན་ཡང་དེ་ལྟར་བྱས་ན་ཁྱེད་ཀྱི་སེམས་འཁྲུག་རྒྱུ་རེད་བསམ་ནས་མ་བྱས་པ་ཡིན། དེ་མ་གཏོགས་ང་ཁྱེད་ལ་བརྩེ་བ་ཧ་ཅང་ཡོད། ང་གཉིས་ངོ་ཤེས་ནས་ད་བར་ངའི་བརྩེ་བ་གཏན་ནས་འགྱུར་མེད། མ་འོངས་པ་ནའང་འགྱུར་མི་སྲིད། ཚེ་འདིར་ལས་མེད་ན་སྐྱེ་བ་ཕྱི་མར་སྨོན་ལམ་རྒྱབ་ཡོང་།
ཇོ་གཞས་མ། རེད་ཡ། ད་སློབ་སྦྱོང་མགོ་མརྩམ་ཚར་སོང་། ད་དུང་གནམ་གཤིས་ཧ་ཅང་གྲངས་ཀི་ཡ། རང་གིས་བརྩེ་འཕྲིན་ཐེངས་རེ་མཐོང་ཡ་ཡོད་པ་འདི་ངོ་མ་ངའི་སེམས་ཀྱི་ངལ་གསོ་ཡག་ཤོས་དེ་རེད་འདུག། ཡག་བྱུང་ཨ། ངོ་མ་ཡིན། རང་ལ་སྟབས་བདེ་པོ་མེད་པ་ངས་ཧ་གོ། ཡིན་ནའང་ད་དུང་ང་ལ་སེམས་འཁུར་གནང་། ཡག་བྱུང་ཨ། ང་ལྟ་བུ་ཅི་གང་ལྟ་ས་མེད་པ་གཅིག་ལ།ད་དུང་ཁྱེད་ཀྱིས་ལྷད་མེད་བརྩེ་བ་འདི་རག་པ་ང་ངོ་མ་དགའ་ནས་སྙིང་ལ་ཚ་ཤར་རྒྱག་ཀི། ཡག་བྱུང་། ཡག་བྱུང་། འོ་ཡ་དེ་ག་ཡིན། ད་ཁྱོད་སྐྱིད་པོ་སྡོད། ངས་ཁྱོད་དྲན་རྟག་ཏུ།
བདག ཁ་བགད་གདོང་འཛུམ་གྱི་བརྩེ་བ།། སྐད་ཅིག་སྐད་ཅིག་གིས་འགྱུར་ཡང་།། ལྷད་མེད་སེམས་གཏིང་གི་བརྩེ་བ།། དུས་དང་བསྐལ་བ་ཡིས་མི་བསྒྱུར།། གདོང་གི་སྐྱི་ལྤགས་ཀྱི་བརྩེ་བ།།མིག་གི་ལྟ་ཕྱོགས་ཙམ་ཡིན་གྱི།། སེམས་པའི་གཏིང་རུམ་གྱི་བརྩེ་བ།། མིག་གི་གཟུང་འཛིན་ལས་འདས་ཡོད།། ཁ་འཇམ་ཚིག་འཇམ་གྱི་བརྩེ་བ།། སྐད་ཆའི་རོལ་རྩེད་ཙམ་ཡིན་གྱི།། ཁ་མིན་སེམས་གཏིང་གི་བརྩེ་བ།། ཚིག་གི་བརྗོད་པ་ལས་འདས་ཡོད།
ཇོ་གཞས་མ། སྙིང་ཉེ་ལགས། ཡང་ངས་རང་ལ་སུན་པོ་བཟོ་དགོས་བྱུང་སོང་། ལོ་བཅུའི་གོང་གི་ང་གཉིས། འཚོ་བའི་ཆ་རྐྱེན་ལེགས་པོ་མེད་ཀྱང་རང་དབང་ངང་ཕན་ཚུན་དགའ་བའི་སྙིང་གཏམ་བཤད་ནས་སྡད་མྱོང་ཡོད། ད་དུང་རང་ཡོང་གླིང་སློབ་གྲྭའི་འོག་ལ་འདུག་སྐབས། གཟའ་ཉི་མ་ག་དུས་ཡིན་ན་ང་ཡོང་ནས་ང་གཉིས་རང་གི་ཉལ་ཁྲི་ཆུང་ཆུང་དེའི་ཐོག་བསྡད་ནས་སྙིང་གཏམ་བཤད་ཀྱི་ཡོད་བ། ངོ་མ་སྐྱིད་པོ་ཟེར་ཡ་དེའི་དུས་རེད་འདུག དེ་ནས་རང་ང་དང་ཁ་བྲལ་ནས་རྒྱང་རིང་དུ་ཕྱིན། དེ་ལོའི་ལོ་གསར་ལ་ངས་རང་ཡོང་གི་རེད་བསམ་ནས་སྒུག་ཡིན། དེ་འདྲ་བྱས་ནས་ལོ་ངོ་བཅུ་ཙམ་ཕྱིན། མི་ཚེའི་འདི་ཡི་ནང་ངའི་སྙིང་དམར་པོ་དེའི་ཐོག་བརྗེད་མེད་ལྷང་ངེར་མངོན་བསྡད་པ་དེ་ཁྱེད་རང་ཉིད་ཡིན། ད་ལོ་ང་གཉིས་ཐུགས་སོང་། དང་པོ་འབྲེལ་བ་བྱུང་དུས་ངས་རྨིན་ལམ་ཡིན་ནམ་བསམ་ནས། མཚན་ནམ་དཀྱིལ་ལ་གཉིད་སད་ནས་རང་གི་མགོ་པར་ལ་ཡང་བསྐྱར་ཡང་བསྐྱར་བལྟས་ཡིན། ང་གཉིས་ཐུག་པ་ངོ་མ་ང་དགའ་པོ་བྱུང་། ཡིན་ཡང་ང་གཉིས་སྔོན་མ་ནང་བཞིན་གྱི་རང་དབང་ལྡན་པའི་བརྩེ་དུང་དེ་ཕལ་ཆེར་ཡར་ཚར་འདུག ལོ་བཅུའི་སྔོན་ནས་རང་གིས་ང་འཚོལ་དུ་མི་ཡོང་དོན་ཅི་ཡིན་ནམ། གཅིག་བྱེད་ན་རང་ང་ལ་དབང་ཡོད་སྲིད། ཆུང་འདྲིས་ཡོད་ཀྱང་མིག་གིས་ལྟ་དབང་མེད། བརྩེ་སེམས་ཡོད་ཀྱང་མཉམ་དུ་འདུག་དབང་མེད།། སྐད་ཆ་ཡོད་ཀྱང་ཁ་ཐུག་བཤད་དབང་མེད། གཟིམས་བདེ།
བདག སྙིང་ནས་བརྩེ་བའི་xxxx་ལགས། མཚན་མོ་བདེ་ལེགས། ཉེ་ལམ་ངས་དུས་ལྟར་ཁྱེད་ལ་ཡིག་ལན་སྟེར་མ་ཐུབ་པར་དགོངས་དག་ཞུ། ང་ལ་གུ་ཡངས་གནང་རོགས། མདང་དགོང་ཁྱེད་ཀྱིས་སྐུར་བའི་འཕྲིན་ཡིག་དེ་ངས་ཧ་ཅང་ཞིབ་མོར་བཀླགས་ཡིན། ངོ་མ་ང་ལ་སེམས་འགུལ་ཐེབས་སོང་། ངེད་གཉིས་ཀྱི་འདས་ཟིན་པའི་དོན་དག་ཐམས་ཅད་ངས་གཅིག་ཀྱང་བརྗེད་མེད།སེམས་ལ་ཧ་ཅང་གསལ་བོ་ཡིན། ཡིན་ཡང་ང་གཉིས་ལམ་ཁ་མ་འདྲ་བས་དེ་ལྟར་ཆགས་སོང་བ་རེད། ཁྱོད་ཡར་ལོག་རེད། ང་མར་ལོག་རེད། དེ་མ་གཏོགས་བརྩེ་དུང་ལ་ལན་པ་གང་ཡང་ཡོད་པ་མ་རེད། སྐབས་དེར་ཁྱོད་ཀྱིས་གསར་དུ་འདེམས་པའི་ལམ་ཁ་དེ་ནས་ངས་ཁྱོད་ངའི་ལམ་ཁ་དེར་ཁྲིད་ན་ཡག་པོ་ཡོད་པ་མ་རེད། དེ་བས་ངས་ཁྱོད་ཀྱིས་འདེམས་པའི་ལམ་ཁ་དེར་གཏན་ནས་བར་ཆད་གཏོང་མ་འདོད་པ་ཡིན། དེ་འདྲ་རེད། གང་ལྟར་འདས་ཟིན་པ་ཕྱིར་དྲན་བྱས་ནས་རང་ཉིད་སྡུག་ལ་མ་གཏོད། ཚར་ཚར་བ་རེད། ད་གཙོ་བོ་མ་འོངས་པའི་ལམ་ལ་རྐང་བ་བརྟན་པོ་སྤོ་རྒྱུ་གལ་ཆེན་རེད། no one is always busy, it just. ཟེར་བ་དེ་བདེན་པ་རེད་མོད། འོན་ཀྱང་ང་དེ་འདྲ་གཏན་ནས་མིན། དུས་ཚོད་དང་གོ་སྐབས་བྱུང་མིན་ལ་མ་ལྟོས་པར་ང་ཁྱེད་ལ་དགའ་བ་དེ་ནམ་ཡང་འགྱུར་བ་མེད། བདེན་པ་བདེན་དྲང་ཡིན། ལམ་ཁ་མ་འདྲ་བའི་དབང་གིས་གོ་སྐབས་ཀྱང་ཧ་ཅང་མ་འདྲ་བ་རེད། འོན་ཀྱང་ང་ཚོའི་སེམས་དེ་རང་དབང་ཡིན་པས་ལམ་ཁ་དང་གོ་སྐབས་ལ་འབྲེལ་བ་མེད་པ་རེད། དེ་བས་ང་གཉིས་སེམས་ནས་ཕན་ཚུན་ལ་བརྩེ་བ་རྣལ་མ་ཡོད་པ་དེ་ངེད་གཉིས་ཀྱི་སེམས་ཀྱི་ལོངས་སྤྱོད་ཉག་གཅིག་རེད། མ་རེད་དམ་རྨི་ལམ་མཛའ་མོ། མདོར་ན་སེམས་ལ་གང་བྱུང་མ་བྱུང་མ་དྲན། ང་ནམ་ཡང་ཁྱེད་ལ་དགའ། ཁྱེད་ལ་དུང་། I love you xxxx!
ཇོ་གཞས་མ། རང་ལ་བརྩེ་བ་ཆེན་པོ་ཡོད། སྐབས་རེ་བསམ་བློའི་འཁྱེར་ཕྱོགས་ཀྱི་དེ་འདྲ་གྱི་འདུག ཡིན་ན་ཡང་རང་ལ་སེམས་ཁྲལ་རྩ་ནས་མི་དགོས། བཞུགས་ཨ། ང་རང་ལ་དགའ་པོ་ཡོད།སྔོན་མ་ནང་བཞིན་ཡིན།། ཡིག་ལན་མི་དགོས་ལ་སེམས་ཁྲལ་ཡང་མི་དགོས།
ཇོ་གཞས་མ། 我平时在想你的时候,喜欢听听你给我发过的语音。那个简直就是相思病的毒药啊!好了,不多说了,总之我真的很爱你! 想想!
我知道我们两个是不同世界的人,但我对你的思念永不改变。
ཇོ་གཞས་མ། 我太想你了。所以就忍不住给发信息了。对不起。记得不要理我。你不理我的话,我会慢慢习惯的。BrokenHear BrokenHeart 记得不要理我。 不要回信息。晚安!你就必须知道我爱你。晚安!
ཇོ་གཞས་མ། རང་རྨིན་ལམ་བཏང་ནས་གཉིད་སད་སོང་། BrokenHeart BrokenHeart ཡིན་ན་ཡང་རང་སེམས་ཁུར་མི་དགོས། ང་ཨོ་ཙམ་འདུག།
ཇོ་གཞས་མ། དགོང་མོ་བདེ། བདེ་མོ་སྐྱིད་པོ་ཡིན་བཞག་ཡིན། དེ་ནས་དེང་སང་བར་སྐབས་རིང་། རང་གིས་ང་ལ་ཡ་རྩ་ནས་མ་བྱས་པ་དེ་ལ་ང་ཧ་སང་ནས་ཧོན་ཐོར་སོང་། ངོ་མ་ཡིན། ཁྱོད་བརྩེ་དུང་ལ་མཐོང་ཆེན་དང་བརྩེ་དུང་གི་རིན་ཐང་ཤེས་མཁན་ཞིག་ཡིན་པར་སྔོན་མ་ང་ལ་བཤད་སོང་། ཡིན་ན་ཡང་རང་གིས་ངས་རང་ལ་འཆང་བའི་བརྩེ་བ་དེ་ལ་སྣང་མེད་དང་ཁྱེད་ལ་ལྷད་མེད་ཀྱི་བརྩེ་བ་ཆེན་པོ་ཡོད་མཁན་གྱི་བུ་མོ་ཞིག་གི་སེམས་པར་ཕོག་ཐུག་དང་བསམ་གཤིས་མ་གནང་ནས་ཡ་མེད་བཏང་ཙང་ང་ངོ་མ་སེམས་ཧ་ཅང་ཕམས་སོང་། ངས་རང་ལ་རེ་བ་ག་གེ་གཅིག་འཆང་གི་མེད་ལ་འཆང་བའི་ཐོབ་ཐང་ཡང་ཡོད་མ་རེད། ཡིན་ན་ཡང་རང་ལ་བརྩེ་བ་ལྷད་མེད་ཡོད་ཙང་རང་གིས་ང་ལ་ཡིག་གེ་སྣ་གཅིག་ཙམ་བཏང་པ་དང་། སྐད་ཆ་ཚིག་གཅིག་བཤད་ན་ཡང་སེམས་ལ་ཧ་ཅང་གི་སྤྲོ་བོ་དང་བདེ་སྐྱིད་ཡོང་གི་འདུག དེ་ངའི་རེ་སྒུག་དང་རེ་བ་གཅིག་པུ་དེ་ཡིན། ཡིན་ན་ཡང་ངས་རང་ལ་རེ་བ་དེ་བཅོལ་ས་མེད་པར་ད་གཞི་ནས་ཤེས་སོང་།ང་ལུས་ལ་གྲྭ་ཆས་གྱོན་ཡང་སེམས་ལ་ཆགས་པ་དང་མ་བྲལ་པ་ཡིན་དུས། ང་ཡང་བུ་མོ་གཞན་པ་ནང་བཞིན་སོ་སོ་དགའ་བའི་མི་ལ་དུང་བ་དང་བརྩེ་དུང་ལོས་ཡོད། མ་ཟད་མི་གཅིག་ལ་ལྷད་མེད་ཀྱི་བརྩེ་བ་ཡོད་ན་སེམས་ནང་ཚོར་བ་ག་འདྲའི་ཡོད་རང་གིས་ལོས་ཤེས། ངོ་མ་ཡིན། རང་གིས་ང་ལ་སྐད་ཆ་ཚིག་རེ་ཙམ་བཤད་ན་ཡང་སྐོམ་པ་ལ་ཆུ་རག་པ་ནང་བཞིན་བདེ་བ་དང་ཡིད་ཚིམ་གི་ཡོད། ཡིན་ན་ཡང་རང་གིས་ང་ལ་དེ་ཙམ་ཡང་སྒྲུབ་ཀྱི་མི་འདུག། ངས་རང་ལ་བརྩེ་བ་ལྷད་མེད་ཡོད་ནས་ལོ་ངོ་བཅུ་ཕྱིན་རེད། ལོ་ངོ་བཅུ་རེད། དེ་ཡང་རེ་སྒུག་ཀྱི་ལོ་ཟླའི་ཁྲོད་ཀྱི་བརྩེ་དུང་རེད་གདའ། ངའི་མི་ཚེའི་ནང་རང་བློ་གཅིག་སེམས་གཅིག་གི་དགའ་བའི་མི་དེ་རང་ཁོ་ན་ཡིན། ཡ་ཡ། ད་བཤད་ཡ་མིན། དེ་རིང་གི་སྐད་ཆ་འདི་དག་ཚང་མ་ངས་མིག་ཟུང་འཆི་མས་ཁེངས་བཞིན་བཤད་པ་རྐྱང་རྐྱང་ཡིན། དེ་ཡང་ངས་རང་ལ་སྐུར་རྒྱུའི་ཡིག་གེ་མཐའ་མ་དེ་ཡིན་སྲིད།། ཁྱོད་མི་ཚེ་སྐྱིད་པོ་ཡོང་པར་ཤོག ང་ནམ་ཡང་ཁྱོད་ལ་དགའ། xxxx ནས།།
བདག ཀྱེ་སྙིང་ནས་བརྩེ་བའི་xxxxལགས་མཚན་བདེ་ཞུ། ཉིན་ཤས་སྔོན་ཁྱེད་ཀྱིས་བཏང་བའི་བརྩེ་འཕྲིན་དག་ངས་གསལ་བོར་བཀླགས་ནས་ཡིད་སེམས་གཏིང་ནས་བསྒུལ་བྱུང་། ཡིག་ལན་ཞིག་འབྲི་དགོས་སམ་ཡང་སྨན་ཁང་ནས་སྟབས་བདེ་མ་བྱུང་། དེ་ལ་ཁྱེད་དགོངས་པ་གཏན་ནས་མ་ཚོམས། ང་ལ་བསམ་ཤེས་གནང་རོགས། དེ་མིན་ང་ཁྱེད་ལ་མ་དགའ་བ་དང་ངས་ཁྱེད་ཀྱི་ལྷད་མེད་བརྩེ་དུང་ལ་སྣང་མེད་བྱས་པ་དེ་འདྲ་གཏན་ནས་མིན། མ་ཟད་ཁྱེད་ཀྱིས་ང་ལ་དེ་འདྲའི་ཟོལ་མེད་བརྩེ་དུང་ཞིག་བཅངས་ཡོད་པར་ངས་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། ང་ཁྱེད་ལ་ནམ་ཡང་དགའ།
དེ་རིང་ང་སྨན་ཁང་ནས་ཐོན་ཡིན། བྱ་བ་ལམ་དུ་འགྲོ་མ་སོང་། འོན་ཀྱང་ཁྱེད་སེམས་ཁྲལ་མི་དགོས། ང་ལ་ན་ཚ་གང་ཡང་མི་འདུག དམིགས་ཡུལ་མ་འགྲུབ་པ་མ་ཟད་འགྲོ་སོང་ཡང་མང་པོ་འགྲོ་སོང་། འོན་ཀྱང་མི་སྐྱོན། ཉིན་ཤས་རྗེས་ང་ཕྱིར་རྡ་རམ་ས་ལར་ཡོང་གི་ཡིན། དེ་དུས་ཐུག ཁྱེད་ལ་སྙིང་ནས་བརྩེ་བའི་xx་གྱིས་སྐྱོ་སེམས་དང་བཅས་ཕུལ།
ཇོ་གཞས་མ། ངས་དེ་རིང་རང་ཡག་པོ་མཐོང་སོང་། ངོ་མ་སེམས་དགའ་སོང་།
མི་གཅིག་ལ་བརྩེ་བ་ཟོལ་མེད་ཡོད་དུས་ཐག་རིང་ནས་མཐོང་ཙམ་བྱས་ན་ཡང་སེམས་ལ་བདེ་སྐྱིད་ཡོང་ཁི། ངོ་མ་ཡིན། ཡ་ཡ། བདེ་མོ་བྱོས། ངའི་སྙིང་གི་དུང་བ་ཡོད་ཚད་འབུལ་སའི་སྙིང་གྲོགས་གཅིག་པུ་དེ་ཁྱེད་རང་ཡིན། ང་ཁྱེད་ལ་ཐུག་དབང་དང་འགྲོགས་དབང་མེད་རུང་ངའི་སེམས་ནང་ཉིན་ལྟར་ཁྱེད་དྲན་བཞིན་ཡོད། ང་ཁྱེད་དང་འབྲེལ་བ་ཡོད་པ་ཙམ་གྱིས་ངའི་བློ་ཡིད་ཚིམ་སོང་། ང་ནམ་ཡང་རང་ལ་དགའ།
ཇོ་གཞས་མ། ད་འགྲིག་སོང་གེ་བཤད་མི་དགོས།། ཟླ་ལྔ་དྲུག་བསྡད་དུས་ཉིན་གཅིག་ཙམ་ཡང་དུས་ཚོད་མེད་ལབ་ཡ་དེ་འདྲ་སུ་ལ་ལབ་ན་བདེན་པ་འཛིན་གི་མ་རེད། ང་རང་ལ་དགའ་པོ་དང་ཐུག་འདོད་འདི་འདྲ་ཡོད་ན་ཡང་རང་གིས་ང་ལ་གོ་སྐབས་མི་སྤྲད། ངོ་མ་སྙིང་ལ་གྲི་གཙུག་པ་ལྟར་ན་ཚ་བཏང་གི་འདུག ང་ཡང་བུ་མོ་གཅིག་ཡིན་གདའ།། སྙིང་དེ་ཤ་ཁྲག་ནས་གྲུབས་པ་རེད།བརྩེ་དུང་གི་དགའ་སྐྱོ་ཚོར་མཁན་ཞིག་རེད་གདའ།།
ཇོ་གཞས་མ། མིག་ཆུ་ཡིས་སྙེས་འབོལ་རློན་པ་ཆགས་བཞིན་ངོ་གདོང་མཆི་མས་་ཁེངས་བསྡད་པ་རང་གིས་ནམ་ཡིན་ན་ཡང་སྣང་བ་བཏང་གི་མི་འདུག རང་གིས་བརྩེ་དུང་ལ་དྲང་བཞག་མི་འདུག ངོ་མ་ཡིན། ལོ་བཅུ་རེད་གདའ། ངས་ལོ་བཅུ་སྒུག་ཡིན། རེ་བ་གཅིག་ལས་མེད། ཡང་ན་ཁ་སང་ལབ་ཡོད་ན་དེ་རིང་ང་དུས་ཚོད་ཡོད། ཉིན་གང་ནང་བསྡད་ཡིན། ། རང་གིས་ངོ་མ་ང་ལ་མནར་གནོད་བཏང་གི་འདུག
ཇོ་གཞས་མ། 真爱一个人,就是能真心包容一个人。喜欢他的优点,也能容忍他的缺点。爱他,不是因为他给予了我什么,也不是因为他能带给我什么,更不是一种付出的回报,而是发自内心地想为他做些什么,想着能否为他锦上添花。爱他,就是不在乎别人的赞美或诽谤,却会很在乎他的肯定和挑剔。他的一句肯定抵得上别人一千次的夸奖和吹捧;而即使是他不经意的一句挑剔,也会让我踌躇很久,忐忑很久。真爱只求一件事,就是能彼此深深地理解和支持,直到永远!
ཇོ་གཞས་མ། ཡ་དེ་ནས་ཅི་བྱེད་ཀྱི་ཡོད་དམ། མཛད་འཕྲིན་གྱིས་དུས་ཚོད་སྐར་ཆ་གཅིག་ཙམ་ཡང་སྟོང་པ་མི་འདུག་བ། ངོ་མ་ཧ་ལས་པ་རེད། ངའི་ཤག་ནས་ང་གཉིས་ཁ་བྲལ་སྐབས་རང་གིས་ང་ལ་བལ་ཡུལ་སླེབས་དུས་སྐད་ཆ་བཤད་ཡོང་ཨ། འདི་ན་ལས་སྟབས་བདེ་བ་ཡོད་རེད་ལབ་སོང་། ང་ཡང་ཡིད་ཆེས་ཐག་ཆོད་ནས་སྟོང་བསམ་ཁོག་གང་འཆང་བཞིན་སྡད། ཧཧཧ། རང་གིས་ང་ལ་ཤ་ཚ་དང་སྣང་བ་གཏོག་ཙམ་ཞིག་བཏང་གི་ཡོད་ན་བྱེད་སྟངས་འདི་ལས་ཡག་ཙམ་ཡོད་སྲིད། རང་བློ་བདེ་པོ་གྱིས་རང་ལ་འཁང་ར་ག་གེ་མེད། ད་ལོ་རང་གིས་ཐོག་མར་ང་དང་སྐད་འཕྲིན་འབྲེལ་བ་བྱེད་ཡོང་དུས་ང་ག་ཚོད་དགའ་ཡོད་རང་གིས་ཧ་གོ་གི་མ་རེད། དེའི་དགོང་མོར་མཚན་ལ་གཉིད་སད་ནས་ཁ་པར་ཡང་ཡང་ལྟ་དགོས་ཐུག་སོང་། ཡག་བྱུང་ཨ། མི་ཚེའི་འདིའི་་ནང་རང་གིས་ང་ལ་རིན་ཐང་བྲལ་བའི་དྲན་གསོ་མང་པོ་སྤྲད་སོང་། ངོ་མ་ཡིན། ང་ལྷོད་ལྷོད་ཡོད་དུས་ལམ་སང་མར་ཉལ་ཁྲིའི་སྒང་ཉལ་ནས་རང་གི་སྐད་འཕྲིན་ནང་དུ་སེམས་ནང་བསམ་ཚད་འབྲི་གི་ཡོད། ཡིན་ན་ཡང་རང་ལ་བཏང་ནུས་ཀྱི་མི་འདུག རང་ང་ལ་སུན་ཡོང་བསམ་གྱི་འདུག ཡ་ཡ། རང་ལ་ཡག་བྱུང་ཟེར་ཡ་ཡིན་ང་ལ་རིན་བྲལ་གྱི་དྲན་གསོ་དང་འགྱོད་མེད་ཀྱི་རེ་སྒུག་མང་པོ་སྤྲད་སོང་། གཟིམས་བདེ།
བདག སྙིང་ནས་བརྩེ་བའི་སེམས་སོང་ལགས། དུས་ལྟར་ཁྱེད་ལ་ལེན་སྟེར་མ་ཐུབ་པར་དགོངས་ཡང་མཛོད། ཁ་སང་ཉིན་གཉིས་རིང་རི་སྒང་ལ་སོང་ནས་བརྡ་རྟགས་མི་འདུག དེ་རིང་ས་རུབ་ཁ་རང་ཐོན་ཡིན། དེ་ནས་ཁྱེད་ཀྱིས་ང་ལ་བཅངས་བའི་བརྩེ་དུང་དེ་ག་རང་ང་ཡང་ཁྱེད་ལ་ཡོད། སེམས་བདེ་མཛོད། དེ་ནས་ས་འདིར་ང་ལ་ཉེན་ཁ་གང་ཡང་མི་འདུག སེམས་བདེ་མཛོད། ཁྱེད་ཀྱིས་ཐུགས་ཚབ་གནང་བར་བཀའ་དྲིན་ཞུ། གཟིམ་བདེ་ཞུ། རྨི་ལམ་ཡག
ཇོ་གཞས་མ། ང་ངོ་མ་རང་ལ་ཧ་ཅང་དགའ་ཁི། ང་ལ་འདི་ལྟར་རང་གིས་ཡ་ལན་ཚིག་གཅིག་མེད་ཀྱང་རང་ལ་འབྲེལ་བ་བྱེད་ས་གཅིག་ཡོད་པ་ཙམ་གྱི་ཡིད་ཚིམ་གྱི་འདུག། རང་ངའི་སེམས་ནང་རྩ་ནས་ནོག་ཐབ་མེད་པའི་མི་གཅིག་པུ་དེ་ཡིན། ང་རང་དགའ།
ཇོ་གཞས་མ། 对不起。我真的很想你!有时候真的很伤心,因为当初你没有找我。但有时候也很高兴在我的人生里能遇到你是我的福气……说来说去,我真的很爱你…也许你不知道我是多么的爱你。
说实话,我当初从离家出走的时候都没有哭过,但我为了你流过不少的泪,因为我爱你.
ཇོ་གཞས་མ། ད་ཡིན་ན་ཡ་མི་བྱེད་ཐག་ཆོད་ཡིན་པ་འདྲ། ཡ་ཡ། དེ་ཡིན་ན་ངས་ཡང་ཨུ་ཚུགས་བྱེད་ན་ཅི་ཕན། ངས་རང་གི་འཚོ་བ་ལ་འགོག་རྐྱེན་ག་གེ་མི་བྱེད་ཡ་དམ་བཅའ་ཡིན། ཡིན་ན་ཡང་ངས་རང་ལ་བརྩེ་བ་ལྷད་མེད་ཡོད་ཙང་རང་གིས་ང་ལ་ཁ་ཡ་ཙམ་བྱེད་ན་འདོད་པ་ཚིམ་གྱི་འདུག ཡ་ཡ་ད་དེ་ཙམ་ཡང་བྱེེད་མ་ཐུབ་ན། གེ་བཤད་ཡ་མེད། རང་གིས་ང་ལ་ཡ་མེད་འདི་འདྲ་བཏང་དུས་ངའི་སེམས་ནང་ལ་བརྩེ་དུང་ཟེར་ཡ་དེ་བདེན་པ་ཞིག་དང་འགྱུར་མེད་ཀྱི་བརྩེ་དུང་ཟེར་ཡ་ཞིག་རྩ་ནས་མེད་པར་ད་ཡིད་ཆེས་སོང་། ངོ་མ་ཡིན། དེ་སྔོན་ངའི་རང་ལ་འཆང་བའི་ལྷད་ཀྱི་བརྩེ་བ་དང་ཡིད་ཆེས་ད་དུང་ལོ་ངོ་བཅུ་ཙམ་སེམས་གཏིང་ནས་བརྗེད་མེད་ཉར་སྡད་པ་དེ། རིན་ཐང་ཅི་གང་མེད་པར་ཞིག་ཆགས་སོང་།
ཇོ་གཞས་མ། 你对我说过你知道感情的价值可为什么对我这么无情啊!有一种想见不敢见的伤痛,有一种爱还埋藏在我心中,我只能把你放在我的心底最柔软的地方.
རང་གིས་ང་ལ་མགོ་འཁོར་འདི་འདྲ་གཏོང་དོན་ཅི་ཡིན་ནམ། ངས་རང་ལ་གནོད་ག་གེ་བྱས་མེད། རང་ལ་བརྩེ་བ་ལྷད་མེད་ཡོད་མཁན་གཅིག་ལ་རང་གིས་མགོ་འཁོར་གཏོང་དོན་ཅི་ཡིན་ནམ།
འཕྲིན་ཡིག་འདི་ནས་རྫོགས་པ་རེད། ངས་མུ་མཐུད་འཕྲིན་ལན་སྤྲད་མེད། ཁྱོད་ཚོས་བསམ་ན་ང་མི་ཁྲེལ་མེད་ཅིག་རེད་བསམ་སྲིད་པ་རེད། བདག་ནི་གྲྭ་ལོག་ཅིག་ཡིན། འཇིག་རྟེན་འཁོར་བའི་མངར་སྐྱུར་ཁ་གསུམ་གྱི་བྲོ་བ་མྱོང་ཚར་ཡོད། སྐྱིད་ཟེར་ན་ལག་མགོ་ཙམ་མེད་པ་རྟོགས་སོང་། དེ་བས་སྙིང་རྗེ་བའི་ཇོ་མོ་འདི་འཁོར་བའི་འདམ་རྫོབ་ནང་གཏན་ནས་འདྲུད་མི་འདོད། མོས་རང་གི་འདོད་མོས་ཡོད་པའི་སྒོ་ནས་འདམས་པའི་གྲྭ་ལམ་འདི། ངས་ཀྱོག་ཀྱོག་བཟོ་ན་མ་འདོད་པས་མོ་ལ་འཕྲིན་ལན་མ་སྟེར་བ་དེར། ཁྱོད་ཚོས་བསམ་ཤེས་དགོས་ངེས་ཡིན། སྤྱིར་ན་འཚོ་བ་ནི་ཐུག་པ་ལྟ་བུ་རེད། བརྩེ་དུང་ནི་ཐུག་པའི་ནང་གི་ཤ་ལྟ་བུ་རེད། འདོད་ལྡན་ཚང་མ་དེ་ལ་དགའ་བོ་ཡོད་རེད། ཇོ་མོ་འདི་ལའང་ཁག་ཡོད་ས་མ་རེད།
ཉིས་སྟོང་ཉི་ཤུའི་ལོ་སྟོད་ལ་བྲིས།