འབའ་སྲས།
ཁྱེད་ནི་ཁོ་ཡི་སྙིང་གི་ནོར་བུ་དང་།།
མི་ཚེ་འཚོ་ལམ་བགྲོད་པའི་ལམ་ཁ་ཡིན།།
གལ་སྲིད་ཁྱོད་ནི་རྒྱང་ལ་གྱེས་ཟིན་ན།།
ང་ཡང་འདི་ལྟར་སྡོད་ལ་བློ་མ་སྐྱེས།།
བདག་ལ་མཚོན་ན་ཁྱོད་ནི་ཉི་མའི་འོད།།
དྲོད་དང་དཀར་བའི་འོད་ཆ་ཁྱོད་ཉིད་ལགས།།
ང་ལ་མཚོན་ན་ཁྱོད་ནི་ཚ་བའི་མེ།།
ཁྱོད་དང་གྱེས་ཚེ་བདག་ནི་གྲང་བས་མཆི།།
ང་ལ་མཚོན་ན་ཁྱོད་ནི་ལྷག་པའི་ལྷ།།
བརྩེ་བའི་སྐྱབས་སུ་འགྲོ་བ་ཁྱོད་གཅིག་གྲང་།།
ཁྱེད་ཀྱི་མཛེས་པའི་འཛུམ་ལ་བྱིན་རླབས་མཆིས།།
ཁྱེད་ཀྱི་ལུས་ན་སྒྲོལ་མའི་སྐུ་བརྙན་ཤར།།
དེ་བས་འཇིག་རྟེན་བརྩེ་བའི་འཁོར་བ་ན།།
ཁྱོད་ནི་མེད་ན་བདག་ཀྱང་མེད་པ་སྟེ།།
ཁྱོད་དང་ངེད་གཉིས་ལུས་རྟེན་མི་གཅིག་ཀྱང་།།
ཆེས་ཆེར་དགའ་བས་སྲོག་རྩ་གཅིག་ཏུ་སྦྲེལ།།
ཁྱེད་ཉིད་དགོད་པའི་དུས་ན་ང་ཡང་འཛུམ།།
ཁྱེད་ཉིད་ཞུམ་པའི་དུས་སུ་ང་ཡང་ཉམ།།
གང་ལྟར་ཁྱེད་ལ་འགྱུར་ལྡོག་ཅི་བྱུང་ཡང་།།
ང་ཡང་དེ་ལས་བཟློག་ཐུབ་མེད་པ་འོ།།
ཧོ་ཧོ། གཏོང་ནོར་གྱིས་ཁ་བརྡ་ཚང་ལ་སོང་བར་མ་ཚད། བཀོད་བཏང་ཟིག ཡ་ཡ། ད་མི་སྐྱོན་གི མཆི་དེ་འཆི་ལ་བཅོ་རོགས།
༼ཁྱོད་གཅིག་གྲང་༽གྲང་དེ་བཅའ་རྒྱུ་ཡིན་ནམ་སྐྱུར་རྒྱུ་ཡིན།
༼ཁྱེད་ཀྱི་མཛེས་པ༽ པ་དེ་གང་ལ་སྒྱུར་རམ་འཇོག་རྒྱུ་ཡིན།
༼ཁྱེད་ནི་ཁོ་ཡི་༽ ཁོ་དེ་ང་ལ་གོ་སྟངས་མི་འདུག་པས། སྡིག་པར་མྱིག་བཙུན་བྱེད་དམ་སེལ་རྒྱུ་ཡིན།
༼གཏོང་ནོར་གྱིས་༽ གྱིས་དེ་སྐུལ་ཚིག་བྱེད་དམ་དག་རྒྱུ་ཡིན། ཧ་ཧ་ཧ།
ཁྱོད་གཅིག་གྲང་། འདི་སྐུ་ཉིད་ཀྱིས་གོ་མི་འདུག རང་འཇགས་ཞོག ཁོ་ཡང་དེ་བཞིན། ཁྱེད་ཀྱི་མཛེས་པ་ཡང་སྒྱུར་ས་ཕུད་ས་ཞིག་མི་རང་འཇགས་བཞག་ན་དེ་ལས་བཟང་།
མི་འདུག
ལ་ལགས་སོ་ཞུ་བ་ལས་གཞན་བཤད་ཡ་མེད། ཐུགས་རྗེ་ཆེ། རྒན་ལགས།