དོལ་སྨྱོན།
ཁྱོད་ཀྱིས་བརྗོད་ན་བརྩེ་དུང་ནི་བདེ་སྐྱིད་ཀྱི་ངོ་བོ་ཡིན་ཟེར།
ཁོང་གིས་བཤད་ན་བརྩེ་དུང་ནི་སྡུག་བསྔལ་གྱི་རྨང་གཞི་རེད་ཟེར།
བདག་གིས་བསམ་ན་བརྩེ་དུང་ནི་མངོན་ལྐོག་མེད་པའི་ཡིད་ཆེས་བྱེད་སྟངས་ཤིག་གོ།།
གཞན་དེས་བརྗོད་ན་བརྩེ་དུང་ནི་ཆེས་དྭངས་གཙང་གི་མེ་ཏོག་ཆ་གཅིག་ཡིན་ཟེར།
ཁོང་གིས་བཤད་ན་བརྩེ་དུང་ནི་སྒོར་མོས་ཉོ་ཆོག་པའི་ཁྲོམ་རྭའི་འཚོང་རྫས་ཤིག་རེད་ཟེར།
བདག་གིས་བསམ་ན་བརྩེ་དུང་ནི་མཆོག་དམན་ཀུན་ལ་དབང་བའི་འགྲོ་བའི་སྤྱི་ནོར་ཞིག་གོ།།
ཁོང་གིས་བཤད་ན་བརྩེ་དུང་ནི་མདུན་ལམ་གྱི་འགག་རྡོ་རེད་ཟེར།
ཁྱོད་ཀྱིས་བརྗོད་ན་བརྩེ་དུང་ནི་མདུན་ལམ་གྱི་རྨང་གཞི་ངོ་མ་དེ་ཡིན་ཟེར།
བདག་གིས་བསམ་ན་བརྩེ་དུང་ནི་མདུན་ལམ་ལ་བཟི་འོད་བསྐྲུན་པའི་འོད་ཟེར་སྟོང་ལྡན་ཞིག་གོ།།
ཁོང་གིས་བཤད་ན་བརྩེ་དུང་ནི་རང་དབང་གི་དགྲ་བོ་ཡིན་ཟེར།
གཞན་དེས་བརྗོད་ན་བརྩེ་དུང་ནི་ཐོབ་ཤོར་གྱི་གཡུལ་ས་རེད་ཟེར།
བདག་གིས་བསམ་ན་བརྩེ་དུང་ནི་མིག་ཆུའི་བཞུར་རྒྱུན་རིང་མོ་ཞིག་གོ།།
ཁོང་གིས་བཤད་ན་བརྩེ་དུང་ནི་འགྲེལ་མི་ཤེས་པའི་ཐ་སྙད་ལྕི་མོ་ཞིག་ཡིན་ཟེར།
གཞན་དེས་བརྗོད་ན་བརྩེ་དུང་ནི་དབང་མི་ཐུབ་པའི་ལས་དབང་ངར་མོ་ཞིག་རེད་ཟེར།
བདག་གིས་བསམ་ན་བརྩེ་དུང་ནི་བརྗོད་དཀའ་བའི་གསང་བའི་མདུད་པ་དམ་པོ་ཞིག་གོ།།
ཁྱོད་ཀྱིས་བཤད་ན་བརྩེ་དུང་ནི་ཟད་དུ་མེད་པའི་ཡིད་ཀྱི་ལོངས་སྤྱོད་ཅིག་ཡིན་ཟེར།
ཁོང་གིས་བརྗོད་ན་བརྩེ་དུང་ནི་གསབ་ཏུ་མེད་པའི་སེམས་ཀྱི་ན་ཟུག་ལྕི་མོ་ཞིག་རེད་ཟེར།
བདག་གིས་བསམ་ན་བརྩེ་དུང་ནི་སྙིང་དམར་པོ་དུམ་བུར་གཤོག་པའི་རལ་གྲི་རྣོན་པོ་ཞིག་གོ།།
༡༩།༠༢།༢༠༡༥།
བརྩེ་དུང་ཟེར་བའི་ཐ་སྙད་འདི་ལ་གོ་བ་མང་པོ་ཡོད་འདའ་།
དབྱིན་སྐད་ནང་(། Love) ཟེར་བ་དེ་དང་བོད་སྐད་ནང་བརྩེ་བ་ཟེར་བ་་གཉིས་
ལ་ཡང་་ཁྱད་པར་ཡོད་།
རང་ལས་ཞན་པའི་མི་དང་སེམས་་ཅན་ལ་ཕན་སེམས་འཆང་བའི་བརྩེ་བ་ནི་ཆོས་
མཐུན་གྱི་བརྩེ་་བ་ངོ་མ་དེ་ཡིན་པ་དང་།
དེ་མིན་དེང་སང་ཆགས་དཔྱོད་་དང་འབྲེལ་བའི་བརྩེ་བ་ནི་གནས་སྐབས་ ཀྱི་
འདོད་བདེ་གསེལ་བ་ཙམ་ལས་མཐར་ཐུག་གི་བདེ་བ་སྒྲུབ་པའི །་བརྩེ་བ་མིན་པ་དང་།
དེང་སང་སྤྱི་ཚོགས་་འཁྲུགས་ཆ་ཆེ་བས་ དངུལ་དང་འདོད་ཆགས་ཆེད་མགོ་སྐོར་
ཅན་གྱི་བརྩེ་དུང་མང་པོ་མཐོང་རྒྱུ་འདུག་ལ་བཟའ་ཚང་ཁ་འཐོར་ནས་འགྲོ་
མཁན་ཡང་མང་པོ་མཐོང་རྒྱུ་འདུག་ན་དེ་ཚོ་ལ་ཞིབ་ཏུ་དཔྱད་སྐབས་ ཚེ་འདི་གི་
འདོད་བདེ་སྒྲུབ་ཡས་ཤ་སྒག་ལས་ཚེ་འཆི་མའི་དོན་དུ་བརྩེ་དུང་ཡོད་མཁན་
དཀོན་པོ་རེད་འདའ་།
བརྩེ་བའི་འགྲེལ་པ།
ལུས་ཤེད་ལས་འབྱུང་བརྩེ་དང་གཅིག །
སེམས་ཤེད་ལས་འབྱུང་བརྩེ་དང་གཉིས། །
ཆོས་ཤེད་ལས་འབྱུང་བརྩེ་དང་གསུམ། །
གོང་ནས་གོང་དུ་ཁྱད་པར་འཕགས། །
བདག་གོང་གིི་རྩོམ་ཐུང་དེའི་ཡིག་གཟུགས་ལ་དགའ་སོང་།
ཁ་བརྡས་ཡིག་གཟུགས་ལ་འགྱུར་བ་བཏང་བ་ཡིན་ནམ། སྔོན་མ་ལྟར་བདེ་སྣང་ཞིག་མི་འདུག
ཡིག་གཟུགས་གལ་མི་ཆེ་དོན་དག་གལ་ཆེ་།
ཁྱོག་ཀྱོག་ཡིག་གེ་ཞུ་ལྟར་ཀྱོག་གྱུར་ཀྱང་།
དོན་རྩ་འདའ་ལས་འདྲོང་པ་དེ་རུ་ཚང་།
སེལ་དང་བསལ་དང་བསལ་དང་སོལ།
དུས་གསུམདང་ནི་སྐུལ་ཚིག་སྙམ།
འདས་ལ་ཡང་འཇུག་མ་འོངས་མེད།
སྐུལ་ཚིག་ཡང་འཇུག་ད་བཤུལ་ཟེར།།
འདི་ལ་འཐད་དང་མི་འཐད་པའི།
དགག་སྒྲུབ་བོད་ཀྱི་སྐད་ལ་ཕན།
དོན་དག་་མེད་པའི་བཀྱལ་ཚིག་ལ།
བློ་ལྡན་བཟོད་པ་སྒོམ་པར་བྱེད།།
སྤྱོད་དང་སེལ་དང་བསལ་དང་བསལ་དང་སོལ།
དུས་གསུམདང་ནི་སྐུལ་ཚིག་སྙམ།
འདས་ལ་ཡང་འཇུག་མ་འོངས་མེད།
སྐུལ་ཚིག་ཡང་འཇུག་ད་བཤུལ་ཟེར།།
འདི་ལ་འཐད་དང་མི་འཐད་པའི།
དགག་སྒྲུབ་བོད་ཀྱི་སྐད་ལ་ཕན།
དོན་དག་་མེད་པའི་བཀྱལ་ཚིག་ལ།
བློ་ལྡན་བཟོད་པ་སྒོམ་པར་བྱེད།།
སྤྱོད་དང་དཔྱོད་ཀྱི་ཁྱད་པར་ཡང་།
ཁོ་བོ་ལྟ་བུས་ནོར་ལྟ་ཅི།
བཤེས་སྤྲིངས་དཔེ་ཆ་གསུམ་མཐོང་བ།
གསུམ་ཀ་ན་ཡང་སྤྱོད་པ་བྲིས།།
དེ་ལྟར་མ་ཡིན་པར་འདི་ལྟར་འབྲི་དགོས་ཏེ།
་
འདོད་དཔྱོད་དགའ་དང་བདེ་དང་སྡུག་བསྔལ་དག
རྣམ་པར་སྤངས་པའི་བསམ་གཏན་བཞི་པོ་ཡིས། ༤༡
་
བསས་གཏན་དང་པོས་འདོད་པ་སྤངས་ལ་དཔྱོད་པ་སྤངས་མེད་པ་དང་། བསམ་གཏན་གཉིས་པས་དཔྱོད་པ་སྤངས། གསུམ་པས་དགའ་བ་སྔངས། བཞི་པས་བདེ་བ་སྤངས་དགོས་པར་མགོན་པོ་ཀླུ་སྒྲུབ་ཀྱིས་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་གསུངས་སོ།
སེལ་དང་བསལ་དང་བསལ་དང་སོལ།
དུས་གསུམདང་ནི་སྐུལ་ཚིག་སྙམ།
འདས་ལ་ཡང་འཇུག་མ་འོངས་མེད།
སྐུལ་ཚིག་ཡང་འཇུག་ད་བཤུལ་ཟེར།།
འདི་ལ་འཐད་དང་མི་འཐད་པའི།
དགག་སྒྲུབ་བོད་ཀྱི་སྐད་ལ་ཕན།
དོན་དག་་མེད་པའི་བཀྱལ་ཚིག་ལ།
བློ་ལྡན་བཟོད་པ་སྒོམ་པར་བྱེད།།
སྤྱོད་དང་དཔྱོད་ཀྱི་ཁྱད་པར་ཡང་།
ཁོ་བོ་ལྟ་བུས་ནོར་ལྟ་ཅི།
བཤེས་སྤྲིངས་དཔེ་ཆ་གསུམ་མཐོང་བ།
གསུམ་ཀ་ན་ཡང་སྤྱོད་པ་བྲིས།།
དེ་ལྟར་མ་ཡིན་པར་འདི་ལྟར་འབྲི་དགོས་ཏེ།
་
འདོད་དཔྱོད་དགའ་དང་བདེ་དང་སྡུག་བསྔལ་དག
རྣམ་པར་སྤངས་པའི་བསམ་གཏན་བཞི་པོ་ཡིས། ༤༡
་
བསས་གཏན་དང་པོས་འདོད་པ་སྤངས་ལ་དཔྱོད་པ་སྤངས་མེད་པ་དང་། བསམ་གཏན་གཉིས་པས་དཔྱོད་པ་སྤངས། གསུམ་པས་དགའ་བ་སྔངས། བཞི་པས་བདེ་བ་སྤངས་དགོས་པར་མགོན་པོ་ཀླུ་སྒྲུབ་ཀྱིས་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་གསུངས་སོ།
འབྲེལ་མེད་མཆན་འདེབས་ལས་མེད་དྲ་འབུའི་ལུགས་།
འབྲེལ་ཆགས་འཆན་འདེབས་མཁས་པའི་རྣམ་དཔྱོད་རེད་།
དེ་གཉིས་མ་ནོར་ཟུར་གནས་མཁས་པ་ཚོ།
དེ་གཉིས་ནོར་ན་མཁས་པའི་མིང་ཙམ་རེད་།
རྩོམ་པ་པོ་ཞིག་ལ་མཚོན་ན་རང་གི་རྩོམ་ཡིག་ལ་དུང་བ་དཔེ་མེད་ཅིག་ཡོད་སྲིད་ངེས་ལ།
ཀློག་པ་པོ་ཞིག་ལ་མཚོན་ནའང་རྩོམ་ཡིག་ལ་དགའ་བ་དཔག་མེད་ཅིག་ཡོད་སྲིད།
དེས་ན་དེབ་གཟུགས་སུ་བཀོད་པའི་རྩོམ་ཡིག་ཡིན་ནའང་འདྲ། དྲ་ངོས་སུ་བཞག་པའི་རྩོམ་ཡིག་ཡིན་ནའང་རུང་། ཡིག་གཟུགས་དང་འཇུས་འགོད་ཀྱི་རྣམ་པ་ནི་ཆེས་གལ་ཆེ་བ་ཞིག་སྟེ། རྩོམ་པ་པོ་དང་ཀློག་པ་པོ་གཉིས་ཀ་ལ་དབང་བའི་མཐུན་མོངས་པའི་བདེ་བ་ཞིག་གོ།།
རྩོམ་ཞིག་དང་པོ་ཁ་བརྡར་འགོད་དུས་སུ་གཟབ་དགོས་པ་མང་དུ་སྣང།
དཔེར་ན་རྩོམ་འདི་ཡི་འགོ་བརྗོད་དུ། ༼བརྩེ་དུང་འགྲེལ་བ།༽ ཞེས་བྲིས་འདུག་པས་འགོ་བརྗོད་ཀྱི་དག་ཆར་མནོ་བསམ་ཞིག་གཏོང་དང་འགྲེལ་བཤད་གང་འདྲ་བརྒྱབ་དགོས་མིན། བརྩེ་དུང་རྩ་བར་བཞག་ནས་དེ་ལ་འགྲེལ་བ་ཞིག་བརྩམས་པའི་དོན་ཡིན་ནམ་ཡང་ན་དེ་ལས་གཞན་པའི་འགྲེལ་བཤད་ཡོད་་་ངས་དངོས་གནས་གོ་བ་ལོན་མ་སོང།
བརྩེ་གདུང་གི་གཏམ་ལ་རྩོད་རྙོག་ཉུང་ན་དགའ།