བཙན་པོའི་རྒྱལ་རབས་འཐོར་ཤིག་ཏུ་ཕྱིན་པ་ནས་སྤྱི་ལོ་༡༩༥༩ ལོར་བོད་ཁྱོན་ཡོངས་རྫོགས་རྒྱ་འོག་ཏུ་མ་ཤོར་བར། ང་ཚོའི་ཕ་མེས་ཚོས་རྒྱ་ཆེ་བའི་ཞིང་འབྲོག་མི་དམངས་ལ་ཚན་རིག་དང་ལག་རྩལ་སོགས་དེང་རབས་ཤེས་ཡོན་སློབ་སྦྱོང་གི་ཆ་རྐྱེན་སྐྲུན་རྒྱུ་ཕར་ཟད། ཐ་ན་ཞིང་འབྲོག་གི་བུ་ཕྲུག་ཚོར་ཡི་གེ་འབྲི་ཀློག་ཐུབ་པའི་མཐུན་རྐྱེན་ཙམ་ཡང་སྐྲུན་མྱོང་མེད།
དུས་རབས་ཉི་ཤུ་བའི་མགོ་སྟོད་དུ་བྱང་ཨ་རི་དང་། ནུབ་ཡུ་རོབ། ཤར་ཉི་ཧོང་སོགས་ང་ཚོ་དང་རྒྱང་ཐག་ཉེ་རིང་གི་རྒྱལ་ཁབ་མང་བོས་མཁའ་དབྱིངས་སུ་གནམ་གྲུ་བཏང་ཞིང་། མཚོ་ཐོག་ཏུ་རྡུལ་ཕྲན་འབར་མདེལ་དབོར་འདྲེན་བྱེད་པའི་འཚུབ་ཆ་ཆེ་ཞིང་། སྐམ་ས་ཁག་ཏུ་རྒྱ་མཚོ་ནས་རྒྱ་མཚོ་སྦྲེལ་བའི་ལྕགས་ལམ་དང་གཞུང་ལམ་བསྐྲུན་ཏེ། ཚུ་ཚོད་ཉེར་བཞིའི་ནང་ལེ་དབར་སྟོང་ཕྲག་ལ་འགྲུལ་བཞུད་བྱེད་ཀྱིན་ཡོད་ནའང། ང་ཚོ་ནི་རྐང་འགྲོས་དང་གཡག་རྒྱབ་ལ་བརྟེན་ནས་ཧི་མ་ལ་ཡའི་རི་སུལ་དུ་ནུར་བགྲོིད་བྱས་ནས་བསྡད་ཡོད།
འཛམ་གླིང་དམག་ཆེན་གཉིས་པའི་སྔ་རྗེས་སུ་འཛམ་གླིང་ཤར་ནུབ་ཀྱི་རྒྱབ་ཁབ་ཁག་མང་བོས། རྒྱལ་ཁབ་དང་ས་ཁྱོན་ལ་བསྐྱར་བགོས་ཡང་བགོས་ཀྱིས་བདག་དབང་གཏན་འབེབས་བྱེད་ཀྱིན་ཡོད་ན་ཡང་། ང་ཚོ་ནི་དུས་ཆེན་ཁག་གི་ལྷ་མོ་དང་འབག་འཆམ་སོགས་ལོ་ངོ་བརྒྱ་ཕྲག་ལ་ཡར་རྒྱས་མེད་པའི་གར་འཆམ་ཁ་ཤས་ལ་ཧལ་ནས་བསྡད་ཡོད།
ཡིན་ནའང་དེ་དག་ནི་འདས་ཟིན་པའི་ལོ་རྒྱུས་རེད། ང་ཚོ་ཁ་སང་གི་ལོ་རྒྱུས་ཀྱི་ཞིང་ཁམས་ཉུལ་བས་དེ་རིང་གི་དཀའ་ངལ་སེལ་མི་ཐུབ་ལ། སང་ཉིན་གྱི་བདེ་སྐྱིད་ཀྱང་བསུ་མི་ཐུབ། ང་ཚོ་འདས་སོང་གི་ལོ་ཟླ་ལ་དགྲ་ཤ་ལེན་དུ་འགྲོ་དགོས་དོན་མེད་ལ། ང་ཚོས་ཕ་མེས་ཚོའི་དུར་ཁུང་བསྔོག་དགོས་དོན་དེ་བས་ཀྱང་མེད། ང་ཚོར་མཁོ་བ་ནི་ད་ལྟའི་གནས་སྟངས་ལ་གདོང་ལེན་དང་། མ་འོངས་པར་ཁ་ཕྱོགས་གང་ཞིག་ཏུ་སྐྱོད་ཐུབ་མིན་གྱི་འཆར་གཞི་བཙལ་ཏེ་དེ་ཉིད་ལག་ལེན་དུ་བསྟར་དགོས་པ་དེ་ཡིན།
ང་ཚོའི་སྤུན་གྲོགས་མང་བོ་ཞིག་གིས། རྒྱལ་བ་རིན་པོ་ཆེ་དང་། བཙན་བྱོང་བོད་གཞུང་གིས་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་ཐོབ་ཐབས་ཀྱིས་སྲིད་ཇུས་བཟུང་བ་ལ་མོས་མཐུན་གནང་གིན་མེད་ཅིང་། ཕྱོགས་གཅིག་ནས་མི་ལོ་ལྔ་བཅུ་ལྷག་གི་རིང་ས་མཐའི་གཞན་དབང་གི་མི་ཚེ་བསྐྱལ་བ་དང་། ཕྱོགས་གཞན་ཞིག་ནས་བོད་ནང་གི་གཅེས་ཕྲུག་ཚོས་གཅིག་རྗེས་གཉིས་མཐུད་ངང་གཅེས་པའི་ཚེ་སྲོག་བློས་བཏང་གནང་སྟེ་དབང་སྒྱུར་གྲལ་རིམ་ལ་ཉེན་བརྡ་ག་ཚད་བཏང་ཡང་། དབང་སྒྱུར་གྲལ་རིམ་གྱི་དྲག་སྤྱོད་ཇེ་རྩུབ་དང་ཇེ་སྡུག་ཏུ་གཏོང་བཞིན་ཡོད་སྟབས། སེམས་ཁུང་གི་གདུང་བ་དང་སྨྲེང་བ་ཤུགས་དྲག་པོ་གནོན་མ་ཐུབ་པ་ལས་བྱུང་བ་ལ་ངོས་འཛིན་བྱེད་ལོས་ཐུབ།
ཡང་ཁག་གཞན་པ་ཁག་ཅིག་གིས། རྒྱལ་བ་རིན་པོ་ཆེས་བཏོན་པའི་སྲིད་ཇུས་གླེང་སློང་གི་ཟོལ་གྱིས། རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་མཛད་སྤྱོད་ལ་ཟུར་ཟ་དང་སྐྱོན་རྗོད་བྱེད་མགོ་ཚུགས་ཀྱིན་འདུག་ལ། ཁོང་ཚོས་དེ་ལྟར་བྱེད་པ་དེ་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱད་པ་དང་། རྒྱལ་ཞེན་དང་སེམས་ཤུགས་གཞན་ལས་ཆེ་བ་ཡོད་པའི་རྣམ་འགྱུར་སྟོན་བཞིན་འདུག
ང་ཚོས་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་མ་ཤེས་པ་མི་སྲིད་དེ། ཞེ་ས་མ་ཞུས་པ་ཡིན་ན་ཁོང་གི་ཞལ་ནས་ཁྲག་སྐྱུག་སྐྱུག་བར་དུ་ཆོལ་གསུམ་ཆིག་སྒྲིལ་གྱི་སྲིད་ཇུས་དེའི་རྒྱབ་ལྗོངས་དང་དགོས་པ་རྒྱུ་མཚན་བོད་རྒྱ་ཆེའི་མི་དམངས་གསལ་བཤད་གནང་ཡོད།
༡༩༨༠ ཡས་མས་ནས་ཁོང་གི་སྲིད་ཇུས་དེའི་མགོ་བསླངས་པ་ནས་ངོས་ལེན་མེད་མཁན་གྱི་སྤྱི་འབངས་ཁག་ཅིག་བྱུང་ཡོད་པར་མ་ཟད། སྐབས་རེར་ཆེས་ཐལ་ཆ་ཅན་གྱི་སྐྱོན་འཛུགས་ཀྱང་བྱུང་མྱོང་ཡོད། དེ་འདྲའི་དབང་གིས་༡༩༩༤ ཡས་མས་ནས་མགོ་ཚུགས་ཏེ་མང་ཚོགས་ཀྱི་བསམ་ཚུལ་བསྡུས་ཤིང་། དེ་ཡང་རང་བཙན་དང་། ལམ་དབུ་མ། རང་ཐག་རང་གཅོད། བདེན་པའི་འུ་ཚུགས་བཅས་གདམ་བྱ་དོན་ཚན་བཞི་མི་དམངས་ལ་ངོ་སྤྲོད་དང་ཟབ་སྦྱོང་གང་མང་སྤྲད་མཐར། ༡༩༩༧ ལོའི་དཔྱིད་ཀར་བཙན་བྱོལ་བོད་གཞུང་གི་བཀའ་སྤྱི་ཁྲིམས་གསུམ་དང་། ཕྱི་རྒྱལ་དོན་གཅོད་ཁག དེ་མིན་གྱི་མཐོ་རིམ་ལས་བྱེད། ས་གནས་ཁག་གི་གཞིས་མགོ་དང་བརྒྱ་དཔོན། དགོན་སྡེ་ཁག་གི་འཐུས་ཚབ། གཞོན་ནུ་དང་བུད་མེད་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་གི་དབུ་ཁྲིད་བཅས་འདུས་པའི་ཚོགས་ཆེན་འཚོགས་པ་མ་ཟད། ནམ་རྒྱུན་ནས་རྒྱལ་བ་རིན་པོ་ཆེས་བཏོན་པའི་སྲིད་ཇུས་ལ་མོས་མཐུན་མེད་མཁན་གྱི་གང་ཟག་སྒེར་བ་དཔེར་ན། ལྷ་བཟང་ཚེ་རིང་དང་། ཟླ་བ་ནོར་སོགས་ཀྱང་ཚོགས་འདུ་ལ་གདན་འདྲེན་ཞུས་པ་ཙམ་མ་ཡིན་པར། ཁོང་རྣམ་པའི་ལྟ་གྲུབ་གསལ་སྟོན་བྱེད་མཁན་གྱི་གཏམ་བཤད་པའི་གྲས་སུ་ཡོད་པ་ཡིན།
ཉིན་གྲངས་དུ་མའི་རིང་སྦྱངས་བཤད་ལྷུག་པོ་བྱས་པའི་མཇུག་སྡོམ་རྒྱག་སྐབས་མི་དམངས་འཐུས་ཚབ་དང་། དེ་དག་གིས་མི་དམངས་ཀྱི་བསམ་ཤོག་བསྡུས་ཡོང་བ་ཁག་ཕྱོགས་གཅིག་ཏུ་སྤུངས་ཏེ་བལྟས་སྐབས། མི་འབོར་གྱི་བརྒྱ་ཆ་༦༥ ལྷག་གིས་མུ་མཐུད་ནས་ལམ་དབུ་མའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས་པའི་བསམ་ཚུལ་བཏོིན་ཅིང་། བསམ་ཚུལ་དེ་གཞི་ལ་བཞག་ནས། སྐབས་དེའི་བོད་མི་དམངས་སྐབས་བཅུ་གཉིས་པའི་གྲོིས་ཚོགས་སུ་ཉིན་གྲངས་དུ་མའི་རིང་བགྲོ་གླེང་བྱས་པ་རེད། བགྲོ་གླེང་ཅི་ཙམ་བྱས་པ་དེ་ཙམ་གྱིས་དཀའ་རྙོག་ཇེ་ཆེར་འགྲོ་བ་ལས་ལམ་ཁ་གསར་བ་གང་ཡང་རྙེད་ཐུབ་མེད།
ཚོགས་ཆེན་དང་གྲོས་ཚོགས་གཉིས་ཀྱིས་ཕྱོགས་གཅིག་ནས་རྒྱ་ཆེའི་མི་དམངས་ཀྱི་བསམ་ཚུལ་ལ་བརྩི་བཀུར་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་སྔོན་ཆད་མ་དྲན་ཞིང་དངོས་སུ་ལག་ལེན་ལ་བསྟར་ཐུབ་པའི་ཐབས་ལམ་གསར་བ་གང་ཡང་མ་རྙེད་པའི་དབང་གིས། རྒྱལ་བ་རིན་པོ་ཆེས་རྒྱལ་སྤྱི་དང་རྒྱ་ནག་གི་འགྱུར་འགྲོས་ལ་གཞིགས་ནས་ཡེ་ཤེས་དབྱིངས་དཔྱད་གནང་རོགས་ཞེས་འགན་ཁུར་དེ་ཡར་རྒྱལ་བ་རིན་པོ་ཆེའི་ཕྲག་ལ་བཀལ་བ་རེད། དེང་སང་ཡེ་ཤེས་དབྱིངས་དཔྱད་ཀྱི་སྲིད་ཇུས་ལ་ཟུར་ཟ་གནང་མཁན་ཚོས་མཁྱེན་རྟོགས་ཡོང་ཆེད་བརྒྱུད་རིམ་འདི་ངོ་སྤྲོད་ཞུས་པ་ཡིན། གང་ལྟར་བྱུང་ལུགས་དེ་འདྲ་རེད།
༢༠༠༢ ལོར་བོད་རྒྱ་གཉིས་ཀྱི་འགྲོས་མོལ་ལམ་འབྲེལ་མོལ་བསྐྱར་མཐུད་བྱུང་བ་ལ་བརྟེན་ནས། ༢༠༠༨ ལོའི་འབྲེལ་མོལ་ཐེངས་དགུ་བ་བར་དུ་འབྲེལ་མོལ་གནང་བ་རེད་ལ། འབྲེལ་མོལ་གྱི་འཕེལ་རིམ་གང་ཞིག་ཏུ་སླེབས་ཡོད་མེད་དང་། འབྲེལ་མོལ་རེ་རེའི་སྐབས་ཕྱོགས་གཉིས་ཀྱིས་རེ་འདུན་ཅི་ཞིག་བཏོན་པ་སོགས་ང་ཚོས་ཤེས་ཐུབ་མེད། འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བསམ་ཤོག་དོན་ཚན་བཅུ་དགུ་ཅན་རྒྱ་ནག་དབུས་གཞུང་ལ་ཕུལ་བ་སོགས་བོད་ཕྱོགས་ཀྱི་བསམ་ཚུལ་ལ་ཐབས་ཕྱོགས་གཅིག་གྱུར་ཁག་གི་མགྲིན་ཚབ་པས་འཁྱོག་བཤད་དང་བཙན་གཏམ་ངོམ་པ་ལས་གྲུབ་འབྲས་གང་ཡང་ཐོན་ཐུབ་མེད་པ་མ་ཟད། ༢༠༠༨ ལོའི་དཔྱིད་ཀར་བོད་ཀྱི་ས་ཁུལ་ཁག་མང་བོ་ཞིག་ཏུ་ཞི་རྒོལ་གྱི་ལས་འགུལ་བྱུང་བ་ལ་བསམ་ཤེས་མེད་པའི་དྲག་གནོན་བྱས་པའི་དབང་གིས། རྒྱལ་བ་རིན་པོ་ཆེས་ལོ་མང་རིང་བོད་རྒྱ་ཞི་མཐུན་འབྱུང་ཐབས་ཀྱི་སྲིད་ཇུས་ལ་རྒྱ་ཕྱོགས་ནས་དོན་ཕན་ལྡན་པའི་ཡ་ལན་མ་བྱུང་བ་དང་། བོད་ནང་གི་ཞི་རྒོལ་དང་རྒྱ་གཞུང་གིས་དེ་ལ་དྲག་འཇོམས་བྱས་པའི་དབང་གིས་ཁོང་གིས་དེའི་འགན་ཐེག་དཀའ་བ་དང་། རྒྱ་ནག་དབུས་གཞུང་ལ་ཡིད་ཆེས་བརླག་གྲབས་བྱེད་ཀྱིན་ཡོད་པའི་གསལ་བསྒྲགས་སྤེལ་བ་དང་། བཙན་བྱོལ་བོད་གཞུང་གིས་གཞུང་དམངས་ཛ་དྲག་ཚོགས་ཆེན་བསྡུ་བསྐོངས་བྱས་པ་རེད།
ཛ་དྲག་ཚོགས་ཆེན་དེ་སྔར་གྱི་མང་མོས་འོས་བསྡུ་མཇུག་སྡོམ་ཚོགས་ཆེན་ལས་ཀྱང་ཚོགས་མི་མང་ཞིང་། ས་ཁུལ་འཛོམས་པ་དཔེར་ན་རྒྱལ་བལ་འབྲུག་གསུམ་དུ་གནས་སྡོད་དབུས་སའི་མགོ་ཁྲིད་ཙམ་མ་ཡིན་པར། བོད་མི་གནས་སྡོད་བྱེད་པའི་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁག་ཕལ་ཆེར་གྱི་མི་དམངས་ཀྱི་འཐུས་ཚབ་མང་བོ་གདན་འདྲེན་ཞུས་ཡོད་མཁར། བོད་རང་བཙན་གྱི་ལས་འགུལ་བ་གྲགས་ཆེན་འཇམ་དབྱངས་ནོར་བུ་དང་། བསྟན་འཛིན་བརྩོན་འགྲུས། ལྷ་བཟང་ཚེ་རིང་སོགས་གནད་ཡོད་མི་སྣ་མང་བོ་འདྲེན་ཞུས་ཡོད་པ་མ་ཟད། ནམ་རྒྱུན་བོད་དོན་ཐོག་རྩོམ་ཡིག་འབྲི་མཁན་དང་སྐད་ཆ་བཤད་མཁན་གྱི་མི་སྣ་གཞན་མང་བོ་ཞིག་ཀྱང་གནད་འདྲེན་ཞུས་འདུག
སྐབས་དེའི་བོད་ནང་གི་གནས་སྟངས་ལ་གཞིགས་ན་མཛའ་དྲག་ཚོགས་ཆེན་འཚོགས་དགོས་པའི་དོན་དག་ཛ་དྲག་རང་ཡིན་ཀྱང་། ཛ་དྲག་ཚོགས་ཆེན་གྱི་ཆ་ཤས་ལེན་མཁན་སུས་ཀྱང་ཛ་དྲག་གི་གནས་སྟངས་ལ་ཛ་དྲག་གི་གདོང་ལེན་ཇི་ལྟར་བྱེད་དགོས་པའི་ཐབས་ཇུས་འདོན་ཐུབ་མེད།
བྷི་བྷི་སི་དང་སི་ཨན་ཨན་སོགས་ཕྱི་རྒྱལ་གྱི་གསར་ལམ་གྲགས་ཆེན་ཁག་འདུས་པའི་གསར་འགོད་པ་བརྒྱ་ཕྲག་མང་བོ་དྷ་སའི་རི་མགོར་འདུས་ཤིང་། ཁོང་ཚོས་ཛ་དྲག་ཚོགས་ཆེན་གྱི་མཇུག་འབྲས་གསར་བ་ཐོན་རྒྱུར་ངང་སྒུག་བྱས་ཀྱང་། ཚོགས་ཆེན་གྱི་མཐའ་སྡོམ་གཙོ་བོ་རྒྱལ་བ་རིན་པོ་ཆེས་མུ་མཐུད་ནས་དབུ་མའི་ལམ་གྱི་སྲིད་ཇུས་བསྣམས་ནས་ཕེབས་དགོས་པའི་ལས་འགན་བསྐྱར་དུ་བསྐྱོན་སྐབས། གསར་འགོད་པ་ཚོ་ངང་སྒུག་བྱས་པའི་མཇུག་འབྲས་ལ་བློ་ཡིད་མ་ཚིམས་པའི་རྣམ་འགྱུར་གསལ་བོར་མཐོང་ཐུབ་ཀྱིན་འདུག
ང་རང་གིས་དངོས་སུ་ཤེས་རྟོགས་བྱུང་བའི་བཙན་བྱོལ་བོད་གཞུང་དམངས་ཀྱི་ཐག་གཅོད་འདི་རིགས་སྐྱེ་བོ་སྒེར་སུ་ཡི་ཕྲག་པར་བཀལ་བ་ཡིན་ན་བདེན་པ་ཁྱད་གསོད་བྱས་པ་ཞིག་ཡིན། རྒྱུ་མཚན་ནི། སྐབས་སྔ་ཕྱི་དེ་དག་ཏུ་རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་མི་འདྲ་བའི་སྤྱི་སྒེར་མང་བོ་འཛོམས་ནས་ཐག་བཅད་པའི་མཇུག་འབྲས་ལེགས་ཉེས་རྣམས། ཚོགས་ཞུགས་པ་ཡོངས་ལ་ཡོད་དགོས་པའི་འགན་ཁུར་ཞིག་ཡིན།
ང་ཚོས་འདིར་གསལ་བོར་བཟོ་དགོས་པ་ཞིག་ནི། ༡༩༨༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ནང་གོང་ས་མཆོག་གི་མཚན་ཐོག་ནས་ཞི་བའི་གྲོས་འཆར་དོན་ཚན་ལྔ་བཏོན་པ་དང་། དེའི་ཕྱི་ལོ་༡༩༨༨ ལོར་ཧྥ་རན་སིའི་གྲོང་ཁྱེར་སི་ཊ་སི་བྷཀ་ཏུ་ཞི་གྲོས་དོན་ཚན་ལྔའི་གསལ་འགྲེལ་བཏོན་པ་ཡོངས་གྲགས་ཡིན་ལ། གནས་ཚུལ་དེ་རིགས་སྤྱན་རས་གཟིགས་ལ་མ་ཎིའི་ལྗགས་འབུལ་དགོས་ག་ལ་ཡོད།
འོན་ཀྱང་དེང་སང་ལམ་དབུ་མར་གྲགས་པ་འདིའི་སྐྱོན་གནས་གླེང་མཁན་རྣམ་པས་ཞི་གྲོས་དོན་ཚན་ལྔ་ལྗགས་ཀློག་གནང་ཡོད་པའི་རེ་བ་ཡོད་ཅིང་། གྲོས་འཆར་དེ་ཡུལ་དུས་ལ་ལྟོས་པའི་སྐབས་སུ་བབ་མིན་ཀྱང་བོད་སྤྱི་བྱེའི་གནས་བབ་ལ་རྒྱུས་མངའ་ཡོད་མཁན་ཞིག་ལ་མཚམས་སྦྱོར་ཞུ་དགོས་དོན་ག་ལ་ཡོད་སྙམ།
གོང་ས་མཆོག་གི་མཚན་ཐོག་ནས་བཏོན་པའི་གྲོས་འཆར་དང་དེའི་གསལ་འགྲེལ་གཉིས་ཀྱི་ནང་དོན་དང་། ཉེ་རབས་ཀྱི་བཀའ་ཤག་སྐབས་སྔ་ཕྱི་དག་གིས་འགྲེལ་བཞིན་པའི་ལམ་དབུ་མར་གྲགས་པ་གཉིས་དོན་གནད་གཅིག་གི་སྟེང་ལ་གནས་ཡོད་མེད་དེ་དོན་དག་གལ་ཆེན་རེད།
འཛམ་གླིང་ཤར་ནུབ་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གི་འགྲོ་ལུགས་ལྟར་བྱས་ན། སྲིད་འཛིན་དང་སྲིོད་བློན། ཡང་ན་གྲོགས་ཚོགས་ཀྱི་འཐུས་མི་བྱེ་བྲག་པ་སུས་ཀྱང་རྒྱལ་ཁབ་ཀྱི་དོན་དག་ཆེ་ཕྲའི་ཐོག་གྲོས་འཆར་འདོན་པའི་ཐོབ་ཐང་ཡོད་ཅིང་། གྲོས་ཆོད་དེ་གྲོགས་ཚོགས་ཀྱི་ར་བའི་ནང་སླེབས་ཟིན་པའི་རྗེས་སུ། གྲོས་ཆོད་དེ་དང་འབྲེལ་བའི་མཇུག་འབྲས་ལེགས་ཉེས་ཅི་བྱུང་ལ་གྲོས་འཆར་འདོན་མཁན་སྒེར་ངོས་ནས་ཚེ་དང་སྙོམས་པར་འགན་འཁྲི་ལེན་དགོས་པའི་ཁྲིམས་གཞི་གང་ཡང་མེད།
ཞི་བའི་གྲོས་འཆར་དོན་ཚན་ལྔ་ཐོག་མར་གོང་ས་མཆོག་གི་མཚན་ཐོག་ནས་བཏོན་པ་ཡིན་ཀྱང་། བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་གཙོས་ཚོགས་ཆེན་སྔ་ཕྱི་དག་གིས་ངོས་ལེན་དང་གཏན་འབེབས་བྱས་ཟིན་པའི་རྗེས་སུ། གྲོས་འཆར་དེར་གྲུབ་འབྲས་སོན་མིན་སོགས་སྤྱི་འགན་དུ་གྱུར་པ་ལས། གྲོས་མགོ་འདོན་མཁན་རྒྱལ་བ་རིན་པོ་ཆེ་ནག་འདེད་ལྟ་བུ་བྱས་པ་སྲིད་དོན་ཚན་རིག་གི་ལྟ་གྲུབ་དང་མི་མཐུན།
ཞི་བའི་གྲོས་འཆར་དོན་ཚན་ལྔ་ལ་རྒྱ་གཞུང་གིས་བཟང་ཕྱོགས་ཀྱི་ངོས་ལེན་མ་བྱས་པ་དང་། དེ་ཉིད་རྨང་གཞི་ལ་བཞག་པའི་བོད་རྒྱ་འབྲེལ་མོལ་ཐེངས་མང་བྱས་པ་ལ་དོན་ཕན་ལྡན་པའི་གྲུབ་འབྲས་མ་ཐོན་སྟབས། ༢༠༠༨ ལོར་རྒྱལ་བོ་རིན་པོ་ཆེ་མཆོག་ཉིད་ཀྱིས་སྔར་ཁོང་གིས་བཏོན་གནང་མཛད་པའི་གྲོས་འཆར་ཁག་ལ་གྲུབ་འབྲས་མ་ཐོན་པའི་གསལ་བསྒྲགས་བསྐྱངས་ཟིན་པ་རེད། གསལ་བསྒྲགས་དེ་བསྐྱངས་ཉིན་ནས་རྒྱལ་བ་རིན་པོ་ཆེའི་ངོས་ནས་ལེའུ་དེ་ཉིད་མཇུག་བསྡུས་པ་རེད།
༢༠༠༡ ལོ་ནས་མི་དམངས་ཀྱིས་བཀའ་ཁྲི་ཐད་ཀར་འོས་འདེམས་བྱས་ཤིང་། རྒྱལ་བ་རིན་པོ་ཆེས་བོད་སྤྱིའི་དབུ་ཁྲིད་གྱི་མཚན་གནས་ཙམ་ལས་བཙན་བྱོལ་བོད་གཞུང་གི་སྐུ་འགན་ཁྱེར་མ་དགོས་པའི་ཕྱེད་བགྲེས་ཡོལ་གྱི་ངོ་བོར་བཞུགས་པ་རེད་ལ། མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲི་སྐབས་གསུམ་པའི་འོས་བསྡུ་ལེགས་གྲུབ་བྱུང་བ་དང་མཉམ་དུ། རྒྱལ་བ་རིན་པོ་ཆེ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་ཆ་ཚང་གནང་ཟིན་པ་རེད།
དེས་ན་ད་ལྟའི་བཀའ་སྤྱི་གཉིས་ཀྱིས་ཞི་བའི་གྲོས་འཆར་དོན་ཚན་ལྔ་གཞི་ལ་བཞག་པའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་མིན་དང་། འཐབ་རྩོད་ཀྱི་ཁ་ཕྱོགས་གཞན་གང་ཞིག་ཏུ་བསྒྱུར་མིན་དེ་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་གང་ཡང་མེད། ང་ཚོའི་ཤེས་ལྡན་པ་དང་སྲིད་དོན་སྣེ་ཁྲིད་པ་དག་གིས་འདི་རིགས་མ་མཁྱེན་པ་ག་ལ་སྲིད་དེ། མཚམས་རེར་དོན་དག་བྱེད་བྲག་པ་ཁ་ཤས་བརྗེད་འགྲོ་བ་ཡོང་སྲིད་སྟབས་ལྷན་རྒྱས་ལ་དྲན་གསོ་ཙམ་ཞུས་པ་ཡིན།
དེང་སང་ལམ་དབུ་མའི་ཐོག་སྐད་ཆ་བཤད་མཁན་དང་། རྩོམ་ཡིག་སྤེལ་མཁན་མང་བོ་ཞིག་ས་མཚམས་ལས་རྦད་དེ་བརྒལ་ནས། སྐབས་བབ་ཀྱི་བཤད་གཞི་སྲིད་དོན་གྱི་ལྟ་གྲུབ་མི་གླེང་བར། རྒྱལ་བ་རིན་པོ་ཆེ་སྐུ་སྒེར་ལ་མངོན་སུམ་འཛེམས་མེད་ཀྱིས་གཞི་མེད་བསྙོན་འཛུགས་བྱེད་པའི་ཚ་རླབས་ཤིག་འཕྱུར་གྱིན་འདུག
དེ་ལྟར་བྱེད་མཁན་ཕལ་ཆེ་བ་ཆོས་ལུགས་ཀྱི་མི་སྣའི་ཁོངས་སུ་གཏོགས་ཤིང་། ཁོང་ཚོའི་ཁྲོད་བླ་སྤྲུལ་ཀྱང་ཡོད་ལ་གྲྭ་བ་ཡོད། ཉེ་ལམ་གྱི་ཟླ་ངོ་ཁ་ཤས་ནང་རྒྱལ་བ་རིན་པོ་ཆེ་དང་། བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལངས་ཕྱོགས་དང་འབྲེལ་བའི་རྩོམ་ཡིག་འབྲི་མཁན་གྱི་ཁྲོད་ནས། གང་ཟག་སྒེར་གྱི་མཛད་སྤྱོད་ལ་རྒོལ་གཏམ་སྤེལ་གཙོ་གྲས་ཤིག་ནི་སྤྲུལ་སྐུ་དབང་ཆེན་རེད།
སྤྲུལ་སྐུ་དབང་ཆེན་གྱིས་བཙན་བྱོལ་བོད་མིའི་སྒྲུག་འཛུགས་ལ། རྡ་སའི་བཀས་བཀོད་བརྒྱུད་འཛིན་གྱི་ཚོགས་པར་འབོད་ཀྱིན་འདུག་ཅིང་། བོད་རྒྱ་ཆེའི་མི་དམངས་ཀྱིས་བདམས་པའི་བཀའ་ཤག་དང་། བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་གཉིས་གཙོས་པའི་སྒྲིག་འཛུགས་ཤིག་བཀས་བཀོད་བརྒྱུད་འཛིན་གྱི་ཚོགས་པ་ཡིན་ན། ཡུ་རོབ་ཀྱི་དུས་རབས་བར་མའི་ནང་བྱུང་བའི་བཀས་བཀོད་བརྒྱུད་འཛིན་གྱི་ལམ་ལུགས་འཇིག་རྟེན་གྱི་སྐྱེ་བོ་ཡོངས་ཀྱིས་འཇིགས་སྣང་བྱེད་དགོས་དོན་མེད་ཅིང་། མི་དམངས་ཀྱིས་ཁྲིམས་ལུགས་ལ་བརྟེན་ནས་རང་གི་འཐུས་ཚབ་བདམས་ནས་བཙུགས་པའི་བཀས་བཀོད་བརྒྱུད་འཛིན་གྱི་སྲིད་གཞུང་ཞིག་ད་སྔ་འཇིག་རྟེན་ཐོག་བྱུང་མྱོང་མེད་པས་ཡ་མཚན་མ་ཡིན་ནམ།
ཁོང་གིས་སྐུ་ཞབས་ང་ཕོད་འཇིགས་མེད་ཀྱི་དོན་རྐྱེན་དང་འབྲེལ་ནས། ༢༠༡༢ ཟླ་༤ ཚེས་༢༦ ཉིན་ཨེ་ཤ་ཡ་རང་དབང་རླུང་ཕྲིན་ཁང་གི་མགོ་འཛིན་རྒྱ་མོ་ལོའུ་ཞེས་པ་དེ། ཨ་རིའི་གྲོང་ཁྱེར་ཆི་ཥ་གྷོར་རྒྱལ་བ་རིན་པོ་ཆེ་དང་མཇལ་འཕྲད་བྱས་པའི་འདྲ་པར་དྲ་ཐོག་ཏུ་ཡང་ཡང་བཀྲམས་ནས་གོ་རྒྱུ་བཏང་ཞིང་། སྐལ་ལྡན་བློ་གྲོས་ལ་སྐྱོན་བརྗོད་བྱས་པ་དང་འབྲེལ་ཏེ་དོན་རྐྱེན་དེའི་རྒྱབ་ལོགས་ན་རྒྱལ་བ་རིན་པོ་ཆེ་འདུག་མདོག་མདོག་གི་ཚིག་ཟུར་མང་བོ་བསྟན་འདུག
གལ་སྲིད་གནས་ཚུལ་དེ་འདྲ་རྩོམ་མཁན་རྒྱལ་བ་རིན་པོ་ཆེ་ཡིན་ན། སྤྲུལ་སྐུ་ཁྱེད་རང་ཙམ་མ་ཡིན་པར་ང་ཚོ་ཚང་མས་གནང་ཕྱོགས་དེར་ངོས་ལེན་བྱེད་མི་སྲིད། འོན་ཀྱང་ཁུངས་སྐྱེལ་དང་རྒྱུ་མཚན་ཚད་ལྡན་གང་ཡང་བཤད་རྒྱུ་མེད་པར། རྒྱལ་བ་རིན་པོ་ཆེ་ལ་ཐལ་ཆ་ཆེ་བའི་ཚོད་དཔག་གི་མདུང་རྩེ་གཏད་པ་དེ་འགྲོ་བ་མིའི་རྩ་བའི་བཟང་སྤྱོད་དང་མི་མཐུན་ཞིང་། ཁྲིམས་ལུགས་ཀྱི་མདུན་དུའང་ཁེ་ཉེན་ཆེ་བའི་བྱ་སྤྱོད་ཅིག་ཅི་ལ་མིན།
ཟླ་འདིའི་ཕྱི་ཚེས་༢༤ ཉིན་སྤྲུལ་སྐུ་དབང་ཆེན་གྱིས་རྩོམ་ཡིག་སྤེལ་ཏེ།
༡༩༧༩ ལོར་ཏིང་ཞའོ་ཕིང་གིས་༧གོང་ས་མཆོག་གིས་བོད་རང་བཙན་རྩོད་གླེང་མ་གནང་ན་། དེ་མིན་གྱི་གནད་དོན་ཐམས་ཅད་གྲོས་མོལ་གྱི་ལམ་ནས་ཐག་གཅོད་གནང་ཆོག་པའི་གྲོས་འགོ་བཏོན་པ་ལ་ཁ་གཡར་ནས། ༧གོང་ས་མཆོག་གིས་བོད་རང་བཙན་མི་རྩོད་པར་གཉིས་ཕན་གྱི་བདེ་སྐྱིད་ཅིག་དགོས་ཞེས་གྲོས་གཞི་ཞིག་བཏོན་པ་དེ་ནི་གཙོ་བོ་ནེའུ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་ཤག་ལ་ཞུགས་འདོད་ཡོད་པའི་རེད་ཅེས་སྔོན་ཆད་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་བཤད་པ་ཁུངས་དག་ཅིག་ཐོས་མྱོང་བ་མ་ཟད་ཞིབ་མོའི་བློ་ཡིས་དཔྱད་ནའང་ཧ་གོ་གྱི་འདུག
ཅེས་སོགས་བཤད་འདུག
ཕྲན་གྱིས་བལྟས་ན་ཉོའུ་ཡོཀ་དུས་བབ་ཏུ་དེ་འདྲའི་རྩོམ་ཡིག་ཡོད་མེད་སྐུ་ཉིད་ཀྱིས་དངོས་སུ་མཐོང་མེད་ཅིང་། གལ་སྲིད་དེ་འདྲ་ཡོད་པའི་དབང་དུ་བཏང་ཡང་། དེ་ནི་རྒྱལ་བ་རིན་པོ་ཆེ་ཚེ་འདིའི་རྙེད་པ་སྙན་གྲགས་ལ་དབུ་འཁོར་ནས་ཡོད་མཁན་གྱི་སྐྱེས་བུ་ཞིག་ཡིན་པ་ཇི་ལྟར་བསྒྲུབ་ནུས། འགན་ཁུར་དང་བརྩེ་སེམས་ཤ་ཚ་མེད་པའི་ཕྱི་རྒྱལ་བ་ཚོས་མགོ་རྒྱལ་བ་རིན་པོ་ཆེ་ནས་བཟུང་སྟེ། མཇུག་ང་ཚོ་ལྟ་བུའི་ཐོག་རྩོམ་ཡིག་འཆལ་འཆོལ་སྤེལ་བ་རེ་རྒྱུ་མཚན་དུ་བགྲངས་ཏེ། བོད་དོན་དང་བོད་མི། བོད་མི་བྱེ་བྲག་པ་བཅས་ཀྱི་མི་གཤིས་ལ་སྡོམ་ཚིག་འགོད་ཐབས་བྱེད་པ་དེ། འཇག་མའི་ཀ་བ་བཙུགས་ནས་ཐོག་ཁང་བསྐྲུན་འདོད་པ་མ་ཡིན་ནམ།
ལོ་ངོ་ཁ་ཤས་ཀྱི་གོང་ལ་རྒྱལ་བ་རིན་ཆེས་ཨོ་སི་ཊ་རིས་ཡ་རུ་དུས་འཁོར་དབང་ཆེན་གནང་སྐབས། ཡུལ་དེའི་ཁྱོ་ཤུག་གཉིས་མཉམ་འབྲེལ་གྱིས་དུས་འཁོར་དབང་ཆེན་ནི་དྲག་སྤྱོད་རིང་ལུགས་སྤེལ་རྒྱུའི་དམིགས་ཡུལ་ཡིན་རབས་ཀྱི་རྩོམ་ཡིག་དུ་མ་བྲིས་ཏེ། ཡུལ་དེའི་ཚགས་པར་གྱི་མདུན་ཤོག་སྟེང་བཀོད་པ་དངོས་སུ་མཐོང་མྱོང་ཡོད། མི་རིགས་གཞན་གྱིས་བོད་དང་བོད་མིའི་ཆོས་རིག་ལ་མཐོང་ཆུང་ཁྱད་གསོད་བྱས་པའི་རྩོམ་ཡིག་རེ་ཁྱེར་ཡོང་སྟེ། བོད་མི་སྤྱི་སྒེར་དང་དེ་དག་གི་རིག་གཞུང་། མི་གཞི་བཅས་ལ་སྡོམ་ཚིག་རྒྱག་ཐུབ་པ་ཡིན་ན། ཀྲུང་གོའི་བོད་ལྗོངས་དང་། པོ་ཏ་ལ་ཟེར་བ་སོགས་རྒྱ་ནག་གཞུང་འབྲེལ་གྱི་དུས་དེབ་ཁག་ཅིག་ཏུ་ང་ཚོའི་སེམས་པ་ཚལ་གཤགས་སུ་གཏོང་བའི་རྩོམ་ཡིག་མང་བོ་ཡོད་ཡོད་པ་དེ་རེད།
སྤྲུལ་སྐུ་དབང་ཆེན་གྱིས་ཆེས་ཉེན་ཁ་ཅན་གྱི་སྐད་ཆ་ཞིག་བཤད་འདུག་པ་ནི། རྒྱལ་བ་རིན་པོ་ཆེས་གཞུང་གི་དབང་ཆ་སྒེར་འཛིན་བྱས་ཏེ། མི་དམངས་ཀྱིས་ཐད་ཀར་བདམས་པའི་བཀའ་བློན་ཁྲི་བ་ལ་དབང་ཆ་སྤྲོད་ཀྱིན་མི་འདུག་ཟེར་བ་དེ་རེད། དེ་ནི་དོན་དག་ཧ་ཅང་ཚབས་ཆེན་ཞིག་ཡིན་སྟབས། ང་ཚོས་ཁོང་གི་མ་ཚིག་འདིར་དྲངས་ན།
མཐར་ཨུ་ཐུག་ནས་རྩ་དགོངས་ཞུས་ཤིང་རྩ་གཞུང་ཡང་སྒོ་བརྒྱབ་ནའང་དེང་སང་མང་མོས་སྲིད་སྐྱོང་ལ་རང་དབང་སྤུ་རྩེ་ཙམ་མི་སྤྲད་པར་དབུ་མའི་ལམ་ནི་ད་ལྟའི་ཆར་བོད་དོན་ལ་མེད་དུ་མི་རུང་བའི་གྲུབ་འབྲས་ཅན་གྱི་སྲིད་ཇུས་བཟང་པོ་ཞིག་ཡིན་ཞེས་མགོ་ལ་ཇ་འཇོག་འཇོག་བྱེད་དགོས་དོན་མེད་པ་མ་ཟད། ཨཱེ་ཊ་ལཱི་དང་ལ་དྭགས་བཅས་སུ་ང་ཡིས་བཀའ་སྤྱི་བོར་མི་ལེན་པ་ཚོ་ཞེས་ཐུགས་དགོངས་ཉིས་སྟོང་བཅུ་གཉིས་ལོའི་ཆུ་འབྲུག་ལྟར་འཁྲུགས་ཤིང་བཀའ་བཙན་གློག་དམར་བཞིན་འཁྱུག་དགོས་དོན་ཡང་ག་ལ་མཆིས།
ཞེས་བཤད་འདུག་པ་འདི་རེད། ང་ཚོ་མང་ཚོགས་ཀྱིས་ཤེས་དགོས་པའི་གནད་དོན་དོན་གཙོ་བོ་ནི། རྒྱལ་བ་རིན་པོ་ཆེས་དབང་ཆ་སྒེར་འཛིན་བྱས་ཏེ་སྲིད་སྐྱོང་ལ་དབང་ཆ་སྤྲོད་ཀྱིན་མི་འདུག་ཟེར་བ་དེ། སྲིད་སྐྱོང་མཆོག་གིས་ཁྱེད་ལ་དངོས་སུ་གསུངས་པ་ཡིན་ནམ། ཡང་ན་སྲིད་སྐྱོང་དང་ཡིག་འབྲེལ་བྱུང་བ་ཡིན། འདིའི་ཐོག་སྤྲུལ་སྐུ་མཆོག་གིས་ཁུངས་སྐྱེལ་བྱེད་དགོས་པ་ཧ་ཅང་གལ་ཆེན་རེད། གལ་སྲིད་ཁྱེད་ཀྱིས་བཤད་པ་ལྟར་རྒྱལ་བ་རིན་པོ་ཆེས་ལྐོགས་ནས་གཞུང་གི་དབང་ཆ་སྒེར་སྡོམ་བྱེད་ཀྱིན་ཡོད་ན། ང་ཚོ་བོད་མི་ཚང་མས་རྒྱལ་བ་རིན་པོ་ཆེའི་མཛད་སྤྱོད་ཁས་མ་བླངས་ན་འགྲིག་ཀྱང་། ཐོག་མར་སྐུ་ཉིད་སྤྲུལ་སྐུ་ཞིག་ཡིན་པ་དང་། བོད་མི་ཞིག་ཡིན་པ། མི་ཞིག་ཡིན་པ་བཅས་ཀྱི་ཆ་ནས་རང་གི་སྐད་ཆ་ལ་འགན་ཁུར་ཏེ་དོན་དག་འདི་བོད་རྒྱ་ཆེའི་མི་དམངས་ལ་ཁུངས་སྐྱེལ་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད།
གལ་སྲིད་སྐུ་ཉིད་ལ་གནས་ཚུལ་འདི་རིགས་ཁུངས་སྐྱེལ་བྱ་རྒྱུ་མེད་ཚེ། རྒྱལ་བ་རིན་པོ་ཆེ་དང་། རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་དང་བརྩི་བཀུར་ཞུ་མཁན་རྒྱ་ཆེའི་མི་དམངས་ལ་དགོངས་དག་ཞུ་རྒྱུ་གལ་ཆེན་རེད། དེ་ཡིན་པའི་རྒྱུ་མཚན་ནི། དུད་འགྲོ་ཞི་མིས་རྟུག་པ་བཏང་བ་ལ་ངོ་གནོང་ནས་ས་འོག་ལ་སྦས་ཤེས་ཀྱིན་ཡོད་ན། སྐུ་ཉིད་ཀྱིས་ཁ་སང་བཤད་པའི་ཕོ་གཏམ་ལ་དེ་རིང་འགན་ཁུར་ལོས་དགོས། དེ་ཕྱོགས་གཅིག་རེད་ལ། ཕྱོགས་ངོས་གཞན་དག་ནས། གལ་སྲིད་རྒྱལ་བ་རིན་པོ་ཆེའི་མི་གཤིས་དང་མཛད་སྤྱོད་སྐོར་བཤད་པ་དག་ལ་ཁུངས་ལུང་རྒྱུ་མཚན་འགོད་རྒྱུ་མེད་པར་རང་བཟོ་བྱས་པ་ཡིན་ན། དེ་ནི་རྒྱལ་བ་རིན་པོ་ཆེ་གང་ཟག་བྱེ་བྲག་པ་གཅིག་ལ་སྐྱོན་འཛུགས་བྱས་པ་ཙམ་མ་ཡིན་པར། རྒྱལ་བ་རིན་པོ་ཆེ་ལ་གུས་བརྩི་མཐའ་གཅིག་ཏུ་བྱེད་མཁན་རྒྱ་ཆེའི་མང་ཚོགས་ལ་མཐོང་ཆུང་བྱས་པ་ཞིག་ཏུ་ངོས་འཛིན་མི་ཞུ་ཀ་མེད་རེད།
དེ་འབྲེལ་གྱི་རྩོམ་ཡིག་འབྲི་མཁན་མང་བོ་ཞིག་གིས་རྒྱལ་བ་རིན་པོ་ཆེ་ལ་བཤད་ཆོག་མི་ཆོག་གི་སྐད་ཆ་གླེང་གིན་འདུག་ཅིང་། ཆོག་དང་མི་ཆོག་ཅེས་པའི་ཚིག་དེ་རིགས་ཁྲིམས་ལུགས་ཀྱི་ནུས་པ་ལྡན་པའི་མིང་ཚིག་རེད། ཁྲིམས་ཐོག་ནས་རྒྱལ་བ་རིན་པོ་ཆེ་ལ་བཤད་མི་ཆོག་པ་གང་ཡང་མེད་ཅིང་། བཤད་ཆོག་པ་ལ་བརྟེན་ནས་བཤད་ཀྱིན་ཡོད་པ་མ་རེད་དམ། འོན་ཀྱང་འཇིག་རྟེན་གྱི་དོན་དག་མང་བོ་ཞིག་བཤད་ཆོག་མི་ཆོག་དང་། བྱས་ཆོག་མི་ཆོག་གཅིག་པུས་ཡོང་བ་ཞིག་མ་ཡིན་པར། བཤད་འོས་མ་འོས་དང་། བསྒྲུབ་འོས་མི་འོས་ཀྱི་གནས་ལུགས་གལ་ཆེན་ཞིག་ཀྱང་ཡོད་ཅིང་། ཁྲིམས་ཐོག་གཅིག་པུས་ཆོག་མི་ཆོག་གཅིག་རིང་གཞི་ལ་བཞག་ན། རང་གི་ཨ་མ་དང་སྲིང་མོ་ལ་འཁྲིག་པ་སྤྱད་མི་ཆོག་པའི་ཁྲིམས་ལུགས་ཤིག་བཟོས་པ་མ་མཐོང་ཞིང་། འོས་མི་འོས་ཀྱི་ཐོག་ནས་འཇིག་རྟེན་དུ་དེ་འདྲ་བྱེད་མཁན་ཤིན་ཏུ་ཉུངས་ཤིང་། རྒྱ་ལ་བྱུང་བའི་དབང་དུ་བཏང་ཡང་ཤེས་པ་རྣལ་དུ་གནས་པའི་སྐྱེ་བོ་སུས་ཀྱང་ཡི་རང་མི་བྱེད་པ་ལྟ་བུ་དོན་དག་མང་བོ་ཞིག་ཡོད་པ་མ་ཡིན་ནམ།
རྒྱལ་བ་རིན་པོ་ཆེ་ལ་དད་མི་དེ་རང་དབང་རེད་ལ། བརྩི་བཀུར་བྱེད་མི་བྱེད་ཀྱང་རང་དབང་རེད། འོན་ཀྱང་གནས་ལུགས་དང་རྒྱུ་མཚན་གྱིས་ཕོངས་པའི་གཞི་མེད་སྐྱོན་བརྗོད་བྱས་པ་དེ་དག་ལ་མང་ཚོགས་ཀྱིས་ནམ་ཡང་དགའ་བསུ་བྱེད་མི་སྲིད། རྒྱལ་བ་རིན་པོ་ཆེས་བཏོིན་པའི་སྲིད་ཇུས་ལ་དགའ་བསུ་མི་བྱེད་པའི་ཐོབ་ཐང་ལེན་མཁན་རྣམ་པས། དེ་ལ་དགའ་བསུ་བྱེད་མཁན་ཁག་ལ་ཐལ་སྤྱོད་པ་དང་། ཐ་ལེ་བྷན། བཀས་བཀོད་བརྒྱུད་འཛིན་པ་སོགས་ཀྱིས་ཚིག་སྤྱད་དེ་དམའ་འབེབས་བྱེད་འོས་པ་མ་ཡིན་ཏེ། ཁོང་རྣམ་པར་དེ་ལ་དགའ་བསུ་བྱེད་པའི་ཐོབ་ཐང་ཡོད་པའང་བརྗེད་མི་ཉན་པ་ཞིག་ཡིན།
མཐའ་མཇུག་རང་རེའི་ཤེས་ལྡན་པ་དང་རྩོམ་པ་བོ། ཆབ་སྲིད་དཔྱད་རྗོད་པ་རྣམས་ལ་གྲོས་སུ་འདེབས་པ་ནི། ང་ཚོས་བོད་རང་བཙན་བཤད་ཀྱང་ཆོག་ལ་སྒྲུབ་ཀྱང་ཆོག དེ་བཞིན་རང་སྲིད་རང་སྐྱོང་བཤད་ཀྱང་ཆོག་ལ་སྒྲུབ་ཀྱང་ཆོག་གི་རེད།
གལ་སྲིད་རང་སྲིད་རང་སྐྱོང་གི་སྲིད་ཇུས་མུ་མཐུད་རྒྱུན་འཛིན་བྱེད་འདོད་མེད་ཚེ། སོ་སོ་རང་ཉིད་ཀྱིས་བདམས་པའི་སྲིད་སྐྱོང་དང་སྤྱི་འཐུས་རྣམས་ལ་གནོན་ཤུགས་སྤྲད་དེ་གཞུང་གི་སྲིད་ཇུས་ལ་འགྱུར་གཏོང་དུ་འཇུག་དགོས་པ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྱུར་བ་གཏོང་དུ་འཇུག་དགོས་པ་རེད།
ང་ཚོས་རྒྱལ་བ་རིན་པོ་ཆེས་མི་ལོ་ལྔ་བཅུ་ལྷག་གི་རིང་ཕྱག་ཟུང་ཐལ་མོ་སྦྱར་ཅིང་འཛམ་གླིང་ཡུལ་གྲུལ་མང་བོར་སློང་བརྒྱབ་སྟེ། བོད་མི་དྭ་ཕྲུག་ཁྲི་སྟོང་གསོས་པའི་བདེན་པ་བརྗེད་མི་ཉན།
ཁོང་གི་ནམ་རྒྱུན་གྱི་བཞུགས་ཤག་དང་ན་བཟའ་སོགས་ཕྱི་རྒྱལ་གྱི་ཆོས་ཚོགས་སྐྱོང་མཁན་བླ་སྤྲུལ་དཀྱུས་མ་ཞིག་གི་ཁེ་འབྱོར་ཙམ་ཡང་ལོངས་སུ་སྤྱོད་ཀྱིན་མེད་པའི་བདེན་པ་ལ་ཁྱད་གསོད་མ་གནང་མི་འོས།
ཁོང་གིས་བཙན་བྱོལ་བོད་གཞུང་ཚུགས་པ་ནས་ལོ་རེའི་འགྲོ་གྲོན་སྤྱིའི་བརྒྱ་ཆའི་༢༠ ལྷག་ཐབས་འཚོལ་གནང་གིན་ཡོད་པ་ལ། འདས་པའི་ལོ་མང་རིང་ཨ་སྒོར་ས་ཡ་གསུམ་ཡས་མས་འབབ་ཀྱིན་ཡོད་ཅིང་། བཙན་བྱོལ་བོད་གཞུང་རྩ་ནས་ཁས་མི་ལེན་མཁན་དག་ལ་འདིས་ཡ་མཚན་བསྐྱེད་མི་ཐུབ་ཀྱང་། འདས་པའི་ལོ་ངོ་ལྔ་བཅུའི་རིང་དྷ་རམ་ས་ལའི་སྒྲིག་འཛུགས་འདི་དང་རྒྱལ་བ་རིན་པོ་ཆེ་གཉིས་ཀྱི་བཀའ་དྲིན་ལས་བོད་མི་རྣམས་ཁ་འཐོར་དུ་མ་སོང་བ་དང་། གཞིས་ཆགས་དང་དགོན་སྡེ། སློབ་གྲྭ་སྨན་ཁང་སོགས་གཞི་རྩའི་སྒྲོམ་གལ་ཆེན་འདི་དག་བསྐྲུན་ཏེ་བསྐྱངས་པ་ལས། བོད་མིའི་ཆོས་རིག་ལྟོས་འཇོག་གིས་གཅེས་ཉར་གནང་ཐུབ་ཡོད་ཅིང་། རྒྱལ་སྤྱིའི་ཐོག་བོད་མི་རིགས་འདིའི་མཚན་མཐོང་ལ་རྒྱ་ཚད་མཐོར་སླེབས་པ་སོགས་ཀྱི་བྱས་པ་རླབས་ཆེན་འདི་རིགས་ལ་མཐོང་ཆུང་གནང་མི་འོས།
ཁོང་གི་སྐུ་དྲིན་ལ་བརྟེན་ནས། ཆོས་རྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམས་ཞལ་ལྷན་ཅིག་གདན་འཛོམས་ནས་ཚོགས་འདུ་འཚོགས། བོད་ཀྱི་ཆོས་རིག་ཡར་རྒྱས་གཏོང་ཕྱོགས་སྐོར་བགྲོ་གླེང་གྲོས་ཆོད་འཇོག་པ་སོགས་མཉམ་གནས་ཆིག་སྒྲིལ་འདི་འདྲ་ང་ཚོས་སྔར་བྱུང་བོད་ཀྱི་ལོ་རྒྱུས་ཐོག་མཐོང་མྱོང་མེད་པའི་བཀའ་དྲིན་ཡང་བརྗེད་མི་ཉན།
བོད་ཕྱི་ནང་གཉིས་དང་ཆོལ་ཁ་དང་ལུང་ཚན་ཕན་ཚུན་བར་སྔོན་ཆད་མཐོང་མྱོང་མེད་པའི་མཐུན་ལམ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་ཚད་མཐོར་སླེབས་བཞིན་པ་འདི་ཡང་གང་ལ་བརྟེན་ནས་འབྱུང་གིན་ཡོད་མེད་ཀྱི་དངོས་ཡོད་བདེན་པ་ཆུ་ལ་འཕེན་མི་ཉན།
ངའི་བསམ་ཚུལ་བྱས་ན་ད་ལྟ་དྲ་ཐོག་དང་ཚགས་ཤོག་ཁག་ཏུ་རང་བཙན་དང་། ལམ་དབུ་མ་གཉིས་ཀྱི་བར་དཀའ་རྙོག་ཅིག་གླེང་བཞིན་པ་འདི་བོད་རྒྱ་ཆེའི་མི་དམངས་ཉམ་ཆུང་དག་ལ་འཕྲད་པའི་དཀའ་ངལ་ཞིག་མ་རེད། འདི་ཆབ་སྲིད་པ་རེ་ཟུང་དང་། ཤེས་ཡོན་ཅན་ཁག་ཅིག་གི་སེམས་ལ་ལྟ་གྲུབ་ཀྱིས་བསླངས་པའི་དཀའ་ངལ་ཞིག་རེད། དེས་ན་མང་ཚོགས་བལྟས་ནས་སྡོད་མ་དགོས་པར། དབུ་མའི་ལམ་གྱིས་བོད་རྒྱ་ཞི་འགྲིག་འདོད་མཁན་ཚོས་དེའི་ཐོག་ལ་ཤུགས་རྒྱོབས། རང་བཙན་རྩོད་ལེན་གྱི་དམ་བཅའ་བརྟན་པོ་ཡོད་མཁན་ཚོས་རང་བཙན་ལེན་ཐབས་ཀྱི་འཆར་གཞི་བསྒྲིགས་ཏེ་ལག་ལེན་བསྟར་དགོས་པ་རེད་དྲན།
དེ་ལ་སུས་ཀྱང་བཀག་འགོག་བྱེད་མི་སྲིད་པ་རེད། ཐོབ་ཐང་རྩོད་པ་ལ་བཀག་འགོག་བྱས་ན་དམངས་གཙོ་མ་རེད། ཐོབ་ཐང་མ་བརྩད་སྔོན་ནས་ལྟ་གྲུབ་མ་རྩོད། ལྟ་གྲུབ་བརྩད་ན་ལོ་ངོ་སྟོང་ལའང་རྫོགས་རྒྱུ་མེད།
དབུ་མའི་ལམ་ལ་བརྟེན་ནས་བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པ་ལ་ང་ཚོ་མ་ཐང་ཆད་ནས་ཡོད་པ་རེད། ད་འོ་ན་དེ་མ་ཡིན་པའི་ཐབས་ལམ་ག་རེ་འདུག ཐབས་ལེན་དེ་ལག་ལེན་དུ་བསྟར་ཐུབ་ཀྱིན་འདུག་མི་འདུག་སོགས་ཆུ་ནང་ལ་ཕར་འཛུལ་དགོས་པ་ལས། ཆུ་འགྲམ་ནས་ཆུ་མོའི་གཏིང་ཟབ་ལོད་བཤད་ནས་དུས་ཚོད་བསྐྱལ་བ་དགོས་དོན་ཆུང་།
དབུ་མ་ལག་ལེན་བསྟར་མཁན་ཚོས་སྐུ་ཚབ་བཏང་སྟེ་འབད་བརྩོན་བྱས་པ་རེད་ལ། འབད་བརྩོན་བྱས་པ་ལ་གྲུབ་འབྲས་པ་མ་ཐོན་པ་རེད། འཇིག་རྟེན་གྱི་འཆར་གཞི་ཡོད་ཚད་ལ་གྲུབ་འབྲས་ཐོན་རྒྱུ་ཁག་པོ་རེད། གྲུབ་འབྲས་མ་ཐོན་པ་རྒྱུ་མཚན་དུ་བྱས་ཏེ་རྒྱུ་མ་ཕུ་འདེད་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་སྡང་ཟུག་བསྟན་པ་དེ་ཕན་ལས་གནོད་ཆེ་བའི་ལས་ཀ་ཞིག་རེད།
རང་བཙན་རྩོད་མཁན་རྣམ་པས་མུ་མཐུད་ནས་མར་མེ་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་གནང་རྒྱུ་ཡིན་ནམ། ཡང་ན་དྲག་པོའི་གཡུལ་འགྱེད་བྱེད་རྒྱུ་ཡིན་ནམ་འཆར་གཞི་བཟོས་ཏེ་ལག་ལེན་ལ་བསྟར་དགོས་པ་མ་རེད་དམ།
གལ་སྲིད་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་འཛུགས་བྱས་ན་བོད་རང་བཙན་ཐོབ་ཐུབ་ཀྱིན་ཡོད་ཚེ། ང་རང་གིས་ཀྱང་སྐྱོན་འཛུགས་བྱེད་ངེས་ཡིན། གང་ཡིན་ཟེར་ན་བོད་མི་ས་ཡ་དྲུག་གི་མངོན་འདོད་བསྒྲུབ་ཐུབ་ཀྱིན་ཡོད་ན་རྒྱལ་བ་རིན་པོ་བློས་བཏང་ཡང་བློ་འགྱོད་ཡོད་མི་སྲིད་དེ། རྒྱལ་བ་རིན་པོ་ཆེ་ལ་དགོས་པ་བོད་མི་དམངས་ལ་བདེ་སྐྱིད་ཐོབ་རྒྱུ་དེ་རེད་ལ། ང་ཚོ་ལ་དགོས་པའང་དེ་རང་ལས་མ་འདས་པའི་སྟབས་ཀྱིས་རེད།
གུས་པ་ཧོར་གཙང་འཇིགས་མེད་ཀྱིས་སྤྱི་ལོ་༢༠༡༣ ཟླ་༣ ཚེས་༡ ཉིན་བྲིས་ཏེ་ཕུལ།
ཧ་ཧ་ ཡག་གི་ཡ
བོད་ཀྱི་སྔ་རབས་པ་དག་གིས་བོད་ཀྱི་སྤྱིའི་སྐད་ལ་ཆ་བཞག་སྟེ། བོད་ཡུལ་ནས་ཡིན་པའི་སྐྱེ་བོ་སུ་ཞིག་ཡིན་རུང། ཀློག་ཤེས་པ་ཞིག་གིས་མིང་ཚིག་རྣམས་ཕལ་ཆེ་བ་གོ་ཐུབ་པའི་བྲིས་མའམ་སྤར་མའི་གླེགས་བམ་དུ་མ་བཞག་ཡོད། དེ་དག་ལ་ས་གོ་ལའི་སྟེང་གི་མཁས་པ་མང་པོས། ངོ་མཚར་དུ་བཟུང་སྟེ། བསྔགས་བསྟོད་བྱས། འོན་ཀྱང་ད་ལྟའི་གནས་སྐབས་སུ། བོད་མི་གོང་གསལ་གླེགས་བམ་ལས་གཅིག་གི་མིང་ཚིག་རྣམས་ལ་ཡང་སྦྱོང་མྱོང་མེད་པ། བོད་མི་རྣམས་ཀྱིས་ཁ་སྐད་ཤུགས་ཆེ་བར་བཀོལ་ཏེ། སྩལ་པ། ཞེས་སྩལ་བ། ཞེས་སོགས་འབྲི་བ་དེ། གོང་གསལ་གླེགས་བམ་རྣམས་ཀྱི་ཡི་གེའི་དག་ཆ་ལ་གུས་བཀུར་གྱིས་བརྩིས་སྲུང་བྱེད་པ་པོ་རྣམས་བློ་ཕམ་དགོས་པ་ཞིག་ཏུ་མི་འདུག་གམ། ཞེས་སོ།
སྩལ་པ། ཞེས་པར་སྩལ་བ། ཞེས་ཀློག་པར་མཛོད།
ངས་ཀྱང་ཐོ་ཞིག་བརྒྱབ་ནས་སྤྲུལ་སྐུ་དབང་ཆེན་ལ་ཚིག་འགའ་ཤས་བཤད་དགོས་བསམ་ཡོད། དྲ་ཐོག་ནས་ཀྱང་བཤད་པ་ཡིན། ད་རེ་ཧོར་གཙང་གིས་བྲིས་པ་འདིས་འགྲིག་པ་བྱེད་རྒྱུ་ཡིན། གང་ཡིན་ཟེར་ན་ངེད་གཉིས་ཀྱི་སྐད་ཆ་ཕལ་ཆེར་གཅིག་པ་འདྲ་ཞིག་ཆགས་འགྲོ་གི་འདུག ཁོས་ཡག་པོ་བྲིས་བྱ། ངས་ཧོར་གཙང་ལ་སྙིང་དག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཐུགས་རྗེ་ཧོར་གཙང་ལགས།
སྐུ་ངོ་རྒན་ཧོར་གཙང་ལགས་ཀྱིས་སྐད་ཆ་ཁ་ཐུག་ཅིག་བཤད་པ་ལ་དགའ་ཡོད། སྐུ་ངོ་ཁྱེད་རང་ཡང་སྔོན་ཆད་གསར་འབྱོར་སྐབས་བརྩམ་པའི་(རྒྱ་གར་དམངས་གཙོ་དོན་གྱི་རང་གཙོ་ཞིག)་ཟེར་བ་དང་རང་གཞུང་ལ་འཁང་ར་བྱེད་པའི་རྩོམ་ཡིག་སོགས་དང་མི་འདྲ་བར་རྡ་ས་ནས་སྐུ་ངོའི་རྐུབ་སྟེགས་ཤིག་ཐོབ་རྗེས་བསམ་བློ་ལ་ལྷོད་ཤ་བབས་པ་དེ་ཡང་འགན་འཁུར་ཡོད་པ་ཞིག་གིས་སྐད་ཆ་ཡིན་ལོས་དགོས་སྙམ། ཡང་མིན་ན་གསར་འབྱོར་སྐབས་དཀའ་ངལ་གང་མང་སྤྲད་པ་ལ་ཁག་བཞག་ན་ཡང་མི་འགྲིག་པ་ཅི་མེད་པ་ཡིན་ནམ། གང་ལྟར་དབུ་ལམ་འདིས་མ་འཇོན་པ་ཞིག་རང་གིས་ཡང་བཤད་ཀྱིན་འདུག་ལ་དབུ་ལམ་འདི་ད་ལྟ་ཡང་རྒྱལ་བ་རིན་པོ་ཆེས་ཕྱག་ནས་མི་ལྷོད་པ་ཡང་ཕལ་ཆེར་ཁྱེད་རང་གི་མཁྱེན་ཚོད་རེད། ང་ཚོས་རིག་ལམ་གྱི་གཏན་འབེབས་བྱས་ནས་ཆོས་ལུགས་ཀྱི་གྲུབ་མཐའ་ཞིག་རྩོད་ཀྱི་ཡོད་མ་རེད་ལ། བདེན་པའི་ལོ་རྒྱུས་བཟུང་ནས་མི་རིགས་ཤིག་གི་ཐོབ་ཐང་དེ་རྒྱུ་མཚན་དང་ལྡན་པའི་སྒོ་ནས་བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་བཞིན་དུ་རྒྱ་མིས་བཙན་འཕྲོག་བྱས་པ་དེ་ཚུར་ལེན་པའི་འཐབ་རྩོད་ཅིག་བྱེད་ཀྱི་ཡོད་པ་རེད། དེ་ལ་རིག་ལམ་འདྲ་མིན་གཏན་འབེབས་བྱས་ནས་གཞན་ཕྱོགས་མགོ་འཐོམ་པའི་དྲན་འཕྲུལ་དང་ཡིན་པ་མིན་པར་བསྒྲུབ་པ་དང་མིན་པ་ཡིན་པར་བསྒྲུབ་པའི་གཏན་ཚིགས་ཚད་གྲུབ་སོགས་ཀྱིས་ཐབས་ལམ་སྣ་མང་ཞིག་འདོན་དགོས་དོན་གང་ཡང་ཡོད་མ་རེད། དགོས་པ་དེ་བོད་མི་རིགས་ཀྱི་རང་བདག་རང་དབང་གི་རང་བཙན་གཙང་མ་ཞིག་དགོས་པའི་དགོས་འདུན་བཏོན་ནས་ལས་འགུལ་དེ་མུ་མཐུད་དུ་རྩོད་དགོས་པ་དེ་གཅིག་པོ་རེད། ཨེ་ཤ་ཡའི་རྒྱ་མོ་དང་མཉམ་དུ་གོང་ས་མཆོག་ཡོད་པའི་པར་དེ་ཆེས་ཁར་སྒོ་ཚོགས་པར་ནང་ཐོན་པ་ཞིག་རེད་ལ་ང་རང་ཡང་ཧང་སང་འགྲོ་སོང་། ད་དུང་གནས་ཚུལ་སུ་ལ་འབྲེལ་ལམ་ཡོད་མེད་ཐག་ཆོད་ཡོད་པ་མ་རེད། ང་ཚོས་མུ་མཐུད་དུ་ལྟ་དགོས་ངེས་ཤིག་རེད་སྙམ། སྲིད་སྐྱོང་མཆོག་སྔོན་མ་རང་བཙན་གཙང་མ་བཤད་མཁན་ཞིག་ཡིན་ཀྱང་ད་ལྟ་དབུ་ལམ་དེ་སྐྱོང་བ་ལའང་ཕར་བལྟས་ཚུར་མཐོང་གི་གནས་སྟངས་མང་པོ་ཞིག་ཡོད། དཔེར་ན་རྒྱལ་བ་རིན་པོ་ཆེས་དང་པོ་ནས་མང་མོས་སྲིད་སྐྱོང་ལགས་ཀྱིས་དབུ་མའི་ལམ་སྒང་ནས་གཞུང་གི་ལོངས་ཕྱོགས་ཤར་བསྐྱོད་བྱེད་ཀྱི་ཡོད་རེད་གསུང་ནས་སྐད་ཆ་རྡོག་རྡོག་ཅིག་གིས་ཡིན་མིན་བཤད་དབང་མི་སྟེར་བ་ལྟ་བུ་མང་པོ་ཞིག་ཡོང་གི་ཡོད་པ་མ་ཟད་གལ་ཏེ་སྲིད་སྐྱོང་ལ་མོས་པ་མེད་ཀྱང་རྒྱལ་བ་རིན་པོ་ཆེས་བཀའ་མ་ཕེབས་བར་དུ་སྲིད་སྐྱོང་ལ་ཕྱི་སྡོད་གཞུང་དམངས་གཉིས་ནང་ནས་རྒྱབ་སྐྱོར་རག་གི་མེད་པ་གསལ་བོ་རེད།
དྲིན་ལེན་ལོག་མཇལ་བྱེད་མཁན་་་སྤྲུལ་རྫུན་དབང་ཆེན་སོགས་་་སྐྱག་འཕྲུག་ཚོར་་་་ཏག་ཏག་བཟོས་འདུག་་་་་བཀའ་དྲིན་ཆེ་ཧོར་འཇིགས་ལགས།
སྤྲུལ་སྐུ་དབང་ཆེན་ཟེར་བ་འདིའང་རྒྱ་ནག་གཞུང་ཚབ་ཁང་གི་མགྲོན་པོ་ལ་འོས་འཚམས་རེད།
མཆན་འདོག་སྟངས་ལ་བལྟས་ན་མི་རྒན་ཁོས་རེ་བ་རྒྱག་གི་ཡོད་ཚོད་འདུག
སྤྲུལ་སྐུ་ལགས་ཕེབས་ནས་ལན་འདེབས་གནང་བ་ཐུགས་རྗེ་ཆེ། མཁྱེན་གསལ་ལྟར་ང་ཚོ་སྒེར་གྱི་ཁ་དོན་ལྟོ་དོན་ལ་རྩོད་པ་གང་ཡང་མེད་པ་རེད། ཡིན་ནའང་བསམ་ཚུལ་སུ་ལའང་ཡོད་ཆོག་གི་རེད། ཁྱེད་ལ་བསམ་ཚུལ་ཞིག་བྱུང་བ་རེད་ལ། ང་ལ་དེ་དང་མ་འདྲ་བའི་བསམ་ཚུལ་ཞིག་བྱུང་བ་རེད།
ངས་རིགས་ལམ་བཏང་ནས་ཡིན་པ་མིན་པར་སྒྲུབ་ཐབས་ལྟ་བུ་རྩ་ནས་བྱེད་ཀྱིན་མེད། ངའི་བསམ་པར་ལམ་དབུ་མ་ཡིན་ནའང་རེད། རང་བཙན་ཡིན་ནའང་རེད། དེ་ང་ཚོས་བཤད་ནས་ཡོང་རྒྱུ་ཡོད་པ་ཞིག་ཨེ་ཡིན་སྙམ་ནས་ཡོད། ང་ཚོར་ཐོབ་ཐང་དགོས་པ་རེད། ང་ཚོར་རང་དབང་དགོས་པ་རེད། ང་ཚོར་རང་བཙན་དགོས་པ་རེད་དེ། ང་ཚོར་དགོས་པ་གཅིག་པུས་མི་ཡོང་བར་ཕ་རོལ་བོས་མོས་མཐུན་བྱས་ཏེ་ང་ཚོར་སྤྲོད་དགོས་པ་དེ་རྙོག་དྲའི་གཙོ་གནད་རེད། བོད་ནང་ནང་གཅེས་ཕྲུག་ཚོས་རང་སྲོག་བློས་བཏང་བྱས་པའི་ལས་འགུལ་ནུས་ལྡན་རྔམ་པོ་ཆེ་དེ་ཉིད་ལས་གཞན་ང་ཚོས་ཕྱི་ལོགས་ནས་ཁྱོད་ལན་ང་ལན་གྱི་རྩོད་པ་བརྒྱབས་ནས་ཅང་ཡོང་རྒྱུ་ཨེ་ན་སྙམ་ནས་ཡོད། དངོས་ཡོད་གནས་ཚུལ་ཡིན།
རྒན་ལ་དྭགས་བློ་བཟང་ལགས་ཕེབས་ནས་དགོངས་ཚུལ་གསུངས་པ་ཐུགས་རྗེ་ཆེ། འོན་ཀྱང་ངེད་གཉིས་བར་གྱི་སུམ་རྟགས་ཀྱི་རྩོད་གཞི་དེ་ཚོ་གསར་བ་མ་རེད། རྒན་རང་གིས་ངའི་ཐོག་ལ་གཏམ་བཤད་སྤེལ་བ་དང་དགག་རྩོམ་བྲིས་པ་སོགས་ང་ཚོའི་སེམས་ལ་ཡོད་ཡོད་པོ་རེད། འོན་ཀྱང་ངེས་གཉིས་ཀྱིས་བཤད་བཞིན་པའི་རྩོད་གཞི་དེ་དག་ལུང་ཚན་ཞིག་གི་ཡུལ་སྐད་ཁྱེར་ཡོང་ནས་སྤྱི་སྐད་གཏོར་བཤིག་གཏོང་གིན་ཡོད་རབས་གསུངས་པ་ལ་མོས་མཐུན་ཞུ་དཀའ་སེ་བ་འདུག པ་དང་བའི་རྩོད་རྙོག་དེ་ལོ་རྒྱུས་རང་བཞིན་གྱི་རྩོད་རྙོག་ཅིག་རེད། རྩོད་དེ་འབྱུང་རྐྱེན་གཙོ་བོ་སུམ་བཅུ་བའི་རྩ་བར་གསལ་ཁ་མེད་པ་ལས་བྱུང་བ་ཞིག་རེད། སྔར་གྱི་སྐྱེས་ཆེན་ཞ་ལུ་ལོ་ཆེན་དང་། སྐྱོགས་སྟོན། ཞྭ་དམར་བ། དངུལ་ཆུ་ཡབ་སྲས། བྲ་སྟི་དང་སི་ཏུ། དངུལ་ཆུ་ཡབ་སྲས། དཀར་ལེབ་དྲུང་ཡིག་སོགས་དགོངས་ཕྱོགས་གཅིག་ཏུ་འབབ་མྱོང་མེད་ཅིང་། ཉེ་རབས་དང་དེང་རབས་ཀྱི་མཁས་པའི་ཁྲོད་དུའང་བཞེད་ཚུལ་གཅིག་མཐུན་འབྱུང་གིན་མེད། འོན་ཀྱང་ངས་རྒྱལ་བ་བྲིས་པ་དང་རྒན་གྱིས་རྒྱལ་པ་བྲིས་པ། ངས་སྟོང་བ་བྲིས་པ་དང་རྒན་གྱིས་སྟོང་པ་གཉིས་ཀྱི་ཧེ་བག་ལ་བརྟེན་ནས། རྒྱལ་བའི་གསུང་རབ་གཏོར་བརླག་ཏུ་གཏོང་གིན་ཡོད་པའི་སྐྱོན་འཛུགས་དེར་ལེགས་སུ་ཞུ་མི་ཐུབ། དགོངས་དག
ཧོར་གཙང་འཇིགས་མེད་ལགས། ཁྱེད་ཀྱིས་མཁྱེན་དགོས་པ་ནི་སྤྲུལ་དབང་ཟེར་བ་འདི་གབ་ནས་བསྡད་མཁན་ཞིག་ལས་མདུན་དུ་ཐོན་མཁན་ཞིག་མ་རེད། གཉིས་ནས་ཁྱེད་ཀྱི་རྩོམ་ཡིག་རང་མིང་གི་ཐོག་གཏོན་ཡོད་པས་རྩ་བ་དང་ལུང་ཡོད་པ་ཞིག་ཏུ་བརྩི་ཆོག སྤྲུལ་དབང་གི་འཆལ་གཏམ་ནི་རྩ་བ་དང་ལུང་གང་ཡང་མེད་པ་ཞིག་རེད། ༸གོང་ས་མཆོག་གིས་དབུ་མའི་ལམ་བཞག་དགོས་ཟེར་བའི་ཁོ་པའི་དཀྲོག་གཏམ་དེ་རྒྱལ་སྤྱི་ཡོངས་ཀྱི་ཁྲིམས་དང་འགལ་ཡོད། རང་བཙན་རྩོད་པའི་ཐོབ་ཐང་ཡོད་ན་དབུ་ལམ་རྩོད་པའི་ཐོབ་ཐང་དེ་བས་ལོས་དགོས། དངོས་གནས་བོད་མི་རིགས་ལ་ཤ་ཞེན་གྱིས་ཡིན་ན་ད་ལྟ་ང་ཚོ་བོད་མི་ཚོས་ལངས་ཕྱོགས་ག་འདྲ་ཞིག་འཛིན་ན་ཏག་ཏག་ང་ཚོ་དང་འཚམས་པ་ཡིན་མིན་ལ་བགྲོ་གླིང་གནང་དགོས་པ་ལས། སྤྲུལ་དབང་འཆལ་ཕོ་འདིས་སྔར་གསེར་གྱི་ས་ཕག་ཟ་ཚུལ་སོགས་ཁུངས་ལུང་དང་འགན་ཁུར་གང་ཡང་མི་དགོས་པའི་གཏམ་བཤད་པ་འདིས་ཁོ་ཇི་འདྲ་ཞིག་ཡིན་མིན་ལྷང་ལ་བུད་འདུག གལ་སྲིད་སུ་ཞིག་གིས་དངུལ་ཟ་ཡོད་ན་ཟ་ཚུལ་གསལ་པོ་བཤད་དགོས་པ་ལས་གབ་ནས་བསྡད་དེ་རང་རེ་ནང་ཕན་ཚུན་སྐྱོན་བརྗོད་ག་ལ་བྱེད། དེ་ལྟར་ཡིན་ཙང་སྤྲུལ་དབང་འཆལ་ཕོ་འདིའི་དམིགསཡུལ་གཞན་ཞིག་ཡིན་པ་ཐེ་ཚོམ་མི་དགོས། བོད་རང་བཙན་རྩོད་དགོས་ཞེས་ཁ་ཕོ་འབྲུག་བཞིན་སྒྲོག་སྟེ་རང་ཉིད་མི་མང་གི་མདུན་དུ་ཡང་ཐོན་མི་ཕོད་མཁན་འདི་འདྲ་མི་མང་གཡང་དུ་བསྐྱུར་མཁན་རང་ཡིན།
ཧོར་གཙང་ནས་་་་་་་བཤད་པའི་སྐད་ཆ་ཁག་གཅིག་རགས་འཕྲོད་ཀྱི་མི་འདུག་དཔེར་ན་(༢༠༠༡ ལོ་ནས་མི་དམངས་ཀྱིས་བཀའ་ཁྲི་ཐད་ཀར་འོས་འདེམས་བྱས་ཤིང་། རྒྱལ་བ་རིན་པོ་ཆེས་བོད་སྤྱིའི་དབུ་ཁྲིད་གྱི་མཚན་གནས་ཙམ་ལས་བཙན་བྱོལ་བོད་གཞུང་གི་སྐུ་འགན་ཁྱེར་མ་དགོས་པའི་ཕྱེད་བགྲེས་ཡོལ་གྱི་ངོ་བོར་བཞུགས་པ་རེད་ལ། མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲི་སྐབས་གསུམ་པའི་འོས་བསྡུ་ལེགས་གྲུབ་བྱུང་བ་དང་མཉམ་དུ། རྒྱལ་བ་རིན་པོ་ཆེ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་ཆ་ཚང་གནང་ཟིན་པ་རེད།) ཟེར་ཡག་དེ་དང་་་་་་་་(དེ་ནི་རྒྱལ་བ་རིན་པོ་ཆེ་གང་ཟག་བྱེ་བྲག་པ་གཅིག་ལ་སྐྱོན་འཛུགས་བྱས་པ་ཙམ་མ་ཡིན་པར། རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འོག་ཤར་སྐྱོད་བྱེད་མཁན་རྒྱ་ཆེའི་མང་ཚོགས་ལ་མཐོང་ཆུང་བྱས་པ་ཞིག་ཏུ་ངོས་འཛིན་མི་ཞུ་ཀ་མེད་རེད།) ཟེར་ཡག་གི་ཚིག་སྔ་ཕྱི་གཉིས་པོ་འདི་འགལ་འདུ་འབའ་ཞིག་ཏུ་སྣང་བས་་་་་ངེས་པར་དུ་གསལ་བྱེད་་གནང་རོགས་ཞུ་རྒྱུ་ཡིན། རྒྱལ་བ་རིན་པོ་ཆེ་ནས་བོད་ཆབ་སྲིད་ཀྱི་དབུ་ཁྲིད་བགྲེས་ཡོལ་ཆ་ཚང་གནང་པ་ཡིན་ན་་་་ད་ག་རེའི་དབུ་ཁྲིད་རེད་་་་་་ཆོས་ཀྱི་དབུ་ཁྲིད་རེད་པས་་་་་་་དེ་འདྲ་ཡིན་ན་བོད་བརྒྱུད་ནང་བསྟན་ལ་གྲུབ་མཐའ་མང་དག་ཞིག་ཡོད་པའི་ནང་ནས་ཆོས་རྒྱུད་སོ་སོ་ལ་དབུ་ཁྲིད་རེ་རེ་ནི་ཡོད་པས་་་་་་་དེ་མིན་པའི་ཆོས་ཀྱི་དབུ་ཁྲིད་གསར་པ་དེ་སུས་བསྐོས་པ་རེད་་་་ག་དུས་བྱུང་པ་རེད་ཡིན་ཅི་གསལ་པོ་ཞིག་གསུང་རོགས་ཞུ་འདོད་བྱུང་།
རང་དབང་ཨ་རྡུ་མན་གྱིས་བཤད་པ་ལ་རྒྱུ་མཚན་འདུག རྒྱལ་བ་རིན་པོ་ང་ཚོའི་དབུ་ཁྲིད་གོང་ན་མེད་པ་དེ་ཡིན་སྙམ་པའི་བློའི་ཤུགས་འཇགས་པའི་སྟོབས་ཀྱིས་བྱུང་བའི་ཚིག་སྐྱོན་ཞིག་ཏུ་ངོས་འཛིན་བྱས་ན་མི་འགྲིག་པ་མི་འདུག ཡིན་ནའང་བདག་གིས་དོན་གྱིས་བཤད་འདོད་པ་ནི་བོད་རྒྱ་ཆེའི་མི་དམངས་ཀྱིས་བརྩི་བཀུར་ཞུ་ཡུལ་གོང་ན་མེད་པ་དེ་ཡིན་སྟབས། ཁོང་ལ་བརྩི་བཀུར་ཞུ་མཁན་གྱི་མི་དམངས་ཞེས་བཟོ་བཅོས་གནང་རོགས།
ཐུགས་རྗེ་ཆེ།
སྐུ་ཞབས་ཧོར་གཙང་འཇིགས་མེད་ནས་བྱུང་རིམ་ནན་བརྗོད་གནང་བ་དེས་དམངས་ལ་ཕན་རྒྱུ་ཡིན་པ་ནི་ཐེ་ཚོམ་མེད་པ་ཞིག་རེད། ཡིན་ནའང། འཁྱོག་བརྗོད་མཁན་ལ་ག་དུས་ཡིན་ན་བདེན་པ་མི་དགོས་སྟབས་བཤད་མ་བཤད་དགེ་མཚན་ཨེ་ཡོད་བསམས།
དེ་ནས་སྐབས་བབ། སྐུ་ཉིད་ནས་དབང་ཆེན་འབོད་པར་ལན་འདེབས་གནང་བ་ནི་ཤིན་ཏུ་ནས་འགྱོད་པའི་གནས་སུ་ཆེ་བ་མ་ཟད། དེ་ལས་རྒྱ་གཞུང་གི་ཡེ་རྡོར་ལ་རྩོམ་ལན་ཞིག་བྲིས་ཡོད་ན་དེས་བོད་སྤྱི་ལ་ཕན་ཐག་ཆོད་རེད། དབང་ཆེན་འདི་བས་ལོང་པས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་ལ་སོང་བའི་གནད་དོན་མང་པོའི་ཐོག་ཉི་མ་ཁ་དཀར་ངོ་དཀར་ལ་བསམ་གཟས་ནས་སྐུར་འདེབས་སྒྲོ་འདོགས་ཚད་ལས་བརྒལ་བ་བྱེད་ཀྱི་འདུག་སྟབས། འདིའི་རིགས་འདི་ལ་ཡ་བྱས་པ་ཆུ་ཚོད་འཕྲོ་བརླག་ཡིན་པ་གསལ་བོ་ཡིན་སྟབས། རྒྱ་གར་གྱི་གནས་སྟངས་དང་དེ་རིང་སང་ཉིན་གྱི་ལམ་དབུ་མར་ཀླན་ཀ་འཚོལ་མཁན་སྤྱིའི་གནས་བབ་ལ་ཞིབ་འཇུག་གིས་སྐུ་ཞབས་ཧོར་འཇིགས་ལ་དབང་ཆེན་ལྟ་བུར་ཡ་མ་བྱེད་ཅེས་ནན་སྐུལ་བྱེད་འདོད་བྱུང་ལ།། ལན་འདེབས་རིན་ཞིག་དང་སྐད་ཆར་གནས་ལུགས་རེ་ཡོད་ན་ང་ཚོ་ཚེ་སྲོག་ལས་བདེན་པ་རྩ་ཆེར་བརྩི་མཁན་གྱི་གང་ཟག་ཚང་མས་བགྲོ་གླེང་བྱེད་པ་ནི་ཐེ་ཚོམ་མེད་པ་ཞིག་རེད་ཅེས་ཞུའོ།།།
བོད་མིའི་རྩ་དོན་གང་ཟག་ལ་སྟོན་མི་རུང་།
ཁོ་རེ་ཨ་རྡུ་མན། སྤྱི་ལོ་༢༠༡༢ ༡ ༡༠ ཉིན་གནས་མཆོག་རྡོ་རྗེ་གདན་ལ་རྒྱལ་སྤྱིའི་བོད་རྒྱུད་ནང་བསྟན་རྗེས་འཇུག་པ་ཡོངས་ནས་གོང་ས་མཆོག་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཏུ་མངའ་གསོལ་གཟེངས་བསྟོད་ཞུས་པ་དེ་མ་ཤེས་སམ། སྤྲུལ་དབང་དང་ཁྱོད་ལྟ་བུའི་རྒྱ་ཁྱི་དང་སྡུག་འདྲེའི་རྗེས་འཇུག་པ་ཁ་ཤས་ཀྱིས་ངོས་ལེན་མེད་ན་ཡང་སྡུག་གྱོང་རེད།
སྤྲུལ་དབང་འཆལ་ཕོ་འདི་ཚོ་ག་རེ་བཤད་ནའང་རང་དོན་འབའ་ཞིག་དང་ཟ་རྒྱུ་ཞིག་མ་རག་པའི་ལྟོགས་སྐད་རེད། ང་ཚོའི་བོད་གཞུང་ནི་ཟ་རྒྱུ་རག་རྒྱུ་གང་ཡང་མེད་ཅིང་བོད་མི་མང་ཁོ་ནའི་ཆེད་ཕྱག་ལས་གནང་མཁན་ཞིག་ཡིན་པས་སྤྲུལ་དབང་ཁྱེད་སྡུག་ཤི་རྒྱག་ནའང་ཟ་རྒྱུ་རག་མི་སྲིད། ལམ་དབུ་མ་ནི་༸གོང་ས་མཆོག་གིས་རྒྱལ་སྤྱིའི་གནས་བབ་སོགས་མཐའ་དག་གཟིགས་ནས་དུས་བབ་ཀྱི་ཐག་བཅད་གནང་བ་དང་བོད་རྒྱ་ཆེ་མང་ཚོགས་ཀྱིས་རྒྱབ་ནས་སྐྱོར་བ་ཞིག་ཡིན་པས་པག་ཁྱི་གཅིག་གིས་མུ་ཅོ་རྒྱག་ཐེངས་གཅིག་གིས་རེ་སྟོང་བཅངས་པ་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།
ཨ་རྡུ་མན་ཅན་བསོད་སྐམ་ཁྱེད་ཀྱིས་༸གོང་ས་མཆོག་བོད་ཀྱི་ཆོས་སྲིད་དབུ་ཁྲིད་སུས་བསྐོས་པ་རེད་ཟེར། ལྐུགས་རྒན་འདི་སྨྱོ་བ་ཡིན་འདྲ། ཡུན་རིང་མི་དགོས་པར་ཉིས་སྟོང་བཅུ་གཉིས་ཀྱིས་དུས་དབང་སྐབས་བོད་ཀྱི་ཆོས་བརྒྱུད་ཡོངས་ཀྱི་དབུ་ཁྲིད་དག་གིས་༸གོང་ས་མཆོག་ལ་ག་རེ་ཞུས་འདུག དུས་དབང་གོ་སྒྲིག་པས་དེབ་གཅིག་གཏོན་པ་དེ་སྡུག་མིག་གིས་ལྟོས་ཤིག ༸གོང་ས་མཆོག་ཡོངས་རྫོགས་རྒྱལ་བསྟན་གྱི་མངའ་བདག་ཡིན་ཨ་ཕོ་རང་གིས་འཇོན། ལོ་རྒྱུས་ཀྱིས་བསྐོས། མི་མང་གིས་བསྐོས་པ་རེད། བོད་རྒྱ་ཆེ་མི་དམངས་ཀྱི་སེམས་སྟེང་གི་ཆོས་ཀྱི་དབུ་ཁྲིད་ཉྀ་མ་ལྟ་བུ་དེ་རེད། ལས་ངན་དང་བསོད་སྐམ་ཅན་རེ་ཟུང་ཆ་ཅི་ཡོད། ལྷས་བྱིན་གྱིས་རང་གི་སྤུན་རྒྱལ་བ་ཤཱཀྱ་ཐུབ་པ་རང་ལས་ལྷག་པར་ངོས་འཛིན་མི་ཐུབ་པ་བཞིན་ནོ། ཆོལ་ཁ གསུམ་ཡོངས་ཀྱི་འཐུས་མི་ནས་༸གོང་ས་མཆོག་མདུན་མནའ་བསྐྱལ་དམ་བཙུགས་དང་གསོལ་འདེབས་ཕུར་ཚུགས་བྱས་ཚུལ་རེ་རེ་ནས་དགོས་ངས་བཀོད་ཆོག
སྤྱི་རྒྱུ་དང་སྤྱི་དབང་དེ་ཚོ་རང་ལག་ན་ཡོད་རྒྱུ་ཟིག་ཡིན་རྒྱུ་ན། བོད་རང་བཙན་གྱི་ཆེད་དུ་མི་སྣ་གསོ་སྐྱོང་དང་། བོད་རང་བཙན་གྱི་ཆེད་དུ་ཤེས་བྱ་མཁོ་སྤྲོད་ཞིག་བྱེད་ཐུབ་ས་རེད།
Abcd ལྡོ་ཕོགས་སྟེར་མི་ཐུབ་ནི་ཞིག་དང་། རྣམ་དབྱེ་ནང་ཆོས་རང་སངས་མི་རྒྱས་ནི་ཞིག་གི་སློབ་སྟོན་ལོ་འགའ་གནང་བ་ལས་ཆུ་མ་ཡོང་གོང་གི་རགས་ཞིག་རྒྱག་པ་དང་། ཆུ་འཕྱུར་ནས་ཡོད་ན་གཟིངས་ཞིག་སྒྲུག་ས་རེད།
ངོ་མ་ཡིན། དེ་དག་མ་འཛོམས་ན་ཁ་ནས་གླེང་བཞིན། ལག་ནས་འབྲི་བཞིན་མི་འདུག་རང་འདུག་རེད།
རྒྱ་བོད་གཉིས་ཀྱིས་ཡོན་ཏན་གྱི་ཤེས་ཚད་རྩོད་གྱི་མེད་པ་རེད། དེ་ན་ད་གང་ལ་ཐུག་སོང་། ཁོ་རེ་གངས་ཕྲུག་ཚོ།
དེ་རིང་མཁས་དབང་ཧོར་གཙང་འཇིགས་མེད་ལགས་ཀྱི་ལེགས་བཤད་མཇལ་བར་དགའ་ཡོད། ཡིན་ཡང་བོང་རྒན་ཨ་མཆོག་ནང་གསེར་དང་གཅིག་མཚུངས་ལས་ཡོང་ཁག་པོ་རེད། སྤྲུལ་སྐུ་དབང་ཆེན་གཙོས་པའི་རིགས་རྒོལ་དྲ་འབུ་དག་ལ་ནི་་་་་་་་་་་་་་་་་་་་་་
༄། །ཧོར་གཙང་གིས་བཤད་པ་དེ་ཤིན་ཏུ་བདེན་པར་མཐོང། ངས་ཀྱང་མོས་མཐུན་ཡོད། ཡིནའང་། ཁྱེད་རང་གསུང་པ་འདི་མུན་ནག་མདའ་འཕེན་ལྟ་བུ་ཞིག་རེད། གང་ཡིན་ཞེ་ན། སྤྲུལ་སྐུ་དབང་ཆེན་ཞེས་པ་འདི་སུ་ཡིན། གང་ནས་ཡིན། ཁོས་དམིགས་ཡུལ་ངོ་མ་དེ་རང་བཙན་གྱི་ཆེད་དུ་ཡིན་ནམ། བོད་མི་སྤྱི་ཚོགས་འཐོར་ཞིག་གཏོང་བའི་ཇུས་ཡིན། སུས་ཀྱང་རྟོག་དཀའ་ལ། ཁྱེད་རང་གི་ཡང་ཕལ་ཆེར་ངོ་ཤེས་ཀྱི་ཨ་ཡོད། གལ་སྲིད་བོད་དོན་འཐབ་རྩོད་ཆེད་ཡིན་ན། མདུན་ལ་ཐོན་ནི་ཆབ་སྲིད་མགོ་ཁྲིད་པའམ་ལེགས་ཉེས་སྐྱོན་འཛུགས་གང་བྱེད་རྒྱུ་ཡོད་ན། སོ་སོས་ཚིག་ལ་སོ་སོས་བདག་པོ་བརྒྱབ་ནུས་པའི་བློ་ཁོག་དེ་ཡོད་ན། ང་ཚོས་ལེགས་ཉེས་དབྱེ་བ་འབྱེད་པའི་ཐོག་ནས་བགྲོ་གླེང་ལོས་ཆོག། དེ་མིན་ནག་ཁུང་ནང་ནས་སྐད་ཅོར་ཞིག་གི་ཇུས་བཀོད་དེ་ལ་་ཡ་ལེན་བྱེད་རིན་གང་ཡང་མ་མཐོང། མ་ཟད་དེ་སྔོན་སྤྲུལ་སྐུ་དབང་ཆེན་གྱི་བྲིས་པའི་༧གོང་ས་མཆོག་ལ་སྐྱོན་བརྗོད་དེ་དག་གཞི་མེད་སྒྲོ་བསྐུར་དང་སྡང་སེམས་ཀྱི་བསྐྱོན་བརྗོད་སོགས་ཤིན་ཏུ་མང་ཡང། དད་པ་ཡོད་མེད་དང་གང་ཟག་སུ་ཞིག་གི་སུ་ཞིག་ལ་སྐྱོན་བརྗོད་བྱེད་མིན་དེ་རང་དབང་ཡིན་ཙང་ཡ་ལན་བྱེད་མཁན་ཤིན་ཏུ་ཉུང་། ད་ལོ་ནས་གཟུང་དབུ་མ་དེ་རང་བཙན་གྱི་དགྲ་རུ་ཡིན་ཚུལ་་དང་དེ་ཡང་༧གོང་ས་མཆོག་གི་དབང་ཚད་བསྐྱུར་གྱི་མེད་སྐོར་སོགས་བཤད་འདི་དག། ཁོ་རང་ངོས་ནས་བཤད་སྟངས་ངོས་ནས་ཁ་ཕྱོགས་བསྒྱུར་བ་ཙམ་རེད། ང་ཚོའི་ངོས་ནས་དབུ་མ་དང་རང་བཙན་སོགས་ཀྱི་ཐ་སྙད་འདི་དག་བོད་པའི་རྩ་དོན་གྱི་ཐ་སྙད་ཆགས་ཡོད་ཙང་། ཁོས་སྐད་ཆ་ལ་དོ་སྣང་ཆེ་རུ་ཕྱིན་པ་རེད། ཁྱེད་གསུང་པ་ལྟར་ཁོས་གདོང་དེ་ནམ་ཡང་སྟོན་མི་སྲིད་ན་དཔང་རྟག་ཞིག་དེ་བས་ཀྱང་ཁྱེར་མི་སྲིད། དེ་ལས་བཏང་སྙོམས་བཞག་ན་ལེགས། ད་ལྟ་བོད་མའི་སྤྱི་ཚོགས་མཐུན་བསྒྲིལ་དང་རྡོག་རྩ་གཅིག་བསྒྲིལ་ཡོད་པ་འདི་འཐོར་ཞིག་མི་འགྲོ་བའི་ཐབས་དང་སྲ་བརྟན་དུ་གནས་རྒྱུ་འདི་ཤེས་ལྡན་ཀུན་གྱི་གནད་དུ་གོ་དགོས། ད་ལྟ་ཡོད་བཞིན་པའི་བཙན་བྱོལ་བོད་མའི་མཐུན་སྒྲིལ་གྱི་སྤྱི་ཚོགས་འདི་ཞི་བདེའི་འཁོར་ཡུག་ཞིག་ཡིན་ལ་རང་དབང་གི་ཞིང་ས་ཞིག་ཀྱང་ཡིན། འདི་ལ་བརྟེན་ནས་ང་ཚོའི་གནའ་དེང་གི་རིགས་གཞུང་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡར་རྒྱས་བཏང་དགོས་ལ། དེ་ག་ནང་བཞིན་འཁོར་ཡུག་འདི་ལ་རྟེན་ནས་མ་འོང་པའི་མདུན་ལམ་དེ་རང་བཙན་ནམ་རང་སྲིད་རང་སྐྱོངས་ས྄ོགས་ཐབས་གང་ལ་བཟང་ན་དེ་ཕྱོགས་ལ་སྙེགས་དགོས། དེ་མིན་གོང་ས་མཆོག་ལ་ཡིད་ཆེད་བརླག་ཐབ་བྱེད་པ་དེ་རྒྱ་དམར་གྱི་མངོན་འདོད་རེད་ལ། ང་ཚོའི་བོད་མའི་མཐུན་སྒྲིལ་གྱི་་འཁོར་ཡུག་བཟང་པོ་འདི་འཐོར་རྐྱེན་གྱི་ཉེན་ཚབ་རང་བཞིན་ཞིག་ཀྱང་རེད། དེས་ན་ཀུན་གྱི་མཁྱེན་པ་གནང་དགོས།
སྐུ་ཞབས་ཧོར་འཇིགས་ལགས། སྤྲུལ་དབང་ཟེར་བ་དེར་ཅང་བཤད་དགོས་མ་རེད། དཀར་པོ་ལ་ནག་པོ་རེད་ཟེར་མཁན་གྲས་རེད། རྒྱུ་མཚན་དང་དོན་དངོས་ལ་མི་ལྟ་མཁན་ཞིག་ལ་བདེན་པ་བརྒྱ་ཕྲག་ལབ་ཀྱང་རང་འཇགས་རེད། དེ་བས་རྒྱུ་མཚན་དང་དོན་དངོས་ལ་གཞོར་མཁན་དག་དང་མཉམ་དུ་བགྲོ་གླེང་བྱས་ན་ཡག་གི་འདོད། མ་གཞི་ནས་འགན་བླངས་པར་ཐུགས་རྗེ་ཞུའོ།
ཧོར་འཇིགས་ལ་བཀྲ་ཤིས་བདེ་ལེགས་ཞུ། རྒྱ་ནག་གི་རྩོམ་པ་པོ་ཝང་ཡོའུ་ཟེར་བའི་་གཏམ་བཤད་བཀོད་པ་ཞིག་ཏུ། བོད་ཀྱི་དམངས་གཙོའི་འཕེལ་ཕྱོགས་ཐད་ཧོར་གཙང་འཇིགས་མེད་ལ་གདོང་ཐུག་ནས་རྩོད་པ་བྱུང་། ཧོར་གཙང་འཇིགས་མེད་ལ་བདེན་རྟགས་སྔར་མེད་ཅིག་བཤད་རྒྱུ་མི་འདུག་སྟེ། ཁ་བྲལ་རིང་ལུགས་པའི་དུག་ནད་འགོས་པའི་ཨུ་ཚུགས་ཅན། སྐད་ཆ་ཐད་དྲང་དང་། སྤོབས་པ་ཆེན་པོ། ཆོད་སེམས་བརྟན་པོ་ཅན་གྱི་ཕོ་གསར་ཆབ་སྲིད་པ་ཞིག་རེད། ཅེས་བཀོད་འདུག ཕལ་ཆེར་ཝང་ཡོའུ་ལགས་ལ་ཚོར་བ་ཟབ་མོ་ཞིག་དང་། འཇིགས་ཟིལ་ཆེན་པོ་ཞིག་གཏད་ཡོད་པ་འདྲ། བདེན་པ་ཡིན་ནམ་འདི་སྐོར་ལ་གསུང་བཤད་ཅིག་གནང་རོགས།
ངོར་གཙང་འཇིགས་མེད་ལགས། ཁྱེད་རང་ལྟ་བུ་ཁ་བརྡ་ནང་མང་དུ་ཞུགས་ཏེ་སྤྲུལ་སྐུ་དབང་ཆེན་ཟེར་བའི་ནང་དཀྲུག་རྒྱག་མཁན་དང་། དེ་བཞིན་ཀླུ་སྨྱོན་ཟེར་བ་སོགས་ཚང་མ་ཐལ་བའི་རྡུལ་ཕྲན་བཞིན་དུ་གཏོང་རོགས། ཉིད་ཀྱི་རྩོམ་ཡིག་གི་དོན་ཚན་ཕལ་ཆེ་བར་རྒྱབ་སྐྱོར་ཡོད། ད་ཆར་ང་ཚོས་བོད་མི་རིགས་འདི་འཛམ་གླིང་ས་སྟེང་དུ་ཉམས་མེད་གནས་ཐབས་གང་འདུག་ལྟ་རྒྱུ་ལས་རང་བཙན་གྱི་ཁ་ཕོ་སྒྲོག་པའི་དུས་ལ་རྩ་བ་ནས་བབ་མི་འདུག་བསམ་གྱི་འདུག ང་ཚོ་ལ་གང་ཡང་མེད་པ་ལ་རང་བཙན་ཞེས་ངར་སྐད་སྟོན་པ་སྟོང་སྐད་རང་རེད། རང་བཙན་བྱེད་པའི་དམིགས་ཡུལ་ག་རེ་རེད། བོད་མི་རིགས་འདི་དར་ཞིང་རྒྱས་པ་ཞིག་བྱུང་ན་རང་རྩོད་དགོས་མིན་རིམ་གྱིས་ལྟ་ཆོག རང་བཙན་བྱེད་ཐུབ་མིན་ཤིན་ཏུ་དཀའ་བའི་དྲི་བ་ཞིག་ཡིན་ལ། རྒྱ་མི་མཉམ་དུ་རང་བཙན་ལས་ལྷག་པའི་ཁེ་ཕན་བྱུང་ན་ང་ཚོས་ངོས་ལེན་བྱེད་ཆོག ཡིན་ནའང་ངའི་བསམ་ཚུལ་ལ་བོད་མི་རིགས་འདི་ནམ་ཡང་ཤི་མི་རུང་ལ།
མཁས་དབང་མཆོག་ལ་གུས་འདུད་གྲངས་མེད་ཞུ།།ཧ་ཅང་ཡག་པོ་ཅིག་བྲིས་འདུག ཁྱེད་རང་དངོས་གནས་ང་ཚོའི་སྙིང་སྟོབས་དང་སྤོབས་པ་རེད།
ཧོར་གཙང་འཇིགས་མེད་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། གང་ཡིན་ཟེར་ན། གནད་འགག་གི་སྐབས་སུ་བཤད་དགོས་ངེས་སུ་མཐོང་བ་དེ་ཚོ་འཛེམ་ཟོན་མེད་པར་གསུང་ཡོང་གི་འདུག རྩོམ་ཡིག་སྤེལ་ཡོང་གི་འདུག་པ་དེའི་ཆ་ནས། མཁས་པ་རྒན་རབས་པ་ཚོས་འདི་ལྟར་སྤྱི་ཚོགས་ཀྱི་ལེགས་ཉེས་དག་ལ་ཕྱོགས་བསྡོམས་དང་། ཕྱོགས་སྟོན་མང་དུ་གནང་དགོས་ཀྱི་འདུག ཐུགས་རྗེ་ཆེ་ཞུ་ལགས།
ཧོར་འཇིགས་མཆོག་ཕེབས་ནས་དོན་དག་མང་དག་ཅིག་ལ་གནད་ལ་འཁེལ་བའི་བཀའ་སློབ་གནང་བར་དགའ་བསུ་ཞུ། འབྲི་མཁན་མང་དག་ཅིག་འདུག་སྟེ་གནད་ལ་མ་འཁེལ་བ་དང་དོན་ལ་མ་གནས་ཙང་ཀློག་པ་པོ་ཚོར་འདོད་པ་མི་ཁེངས་པའི་དཀའ་ངལ་ཅིག་འཕྲད་བཞིན་ཡོད། ད་ཐེངས་ལན་གཅིག་ཕེབས་པ་ཙམ་མིན་པར་བོད་དོན་སྤྱི་དང་ཛ་དྲག་གནས་སྟངས་ལ་གཞིགས་ནས་ཡང་ཡང་ཕེབས་པར་རེ་སྐུལ་དང་། རིག་ལམ་བརྒྱ་ཕྲག་དང་མཁྱེན་དཔྱོད་ལྡན་པའི་བཀའ་སློབ་དེ་དག་བློ་ལྡན་གཞོན་ནུ་རྣམས་ལ་ཕན་ཐོགས་པ་དང་བློ་སྒོ་འབྱེད་པའི་ནུས་པ་ལྡན་པས་ཡང་ནས་བསྐྱར་དུ་ཕེབས་རོགས་ཞུ་བ་ཡིན། །
༡་་་་༼ང་ཚོས་འདིར་གསལ་བོར་བཟོ་དགོས་པ་ཞིག་ནི། ༡༩༨༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ནང་གོང་ས་མཆོག་གི་མཚན་ཐོག་ནས་ཞི་བའི་གྲོས་འཆར་དོན་ཚན་ལྔ་བཏོན་པ་དང་། དེའི་ཕྱི་ལོ་༡༩༨༨ ལོར་ཧྥ་རན་སིའི་གྲོང་ཁྱེར་སི་ཊ་སི་བྷཀ་ཏུ་ཞི་གྲོས་དོན་ཚན་ལྔའི་གསལ་འགྲེལ་བཏོན་པ་ཡོངས་གྲགས་ཡིན་ལ། གནས་ཚུལ་དེ་རིགས་སྤྱན་རས་གཟིགས་ལ་མ་ཎིའི་ལྗགས་འབུལ་དགོས་ག་ལ་ཡོད།༽ཅེས་གསུངས་འདུག་པར་བདེན་པ་ཡིན་གྱི་རེད།
༢་་་༼༡༩༩༧ ལོའི་དཔྱིད་ཀར་བཙན་བྱོལ་བོད་གཞུང་གི་བཀའ་སྤྱི་ཁྲིམས་གསུམ་དང་། ཕྱི་རྒྱལ་དོན་གཅོད་ཁག དེ་མིན་གྱི་མཐོ་རིམ་ལས་བྱེད། ས་གནས་ཁག་གི་གཞིས་མགོ་དང་བརྒྱ་དཔོན། དགོན་སྡེ་ཁག་གི་འཐུས་ཚབ། གཞོན་ནུ་དང་བུད་མེད་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་གི་དབུ་ཁྲིད་བཅས་འདུས་པའི་ཚོགས་ཆེན་འཚོགས་པ་མ་ཟད། ནམ་རྒྱུན་ནས་རྒྱལ་བ་རིན་པོ་ཆེས་བཏོན་པའི་སྲིད་ཇུས་ལ་མོས་མཐུན་མེད་མཁན་གྱི་གང་ཟག་སྒེར་བ་དཔེར་ན། ལྷ་བཟང་ཚེ་རིང་དང་། ཟླ་བ་ནོར་སོགས་ཀྱང་ཚོགས་འདུ་ལ་གདན་འདྲེན་ཞུས་པ་ཙམ་མ་ཡིན་པར། ཁོང་རྣམ་པའི་ལྟ་གྲུབ་གསལ་སྟོན་བྱེད་མཁན་གྱི་གཏམ་བཤད་པའི་གྲས་སུ་ཡོད་པ་ཡིན།
ཉིན་གྲངས་དུ་མའི་རིང་སྦྱངས་བཤད་ལྷུག་པོ་བྱས་པའི་མཇུག་སྡོམ་རྒྱག་སྐབས་མི་དམངས་འཐུས་ཚབ་དང་། དེ་དག་གིས་མི་དམངས་ཀྱི་བསམ་ཤོག་བསྡུས་ཡོང་བ་ཁག་ཕྱོགས་གཅིག་ཏུ་སྤུངས་ཏེ་བལྟས་སྐབས། མི་འབོར་གྱི་བརྒྱ་ཆ་༦༥ ལྷག་གིས་མུ་མཐུད་ནས་ལམ་དབུ་མའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས་པའི་བསམ་ཚུལ་བཏོིན་ཅིང་།༽
ཞེས་གསུངས་འདུག་པ་འདི་ལ་བདེན་པའི་ཆ་དང་མི་བདེན་པའི་ཆ་གཉིས་ཀ་འདུག་བསམས་ཀྱི་འདུག
༣་་་་གོང་གི་སྐད་ཆ་དེ་གཉིས་བདེན་པ་ཡིན་པའི་དབང་དུ་བཏང་ནའང་དང་པོར་ཞི་བའི་དོན་ཚན་ལྔ་ཨ་རིའི་དང་ཧྥི་རན་སི་ལ་ཕུལ། རྗེས་སུ་༡༩༩༧་ལོར་མི་དམངས་ལ་འོས་བསྡུ་བྱས་འདུག་པ་འདི་ལ་བལྟས་ན་གྲོས་ཐག་སྔོན་ནས་བཅད་ཚར་རྗེས་སུ་མི་དམངས་ལ་སྐད་ཆ་དྲིས་པ་རེད་འདུག་པ་བསྟན། བོད་རྒྱལ་ཁབ་ཀྱི་ཐོབ་ཐང་བདག་དབང་ཐག་གཅོད་བྱེད་པའི་དབང་ཆ་མི་དམངས་ལ་ཡོད་པ་བདེན་ན་དང་པོར་འོས་བསྡུ་བྱས། དེ་ནས་ཞི་དོན་ཚན་ལྔ་དང་དབུ་མའི་ལམ་ཨ་ཪིའི་དང་ཧྥི་རན་སི་ལ་བསྒྲག་དགོས་པ་ནི་དམངས་གཙོ་ཡང་དག་པའི་ལམ་ལུགས་མིན་ནམ་སྙམ།
༤་་་་༡༩༩༧་ལོར་རང་བཙན་དང་དབུ་མའི་ལམ། རང་ཐག་རང་གཅོད་དང་བདེན་པའི་ཨུ་ཚུགས་སོགས་གང་ལ་འདོད་མོས་ཡོད་མེད་ཀྱི་ཐོག་ཏུ་འོས་བསྡུ་འདྲ་ཞིག་བྱས་པ་རེད། ༧གོང་ས་མཆོག་དང་དབུ་མའི་ལམ་གཉིས་སྦྱར་ནས་བསླེབས་པ་དང་། བཀྲས་མཐོང་དང་རང་ཐག་རང་གཅོད་མཉམ་དུ། ཟམ་གདོང་དང་བདེན་པའི་ཨུ་ཚུགས་མཉམ་དུ་སྤྱི་ཚོགས་ནང་དུ་བསླེབས་པ་རེད། རང་བཙན་ནི་སྔ་ནས་བརྩད་དང་རྩོད་བཞིན་པ་ཡིན་དུས་གང་ཟག་སུ་དང་གང་གི་མཉམ་དུ་སྦྱར་ནས་བསླེབས་མེད།
༥་་་་སྐབས་དེ་དུས་དབུ་མའི་ལམ་ཟེར་བ་དང་རང་ཐག་རང་གཅོད། བདེན་པའི་ཨུ་ཚུགས་ཟེར་བ་སོགས་ནི་བོད་མི་མང་ཆེ་བའི་རྣ་ལམ་དུ་མངོན་བརྗོད་ལྟ་བུ་ཡིན་པ་ལས་གོ་རྟོགས་ཡོད་པར་ཧ་ཅང་དཀོན། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་དབུ་མའི་ལམ་དང་༧རྒྱལ་བ་རིན་པོ་ཆེན་ལ་རྒྱལ་ཁ་ཐོབ་པ་རེད། མ་གཏོགས་འོས་བསྡུ་ཚད་ལྡན་ཞིག་བྱས་པ་མ་རེད། གཞི་ཆགས་ཁག་རེ་ཟུང་གིས་འོས་བསྡུ་མ་བྱས་པར་༧རྒྱལ་བ་རིན་པོ་ཆེན་མཆོག་གིས་ག་རེ་གནང་ན་འགྲིག ང་ཚོས་ཧ་གོ་གི་མི་འདུག་ཅེས་ཡར་ཕུལ་བ་རེད། དེ་ལ་འོས་བསྡུ་དང་དམངས་གཙོ་ཟེར་ལེ་མ་རེད།
༦་་་་དབུ་མའི་ལམ་འདི་དམངས་མོས་དང་འོས་བསྡུའི་ལམ་ནས་གཏན་འབེབས་བྱས་པ་ཞིག་ཡིན་ཟེར་ན་ངོས་ལེན་ཡོང་ཐབས་དཀའ་བ་རེད། སྤྱིའི་ཆ་ནས་བོད་ནང་གི་སྐུ་ལུས་མེར་སྲེག་ཕུལ་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་ཆེ་བ་ནི་དབུ་མའི་ལམ་གཏན་འབེབས་བྱས་ཚར་བའི་རྗེས་སུ་སྐྱེས་པའི་མི་རབས་རེད།
ཧོར་གཙང་འཇིགས་མེད་འདིར་བྱོན་པ་ལེགས།
་
ཕལ་ཆེར་ལོ་ངོ་བཅོ་ལྔ་ལྷག་རྗེས་སུ་སླར་ཡང་མཇལ་བར་དགའ་བ་ཆེ། མཁས་པའི་བྱ་བ་རྒྱུན་སྤེལ་མཛད་པའི་རེ་འདུན།
ངས་རྒྱལ་བ་ལ་རྒྱལ་བ་རང་འབྲི་བ་མ་གཏོགས་རྒྱལ་པ། ཞེས་ནམ་ཡང་མི་འབྲི། གཤམ་གསལ་ངལ་རྩོལ་གྱིས་བསྡུས་པ་དག་ལ་གཟིགས་གྲོགས། རྒྱལ། རྒྱལ། འཇུ།
༄༅། །བོད་ཀྱི་མཁས་པའི་སྐད་ལ་སྦྱངས་པ་དམན་པས། མ་བརྟགས་པར་བོད་ཚིག་རྣམས་ལ་རིགས་འགྲེ་གཏོང་བའམ། ལུང་པ་སོ་སོའི་ཁ་སྐད་ཤོར་ཏེ། འགའ་ཞིག་གིས་བོད་སྤྱིའི་སྐད་ལ་གནོད་པའི་སྒྲ་སྦྱོར་མང་དུ་བྱེད་པ་མཐོང་། སྔོན་གྱི་སྒྲ་སྒྱུར་མཁས་པ་རྣམས་ཀྱིས་སྒྲའི་རྗོད་སྟངས་ཉམས་ཆག་མེད་པ་རྗོད་ཐུབ་པས་ཡི་གེ་དག་ཆ་ཡང་སྐྱོན་མེད་པ་བྱུང་། དེ་ཡང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་མིང་ཚིག་རྣམས་བཀའ་འགྱུར་དང་། བསྟན་འགྱུར། མཁས་པའི་གསུང་འབུམ་རྣམས་ན་ཡོད་ཀྱང་། དིང་སང་ལྟ་ཅི་སྔོན་ནས་ཀྱང་དེ་རྣམས་ལ་འགྱུར་བ་ཐེབས་ཏེ། ཁ་སྐད་བཀོལ་མཁན་མང་དུ་བྱུང་། དེ་དག་དགག་པའི་ཕྱིར་དུ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ཡི་གེ་སྦྱོར་བ་ན།
་
ཆོས་ཀྱི་སྐད་དང་མཐུན་པ་ཡིས།
རང་ཡུལ་[ལུང་]སྐད་ངན་སྤང་བར་བྱ།།
་
ཞེས་གསུང་དགོས་པ་བྱུང་། བཀའ་བསྟན་གསུང་འབུམ་རྣམས་ཀྱི་དཔེ་ཆ་འགའ་བཀླགས་ཏེ། མིང་གང་དང་གང་གི་རྗེས་སུ་ པ་ཡིག་གམ། ཡང་ན། བ་ཡིག་ཐོབ་པ་ངེས་པ་ལ་མིང་ཚིག་རེ་རེ་བཞིན་སྦྱང་དགོས། དེ་ལྟར་མ་ཡིན་པར་ལུང་པ་སོ་སོའི་ཁ་སྐད་གཙོ་བོར་བཟུང་སྟེ། པ་ཡིག་ཐོབ་སར་བ་ཡིག་འབྲི་བ་ནི་བཀའ་བསྟན་གསུང་འབུམ་གྱི་དག་ཆ་ལ་གནོད་པའི་ཡིག་ཚོགས་སྤེལ་བའི་རྒྱུ་རུ་མཐོང་། དེ་ཡང་། བྱ་ཚིག་གི་རྗེས་འཇུག ང་ འ་ ར་ ལ་ བཞི་པོའི་མཐའ་ཅན་གང་ཡིན་དང་། དབྱངས་ཡིག་མཐའ་ཅན་རྣམས་ཕལ་ཆེར་གྱི་མཐའ་ལ་བ་ཡིག་ཐོབ་པར་ངེས་ཏེ། དཔེར་ན། འཆང་བ། འཐུང་བ། འོང་བ། དགའ་བ། འཆའ་བ། འདའ་བ། འགྱུར་བ། དར་བ། འབར་བ། འཁོལ་བ། སྣོལ་བ། སྩོལ་བ། ཞེས་ལྟ་བུ་དང་། དབྱངས་མཐའ་ཅན་ལྔའི་དཔེར་བརྗོད་ནི། ཞ་བ། རྒ་བ། རྒྱ་བ། འཆི་བ། འདྲི་བ། འབྲི་བ། ཞི་བ། ངུ་བ། འདུ་བ། ཞུ་བ། འགྲེ་བ། ཐེ་བ། འཚེ་བ། ངུ་བ། འདུ་བ། ཞུ་བ། གོ་བ། འཇོ་བ། འཚོ་བ། ཞེས་པ་རྣམས་ཀྱི་བ་ཡིག་དེ་བྱ་ཚིག་དེ་དག་གི་ད་ལྟ་བ་སྟོན་བྱེད་དུ་འཇུག་ཅིང་། བྱ་ཚིག་དེ་རྣམས་མིང་ཚིག་ལ་ཡང་འཇུག་པར་མཐོང་། དཔེར་ན། གཞན་ལ་འཚེ་བ་སྡིག་པ་དང་། གཞན་ལ་ཕན་པ་ཆོས་ཡིན་ནོ། ཞེས་པ་ལྟ་བུའོ།
བོད་ཀྱི་མཐའ་མཚམས་ཀྱི་ལུང་པ་རྣམས་སུ། གནའ་བོའི་སྐད་ཀྱི་ཚིག་མང་པོ་ལུས་ཡོད་པ་ན་བདག་སྒྲ་པ་ཡིག་ལ་འགྱུར་བ་མེད་པས། བདག་སྒྲ་ལ་པ་ཡིག་ཁོ་ན་བཀོལ། དེ་བཞིན་བཀའ་བསྟན་གསུང་འབུམ་རྣམས་ཀྱི་སྐད་དང་བསྟུན་ཏེ། སི་ཏུ་པཎ་ཆེན་གྱིས་པ་ཡིག་ཁོ་ན་བདག་སྒྲར་ངོས་འཛིན་པ་ལ་བསྟོད་འོས་པ་ལགས་སོ།
དེས་ན། ང་ འ་ ར་ ལ་ དབྱངས་ཡིག་མཐའ་ཅན་རྣམས་ཀྱི་མིང་ཚིག་དང་། ཁྱད་ཆོས་མིང་ཚིག་དག་ལ་ རྗེས་འཇུག་དང་བསྟུན་ཏེ། རིགས་འགྲེ་མ་བྱེད་པར་མིང་ཚིག་རེ་རེ་བཞིན་བཀའ་བསྟན་གསུང་འབུམ་རྣམས་ཀྱི་དཔེ་ཆ་ན་གསལ་བ་ལྟར་སྦྱང་དགོས་ཏེ། དཔེར་ན། རྐང་པ། ཁང་པ། གང་བ། གང་པོ། འཆང་བ། སྙིང་པོ། རྙིང་པ། ཉུང་བ། སྟོང་པ། བཏུང་བ། ཐུང་བ། ལྡང་བ། དཔུང་པ། ཕུང་པོ། འབྱུང་བ། འབྱུང་པོ། བྱང་བ། བྱང་པོ། དམར་པོ། གཙང་བ། ཚང་བ། ཞིང་པ། འོང་བ། གཟུང་བ། བཟུང་བ། རུང་བ། སྲུང་བ། དགའ་བ། དགའ་བོ། འཆའ་བ། འདའ་བ། དམའ་བ། མཛའ་བ། གཡའ་བ། བཤའ་བ། བསྐོར་བ། འཁོར་བ། ཆར་པ། གཉེར་པ། གཉེར་བ། དར་བ། འཕཪ་བ། ཞར་བ། གཡར་བ། གསར་པ། གསལ་བ། གསལ་པོ། རྐྱལ་པ། རྒྱལ་བ། རྒྱལ་པོ། འགྲེལ་པ། འཆལ་པ། ཐལ་བ། འབྲེལ་བ། འབྲེལ་པ། འབུལ་བ། ཕུལ་བ། འཚལ་བ། གཞལ་བ། རལ་པ། རོང་པ། རྒྱ་གར་པ། སྡེ་པ། ཕུ་པ། ཡུལ་པ། ཞེས་སོགས་སོ།
་
བོད་དང་བོད་དང་འབྲེལ་པའི་བོད་སྐད་སྨྲ་བ་རྣམས་ས་རྒྱ་ཆེ་བ་དཔག་ཚད་སྟོང་ཕྲག་གི་རྒྱང་དུ་གནས། དེ་རྣམས་འཛོམས་པ་ན། གཅིག་གི་ཁ་སྐད་གཅིག་ཤོས་ཀྱིས་མི་གོ་ཡང་། གཅིག་དང་གཅིག་ཤོས་ཀྱི་བསམ་པ་ངོ་སྤྲོད་པ་ལ་བཀའ་བསྟན་གསུང་འབུམ་རྣམས་ཀྱི་ཆོས་སྐད་དེ་ཉིད་མེད་དུ་མི་རུང་བ་ནི། འཇིག་རྟེན་གནས་ལུགས་ཟབ་པར་ཐུགས་ལ་ཆུད་ཅིང་། བོད་རིགས་ལ་བརྩེ་བ་ཆེན་པོ་ཡོད་པ། མདོ་སྨད་པ་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་མཆོག་གིས་འདི་ལྟར་གསུངས་ཏེ།
དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབས་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འགྲོ་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་ལྟ་བུ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།
དེབ་ཐེར་དཀར་པོ། བོད་ཤིང་སྤར་ཤོག་ ༣༡ མདུན་ཤོག་ནས་རྒྱབ་ཤོག་བར་དང་། བོད་ལྗོངས་དཔེ་སྐྲུན་ཁང་ནས། ༡༩༩༠ ལོར་སྤར་པ། དེབ་གཟུགས་གསུམ་པ། ཤོག་གྲངས་ ༢༧༢ ཅིས་ཀྱང་གཟིགས་ཏེ་ཉམས་སུ་ལེན་དགོས།
་
གོང་དུ་བྲིས་པའི་མིང་ཚིག་རྣམས་ཀྱི་རྒྱབ་རྟེན་དུ་བཀའ་བསྟན་གསུང་འབུམ་འགའ་ནས་བཏུས་པའི་མིང་ཚིག་འགའ་ཞིག་ནི།
་
མདོ་རྒྱ་ཆེར་རོལ་པ། ལ་དྭགས་སྟོག་སྤར་མ་ལས་བཏུས་པ་ནི། རྐང་པ། གང་བ། ངང་པ། གཏོང་བ། སྟོང་པ། འདོང་བ། མཐོང་བ། བྱང་བ། དབང་བ། དབང་པོ། འབྱུང་བ། མང་བ། མང་པོ། བཟང་པོ། སྣང་བ། སྤོང་བ། དམའ་བ། དཀར་བ། དཀར་པོ། བསྐོར་བ། བསྐུར་བ། འགྱུར་བ། གྱུར་པ། གྲོལ་བ། ངུར་པ། ཐར་པ། ཚོར་བ། བསྐལ་པ། རྒྱལ་པོ། འཆལ་པ། ཕལ་པ། འབུལ་བ། བྲལ་བ། རོལ་པ། གསལ་བ། གསོལ་པ། སྩལ་པ། གསོལ་བ། དམའ་བ། མཐོ་བ། ཐ་མལ་པ། ལྟ་བ། འཚང་རྒྱ་བ། བཞི་པ། ལྔ་པ། འཚོ་བ་པ། མ་འདྲེས་པ། རྫོགས་པ། བརྩེགས་པ། ཞེས་སོགས་སོ།
་
མདོ་མཛངས་བླུན་དྷ་ས་སྤར་མ་ལས་བཏུས་པ་ནི།
རྐང་པ། གླང་པོ་ཆེ། གཏུང་བ། སྟོང་པ། དང་པོ། སྤྲང་པོ། དབང་པོ། མང་པོ། མཐོང་བ། ཚོང་པ། བཟང་བ། འབྱོར་པ། མྱུར་བ། ཐར་པ། གྱུར་པ། དབུལ་པོ། བཀའ་སྩལ་པ། འགྱེལ་བ། རྣམ་པར་གྲོལ་བ། གསལ་བ། གསོལ་པ། རྐུ་བ། ར་རོ་བ། འདས་པ། སྨྲས་པ། ཚངས་པ། ཞེས་སོགས་སོ།
་
སློབ་དཔོན་དབྱིག་གཉེན། སྤྱི་ལོ་བརྒྱ་རབས་བཞི་པ་ན་བྱོན།
ཆོས་མངོན་པ་མཛོད་རྩ་བ་དང་རང་འགྲེལ། ཝཱ་ཎ་དགེ་ལུགས་པས་སྤར་པ་ལས་བཏུས་པ་ནི། གླིང་པ། ལྔ་པོ། དང་པོ། ཕུང་པོ། ཕྱུང་བ། བྱུང་བ། རིང་པོ། འབྲེལ་པ། རྟེན་ཅིང་འབྲེལ་པར་འབྱུང་བ། དབང་པོ། ཁ་བསྐང་བ། འབྱུང་བ། ཚང་བ། གྱུར་པ། སྒྱུར་བ། བསྐལ་པ། སྐལ་བ། སྤྲུལ་པ། སིལ་བུ། རྒྱལ་པོ། བཞི་པ། ང་བརྒྱ་པ། མེད་པ་པ། སྐྱེས་བུ་པ། ཞི་བ། གཙོ་བོ། ཉོན་མོངས་པ། གཏུགས་པ། གནས་པ། ཞེས་སོགས་སོ།
་
དཔལ་ལྡན་ཟླ་བ་གྲགས་པ། སྤྱི་ལོ་བརྒྱ་རབས་དྲུག་པར་བྱོན།
དེས་མཛད་པའིས་དབུ་མ་ཚིགས་གསལ་ལས་བཏུས་པ་ནི། རྐང་པ། སྟོང་པ། དང་པོ། སྣང་བ། འོང་བ། དབང་པོ། བྱང་བ། གཙང་བ། རུང་བ། སོང་བ། འབྲེལ་པ། རྟེན་ཅིང་འབྲེལ་པར་འབྱུང་བ། བྱུང་བ། མང་བ། འཁོར་བ། གྱུར་པ། འགལ་བ། འགྱུར་བ། ཐར་པ། ཚོར་བ། གློ་བུར་བ། གྲོལ་བ། ཐལ་བ། བྲལ་བ། ཕ་རོལ་པོ། ཚོལ་བ། བསལ་བ། འགྲོ་བ་པོ། བལྟོས་པ་པ། དགུ་པ། བརྒྱ་པ། ཀ་བ། ལྔ་པོ། བཀའ་སྩལ་པ། བགོས་པ། ངེས་པ། ཐོགས་པ། ཞེས་སོགས་སོ།
་
སློབ་དཔོན་ཞི་བ་འཚོ། སྤྱི་ལོ་བརྒྱ་རབས་བརྒྱད་པར་བོད་དུ་བྱོན། བོད་ཀྱི་སྐད་ལ་ཆོས་འཛིན་པའི་ནུས་པ་ཡོད་ཅེས་བསྔགས་བརྗོད་མཛད་དེ། རང་ཉིད་ཀྱིས་བོད་སྐད་སྦྱང་།
གང་གིས་མཛད་པའི་བསྟན་བཅོས་དབུ་མ་རྒྱན་ནས་བཏུས་པ་ནི། སྟོང་པ། སྡོང་པོ། མང་པོ། སུན་ཕྱུང་བ། འབྱུང་བ། དཀར་བ། དཀར་པོ། འཁོར་བ། འགྱུར་བ། གྱུར་པ། ཐར་པ། འགྲེལ་པ། འབྲེལ་པ། གསལ་བ། གསོལ་པ། བསིལ་བ། འཁྲུལ་པ། བྲལ་བ། སྨྲ་བ། ཤོལ་བ། སྡེ་པ། བཅུ་པོ། སྐྱེད་པ་པོ། བསྐལ་པ། བརྒྱལ་པ། རྒྱལ་བ་པ། སེར་སྐྱ་པ། ཚོར་བ་པོ། རྟེན་ཅིང་འབྲེལ་པར་འབྱུང་བ། སྒྲ་སྦྱོར་བ། ཉན་པ་པོ། སྐྱེས་པ། བྱིས་པ། ཤེས་པ། ཞེས་སོགས་སོ།
་
རོང་ཟོམ་པཎྜི་ཏ། འཁྲུངས་འདས་ཀྱི་ལོ་མ་ཤེས་ཀྱང་། འདི་ཉིད་ཕྲུ་གུ་ཡིན་པའི་སྐབས་སུ་ཇོ་བོ་རྗེ་ཨ་ཏི་ཤས་སྐུ་པང་དུ་བཞེས་ཏེ། རྒྱ་གར་སྐད་དུ་གླེང་མོལ་མཛད་པ་ལྟར་ན། བརྒྱ་རབས་བཅུ་གཅིག་པའི་དཀྱིལ་ཙམ་ལ་བྱུང་།
གང་ཉིད་ཀྱིས་མཛད་པའི་སྣང་བ་ལྷར་སྒྲུབ་པ་ལས་བཏུས་པ་ནི། གང་བ། ཆུང་བ། སྟོང་པ། དང་པོ། མཐོང་བ། སྣང་བ། དབང་བ། དབང་པོ། བྱང་བ། འབྱུང་བ། བཟང་པོ། དཀར་པོ། བཀུར་བ། བསྐོར་བ། འཁོར་བ། འཁྲུལ་པ། འགྱུར་བ། ཐར་པ། གཤེར་བ། རྒོལ་བ། ཕྱིར་རྒོལ་བ། འཇལ་བ། ཐ་མལ་པ། སོལ་བ། དགའ་བ། འཆི་བ། ཀ་བ། ལྟ་བ། བྱ་བ། ཕྱེ་བ། སྨྲ་བ། འགྲོ་བ། གཙོ་བོ། འཚོ་བ། ཉོན་མོངས་པ། གསུངས་པ། བྱས་པ། བསྡུས་པ། ཞེས་སོགས་སོ།
་
རྗེ་བཙུན་གྲགས་པ་རྒྱལ་མཚན། ༡༡༤༧ ནས་ ༡༢༡༦ བར།
གང་གིས་མཛད་པའི་ཞེན་པ་བཞི་བྲལ་དང་། དེའི་འགྲེལ་པ་དག་ལས་བཏུས་པ་ནི། སྙིང་པོ། སྟོང་པ། དང་པོ། སྣང་བ། སྤང་བ། སྤོང་བ། སྤྲང་པོ། གསུང་བ། སྐུར་བ། འཁྲུལ་པ། འཁོར་བ། ཐར་པ། རྒྱལ་བ། བྲལ་བ། ཚོལ་བ། སེལ་བ། གསོལ་བ། རྩ་བ། དགེ་བ། གཤེ་བ། ས་སྐྱ་པ། ཆོས་པ། ལ་སོགས་པ། མ་ལུས་པ། ཞེས་སོགས་སོ།
་
ས་པཎ་ཀུན་དགའ་རྒྱལ་མཚན། ༡༡༨༢ ནས་ ༡༢༥༡བར།
གང་ཉིད་མཛད་པའི་ལེགས་པར་བཤད་པ་རིན་པོ་གཏེར་ལས་བཏུས་པ་ནི། རྐང་པ། བསྐལ་པ། ཁང་པ། གང་བ། དང་པོ། དྲང་པོ། དབང་པོ། མང་པོ། ཚང་བ། ཚོང་པ། གཙང་བ། ཞིང་པ། བཟང་པོ། བུང་བ། མནར་བ། འབྱོར་པ། སྨྲ་བ། སེར་བ། ཤར་བ། རྒྱལ་པོ། དབུལ་པོ། འབྲལ་བ། འབྲེལ་པ། གསལ་བ། ཁོལ་པོ། མཁས་པ། ལེགས་པ། ཟོས་པ། ཞེས་སོགས་སོ།།
མཆིམས་ནམ་མཁའ་གྲགས། སྤྱི་ལོ་བརྒྱ་རབས་བཅུ་གཉིས་པར་བཅོམ་ལྡན་རིག་རལ་གྱི་དུས་སུ་བྱུང་།
དེ་ཉིད་ཀྱིས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མངོན་པའི་རྒྱན་ལས་བཏུས་པ་ནི། གླང་པོ་ཆེ། གཏོང་བ། དང་པོ། སྣང་བ། འབྱུང་བ། བཟང་པོ། རྟེན་ཅིང་འབྲེལ་པར་འབྱུང་བ། ཐར་པ། ཕུང་པོ། དཀར་པོ། ཚོར་བ། འཁྲུལ་པ། འགྲེལ་པ། ཕལ་པོ་ཆེ། འབྲེལ་པ། རྣལ་འབྱོར་པ། སྡེ་པ། ཉི་ཤུ་པ། སྒྲ་པ། རྟོགས་པ། ཤེས་པ། དམིགས་པ། ཞེས་སོགས་སོ། བསྟན་འདི་སེར་བྱེས་དཔེ་མཛོད་ནས་དེབ་གཟུགས་སུ་བཀོད་པར་བཀའ་དྲིན་ལེགས་གསོལ་དང་། འདི་ཉིད་ཀྱི་བོད་སྤར་རྙིང་དང་། བསྟན་བཅོས་གཞན་དང་ཡང་གོ་བསྡུར་བྱས་ཏེ། པ་བའི་འཇུག་ཚུལ་སྐྱོན་མེད་པ་ཞིག་བསྐྲུན་པའི་རེ་སྨོན་ཞུའོ།
་
ཀརྨ་པ་སྐུ་འཕྲེང་གསུམ་པ་རང་འབྱུང་རྡོ་རྗེ། ༡༢༨༤ ནས་ ༡༣༣༩ བར།
སྐྱེ་རབས་སོ་བཞི་པའི་ཁ་སྐོང་སྐྱེ་རབས་ལས་བཏུས་པ་ནི། གང་བ། རྨད་བྱུང་བ། རིང་པོ། འཆང་བ། བྱུང་བ། ས་སྐྱོང་བ། འཕྲེང་བ། བྱུང་བ། མང་པོ། ཚང་བ། གཡེང་བ། བསྒྱུར་པ། རྣལ་འབྱོར་པ། རྒྱལ་པོ། དུལ་བ། བསྐལ་པ། བསྐུལ་བ། འགྲེལ་པ། སྒྲོལ་བ། བྲལ་བ། རྣམ་རོལ་པ། གསོལ་པ། གསལ་བ། ཉེ་བ། བཀྲ་བ། འགྲོ་བ། སུམ་ཅུ་ལྔ་པ། འདས་པ། གནས་པ། རིངས་པ། ཞེས་སོགས་སོ།
་
བུ་སྟོན་རིན་པོ་ཆེ་རིན་ཆེན་གྲུབ། ༡༢༩༠ ནས་ ༡༣༦༤
ཆོས་འབྱུང་ལས་བཏུས་པ་ནི། གང་པོ། གྱོང་པོ། འཆང་བ། སྙིང་པོ། གསུང་བ། དང་པོ། མཐོང་བ། ལུང་པ། གདིང་བ། ཕུང་པོ། དབང་པོ། རང་བྱུང་བ། འབྱུང་པོ། འབྲང་བ། བླང་བ། མང་བ། མང་པོ། རིང་པོ། བསྲུང་བ། འགྱུར་བ། གྱུར་པ། བསྐོར་བ། དར་བ། སྦྱར་བ། བསྐལ་པ། འགྲེལ་པ། རྒྱལ་བ། རྒྱལ་པོ། གྲོལ་བ སྤྲུལ་པ། སེལ་བ། འབྲལ་བ། བྲལ་བ། འཆི་བ། བསྡུ་བ། ཆེ་བ། ཉམས་པ། སེམས་པ། བསགས་པ། ཞེས་སོགས་སོ།
་
རྗེ་ཙོང་ཁ་པ། ༡༣༥༧ ནས་ ༡༤༡༩ བར།
གང་གིས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་། ལམ་རིམ་བསྡུས་དོན་དང་། ལམ་གཙོན་རྣམ་གསུམ། བདེ་ཅན་སློན་ལམ་དང་། ཐོག་མཐའ་མ། གསང་འདུས་སྨོན་ལམ་བཅས་ལས་བཏུས་པ་ནི། གང་བ། འཆིང་བ། མཐོང་བ། སྙིང་པོ། སྟོང་པ། འཐུང་བ། སྣང་བ། དཔང་པོ། དབང་པོ། བྱང་བ། ཚང་བ། བཟུང་བ། བསྐོར་བ། འཁོར་བ། གྱུར་པ། འཆར་བ། ཐར་པ། སྐལ་བ། རྩོལ་བ། གསལ་བ། རྒྱལ་བ། རྒྱལ་པོ། སྤྲུལ་པ། འབྲལ་བ། འབྲེལ་པ། སྩལ་པ། འདུ་བ། སྡེ་པ། བསྔགས་པ། འདོམས་པ། སྤྲོས་པ། ཞེས་སོགས་སོ།
་
རྒྱལ་ཚབ་རྗེ། དར་མ་རིན་ཆེན། ༡༣༦༤ ནས་ ༡༤༣༢ བར།
གང་གིས་མཛད་པའི་དབུ་མ་རིན་ཆེན་འཕྲེང་བའི་སྙིང་པོའི་དོན་གསལ་བར་བྱེད་པ་ལས་བཏུས་པ་ནི། འཆང་བ། སྙིང་པོ། འཐུང་བ། དང་བ། ཕུང་པོ། དབང་པོ། བྱུང་བ། འབྱུང་བ། མང་བ། མང་པོ། བཟང་བ། རིང་པོ། དཀའ་བ། འདའ་བ། བཀུར་བ། འཁོར་བ། གྱུར་པ། འགྱུར་བ། འཁྲུལ་པ། འགྲེལ་པ། རྒྱལ་བ། རྒྱལ་པོ། དབུལ་བ། བརྒྱན་པ་པོ། སྡེ་པ། གཅེར་བུ་པ། སྐྱེས་པ། སྤངས་པ། གསུངས་པ། ཞེས་སོགས་སོ།
་
མཁས་གྲུབ་རྗེ། དགེ་ལེགས་དཔལ་བཟང་པོ། ༡༣༨༥ ནས་ ༡༤༣༨བར།
གང་གི་གསུང་རྩོམ་རྒྱུད་སྡེའི་སྤྱི་རྣམ་ལས་བཏུས་པ་ནི། རྙིང་པ། སྙིང་པོ། རྐྱང་པ། དང་པོ། གང་བ། ཇོ་ནང་པ། འཕྲེང་བ། མང་པོ། ཚང་བ། འཚང་རྒྱ་བ། བཟང་པོ། སོང་བ། བྱུང་བ། དཀའ་བ། འགྱུར་བ། ཐལ་འགྱུར་པ། བསྐལ་པ། འགྲེལ་པ། རྒྱལ་བ། རྒྱལ་པོ། འབྲེལ་པ། ཕྱི་རོལ་པ། དགྱེས་རོལ་པ། ཕལ་པོ་ཆེ། རྩ་བ། ལྔ་པ། ས་བཅུ་པ། བརྒྱད་ཅུ་པ། དྲིས་པ། འདེབས་པ། སྦྱངས་པ། ཞེས་སོགས་སོ།
་
རྒྱལ་བའམ་པཎ་ཆེན་དགེ་འདུན་གྲུབ། ༡༣༩༡ ནས་ ༡༤༧༤བར།
གང་གིས་མཛད་པའི་བསྟན་བཅོས་ཚད་པ་རིགས་རྒྱན་ལས་བཏུས་ནི། འཆིང་བ། ཉུང་བ། བཏང་བ། སྟོང་པ། མཐོང་བ། དང་པོ། ཕུང་པོ། དབང་པོ། འབྱུང་བ། བཟུང་བ རིང་པོ། རུང་བ། སོང་བ། དཀར་པོ། འཁོར་བ། གྱུར་པ། འགྱུར་བ། ཐར་པ། དམར་པོ། འཆར་བ། ཤར་བ། འཁྲུལ་པ། གྲོལ་བ། འགལ་བ། འབྲལ་བ། བྲལ་བ། འབྲེལ་པ། གསལ་བ། བསལ་བ། སེལ་བ། དུ་བ། འདུ་བ། འདྲ་བ། མདོ་སྡེ་པ། ཞི་བ། བཞི་པོ། ལྔ་པ། གཅེར་བུ་པ། སོ་སོ་བ། དགུ་པོ། དྲོ་བ། དཔྱོད་པ་པ། མྱོང་བ་པོ། གཉིས་པ། རྟོགས་པ། ཤེས་པ། ཞེས་སོགས་སོ།
་
རྒྱལ་བ་ཀརྨ་མི་སྐྱོད་རྡོ་རྗེ། ༡༥༠༦ ནས་ ༡༥༥༤བར།
དེ་ཉིད་ཀྱི་གསུང་དབུ་མ་འཇུག་པའི་འགྲེལ་པ་ལས་བཏུས་པ་ནི། ངང་པ། དང་པོ། དཔང་པོ། དབང་པོ། ཕུང་པོ། མཐོང་བ། སྟོང་པ། སྣང་བ། ལོང་བ། བླང་བ། རུང་བ། འཁྲུལ་པ། གྱུར་པ། འགྱུར་བ། ཐར་པ། རྣལ་འབྱོར་པ། གཟེར་བུ། ངལ་བ། བྲལ་བ། སེལ་བ། གསལ་བ། འབྲེལ་པ། རྒོལ་བ། གྲོལ་བ། བྱེད་པ་པོ། སྡེ་པ། རྟོགས་པ། སྤྲོས་པ། ལ་སོགས་པ། ཞེས་སོགས་སོ།
་
ཡོངས་འཛིན་ཡེ་ཤེན་རྒྱལ་རྒྱལ་མཚན། ༡༧༡༣ ནས ༡༧༩༣བར།
བླ་མ་ཆོད་པའི་འགྲེལ་པ་ལས་བཏུས། སྙིང་པོ། བརྒྱད་སྟོང་པ། གསང་བ། བཏུང་བ། ཐུན་མོང་བ། བཟང་པོ། སྟོང་པ། སྡོང་པོ། འཁྲུལ་པ། ཐར་པ། གྲོལ་བ། ཕྱུང་བ། ཐ་མལ་པ། རྒྱལ་བ། རྒྱལ་པོ། མཇལ་བ། དམྱལ་བ། གསོལ་བ། དང་པོ་པ། སྐྱ་པ། རྩ་བ། དབེན་ས་པ། ལྔ་བཅུ་པ། གསུམ་བརྒྱ་པ། སྒྲུབ་པ་པོ། རྟེན་ཅིང་རྟེན་པར་འབྱུང་བ། གསང་བ་པོ། བསྐལ་པ། གཞོལ་བ། བསྲུང་བ། ཆགས་པ། གཉིས་པ། ནུས་པ། ཞེས་སོགས་སོ།
་
རྗེ་གུང་ཐང་བསྟན་པའི་སྒྲོན་མ། ༡༧༦༢ ནས་ ༡༨༢༢ བར།
ཆུ་ཤིང་གི་བསྟན་བཅོས་དང་རྣམ་ཐར་ལས་བཏུས་པ་ནི། དང་པོ། བཏང་བ། དྲང་པོ། ལྡིང་བ། འཕུང་བ། འབྱུང་བ། འབྲང་བ། མང་བ། ཞིང་པ། བཟང་པོ། བཀུར་བ། བསྐལ་པ། འཁོར་བ། མངར་བ། གྱུར་པ། བསྒྱུར་བ། ཐར་པ། ནོར་བ། འབར་བ། འབྱོར་པ། འཁྱིལ་བ། འཁྲུལ་པ། འགྲེལ་པ། རྒྱལ་བ། རྒྱལ་པོ། འདུལ་བ། བརྒལ་བ། བྲལ་བ། རོལ་པ། བསིལ་བ། བཅིངས་པ། ཚངས་པ། བཞེངས་པ། ཞེས་སོགས་སོ།
་
འཇུ་མི་ཕམ། ༡༨༤༦་ ནས་ ༡༩༡༢བར།
དབུ་མ་རྒྱན་འགྲེལ་པ་ལས་བཏུས། དང་པོ། སྣང་བ། གླང་པོ། ལྔ་པོ། སྙིང་པོ། སྟོང་པ། མཐོང་བ། ཕུང་པོ། བྱུང་བ། འབྱུང་བ། མང་བ། ཚང་བ། གཟུང་བ། བཟང་པོ། དཀར་པོ། གྱུར་པ། བཀྲལ་བ། འཁྲུལ་པ། འགྲེལ་པ། འགྲེལ་བ། རྒྱལ་པོ། མཇལ་བ། སྟེར་བ། ཐལ་འགྱུར་པ། ཕ་རོལ་པོ། ཕྱི་རོལ་པ། སྤྲུལ་པ། ཕྱི་རོལ་པ། བྲལ་བ། གསལ་བ། གསལ་པོ། རྙིང་མ་པ། དབུ་མ་པ། ཕྱེ་བ་པོ། བཞི་པ། སྨྲ་བ། མཛད་པ་པོ། རྒྱལ་བ་པ། མདོ་སྡེ་པ། གསང་བ་པ། དགོས་པ། ཤེས་པ། ལ་སོགས་པ། ཞེས་སོགས་སོ།
་
དགེ་འདུན་ཆོས་འཕེལ། ༡༩༠༣ ནས ༡༩༥༡ བར།
གང་གིས་མཛད་པའི། གླེགས་བམ་གསུམ་ལས་བཏུས་པ་ནི། རྐང་པ། གང་བ། ཉུང་བ། རྙིང་པ། སྙིང་པོ། སྟོང་པ། དང་པོ། མཐོང་བ། གྲོང་པ། གཏོང་བ། དྲང་པོ། གདོང་པ། སྣང་བ། དཔུང་པ། སློང་བ། འབྱུང་པོ། བྱུང་བ། མང་པོ། གཙང་པ། ཚང་བ། བཟང་པོ། འོང་བ། ལུང་པ། སོང་བ། ལྷུང་བ། ཁུར་པོ། འཁོར་བ། གྱུར་པ། འགྱུར་བ། རྒྱ་གར་པ། དར་བ། གཟར་པོ། འཁྲུལ་པ། འགྲེལ་པ། ངལ་བ། འབྱོར་པ། ཚལ་པ། རལ་པ། རོལ་པ། གསལ་བ། འབྲེལ་པ། སྤྲུལ་པ། རྒྱལ་པོ། ཟེར་བ། མདའ་པ། རྟ་པ། སྡེ་པ། ཁྲོས་པ། བསྒྲིགས་པ། ཡངས་པ། ཞེས་སོགས་སོ། །
༧་་་་༼གལ་སྲིད་རང་སྲིད་རང་སྐྱོང་གི་སྲིད་ཇུས་མུ་མཐུད་རྒྱུན་འཛིན་བྱེད་འདོད་མེད་ཚེ། སོ་སོ་རང་ཉིད་ཀྱིས་བདམས་པའི་སྲིད་སྐྱོང་དང་སྤྱི་འཐུས་རྣམས་ལ་གནོན་ཤུགས་སྤྲད་དེ་གཞུང་གི་སྲིད་ཇུས་ལ་འགྱུར་གཏོང་དུ་འཇུག་དགོས་པ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྱུར་བ་གཏོང་དུ་འཇུག་དགོས་པ་རེད།༽ཅེས་གསུངས་འདུག
༨་་་སྤྱི་འཐུས་དང་མི་དམངས་ཀྱི་འདོད་ཐོག་ཏུ་འགྲོ་ཐུབ་པའི་གཞུང་དང་སྒྲིག་འཛུགས་ཤིག་ཡིན་ན་༢༠༠༨་ལོར་གཞུང་དམངས་ཛ་དྲག་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་འདི་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་སྐྱབས་བཅོལ་གཞུང་ཞིག་ལ་བསྒྱུར་གྱི་ཡིན་ཞེས་པའི་གྲོས་ཆོད་པ་བཞག་དེ་ག་རེ་བྱས་པ་ཡིན་ནམ།
༩་་་་༢༠༡༡་ལོར་བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་རང་འཇགས་བཞག་དགོས་པའི་དམངས་མོས་གྲོས་ཆོད་ལ་བརྩི་སྲུང་བྱས་ཡོད་དམ། གྲོས་ཚོགས་ནང་དུ་༧རྒྱལ་བ་རིན་པོ་ཆེན་དང་ལམ་དབུ་མ་གཉིས་མཉམ་དུ་ཁུར་ཡོང་ནས་སྤྱི་འཐུས་རྣམས་ལ་རང་མོས་ཀྱི་ཐག་གཅོད་བྱེད་པའི་དབང་ཆ་སྤྲད་མྱངས་ཡོད་དམ།
ཅོ་རི་སྡུག་རི་མ་ཁྱོད་དེ་འདྲ་སྙིང་རྗེ་བ་ལ། བོད་གཞུང་གི་མིང་ཚིག་ཕྱིར་བསྡུ་བྱེད་མི་དགོས་པ་ང་ཚོས་ཀུན་གྱིས་འདོད་མོད་སྐབས་དེར་༸གོང་ས་མཆོག་གིས་བོད་གཞུང་གི་མིང་ཚིག་འདིར་ཏན་ཏན་བསམ་བློ་གཏོང་དགོས་ཞེས་བཀའ་ཕེབས་གནད་འགག་ངེས་པར་ཡོད་སྤྱི་འཐུས་སོགས་དགོངས་བཞེས་ཀྱིས་བོད་གཞུང་གི་མིང་ཚིག་ཕྱི་བསྡུ་བྱས་པ་ཙམ་ཡིན། བོད་མི་མང་ཡོངས་ནས་རྒྱབ་སྐྱོར་བྱེད་དང་བྱེད་བཞྀན་རེད། ཡང་ན་ཁྱེད་ནས་མི་མང་འོས་ཤིག་བསྡུ་དང་ངས་ལྟད་མོ་ལྟ་ཆོག ༸རྒྱལ་བའི་དབང་པོ་གསུངས་པ་དེར་མངོན་པ་དང་མི་མངོན་པའི་དགོས་པ་དུ་མ་ཡོད་པ་ཤེས་དགོས། ཅོ་རི་སྡུག་རི་པག་འཁྱམས་ནང་དཀྲུག་རྒྱག་མཁན།
༢༠༠༨ལོར་ཛ་དྲག་ཚོགས་ཆེན་དེ་དང་པོ་ནས་བཀའ་སྤྱི་གཉིས་ཀྱིས་སྐུ་མདུན་དང་གྲོས་བསྡུར་གྱིས་ཐག་གནང་བའི་ཕྱག་ལས་ལ་་མང་ཚོགས་བསྐོངས་ཏེ་གྲོས་བསྡུར་བྱེད་ཁུལ་གྱི་འཁྲབ་སྟོན་དང་ལག་པ་ཕྱི་ས་ཞིག་ཡིན་པ་ལས་དབུ་ལམ་ལས་འདའ་ས་མེད་པ་གསལ་པོ་རེད། དགོན་སྡེ་དང་ཆོས་ཚོགས སྒེར་གྱི་ཚོགས་པ་མང་པོ་ཞིག་གིས་ཀྱང་རང་ཉིད་སྐུ་མདུན་ལ་ལྷག་བསམ་དཀར་པ་མཚོན་ཆེད་དང་སྒེར་ལ་ཁེ་ཕན་ཐོབ་ཆེད་སྤྲད་ལེ་འཁྲབ་ཅིང་།་སྦྲེད་ལེ་གོམས་པའི་བོད་པ་དང་ཁེ་ཕན་དོན་གཉེར་བ་ཚོས་རང་གི་ཁྱབ་ཁོངས་ཀྱི་མི་མང་ཀུན་ལ་དབུ་ལམ་ལ་རྒྱབ་སྐྱོར་བྱེད་དགོས་བ་དང་མ་བྱས་ན་ང་ཚོའི་ཚོགས་པར་སྤྱི་ཚོགས་ཁྲོད་མཐོང་ཚུལ་ཡག་པོ་མེད་ཚུལ་གླེང་ནས་སླ྄ོབ་གསོ་དང་རྒྱུད་སྐུལ་བཏང་མཁན་དངོས་སུ་བགྲང་རྒྱུ་ཡོད་ལ། ཆབ་སྲིད་དོ་སྣང་ཡོད་མཁན་ཞིག་ཡིན་ན་མཁྱེན་ངེས་གསལ་རེད།
རྒན་ལ་དྭགས་པས་སྐུ་ངལ་འཛེམས་མེད་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་ཆེད་ཕྱག་ལས་ནར་མར་གནང་པ་ནི་ངོ་མཚར་བའི་ཡུལ་དུ་གྱུར། སྐྱ་ཚེ་རིང་། ཐུགས་རྗེ་ཆེ། ཕྲན་བོད་ཚ་བོད་ཀྱི་སྤྱི་སྐད་ལ་རྨོངས་པ་དག་གིས་མིག་དཔེ་བལྟ་བའི་ཡུལ་ཡིན། རོང་ཟོམ་པཎྜི་ཏ་ཆོས་བཟང་ནི། དགུང་ལོ་བརྒྱད་པར་སྙེ་ཐང་དུ་ཇོ་བོ་རྗེར་མཇལ་བའི་ལོ་རྒྱུས་འདུག སྤྱི་ལོ་(༡༠༥༤)ཤིང་རྟ་ལོ་སྟེ་ཇོ་བོ་སྐུ་མྱ་ངནལས་འདའ་བའི་ལོ་ཡིན་སྲིད་དེ། ཇོ་བོའི་སྐུ་མདུན་ནས་གསན་བསམ་བྱས་པའི་ལོ་རྒྱུས་མི་འདུག རོང་ཟོམ་དགུང་ལོ་བརྒྱ་དང་བཅུ་དགུ་འམ་ཉི་ཤུར་བཞུགས་པ་ཕུར་པ་བཀའ་མའི་ལོ་རྒྱུས་ལ་བཞུགས་སོ། ། པ་དང་བའི་འཇུག་པ་དགེ་ལྡན་པའི་མཁས་དབང་དཔལ་རི་རབ་གསལ་གྱི་གསུང་ན་མིང་མཐའ་འདྲེན་ཚུལ་དང་སྦྱར་ནས་གསུང་བ་ཞིག་ཡོད་པར་དགོངས་འཆར་ཅི་ཡོད་ཀྱང་ལོང་ཁྱབ་ཡོད་ཚེ་གནང་བར་ཞུ། །བོད་ཚ་དྲི་མེད་ཀྱིས།
ཁ་རྩོད་རྒྱབ་ནས་དཀའ་གནད་ལས་གྲོལ་རྒྱུ་ཁག་པོ་རེད། ཁ་བརྡ་དྲ་བ་འདི་བྱུང་ནས་ཁ་རྩོད་གྲངས་ཀྱིས་མི་ཟིན་པ་ཞིག་བརྒྱབ་ནས་ཡོང་བ་རེད་དེ། གནད་དོན་ཐག་གཅོད་བྱས་སོང་གཅིག་ཀྱང་བྱུང་ཡོད་བ་མ་རེད། མ་གཞི་ནས་དབུ་རང་གཉིས་ཀྱི་ཐག་གཅོད་དེ་སྤྱི་འཐུས་གྲོས་བརྒྱུད་ཐག་གཅོད་བྱེད་དགོས་བ་ཞིག་ཡིན་སྟབས། དབུ་མའི་ལམ་གྱི་དགོས་འདུན་ཐད་ནས་འདོད་པ་མི་ཁེངས་ས་དང་རང་བཙན་སྤྱི་གཙུག་ལ་བཀུར་ཡང་ལག་ལེན་སྟེང་ནུས་སྟོབས་ཞན་ཚུལ་སོགས་རྒྱུ་མཚན་ཤོད་རྒྱུ་ཡོད་ན་ཅིས་ཀྱང་ལོས་ཆོག འོན་ཀྱང་། ཧོར་གཙང་ཡིན་ཀྱང་ཆོག་སྤྲུལ་སྐུ་དབང་ཆེན་འབོད་པ་འདི་གཉིས་ཀྱིས་སེམས་ཚོར་རེ་ལ་བརྟེན་ནས་ཁ་རྩོད་རྒྱག་གིན་འདུག་མ་གཏོགས། འགག་རྐྱེན་གང་ཡང་གླེང་ཤེས་ཀྱིན་མི་འདུག དེར་བརྟེན་དངོས་ཡོད་གནས་སྟངས་རེ་གླེང་ཐུབ་པའི་ཆེད་དུ་ཁང་གསར་རྡོ་རྗེ་ལགས་ཀྱི་དཔྱད་བརྗོད་བྱེད་ལུགས་ཀྱི་དུམ་བུ་ཞིག འདིར་མ་དཔེ་བཀོད་པ་ཡིན།
༼ དབུ་མའི་ལམ་ཟེར་དུས་མཛུབ་མོ་གང་དུ་འཛུགས་དགོས་མིན་སྔོན་མ་གསལ་པོ་ཞིག་ཡོད་པ་ནས། རིམ་པས་རིམ་པས་མི་གསལ་བ་ཞིག་ཆགས། དེ་ལའང་ཁག་མེད་དེ། མཁས་དབང་ཟམ་གདོང་རིན་པོ་ཆེ་གཅིག་པུའི་ཞལ་ནས་ཀྱང་དབུ་མའི་ལམ་གསུངས་དུས། ༡) དབུ་མའི་ལམ་ནི་བོད་ལ་ཧོང་ཀོང་ ལས་མཐོ་བའི་དབང་ཆ་ཡོད་དགོས་ཟེར་བ་དང་། ༢) དབུ་མའི་ལམ་ནི་མཐའ་བརྒྱད་དང་བྲལ་བ་ཡིན་ཟེར་བ། ༣) དབུ་མའི་ལམ་ནི་ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་བཏང་སྟེ་མངོན་འགྱུར་བྱེད་ཐུབ་ཟེར་བ། ༤) དབུ་མའི་ལམ་ནི་ད་ཡོད་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིར་འགྱུར་བ་གཏོང་མི་དགོས་པའི་ཐོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཟེར་བ། ༥) དབུ་མའི་ལམ་ནི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་གཞིའི་འོག་ཏུ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཟེར་བ་སོགས་གང་དུ་ཆ་གཞག་དགོས་མིན་མི་ཤེས་པའི་བཀའ་མོལ་འབའ་རེ་འབོ་རེ་མང་པོ་ཞིག མཁས་པས་བཤད་ན་ཅི་ཡང་བདེན་བསམས་བསམས་ཀྱི་རྒྱུ་མཚན་དང་སྤོབས་པ་སྦྲེལ་ནས་གསུངས། འོན་ཀྱང་ཤེས་ཚད་དམའ་བའི་མང་ཚོགས་ལྟ་ཅི། ཐ་ན་བོད་ཀྱི་ཨ་ཡོད་ནང་གི་ད་ཡོད་ཀྱི་གྲས་ཁྲི་ཟུར་དང་བཀའ་ཟུར་རྣམ་པའང་འགྲེལ་བཤད་དེ་ཚོར་ཐུགས་འཚབ་བྱུང་སྟེ། ནོར་བུ་གླིང་ཁར་ཟུར་ཚོགས་གནང་དགོས་བྱུང་བ་རེད།༽དངོས་ཡོད་གནས་སྟངས་འདི་རིགས་དབུ་རང་གཉིས་ཀྱི་ཁ་རྩོད་འབྱུང་ཡུལ་གཙོ་བ་དེ་ཆགས་ཡོད་ཙང་། རྩ་བ་གཡུགས་ནས་ཡལ་ག་ལ་འཐམས་ཡོང་དུས་དཔྱད་བརྗོད་ཀྱི་གྲས་སུ་བརྩི་ཡི་མེད་ལ། དེ་ལས་ལྡོག་སྟེ་ཁ་རྩོད་ཀྱི་གྲས་སུ་འཇོག་གིན་ཡོད། ཁ་རྩོད་ལ་སྣ་མང་བོ་ཞེ་དྲགས་རེད།
རྒན་ལ་དྭགས་པས།
བ་བོ་ཙམ་མིན་པར། པ་པོ་འཐོབ་ས་ཁུངས་སོ་སོའི་ནང་ལ་
རྐང་པ། ཁང་པ། གང་པོ། སྙིང་པོ། རྙིང་པ། སྟོང་པ། དཔུང་པ། ཕུང་པོ། འབྱུང་པོ། བྱང་པོ། དམར་པོ། ཞིང་པ། འོང་བ། གཉེར་པ། གཉེར་བ། གསར་པ། གསལ་བ། གསལ་པོ། རྐྱལ་པ། རྒྱལ་པོ། འགྲེལ་པ། འཆལ་པ། འབྲེལ་བ། འབྲེལ་པ། རལ་པ། རོང་པ། རྒྱ་གར་པ། སྡེ་པ། ཕུ་པ། ཡུལ་པ།
་
རྐང་པ། སྟོང་པ། དང་པོ། སྤྲང་པོ། དབང་པོ། མང་པོ། ། ཚོང་པ། འབྱོར་པ། ཐར་པ། གྱུར་པ། དབུལ་པོ། བཀའ་སྩལ་པ། གསོལ་པ། འདས་པ། སྨྲས་པ། ཚངས་པ།
་
གླིང་པ། ལྔ་པོ། དང་པོ། ཕུང་པོ། རིང་པོ། འབྲེལ་པ། ། དབང་པོ། གྱུར་པ། སྒྱུར་བ། བསྐལ་པ། སྤྲུལ་པ། རྒྱལ་པོ། བཞི་པ། ང་བརྒྱ་པ། མེད་པ་པ། སྐྱེས་བུ་པ། ཉོན་མོངས་པ། གཏུགས་པ། གནས་པ།
་
རྐང་པ། སྟོང་པ། དང་པོ། དབང་པོ། འབྲེལ་པ། གྱུར་པ། འགལ་བ། འགྱུར་བ། ཐར་པ། ཕ་རོལ་པོ། འགྲོ་བ་པོ། བལྟོས་པ་པ། དགུ་པ། བརྒྱ་པ། ལྔ་པོ། བཀའ་སྩལ་པ། བགོས་པ། ངེས་པ། ཐོགས་པ།
་
སྟོང་པ། སྡོང་པོ། མང་པོ། དཀར་པོ། གྱུར་པ། ཐར་པ། འགྲེལ་པ། འབྲེལ་པ། གསོལ་པ། འཁྲུལ་པ། སྨྲ་བ། སྡེ་པ། བཅུ་པོ། སྐྱེད་པ་པོ། བསྐལ་པ། བརྒྱལ་པ། རྒྱལ་བ་པ། སེར་སྐྱ་པ། ཚོར་བ་པོ། ཉན་པ་པོ། སྐྱེས་པ། བྱིས་པ། ཤེས་པ།
་
སྟོང་པ། དང་པོ། བཟང་པོ། དཀར་པོ། འཁྲུལ་པ། ཐར་པ། ཐ་མལ་པ། ཉོན་མོངས་པ། གསུངས་པ། བྱས་པ། བསྡུས་པ།
་
སྙིང་པོ། སྟོང་པ། དང་པོ། སྤྲང་པོ། འཁྲུལ་པ། ཐར་པ།ས་སྐྱ་པ། ཆོས་པ། ལ་སོགས་པ། མ་ལུས་པ།
་
རྐང་པ། བསྐལ་པ། ཁང་པ། དང་པོ། དྲང་པོ། དབང་པོ། མང་པོ། ཚོང་པ། ཞིང་པ། བཟང་པོ། མནར་བ། འབྱོར་པ། རྒྱལ་པོ། དབུལ་པོ། འབྲེལ་པ། ཁོལ་པོ། མཁས་པ། ལེགས་པ། ཟོས་པ།
ཐར་པ། ཕུང་པོ། དཀར་པོ། འཁྲུལ་པ། འགྲེལ་པ། རྣལ་འབྱོར་པ། སྡེ་པ། ཉི་ཤུ་པ། སྒྲ་པ། རྟོགས་པ། ཤེས་པ། དམིགས་པ།
་
རིང་པོ། མང་པོ། བསྒྱུར་པ། རྣལ་འབྱོར་པ། རྒྱལ་པོ། བསྐལ་པ། འགྲེལ་པ། རྣམ་རོལ་པ། གསོལ་པ། སུམ་ཅུ་ལྔ་པ། འདས་པ། གནས་པ། རིངས་པ།
་
གང་པོ། གྱོང་པོ། སྙིང་པོ། ། དང་པོ། ལུང་པ། ཕུང་པོ། དབང་པོ། འབྱུང་པོ། མང་པོ། རིང་པོ། བསྲུང་བ། གྱུར་པ། བསྐལ་པ། འགྲེལ་པ། རྒྱལ་པོ། སྤྲུལ་པ། ཉམས་པ། སེམས་པ། བསགས་པ།
་
སྙིང་པོ། སྟོང་པ། དཔང་པོ། དབང་པོ། གྱུར་པ། འཆར་བ། ཐར་པ། རྒྱལ་པོ། སྤྲུལ་པ། འབྲལ་བ། འབྲེལ་པ། སྩལ་པ། སྡེ་པ། བསྔགས་པ། འདོམས་པ། སྤྲོས་པ།
་
སྙིང་པོ། ཕུང་པོ། དབང་པོ། མང་པོ། བཟང་བ། རིང་པོ། གྱུར་པ། འགྱུར་བ། འཁྲུལ་པ། འགྲེལ་པ། རྒྱལ་པོ། བརྒྱན་པ་པོ། སྡེ་པ། གཅེར་བུ་པ། སྐྱེས་པ། སྤངས་པ། གསུངས་པ།
་
རྙིང་པ། སྙིང་པོ། རྐྱང་པ། དང་པོ། ཇོ་ནང་པ། མང་པོ། བཟང་པོ། ཐལ་འགྱུར་པ། བསྐལ་པ། འགྲེལ་པ། རྒྱལ་བ། རྒྱལ་པོ། ཕྱི་རོལ་པ། དགྱེས་རོལ་པ། ཕལ་པོ་ཆེ། ལྔ་པ། ས་བཅུ་པ། བརྒྱད་ཅུ་པ། དྲིས་པ། འདེབས་པ། སྦྱངས་པ།
་
སྟོང་པ། དང་པོ། ཕུང་པོ། དབང་པོ། རིང་པོ། དཀར་པོ། འཁོར་བ། གྱུར་པ། ཐར་པ། དམར་པོ། འཁྲུལ་པ། འབྲེལ་པ། གསལ་བ། བསལ་བ། སེལ་བ། མདོ་སྡེ་པ། བཞི་པོ། ལྔ་པ། གཅེར་བུ་པ། དགུ་པོ། དཔྱོད་པ་པ། མྱོང་བ་པོ། གཉིས་པ། རྟོགས་པ། ཤེས་པ།
ངང་པ། དང་པོ། དཔང་པོ། དབང་པོ། ཕུང་པོ། སྟོང་པ། འཁྲུལ་པ། གྱུར་པ། ཐར་པ། རྣལ་འབྱོར་པ། གཟེར་བུ། འབྲེལ་པ། རྒོལ་བ། གྲོལ་བ། བྱེད་པ་པོ། སྡེ་པ། རྟོགས་པ། སྤྲོས་པ།
་
སྙིང་པོ། བརྒྱད་སྟོང་པ། ཟང་པོ། སྟོང་པ། སྡོང་པོ། འཁྲུལ་པ། ཐར་པ།ཐ་མལ་པ། རྒྱལ་པོ། དང་པོ་པ། སྐྱ་པ། རྩ་བ། དབེན་ས་པ། ལྔ་བཅུ་པ། གསུམ་བརྒྱ་པ། སྒྲུབ་པ་པོ། གསང་བ་པོ། བསྐལ་པ། ཆགས་པ། གཉིས་པ། ནུས་པ།
་
དང་པོ། དྲང་པོ། ཞིང་པ། བཟང་པོ། བསྐལ་པ། གྱུར་པ། ཐར་པ། འབྱོར་པ། འཁྲུལ་པ། འགྲེལ་པ། རྒྱལ་པོ། བཅིངས་པ། ཚངས་པ། བཞེངས་པ།
་
དང་པོ། གླང་པོ། ལྔ་པོ། སྙིང་པོ། སྟོང་པ། ཕུང་པོ། བཟང་པོ། དཀར་པོ། གྱུར་པ། འཁྲུལ་པ། འགྲེལ་པ། འགྲེལ་བ། རྒྱལ་པོ། ཐལ་འགྱུར་པ། ཕ་རོལ་པོ། ཕྱི་རོལ་པ། སྤྲུལ་པ། གསལ་པོ། རྙིང་མ་པ། དབུ་མ་པ། ཕྱེ་བ་པོ། བཞི་པ། མཛད་པ་པོ། རྒྱལ་བ་པ། མདོ་སྡེ་པ། གསང་བ་པ། དགོས་པ། ཤེས་པ།
་
རྐང་པ། རྙིང་པ། སྙིང་པོ། སྟོང་པ། དང་པོ། མཐོང་བ། གྲོང་པ།དྲང་པོ། གདོང་པ། དཔུང་པ། འབྱུང་པོ། མང་པོ། གཙང་པ། བཟང་པོ། ལུང་པ། ཁུར་པོ། གྱུར་པ། འགྱུར་བ། རྒྱ་གར་པ། གཟར་པོ། འཁྲུལ་པ། འགྲེལ་པ། འབྱོར་པ། ཚལ་པ། རལ་པ། རོལ་པ། འབྲེལ་པ། སྤྲུལ་པ། རྒྱལ་པོ། མདའ་པ། རྟ་པ། སྡེ་པ། ཁྲོས་པ། བསྒྲིགས་པ། ཡངས་པ། ཞེས་སོགས་སོ། །
ཞེས་འདི་ལྟར་འདུག་ཅེས་གསུངས་འདུག་གོ །
མཁས་དབང་ཧོར་གཙང་འཇིགས་མེད་ལགས་ཀྱིས་གསུང་གནད་གཅིག་ཏུ་བསྡུས་ན།
༡ལྟ་གྲུབ་རྩོད་པ་ལོ་སྟོང་ལ་བྱས་ཀྱང་རྫོགས་རྒྱུ་མེད་པས།དེ་ལས་སོ་སོས་གང་འདོད་པའི་སྟེང་འབད་བརྩོན་དང་ལག་བསྟར་བྱེད་རོགས།
༢དབུ་མའི་ལམ་ཡག་སྡུག་གང་ལྟར་མི་དང་སྤྱི་འཐུས་ནས་གཏན་འབེབས་ཀྱི་སྲིད་ཇུས་ཤིག་དང་དེའི་མངོན་འདོད་རེད།
༣རང་བཙན་དང་རང་སྐྱོང་གང་བརྩད་དང་སྒྲུབ་ཆོག་པ་རེད།འོན་ཀྱང་།གཞུང་གི་བཞེངས་ཕྱོགས་རང་བཙན་ལ་བསྒྱུར་དགོས་ན་སྤྱི་འཐུས་ནས་གཏན་འབེབས་དང་བཅའ་ཁྲིམས་ལ་འགྱུར་བཅོས་གཏོང་ཐུབ་དགོས།
ངས་དེ་སྔར་ཧོར་གཙང་འཇིགས་མེད་ལགས་མཁས་དབང་ཞིག་ཡིན་པ་གོ་མྱོང་བ་ཙམ་ལས་དམིགས་བསལ་རྒྱུས་མངའ་གང་ཡང་མེད་མོད། དེ་རིང་ལེགས་བཤད་འདི་མཇལ་སྐབས་ངོ་མ་མཁས་དབང་ཡིན་པ་མ་ཟད་ཆེས་གཟུར་གནས་དང་ཉམ་མྱོང་ཅན་གྱི་སྐྱེས་བུ་ཞིག་པར་རྟོགས་སོང་། མི་བུ་འདི་འདྲ་མཇལ་དུས་ངོ་མ་སེམས་ཤུགས་འཕར་གྱིན་འདུག །སྙིང་ནས་གུས་འདུད་ཞུ།།།།། ལེགས་གཅེས་བཏུས་་་་་་་་་་་་་ང་རང་གིས་དངོས་སུ་ཤེས་རྟོགས་བྱུང་བའི་བཙན་བྱོལ་བོད་གཞུང་དམངས་ཀྱི་ཐག་གཅོད་འདི་རིགས་སྐྱེ་བོ་སྒེར་སུ་ཡི་ཕྲག་པར་བཀལ་བ་ཡིན་ན་བདེན་པ་ཁྱད་གསོད་བྱས་པ་ཞིག་ཡིན། རྒྱུ་མཚན་ནི། སྐབས་སྔ་ཕྱི་དེ་དག་ཏུ་རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་མི་འདྲ་བའི་སྤྱི་སྒེར་མང་བོ་འཛོམས་ནས་ཐག་བཅད་པའི་མཇུག་འབྲས་ལེགས་ཉེས་རྣམས། ཚོགས་ཞུགས་པ་ཡོངས་ལ་ཡོད་དགོས་པའི་འགན་ཁུར་ཞིག་ཡིནཟེར་་་་་་་་་་་་་་་་་་་་་ངོ་མ་བདེན་གཏམ་་་་་་
སྤྲུལ་སྐུ་དབང་ཆེན་མིང་ཅན་དང་ཀླུ་སྨྱོོན་ནམ་རྩ་སྨྱོན་རྗེས་འཇུག་དང་བཅས་པ་རྒྱལ་བ་རིན་པོ་ཆེ་ལ་མངོན་གསལ་དང་མངོན་གསལ་མ་ཡིན་པའི་ཟུར་ཟ་བྱེད་མཁན་པ་དག་གིས། མཁས་པའི་ལེགས་བཤད་འདི་བླང་ཏེ་བླ་སློབ་བར་གྱི་དམ་ཚིག་མ་ཉམས་པ་བྱས་པ་དང་། རྒྱལ་བ་རིན་པོ་ཆེ་ལོ་མང་རིང་དཀའ་ངལ་གྱིས་བོད་མི་རྣམས་རྡོག་རྩ་བརྟན་པ་བཟོ་གནང་བ་དེར་རྨ་མ་བཟོ་བར། རབ་ཡིན་ན་ཆབ་སྲིད་མ་གླེང་བར་བོད་མི་རྣམས་སྐྱོབས་པའི་ལས་འགུལ་སྤེལ་གནང་ཡོང་བར་སྐུལ་མ་ཙམ་ཡིན། ཞར་ལ་ལ་དྭགས་བློ་བཟང་ལགས་ལ་ཞུ་རྒྱུར། ཆབ་སྲིད་གནད་འགག་སྐབས་ཀྱི་རྩོམ་ཡིག་སྐབས། པ་པོ་བ་བོ་སོགས་ཀྱིས་སྐབས་དོན་བོར་དུ་མ་འཇུག་རོགས་ཞུ་རྒྱུ་ཡིན། ཁྱོད་ལའང་བོད་ལ་ཤ་ཞེན་ཏོག་ཙམ་ཡོད་ངེས་སྙམ་མོ།
མ་གཞི་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་མཁན་དང་མཆན་འབྲི་མཁན་མང་ཆེ་བ་རང་ཚུགས་མེད་པ། ཆབ་སྲིད་ཀྱི་གོ་རྟོགས་མེད་པ། ཁྲིམས་ལུགས་ཀྱི་ཤེས་བྱ་མེད་པ། བཙན་བྱོལ་གཞུང་གི་གནས་སྟངས་དང་རྒན་པ་རབས་པ་རྣམས་ཀྱིས་དཀའ་ངལ་སྐྱོན་སྟངས། ལྷག་པར་དུ་བོད་རྒྱའི་འབྲེལ་བའི་གནས་སྟངས་མ་ཤེས་པ་དང་། སྤྱི་ཚོགས་ཀྱི་མཐུན་ལམ་ལ་མི་བལྟ་བར་རྩོམ་རྙོག་འབྲི་མཁན་ཤ་སྟག་རེད། དེས་ད་དུང་ཡང་ང་ཚོས་བོད་མི་རྣམས་ཆེས་རྗེས་ལུས་ཡིན་པའི་རྟགས་སུ་མངོན་གྱི་ཡོད། ད་རེབ་ལྟོས་འཇོག་གིས་ཆོས་དང་སྲིད་གཉིས་ཀ་ལ་མཁས་པའི་ཧོར་གཙང་འཇིགས་མེད་ལགས་ཀྱིས་བདེན་དོན་གསལ་ཁ་གནང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ད་དུང་ལུགས་གཉིས་ལ་ཕོངས་པའི་སྐྱེ་བོ་ཚོགས་རྣམས་ཡང་ཡང་འདི་ལྟ་བུ་བདེན་དོན་ལམ་སྟོན་ཡོང་བར་བཀའ་དྲིན་སྐྱོང་བར་ཞུ།
ཡུན་རིང་ཞིག་ལ་མཁས་དབང་ཧོར་འཇིགས་གི་རྩོམ་ཡིག་ཅིག་མཇལ་རྒྱུ་མ་བྱུང་། དབུགས་ཐེངས་གཅིག་བམ་ཀློག་བྱས་པ་ཡིན། ཐུགས་རྗེ་ཆེ། མཚམས་མཚམས་རེར་འདི་འདྲ་རེ་འབྲི་གི་སྡོད། ཕན་ཐོགས་འདུག
རྒྱུ་མཚན་ཅི་ཡང་མེད་པ་ཞེན་ཁོག་གིས་གཅིག་རྒྱབ་གཅིག་གནན་པ་ནི་ཁྱི་རྒྱབ་ཝ་ཡིས་བྱས་བ་དང་གཅིག་མཚུངས་རེད།
ཨ་ཁ་ཁ་་་་ལུང་རྟོགས་དང་སེར་སྨད་་་་་མིང་ཅན་ཅན་ཁྱོད་རང་གཉིས་ཀྱི་ཀླད་པ་དེ་ག་རེ་བྱེད་སོང་། བྱེས་མ་བླུགས་ཡིན་པས།
གོང་ས་མཆོག་བོད་རྒྱུད་ནང་བསྟན་ཡོངས་ཀྱི་ཆོས་ཀྱི་དབུ་འཁྲིད་བསྐོས་པའི་ནུས་པ་སུ་ལ་ཡོད་རེད་་་་་དཔེར་ན་་་
བོད་གངས་ཅན་གྱི་ལྗོངས་ན་ཡོད་པའི་བོད་རྒྱུད་ནང་བསྟན་གྲུབ་མཐའ་སོ་སོར་ཁྱེད་ཚོའི་ཆོས་ཀྱི་དབུ་ཁྲིད་སུ་ཡིན་ཞེས་འདྲི་ན་སུ་གཅིག་གི་གོང་ས་མཆོག་ཡིན་ལབ་མི་སྲིད་་་ད་ཧ་གོ་སོང་ངམ། དེ་ཙམ་དུ་མ་ཟད་རྒྱ་གར་ལ་ཡོད་པའི་རྙིང་མའི་དགོན་སྡེ་ཁག་ལ་ཁྱོད་ཚོའི་དབུ་ཁྲིད་སུ་རེད་དྲི་ན་རང་རང་གི་བླ་མའི་མཚན་ནས་སྨྲོས་པ་ལས་གོང་ས་མཆོག་རེད་ནམ་ཡང་ལབ་མི་སྲིད་་་་དེ་བཞིན་
ས་སྐྱ་དང་བཀའ་བརྒྱུད་བོན་པོ་བཅས་ལའང་རིགས་མཚུངས་ཡིན། དགེ་ལུགས་པ་ཚོས་རྒྱལ་བ་རིན་པོ་ཆེ་ཡིན་ལབ་སྲིད་ཡིན་ནའང་དགའ་ལྡན་ཁྲི་པ་ག་པ་བཞག་ཡག་ཡིན། གསུང་ལན་ཞིག་ཡོད་པ་མཁྱེན།།
རྣམ་དཔྱོད་ཀྱི་ཀློང་ཆེན་ལས་བྱུང་བའི་ཧོར་གཙང་འཇིགས་མེད་ལགས་ཀྱི་རྩོམ་ཡིག་འདི་ནི་མི་རིགས་ཅིག་གི་ན་ཚ་ངོས་བཟུང་འདུག་ལ། ངེས་ཟིན་ཐོབ་པའི་བོད་མི་རྣམ་གྱིས་སྨན་འཚོལ་བའི་ཕན་པ་ཡང་བྱུང་བའི་ཁྱེད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབ་གཅིག་ཉིད་ཀྱིས་མུ་མཐུད་དུ་མི་རིགས་དང་རིགས་གཞུང་ལ་སྨན་པ་མ་ཟད་བསམ་བློ་བཏང་བར་རིག་པའི་སྒོ་མོ་འབྱེད་པའི་ཁྱེད་ཀྱིས་རྩོམ་ཡིག་ལ་སྐོམ་པ་ཆུ་འདོད་ཡོད་པའི་གྲོགས་པོ་གང་མང་ཅིག་གི་ཚབ་བྱས་དེ་བསྐུར་བ་ཡིན།
སྐུ་ཞབས་ཧོར་འཇིགས་ཀྱི་བྱུང་རིམ་ངོ་སྤྲོད་ནང་ ༡༩༩༧ ། ༩། ༡༨ ། ཉིན་གྱི་སྤྱི་ལྷན་གྱི་གྲོས་ཆོད་དང། དེ་བཞིན་ ༡༩༩༡ དང ༡༩༩༢ ཀྱི་གསུམ་དུས་གསུང་འཕྲིན་དང། ཡེལ་གཙུག་ལག་སློབ་གཉེར་ཁང་བཅས་སུ་བཀའ་གསལ་ཕེབས་པ་བཞིན་སི་ཏྲ་སི་སྦག་གི་གྲོས་འཆར་རང་བཞིན་ནུས་མེད་ཕྱིན་པའི་གནས་སྟངས་རྣམས་ཀྱང་འཁོད་ཡོད་ན་ཆ་ལག་ཚང་བ་ཞིག་འདུག་སྙམ་བྱུང།།
དེ་ནས་གནད་འགག་ཆེན་པོ་ཞིག་ནི་་༼ ངའི་བསམ་ཚུལ་བྱས་ན་ད་ལྟ་དྲ་ཐོག་དང་ཚགས་ཤོག་ཁག་ཏུ་རང་བཙན་དང་། ལམ་དབུ་མ་གཉིས་ཀྱི་བར་དཀའ་རྙོག་ཅིག་གླེང་བཞིན་པ་འདི་བོད་རྒྱ་ཆེའི་མི་དམངས་ཉམ་ཆུང་དག་ལ་འཕྲད་པའི་དཀའ་ངལ་ཞིག་མ་རེད། འདི་ཆབ་སྲིད་པ་རེ་ཟུང་དང་། ཤེས་ཡོན་ཅན་ཁག་ཅིག་གི་སེམས་ལ་ལྟ་གྲུབ་ཀྱིས་བསླངས་པའི་དཀའ་ངལ་ཞིག་རེད།༽ཟེར་བ་འདི་གཞི་རྩའི་དམངས་ཁྲོད་ཀྱི་དཀའ་ངལ་ཞིག་མིན་པ་བདེན་པར་གྲུབ་ཀྱང། ལྟ་གྲུབ་ཀྱིས་བསླངས་བའི་དཀའ་ངལ་ཞིག་མ་རེད་འདོད་ཁར། གསལ་བོར་ཞུས་ན། འདི་འདྲའི་ཉོག་གཏམ་བཟོ་མཁན་ཁ་ཅིག་ནི་རྒྱ་མིའི་དྲ་འབུ་དང་དོལ་རྒྱལ་རྗེས་འབྲངས་པའི་སིམ་འཛུལ་ཡིན་པ་གསལ་བོ་དང། དེ་བཞིན་དེ་གཉིས་གང་ལ་འབྲེལ་བ་མེད་ཀྱང། བོད་ཡོངས་རྫོགས་ཟེར་དུས་རྣམ་རྟོག་རྒྱུན་བཅངས་ཞུ་མཁན་གྱི་གང་ཟག་གསར་རྙིང་ལས་སྣེར་གཏོགས་མ་གཏོགས་རེ་ཟུང་གི་ཆོ་འཕྲུལ་ཡོད་པའང་གསལ་བོ་རེད་ལ། རེ་ཤོས་ཀྱིས་རྒྱུ་མཚན་ཅི་གང་མེད་པར་གང་ཟག་ལ་ལྟོས་ནས་འདྲ་མི་འདྲ་བཤད་སྡོད་མཁན་བཅས་རིགས་འདྲ་མིན་ལ་བརྟེན་ནས་དབུ་མ་དང་རང་བཙན་ཟེར་བ་འདི་འབྱུང་གི་ཡོད་པ་གསལ་བོ་ཡིན་པ་དེ་གནས་ཚུལ་གསར་པ་ཞིག་མིན་པ་གསལ་བོ་ཡིན་ནའང།
དེང་སང་སྐྱ་མིན་སེར་མིན་ཆོས་ཚོང་བ་རེ་འགའི་གྲོད་ཁོག་ཅུང་ཙམ་རྒྱག་མཚམས། རིག་འཚོ་མ་ཟིན་པ་ལྟར་འདྲ་མི་འདྲ་བཤད་མཁན་རེ་གཉིས་ཀྱིས་ཁོང་ཁྲོ་དང་ཞེ་སྡང་གི་ཚིག་སྦྱོར་ཚུན་ཆུད་ལའང་བདག་པོ་རྒྱག་མ་ཐུབ་པར་དབུ་མའི་ལམ་ནས་༧གོང་ས་ཆེན་པོར་བསྙོན་འཛུགས་འདྲ་ཞིག་བྱེད་ཁུལ་འདི་རིགས་ལ་ཡ་བྱེད་དགོས་ཀྱི་མ་རེད་ལ། བདེ་སྲུང་ལས་ཁུངས་ནས་ཀྱང་རང་གི་འཁུར་བབ་ལྟར་འདི་འདྲའི་ཁ་དོག་གསལ་བཟོ་ཞིབ་འཇུག་གནང་དགོས་པ་དུས་ཀྱི་དགོས་མཁོར་མཐོང།
སྐུ་ཞབས་ཧོར་འཇིག་མེད་ཀྱི་རྩོམ་ཡིག་ཀློག་རྒྱུ་བྱུང། མུན་པའི་བརྒྱ་ལམ་ན་གློག་སྐད་གཅིག་གི་དཔེ་ལྟར་སེང་འཇིག་རྟེན་མུན་པར་འགྲོ་བའི་སྐབས་འདིར་སྐུ་ཉིད་ཀྱི་རྩོམ་ཡིག་འདི་འོད་སྣང་ཞིག་ཏུ་མཐོང་། སྐུ་ཉིད་ནས་ལོག་སྤྲུལ་དབང་ཆེན་ལ་མི་ཞིག་ཡིན་པ། ཆོས་ལུགས་པ་ཡིན་པ། སོགས་གསུང་འདུག་ཁོ་ལྟ་བུ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ཁང་གི་སྲི་ཞུ་བར་དེ་འདྲ་གསུངས་དགོས་ཀྱི་མ་རེད། སྐུ་ཉིད་ལ་འཚམ་འདྲི་ཡོད།
སེང་ཞེས་པའི་མཚམས་སུ་དེང་སང་ཞེས་བཅོས་རོགས།
ཧོར་གཙང་ལ་མཁས་དབང་ཟེར་དགོས་དུས་བོད་པ་ཚང་ཚར་བ་མ་རེད་དམ།
བཙན་བྱོལ་ནང་གཞོན་སྐྱེས་རྩོམ་པ་བོ་དང་འབུར་དོད་ཀྱི་ལོ་རྒྱུས་སྨྲ།གསོན་ཉམས་དང་སྒྱུ་རྩལ་གྱིས་ཕྱུག་པའི་སྙན་ངག་པ་ཧ་ལམ་ཧོར་འཇིགས་ལས་ལྷག་པ་ཅིག་མཐོང་མ་སོང་བས།ཁོང་ནི་ངེས་དོན་གྱི་མཁས་དབང་ཅིག་རེད།དེ་ནི་ཁོང་གི་དྲང་བདེན་གྱིས་བསླུས་པའི་སློང་མོ་བ་དང་།ཁྲག་ཐིག་ལས་སྐྱེས་པའི་ལྗང་མྱུག ཆུ་ཤིང་བསྟན་བཅོས་ཀྱི་འགྲེལ་པ་དང་གདོན་འཕྲུལ་ལྟ་བུའི་བཟི་ཁ།མདོ་སྨད་ལོ་རྒྱུས་སོགས་ལས་ཤེས་ནུས་ཤིང་།
བོད་ནང་གི་ངེས་དོན་གྱི་མཁས་དབང་བསེ་ཚང་བློ་བཟང་དཔལ་པ་ནས་ཀྱང་གཟུར་གནས་ཀྱི་སྒོ་ནས།།
འཇིགས་མེད་རྣམ་དཔྱོད་ཡངས་པའི་མཁར།།
འཇིགས་མེད་རིག་པའི་གཟི་སྟོང་འབར།།
འཇིགས་མེད་སྨྲ་བའི་སྤོབས་པ་ཅན།།
འཇིགས་མེད་སེང་གེ་དཀར་མོའི་བུ།།
རྣམ་དཔྱོད་ཡངས་པའི་བློ་གྲོས་ཆེ།།
ཤེས་རབ་མྱུར་བའི་གློག་འོད་ཆེ།།
སྨྲ་བ་སྙན་པའི་ངག་སྒོ་ཆེ།།
ང་ནི་ཁྱེད་ལ་རྩིས་འདང་ཆེ།།ཞེས་རང་བཞིན་བརྗོད་པའི་བསྟོད་པ་ཅིག་གནང་འདུག་པ་དོན་ལ་གནས།
རྩོམ་པ་བོ་ཧོར་གཙང་འཇིགས་མེད་ལ་སེམས་སྟེང་ནས་བཀའ་དྲིན་ཞུ།
ཧཧཧ་་་ཨ་རྡུ་མན། གོང་ས་མཆོག་ཆོས་རྒྱུད་ཡོངས་ཀྱི་དབུ་ཁྲིད་ལ་བསྐོས་པའི་ནུས་པ་སེར་སྐྱ་མི་མང་ལ་ཡོད་པ་རེད་ལ་ཡོད་པ་བཞིན་དུ་བསྐོས་པ་རེད། ད་ཧ་གོ་སོང་ངམ། གོང་ས་མཆོག་ནི་ནང་བསྟན་ཡོངས་ཀྱི་དབུ་ཁྲིད་ཡིན་པ་ལས་ཆོས་རྒྱུད་བྱེ་བྲག་པའི་དབུ་ཁྲིད་མ་རེད། དེས་ན་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱོད་ཚོའི་ཆོས་རྒྱུད་ཀྱི་དབུ་ཁྲིད་སུ་ཡིན་ཞེས་དྲིས་ན་གོང་ས་མཆོག་ཡིན་ཞེས་མི་བཤད་པ་རེད་ལ། དེ་གའི་སྟེངས་ནས་གོང་ས་མཆོག་ནི་ཆོས་རྒྱུད་བྱེ་བྲག་པ་ཞིག་གི་དབུ་ཁྲིད་མ་ཡིན་པར་སྤྱི་ཡི་དབུ་ཁྲིད་ཡིན་པ་གྲུབ་པ་རེད།
ལུང་རྟོགས་ལགས། རྒྱལ་བ་རིན་པོ་ཆེ་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པས་འཛམ་གླིང་ཞི་བདེའི་དེད་དཔོན་དང་བོད་བརྒྱུད་ནང་བསྟན་ཡོངས་ཀྱི་དབུ་ཁྲིད་ཅེས་ཞུ་ན་མི་འོས་པ་མ་མཐོང་ཡང་། འཛམ་གླིང་ནང་བསྟན་ཡོངས་ཀྱི་དབུ་ཁྲིད་ཟེར་ན་ཅུང་ཐལ་མི་ཆེ་འམ། དེ་ཡང་འཛམ་གླིང་ནང་བསྟན་ཟེར་དུས་ཤྲཱི་ལངྐ་དང་ཐའེ་ལེནཌ་ཝེཊི་ནམ་སོགས་སུ་བོད་བརྒྱུད་ནང་བསྟན་གྱི་གྲངས་སུ་མ་ཚུད་པའི་ནང་བསྟན་མང་པོ་ཞིག་ཡོད་པ་དེ་ཚོས་ཁོང་གི་དབུ་ཁྲིད་ཡིན་པར་ཁས་ལེན་གྱི་མ་རེད་སྙམ། དེ་ནི་ངོས་ཀྱི་བསམ་འཆར་ཙམ་ལས་རྒྱལ་བ་རིན་པོ་ཆེ་ལ་མ་དད་པ་སོགས་ཀྱིས་ཞུས་པ་མིན་པ་དགོངས་འཇགས་ཞུ།
མ་ཟད་བོད་བརྒྱུད་ནང་བསྟན་པའི་བླ་སྤྲུལ་མཁས་པ་ཞིག་གིས་དེབ་ཅིག་བྲིས་པའི་ནང་ལ་རྒྱལ་བ་རིན་པོ་ཆེ་ནང་པའི་དབུ་ཁྲིད་རེད་སྙམ་པ་ནི་ནོར་བ་ཡིན་ལ་ནང་པ་ལ་དབུ་ཁྲིད་ཡོད་མ་རེད་ཅེས་གསུངས་འདུག་ཟེར་བ་ཞིག་ཐོས་ཀྱང་དེབ་དེ་ངས་ཀློག་རྒྱུ་མ་བྱུང་བས་བདེན་མིན་མི་ཤེས།
རང་བཙན་དང་དབུ་མ་ཟེར་ནས་དཀྲུགས་མཁན་གྱི་གཏེ་བོ་ཤར་ཁུག་ཁོང་ཡིན་བཞིན་དུ་ད་དུང་རྫོགས་མཐའ་མེད་པའི་སྐད ཆ་འདུག དབུ་མ་ལ་རྒྱབ་སྐྱོར་མི་བྱེད་མཁན་གྱི་རང་ལུས་མེ་མཆོད་མི་ཕུལ་མཁན་ཀུན་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྒྱབ་སྐྱོར་བྱེད་མི་འོས་ཟེར་ཡང་ཁྱེད་རང་ཡིན་ཕ།
གྲོགས་ཧོར་འཇིགས་ཀྱིས་སྤྱི་ཟུར་ཞིག་གི་འགན་ཁྱེར་ནས་གཞུང་དང་ལྟ་གྲུབ་མི་འགལ་བ་ཞིག་བྲིས་འདུག ཆོས་ལུགས་དད་མོས་གཅིག་པོས་བཟི་སྟེ་མི་ལ་འཇིགས་སྐུལ་བྱེད་མཁན་དག་གི་དབུས་ན་ད་དུང་རང་གི་སྒལ་ཚིགས་རང་གིས་བསྲིངས་ཏེ་བཞུགས་འདུག་པ་བཀའ་དྲིན་ཆེ། གཞན་ནི་དོན་གྲུབ་རྒྱལ་གྱིས།
ཨ་ཁུ་འབྲོང་གི་རུས་པ་རྣམས། །
གསེར་ལས་གྲུབ་ཅེས་བསྟོད་མཁས་པའི། །
རི་བོང་བློ་ལྡན་འདི་དག་གི །
གཏམ་ལ་ཆ་འཇོག་ཅི་ཞིག་ཡོད། །
ཅེས་པ་དེ་ལས་མ་འདས་སོ།།
ནོར་བཅོས། རང་བཙན་དང་དབུ་མ་ཟེར་ནས་དཀྲུགས་མཁན་གྱི་གཏེ་བོ་ཤར་ཁུག་ཁོང་ཡིན་བཞིན་དུ་ད་དུང་རྫོགས་མཐའ་མེད་པའི་སྐད་ཆ་འདུག དབུ་མ་ལ་རྒྱབ་སྐྱོར་མི་བྱེད་མཁན་གྱི་རང་ལུས་མེ་མཆོད་མི་ཕུལ་མཁན་ཀུན་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྒྱབ་སྐྱོར་བྱེད་མི་འོས་ཟེར་མཁན་ཡང་ཁྱེད་རང་ཡིན་ཕ།
བཙན་བྱོལ་ནང་སྐྱོན་ཡོན་ཤེས་མཁན་མི་གཅིག་དང་ཕྱེད་ཀ་ལས་མེད་དོ། །དེ་ལས་གཞན་པ་དག་ནི་ལྟ་གྲུབ་དང་། གང་ཟག་གི་རྗེས་སུ་འབྲང་བའོ།།
སྙན་ངག་པ་ཀླུ་སྨྱོན་གྱིས་རྒྱན་རྒྱུ་མང་དྲགས་པས་ཚིག་འདི་ཅུང་གོ་བ་ལེན་རྒྱུ་ཁག་པོ་འདུག གོ་བ་ལོན་པ་ཉིན་གཅིག་གཉིས་ཤིག་འགོར་ས་རེད། ༼ད་དུང་རང་གི་སྒལ་ཚིགས་རང་གིས་བསྲིངས་ཏེ་བཞུགས་འདུག་པ་བཀའ་དྲིན་ཆེ། ༽
ཧོར་གཙང་གིས་ཡག་པོ་བྲིས་འདུག ན་ནིང་VOA ཀརྨ་པའི་བསྐོར་ལ་དྲི་བ་དྲིས་ལན་ནང་སྐྱོ་བྲག་དགའ་དབང་དང་ཧོར་གཙང་འཇིགས་མེད་གཉིས་འདུག ཧོར་གཙང་བཀའ་བརྒྱུད་པའི་བསྐོར་ལ་གང་ཡང་ཤེས་གྱི་མི་འདུག་ ངའི་བསམ་པར་དུས་ཚོད་འཕྲོ་ལྷག་ཏུ་འགྲོ་སོང་། VOA ལས་བྱེད་ཚོས་བརྗོད་གཞི་དང་འབྲེལ་བའི་ཤེས་ལྡན་མི་སྣ་ཚོར་སྐད་བཏང་དགོས།
དྲང་པོར་བཤད་ན། ཧོར་གཙང་དེའི་ཁ་ནས་ཕྱོགས་ལྷུང་དང་ལུང་ཚན་གྱི་ཞེན་ཁོག་གི་སྐད་ཆ་མ་གཏོགས་བོད་སྤྱི་ལ་སྨན་པའི་ལེགས་བཤད་ཤིག་མཐོན་རྒྱུ་ཁག་པོ་རེད། བྱས་ཙང་ངས་ཧོར་འཇིགས་ཀྱི་རྩོམ་འཆལ་ལ་ནམ་ཡང་བལྟ་འདོད་མེད།
འགན་ཁུར་ནས་བཤད་པའི་སྐད་ཆ་འདི་འདྲ་ཞིག་ལོས་ཡིན། དྲང་པོ་དྲང་བཞག་གི་རྩོམ་སྲོག་ཡོད་པ། ཁུངས་ལྡན་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་པ། སྣ་འཛོམས་ཕྱོགས་སྟོན་གྱི་གདམས་པ་ཡོད་པ། མདོར་ན། གོ་བདེ་དང་གནད་ཁེལ་བའི་རྗོད་ཚིག་བརྗོད་གཞི་གཉིས་ལྡན་ཞིག་བརྩམས་འདུག་སྙམ་སྟེ། བདག་གིས་ངེས་དོན་གྱི་རྩོམ་པ་པོ་ཧོར་འཇིགས་ལགས་ལ་བཀའ་དྲིན་ཆེ་ཞུ།
ཧོར་འཇིགས་འདི་མི་རང་ཚུགས་མི་བརྟན་པའི་སྨད་ཚོང་མ་འདྲ་ཞིག་རེད། ཁོ་ལ་ལྟ་རྒྱུ་གཅིག་རང་གཅིག་ཡོད་པ་དེ་སྙན་ངག་གཅིག་པུ་རེད། ཆེད་དང་པོ་གསར་འབྱོར་སྐབས་བོད་རང་བཙན་གྱི་དོན་དུ་ཞེ་པོ་གཅིག་བྱེད་རྒྱུ་ཡོད་མདོག་བཤད་སོང་། ག་ལེར་ག་ལེར་སྤུ་མདོག་འགྱུར་ནས་ད་ཆ་དབུ་མ་པར་རྒྱབ་སྐྱོར་ཡོད་མདོག་བྱས་པ་རེད། སྔོན་མ་དགུ་བཅུ་གོ་གྲངས་ནང་འཇམ་ནོར་དང་དབུ་རང་རྩོད་ནས་༧རྒྱལ་བ་རིན་པོ་ཆེ་ཡང་སྙན་སུན་བཟོས་པ་ཡོད། ད་ཡང་དབུ་རང་དབར་དབྱེན་དཀྲུགས་ཀྱིས་ལས་འགོ་བཙུགས་འདུག། དེས་མ་ཟད་མདོ་སྨད་སྤྱི་མཐུས་ཀྱི་རྟ་ལ་བཞོན་ནས་ནུབ་ཕྱོགས་སུ་བཞུད་པ་རེད། མདོ་སྨད་ལོ་རྒྱུས་དེབ་ཐེར་ཞིག་རྩོམ་ཡོད་སྐད་ལ་མགོ་ལོག་མདོ་སྨད་ཡིན་མིན་ཐད་མདོ་སྨད་པ་ཁོ་རང་ཚོ་ཡང་ཧང་སངས་ནས་དགག་གཞག་རིམ་པ་བྱུང་སོང་། ད་དུང་ཆབ་བྲག་རྨོའོ་རྨོའོ་ལགས་ཀྱང་མི་ཉམ་ཆུང་དང་དྲང་ཚུགས་བརྟན་མདོག་ཁ་པོ་ཡིན་པ་གང་ཞིག་ལ་ཆབ་སྲིད་སྒང་ལ་སླེབས་དུས་སྔར་གྱི་རྒྱ་སྡེ་ཡིན་པའི་བློ་ངན་གོམས་བག་ཆགས་ཤོག་སྒྲིལ་ལྟ་བུ་ཞིག་འདུག། མ་གཞི་བྱས་ན་ཁོ་རང་སྭ་ར་མཐོ་སློབ་ཏུ་བཞུགས་ནས་སྙན་ངག་གི་རིགས་གཅིག་རྐང་འཛིན་གསོ་སྐྱོང་གནང་ཐུབ་ན་དགེ་མཚན་ཆེན་པོ་ལྡན་ཡང་མི་དགོས་སྤྱི་མཐུས་ཀྱི་སྟེགས་བུ་བརྒྱུད་ནུབ་ཕྱོགས་སུ་བཞུད་སོང་། རྒྱ་ཁྱི་ཤར་ཁུག་གི་མདོག་སྐྱ་ལ་གཅིག་བལྟོས་དང་། རིག་འཚོ་མི་བརྟན་པས་ཨ་མ་དང་མནའ་མ་ངོ་ཤེས་ཀྱི་མི་འདུག་ལ་དགྲ་གཉེན་དབྱེ་བ་མི་ཆོད་པས་ཕ་བསད་ལག་དམར་གྱི་མག་པ་ཡིན་མདོག་བྱེད་ཀྱི་འདུག། ད་ཡོད་ན་མེད་ན་མི་དྲང་ཚུགས་བརྟན་པོ་དང་ཁ་རི་ཁ་ཐུག་ཀླུ་མཁར་བྱམས་གཅིག་པོ་མ་གཏོག་ལྷག་མི་འདུག། གང་ལྟར་ཨ་མདོ་བ་འདི་ཚོ་ཁ་མི་མཐུན་པ་གཅིག་རེད་ལ་རང་ཚུགས་དང་དྲང་ཚུགས་མི་བརྟན་པ་གཅིག་རེད་ལ་ནང་ཕན་ཚུན་ཕྲག་དོག་གིས་བཟི་བསྡད་པ་འདྲ་ཞིག་འདུག།
མ་གཞི་གསེར་འབྲུ་ཚང་ཕུགས་རྒྱང་རིང་བའི་མི་ཞིག་ཡིན་ཡང་གོང་གི་སྐད་ཆའི་ནང་དུ་དྲང་བདེན་པ་ཡིན་མིན་གཉིས་ཀ་འདྲེས་ཤིང་གནད་དུ་མི་འཁེལ་བའི་ཐག་གཅོད་དང་ཞེན་འདོད་འདྲེས་འདུག
ཧོར་འཇམ་ནོར་དང་ཐུག་པ་༢༠༠༠ལོའི་ནང་ཡིན་པ་ལས་༩༠ནང་མིན། ཁོང་གིས་ཆབ་སྲིད་ཀྱི་ལྟ་བ་ག་འདྲ་འཁུར་མིན་དང་འགྱུར་མིན་ནི་མི་སྒེར་གྱི་ཐོབ་ཐང་ལས་གཞན་གྱིས་དཀག་འགོག་བྱེད་མི་ཐུབ དེ་བཞིན་ཧོར་འཇུག་དང་ཆབ་བྲག་གཉིས་ས་གནས་གང་ཞིག་ཏུ་བཞུགས་མིན་ནི་ཁོང་མི་སྒེར་གཉིས་ཀྱི་ཐོབ་ཐང་རེད། རང་གི་ཁེ་ཕན་དང་སྟུན་ནས་ཁྲིམས་དང་ཁྲིམས་པ་ཡུལ་ཕྱོགས་འཚོ་ཡང་རང་དབང་རེད། མི་སྒེར་ལ་དམོད་ཚིག་འདྲི་བ་ལས་ཁོང་གི་ད་ཐེངས་བྲིས་བའི་རྩོམ་གྱི་ནང་དོན་ལ་འདོད་པ་མེད་ན་རྒྱུ་མཚན་དང་མཐུན་པའི་འགྲེལ་བཤད་དང་གནས་ཚུལ། ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་བགྲང་ཐུབ་ན་རང་རོགས་གཉིས་ལ་ཕན་ཞིང་བོད་ཀྱི་གཞོན་སྐྱེས་རྣམས་ལ་མིག་དཔེ་ཡག་པོ་འཇོག་ཐུབ་པ་ཕན་པ་མ་ཟད། བོད་ཀྱི་ཤེས་རིག་ཡར་རྒྱས་ལ་ཕན་ཐོགས་ཐོན་ངེས་རེད། དེ་མིན་རྩོམ་ཡིག་གི་བརྗོད་གཞི་དང་བརྒལ་ནས་མི་གཞི་ལ་སྐྱོན་བརྗོད་བྱེད་རེས་བྱས་ན་ཕན་མེད་དུ་མཐོང་ལ། དེ་ལས་ལྡོག་ཕྱོགས་ཀྱི་གྲུབ་འབྲས་ཐོན་སྲིད།
རྒྱུ་མཚན་ནི་སྐྱོན་མེད་ཀྱི་མི་ཞིག་མེད་ཅིང་དུས་དང་རྣམ་པ་ཀུན་ཏུ་ཞབས་འདྲེན་མི་ཞུ་མཁན་ཞིག་དཀོན་ཞིང་མེད་པས་ཡིན།
བྱས་ཉེས་གཅིག་བྱས་ན་མི་དེ་ནག་པོ་ནག་རྐྱང་དང་ཡག་པོ་གཅིག་བྱས་ན་མི་དེ་ཡག་པོ་ཡག་རྐྱང་གི་སྡོམ་ཚིག་བཀོད་ན་གནས་ལུགས་དང་མི་མཐུན་པ་འདོད། མི་སུ་ཡིན་ཡང་བསམ་ཚུལ་བཤད་ན་ལེགས་པས་ཧོར་འཇིགས་ཀྱིས་བཤད་པ་ཐམས་ཅད་མོས་མཐུན་བྱེད་མི་ཐུབ་ཀྱང་ཁོང་གི་ལྟ་ཚུལ་དམར་རྗེན་དུ་བརྗོད་པ་དགའ་བསུ་དང་མོས་གུས་ཡོད།
སྤྱི་ཟུར་ཧོ་གཙང་འཇིགས་མེད་ལགས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་གི་ཡིན། སྤྱིར་སྤྲུལ་སྐུ་དབང་ཆེན་ནམ་སྤྲུལ་རྫུན་དབང་ཆེན་ཟེར་བ་འདི་མི་སྨྱོན་ཞིག་ཡིན་པ་སྔ་ས་ནས་ཤེས་ཡོད། ཉེ་སྔོན་ང་ཕོད་འཇིགས་མེད་གྱི་དོན་རྐྱེན་སྐོར་འཇམ་དབྱངས་ནོར་བུའི་ཟིན་བྲིས་སུ་སྤྲུལ་སྐུ་དབང་ཆེན་ཟེར་བ་འདིའི་བོད་ཡིག་གི་སྟེང་མཆན་འདྲ་མིན་ཞིག་བཏབས་འདུག་པའི། ཕྲན་གྱི་དབང་ཆེན་ཟེར་བ་འདི་ལ་དྲི་བ་འགའ་བཏང་གྱང་ལན་གང་ཡང་འགྱོར་མ་བྱུང། དེ་ནས་ཁ་བརྡ་དྲ་བའི་སྟེང་དུ་སྤྲུལ་སྐུ་དབང་ཆེན་གྱི་མིང་ཐོག་ནས་འཆལ་རྩོམ་འགའ་སྤེལ་འདུག་མོད་གློག་འདོད་མ་བྱུང། དེ་རང་སྤྱི་ཟུར་མཆོག་ནས་ཧ་ཅང་རྩོམ་ཡིག་རིན་ཐང་ཅན་ཞིག་སྤེལ་འདུག་པའི་དགའ་ཡོད། ངོ་མ་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་འཛུགས་བྱེས་པ་ནི་ཧ་ཅང་སེམས་ལ་མ་ཤོང་བའི་གནས་ཚུལ་ཞིག་རེད་མོད། འོན་ཀྱང་མི་སྨྱོན་པ་ནི་སྨྱོན་པ་རང་རེད་པའི་དེ་ལ་ཁ་ཡ་མ་བྱེད་ན་དགའ།
སྐུ་ཞབས་ཧོར་གཙང་གིས་་་གཟུ་བོར་གནས་པའི་སྐད་ཡག་པོ་ཞིག་གསུང་འདུག་ཐུགས་རྗེ་ཆེ་
དབང་ཆེན་ཟེར་བའི་སྤུལ་སྐུའི་མིང་འཛིན་པ་དེ་རང་གཙན་གྱི་ལྟ་གྲུབ་ཅན་ཞིག་དང་ལྟ་གྲུབ་དེའི་ཐོག་ནས་རང་གཙན་ཐབ་རྩོད་པ་ཞིག་ལ་ནམ་ཡང་ངོ་འཛིན་ཞུ་གི་མེད་་་་་་་་ཁོ་ནི་རང་གཙན་ཁ་ལ་འཁྱེར་ཏེ་བོད་མི་ནང་ཁུལ་ཕུ་དཀྲུག་མདའ་དཀྲུག་གཟོ་རྒྱུ་དང་རང་སྒེར་གྱི་འདོད་དོན་ཞིག་མ་སྒྲུབ་པའི་ཞེ་ནགས་སེམས་ལ་གཅང་ཏེ་གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་གངས་ཅན་པ་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་ཆེན་པོ་༧ གོང་ས་མཆོག་ལ་གཞི་མེད་བསྐུར་འདེབ་ཞུ་རྒྱུ་ཙམ་མ་གཏོག་ཀུན་སློང་ལེགས་པ་ཞིག་གང་ཡང་མེད་པ་ཁོ་པའི་ངོ་དེབ་སོགས་གང་དུ་ལྟས་ཀྱང་དུག་གསུམ་གྱི་སྨྱོ་བའི་མི་ཞིག་ཡིན་པ་གསལ་པོ་རེད་
དེ་དང་ཕྱོགས་མཚུངས་ཤར་ཕྱོགས་ཁུག་རྟ་ཟེར་བའི་ཐན་བྱ་སྨྱོན་པ་དེ་ཡང་རང་གི་སྒེར་དོན་མ་གྲུབ་ནས་དབུ་མའི་ལམ་ཁ་ལ་འཁྱེར་ཏེ་ནང་དཀྲུག་རྒྱག་རྒྱུ་དང་རང་རེའི་མང་བསྐུར་དབུ་ཁྲིད་ལ་གཞི་མེད་སྐྱོན་འཛུག་ཁོ་ན་བྱེད་རྒྱུ་ཞིག་མ་གཏོག་་་་་་་་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་ཐབ་རྩོད་པ་ཞིག་རྩ་བ་ནས་མིན་པ་ཁོ་པའི་སྔ་ཕྱིའི་སྐད་ཆ་བཤད་པ་ནས་གསལ་པོ་རེད་་་་་མི་ངན་དབང་ཆེན་ཟེར་བ་དང་་་་་ཤར་ཁུག་ཟེར་བ་་་་་འདི་ཚོར་ང་ཚོ་མི་དམངས་ཚོས་གཟབ་གཟབ་བྱེད་དགོས་འདུག་མ་གཏོག་ཡག་ཀ་ཞིག་རྩ་བ་ནས་མིན་པ་ཇེ་གསལ་ཇེ་གསལ་རེད་་་་་་་
ཧ་ཧ་ཧ་ཧ་་ངས་དང་པོ་ནས་མཁས་དབང་ཧོར་འཇིགས་ལ་བོང་རྒན་ཨ་མཆོག་ནང་གསེར་རེད་ཞུས་ཡོད། ད་བདེན་པ་རེད་འདུག་གམ་དྲ་གྲོགས་ཚོ། ལོག་སྤྱོད་པ་འདི་ནི་ངོ་མ་སྤྲུལ་སྐུ་དབང་ཆེན་དང་དབྱེར་ཁག་པོ་ཆགས་ཡོད་་་་་་་་་་་་་་་་་་་གསེར་་་་་་་་་་་་་་་་་་་་་་འབྲུག་སྡེར་་་་་་་་་་་་་་་་་་་་་ལྔ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གོང་གུ་མི་འགའ་ཤས་ཀྱི་སྤྲུལ་སྐུ་དབང་ཆེན་ཟེར་བ་འདི་སུ་ཡིན་མིན་གླེང་བྱུང་། དེ་ཀླུ་སྨྱོན་ལ་འབྲེལ་འདྲིས་ཡོད་མཁན་ཡོད་ན་དན་དན་ཤེས་ངེས་ཡིན། རྒྱུ་མཚན་ཀླུ་སྨྱོན་དང་ཁོ་གཉིས་ཀྱིས་ངོ་དེབ་སྟེང་རྟག་པར་ཕན་ཚུན་ངོ་བསྟོད་དང་སྤྲེལ་ལད་འཁྲབ་རེས་བྱས་ནས་བསྡད་ཡོད། དེ་བཞིན་ཉེ་བའི་འཆར་ནས་ཀླུ་སྨྱོན་གྱིས་ཀྱང་མངོན་སུམ་མ་ཡིན་བའི་སྒོ་ནས་སྤྲུལ་སྐུ་དབང་ཆེན་ཟེར་བ་འདིའི་སྐད་ཆ་དག་བརྒྱུད་བསྒྲགས་བྱེད་བཞིན་འདུག སྤྱིར་རྩོམ་པ་པོ་ཧོར་འཇིགས་ལགས་ཀྱི་རྩོམ་ཡིག་འདིའི་དམིགས་འབེན་སྤྲུལ་སྐུ་དབང་ཆེན་ཟེར་བ་གཅིག་བུ་ཡིན་རྒྱུ་མ་རེད། དེང་སང་ཆབ་སྲིད་དང་ལྟ་གྲུབ་ལ་ཁས་འཆས་ནས་༧གོང་ས་མཆོག་ལ་གཞི་མེད་ཀྱི་སྙོན་འཛུགས་དང་མཚན་སྨད་ཞུ་མཁན་མང་པོ་དྲ་ཐོག་ཏུ་སུམ་འཛུལ་བྱེད་བཞིན་པ་འདིར་ཡིན་པར་འདོད།
གྲོགས་པོ་ཚོ།
བོད་ཀྱི་ལོ་རྒྱུས་ནི་ཀྱག་ཀྱོག་ལྡན་པའི་ལམ་རིང་བཞིན་དུ་རྙོག་དྲྭ་ཆེ་ཞིང་རྒྱལ་ཕམ་གཉིས་ཀས་བཀང་ནས་མགོ་འཁྲུག་དགོས་པ་ཞིག་ཡིན། དུས་རབས་བདུན་པ་ནས་བཅུ་གཅིག་པའི་བར་དུ་བོད་ཀྱི་གོང་མའི་རྒྱལ་རབས་བྱུང་། འོན་ཀྱང་གླང་དར་མའི་སྐབས་སུ་བན་བོན་གཉིས་བར་ལ་འཐབ་འཛིང་བྱུང་ནས་བོད་སིལ་བུར་འཐོར། ཆོས་ལུགས་ཀྱི་མི་སྣ་མང་བོས་བོད་ཀྱི་ལོ་རྒྱུས་ཀྱི་ཤོག་ལྷེ་རྣམས་སུ་བསྐྱར་དང་བསྐྱར་དུ་ཁྲག་ཐིགས་བྱུགས། འབྲི་གུང་གླིང་ལོག་གཅིག་པོའི་སྐབས་སུ་མི་མང་བོ་དམར་གསོད་ཤོར་ཟིན། དེ་ཙམ་མ་ཡིན་པར་གྲུབ་མཐའི་རྙོག་འཛིང་བསྟུད་མར་བྱུང་ནས་བོད་ཀྱི་སྤྱི་ཚོགས་ལ་གནོད་སྐྱོན་མང་བོ་བཏང་བས་ང་ཚོས་བརྗེད་ག་ལ་ཐུབ།
དེང་སྐབས་སྔར་དང་མི་འདྲ་བར་བོད་ཀྱི་གྲུབ་མཐའི་ནང་ཁུལ་ལ་མཛའ་བརྩེ་དང་མཐུན་སྒྲིལ་གོང་འཕེལ་བྱུང་ཡོད་ལ། དེ་ནི་སྟེས་དབང་གིས་མ་ཡིན་པར། རྒྱལ་བ་རིན་པོ་ཆེ་སོགས་བླ་མ་དུ་མས་ཐུགས་བསྐྱེད་དང་མཛད་རྗེས་ལས་ཐོན་པའི་གྲུབ་འབྲས་རྨད་དུ་བྱུང་བ་ཞིག་ཏུ་མཆིས། ཁོང་གིས་ཁུ་ནུ་བླ་མ་བསྟན་འཛིན་གྱིས་གཙོས་པའི་གྲུབ་མཐའ་གཞན་གྱི་བླ་མ་བསྟེན་ཞིང་། དེ་ཚོའི་ཆོས་ལུགས་ལ་གུས་པ་གནང་བས་ཚང་མས་ཁོང་ལ་ཡིད་ཆེས་དང་དད་པ་ཆེན་པོ་ཐོབ། ཁོང་གི་མཛད་རྗེས་ཆེ་ཤོས་དེ་དགེ་ལུགས་པས་ལོ་བཞི་བརྒྱ་ཡས་མས་དབང་བསྒྱུར་བའི་སྲིད་གཞུང་རྙིང་བ་མཇུག་སྒྲིལ་བཏང་བར་ངོས་འཛིན་དགོས། ད་ནས་བཟུང་བྱེས་སྡོད་བོད་ཀྱི་སྤྱི་ཚོགས་ནི་དམངས་གཙོའི་རང་བཞིན་ཅན་དུ་འགྱུར་བཞིན་ཡོད། དམངས་གཙོའི་དོན་ཚན་གལ་ཆེ་ཤོས་ནི་སྨྲ་བརྗོད་རང་དབང་ཡིན་པས། རང་ཉིད་ཀྱིས་ཁས་མི་ལེན་ནའང་མི་སྒེར་བའི་བསམ་འཆར་སྣ་ཚོགས་ལ་གུས་བཀུར་ཞུ་དགོས། རང་དང་ལྟ་བ་མི་མཐུན་ཚེ་དམ་ཉམས་དང་མི་ངན་གྱི་མིང་ལས་སླ་བོར་གཞན་ལ་འདོགས་པ་འདི་རྗེས་ལུས་ཀྱི་རྣམ་པ་ཡིན་པས་གཟབ་རོགས་ཞུ། མཁས་དབང་ཀླུ་སྨྱོན་ལ་ཁ་ཅིག་གིས་མི་ངན་པར་འབོད་པ་ལ་བདག་རྩ་བ་ནས་རྗེས་སུ་ཡིད་རེངས་མེད། ཁོང་ནི་རིག་རྩལ་ཆེ་ལ་གཡོ་སྒྱུ་མེད་པ། ཐུགས་རྒྱུད་དུལ་བའི་ཆོས་པ་རྣམ་དག་ཅིག་རེད། དེས་ན་རྩོད་པ་བྱེད་པའི་སྐབས་སུ་གང་བྱུང་མང་བྱུང་གིས་གཞན་ལ་བརྙས་བཅོས་དང་མཚང་འབོད་མི་བྱེད་རོགས། ཐུགས་རྗེ་ཆེ།
བླུན་རྒན་འོད་གསལ་ནས།
བདེན་པའི་གཏམ་གྱི་ཚང་བའི་མདའ། །
དྲྭ་འབུ་དག་གི་སྙིང་ཁ་ལ། །
ཕོགས་པས་མ་བཟོད་འཁུན་པའི་སྒྲ། །
ཚོད་མེད་སྒྲོག་ལ་སྙིང་རེ་རྗེ། །
ཆོས་གྲལ་འགྲིམས་ཀྱང་ཆོས་ཀྱིས་ཕོངས། །
སྲིད་གྲལ་འགྲིམས་ཀྱང་སྲིད་ཀྱིས་ཕོངས། །
གཉིས་མེད་ཁྱི་རྒན་སེངྒེའི་མིང་། །
སྤྲུལ་མིང་ཅན་ཁྱོད་ཤ་རེ་ཚ། །
གནས་ལུགས་གནས་ལ་བློ་མིག་ཞར། །
མིག་ལྡན་གཡང་སར་མཆོང་མཁན་དང་། །
ཡིན་མདོག་བོང་རྒན་སྟག་ཤམ་ཅན། །
ཅོལ་ཆུང་ཅོ་རི་ཨ་ཙ་མ། །
རྩྭ་ཟན་མིན་ཡང་དུ་འགྲོ་དང་། །
ཀུན་སྤྱོད་ཀུན་ནས་མཚུངས་ཆོས་ཅན། །
ལོག་ལམ་གོམས་པའི་ལོག་སྤྱོད་པ། །
འབྲུག་མིང་ཅན་དེའང་ཀྱེ་མ་ཧོ། །
བསྟན་དོན་ཁ་ལ་ཁྱེར་བའི་གཡོ་སྒྱུ་ཅན། །
དྲིན་ལེན་ལོག་མཇལ་བྱེད་པའི་ཁྱི་རྒན་བུ། །
དོལ་རྒྱལ་རྗེས་འབྲངས་སྤྲུལ་རྫུན་དབང་ཆེན་འདིའི། །
བྱ་སྤྱོད་ཀུན་ལ་ཚང་མས་དོགས་ཟོག་མཛོད། །
ཧོར་གཙང་འཇིགས་མེད་མཆོག་རང་བཞིན་གང་འདྲ་ཞིག་ཡིན་རུང་། བྱམས་པ་དང་བརྩི་བ་ཡོད། ༡༩༩༩ལོའི་གོང་ངས་ཁོང་སུ་ཡིན་པ་དང་མིང་ཙམ་ཡང་མི་ཤེས། ལོ་དེར་ངས་ཆུ་ཤིང་བསྟན་བསྟན་བཅོས་སྤར་སྐྲུན་བྱས་པ་ན། མདོ་སྨད་པ་རྣམས་ཀྱིས་པ་བའི་འཇུག་པ་དེ་དག་བཀའ་བསྟན་གསུང་འབུམ་རྣམས་དང་མི་མཐུན་པ་འདུག། མཐུན་པ་དགོས་ཞེས། བརྡ་སྤྲོད་ལོ་རྒྱུས་། ཞེས་པ་ཆུ་ཤིང་བསྟན་བཅོས་ཀྱི་ལྷན་ཐབས་སུ་ཡོད་པ། ལོ་དེར་ཉིན་ཤས་དྷ་སར་ཡོད་སྐབས་སུ། མདོ་སྨད་པ་ལོ་གཞོན་མཁས་པ་ལ་འཚམས་འདྲི་དང་། བོད་ཀྱི་རིག་གཞུང་ཡི་གེའི་སྐོར་ལ་གླེང་མོལ་འདྲ་འབྱུང་ན། བསམས་ཏེ། བཞུགས་གནས་སུ་ཕྱིན། འོན་ཀྱང་དེ་ན་ཁོང་བཞུགས་མེད་པས། གོང་གསལ་དེབ་དེ་ཁོང་ལ་ལག་རྟགས་ལྟ་བུར་བཞག་པ་ན། བརྡ་སྤྲོད་ལོ་རྒྱུས་དེར་པ་བའི་འཇུག་སྟངས་དེ། ཁོང་གིས་བྲིས་པ་ཞིག་ལ་འགག་པ་ཡིན་པ་ངོས་བཟུང་། དེ་ལ་དགག་ལན་ཡིན་ཟེར་བ། ནོར་ལྡེ་ཞེས་པའི་དུས་དེབ་ཏུ་བཀོད་མཐོང་།
བདག་གིས་དེ་ལ་དགག་ལན་བྲིས་ཏེ། བརྡ་སྤྲོད་ལོ་རྒྱུས་འབྲི་དུས། ངས་ཁྱེད་ཀྱི་མིང་ཡང་མི་ཤེས་ཟེར་ཅིང་། དགག་ལན་དེ་བསྐུར་ཀྱང་ལན་ཅི་ཡང་མ་སླེབས།
་
རྗེས་སུ་རྒྱ་གར་ཌེ་རཱ་དུན་ན། སྲོང་བཙན་དཔེ་མཛོད་དུ་བོད་ཀྱི་རིག་གནས་སྐོར་ལ། མཁས་པའི་བགྲོ་གླེང་ཚོགས་། དེར་བདག་གི་དགག་ལན་དེ། ལ་དྭགས་མཚན་ཉིད་སློབ་གྲྭ་ཆེན་པོའི་སློབ་དཔོན་འཇམ་དབྱངས་རྒྱལ་མཚན་གྱིས་བཀླགས། ཧོར་གཙང་འཇིགས་མེད་ཀྱིས་རིག་གནས་གཞིར་བཟུང་ལན་རྒྱབ་དགོས་པ་ལས་བཟུར་ཏེ། དྷ་སའི་སྲིད་ཀྱི་སྐོར་ལ་བཤད་སོང་། ཞེས་པ་རྗེས་སུ་བདག་ལ་དྭགས་མཚན་ཉིད་སློབ་གྲྭར་སླེབས་པ་ན། འཇམ་དབྱངས་རྒྱལ་མཆན་གྱིས་མཁས་པའི་འདུན་སར་ཡ་མཚན་ལྟ་བུར་བཤད་སོང་།
་
མཆན་ཡིག་༩ པ་ན། འཇིགས་མེད་ཀྱིས།
་
འོན་ཀྱང་ངེད་གཉིས་བར་གྱི་སུམ་རྟགས་ཀྱི་རྩོད་གཞི་དེ་ཚོ་གསར་བ་མ་རེད། རྒན་རང་གིས་ངའི་ཐོག་ལ་གཏམ་བཤད་སྤེལ་བ་དང་དགག་རྩོམ་བྲིས་པ་སོགས་ང་ཚོའི་སེམས་ལ་ཡོད་ཡོད་པོ་རེད།
་
ཞེས་་བྲིས་པར་ངོ་སྤྲོད་ཅིག་དགོས་སྙམ་ནས། གོང་གསལ་བརྗོད་པ་རྣམས་བྲིས་སོ།
་
བཀའ་བསྟན་གསུང་འབུམ་དག་ནས་ལེགས་བཏུས་པའི།
པ་དང་བ་ཡི་འཇུག་པ་ཁ་ལྡིང་མཐོང་།
བོད་སྤྱིའི་སྐད་ཉིད་མ་རུངས་པར་བྱེད་པའི།
སྦྲུལ་རྒན་བྱི་བའི་ཁུངས་བུར་ཞུགས་པར་གྱུར།།
་
ཞེས་སོ།།
ཆབ་སྲིད་བཤད་དུས་སུམ་རྟགས་བཤད།།
རིག་གནས་ཁྲིད་སར་ཆབ་སྲིད་གླེང་།།
སྒོམ་སྒྲུན་བྱེད་སར་ཁྱིམ་སོ་དྲན།།
ཁྱིམ་ལ་ཡོད་དུས་རི་ལ་སྨོན།།
དེ་འདྲའི་གང་ཟག་རོ་དང་འདྲ།།ཧཧཧཧཧ
རྒན་ལ་དྭགས་པའི་དགག་ལན་དེ་དེ་དུས་འཇམ་དབྱངས་རྒྱལ་མཚན་གྱིས་ཀློག་མ་སོང་། ན་ག་སངས་བསྟན་གྱིས་ཀློག་སོང་། གཅིག་ནས་རྒན་ཁྱེད་རང་སྐུ་ངོ་མ་ཕེབས་མེད་པ་དང་ ། གཉིས་ནས་ཉིན་གཉིས་གསུམ་ནམ་རྩོམ་ཡིག་མང་པོར་བགྲོ་གླེང་བྱེད་དགོས་པས་དེའི་སྐོར་ལ་བགྲོ་གླེང་བྱེད་མཁན་ཞེ་དྲག་བྱུང་མ་སོང་། ཧོར་འཇིགས་ལགས་ཀྱིས་གསལ་བཤད་ཐུང་ངུ་ཞིག་བྱས་ཏེ་བཞག་སོང་། རྒན་ཁྱེད་ལའང་མགྲོན་ཤོག་ཕུལ་ཡོད་ངེས་རེད། དགག་རྩོམ་མི་ལག་བརྒྱུད་ནས་སྐུར་དགོས་དོན་མི་འདུག་ག རྩོམ་མཁན་ངོ་མ་མེད་དུས་དྲི་བ་ཡོད་ན་སུ་ལ་འདྲི། ལན་སུ་ཡིས་འདེབས
རྒན་ལ་དྭགས་པའི་སུམ་རྟགས་བཤད་པ་ཐུགས་རྗེ་ཆེ། ང་ཚོར་བློ་བསྐྱེད་མང་པོ་ཐོབ་བྱུང་། པ་བའི་འཇུག་ཚུལ་མི་འདྲ་བ་དེང་སང་གི་མདོ་སྨད་པ་ཚོས་བྲི་སྲོལ་གསར་བ་ཡིན་ས་རེད། རྗེ་རིན་པོ་ཆེའི་གསུང་འབུམ་དང་གུང་ཐང་བསྟན་པའི་སྒྲོན་མེ། ཀུན་མཁྱེན་འཇམ་དབྱངས་གཞད་པ་སོགས་མདོ་སྨད་པའི་མཁས་པ་རྣམས་ཀྱི་གསུང་འབུམ་རྣམས་སུ་། སྔ་རབས་བོད་ཀྱི་མཁས་པ་གཅིག་མཚུངས་ལྟར་པ་བའི་འཇུག་ཚུལ་རྒན་ལགས་ཀྱིས་མཆན་བཀོད་པ་ལྟར་ཡིན་འདུག ད་དུང་ཁོང་ཚོས་བདག་སྒྲ་ཉིས་བརྩེགས་དཔེར་ན། ནང་པ་བ། དབུས་པ་བ། ཁམས་པ་བ་སོགས་བྲི་བཞིན་འདུག དེ་དག་ཀྱང་བསྒྱུར་བཅོས་དགོས་གལ་ཆེ།
ནུབ་ཕྱོགས་གངས་ཕྲུག་གིས བྲི་སྲོལ་གསར་བ་ ཞེས་པ་འདིའང་མདོ་སྨད་པ་ལྟར་མིན་པར་རྒན་ལ་དྭགས་པས་སྤྲད་པའི་བློ་སྐྱེད་ཟེར་རྒྱུ་དེ་་མིན་འགྲོ ལགས
ཨ་ར་དཀར་པོ་ལེགས། འཇུ། གསལ་བཤད་མཛད་པར་བཀའ་དྲིན་ཆེ། ངས་ལོ་དེ་མི་དྲན། ང་ལ་ཐད་ཀར་མགྲོན་ཤོག་བཏང་ནས། དངོས་འོང་ཐུབ་ན་རབ་དང་། དེ་མིན་རྩོམ་ཡིག་བསྐུར་གྲོགས་ཞེས་པར་ཕར་ཚུར་ཡི་གེ་གཏོང་ལེན་གྱིས་རྩོམ་ཡིག་གཉིས་བསྐུར། གཉིས་ཀ་སྤར་བསྐྲུན་བྱས་པར་དྲན། དེབ་དེ་ཨ་རིར་ཡོད་ཀྱང་ད་ལྟ་ངའི་ལག་ཏུ་མེད། འཇམ་དབྱངས་རྒྱལ་མཚན་གྱིས་བཤད་པ་དེ་ཇི་ལྟར་ཐོས་པ་དེ་ཆད་ལྷག་མེད་པར་བྲིས་སོ།
ཁ་བྲོ་བཀྲ་ཤིས།བོད་མི་རིགས་སྤུན་ཟླ་དྲིན་ཆེན་ཚོ།རྒྱུ་མཚན་ཁུངས་ལུངས་ཡོད་པ་ཅིག་གསུང་རྒྱུ་མ་གཏོགས།བསམ་བཞིན་དུ་དཀྲུག་གཏམ་དང་འཁྱོག་བཤད་རིགས་མི་གནང་རོགས་གནང་།གསེར་འབྲུག་སྡེར་ལྔ་ཟེར་བའི་མིང་འོག་གི་མི་འདི་སུ་ཡིན་ཤེས་ཀྱི་ཡོད་མོད།འདིར་ནང་འཁྲོལ་ཕྱི་ལ་བཀྲམས་དགོས་ཀྱི་རྒྱུ་མཚན་མི་འདུག གཙོ་བོ་ཁྱེད་རང་ངོ་མ་བོད་མི་ལ་ཤ་ཚ་མཁན་དང་བོད་རང་བཙན་ལ་དགའ་མཁན་ཅིག་ཡིན་ན་བརྒྱ་ཆ་ཁྱེད་ལ་རྒྱབ་སྐྱོར་དང་ཡིད་རང་ཡོད།འོན་ཀྱང་།ཁྱེད་ནས་འཁྱོག་བཤད་མང་པོ་ཅིག་བསམ་བཞིན་དུ་གནང་གི་འདུག དེ་འདྲ་ཁ་བྲོ་བཀྲ་ཤིས་མ་གནང་རོགས་གནང་ཚེ་རིང་ལོ་བརྒྱ།
དཔེར་ན།༡ཡིག་ཐོག་གི་ཧོར་འཇིགས་ཀྱི་རྩོམ་དང་གཏམ་བཤད་ཅིག་ཏུ་རང་བཙན་གྱི་ལྟ་བ་ཁུར་བཞག་པ་ཅིག་མཐོང་རྒྱུ་མི་འདུག་པས།ཁོ་རང་བཙན་ནས་དབུ་མར་འགྱུར་བ་དེ་འདྲ་ཨ་ཡིན།
༢དེ་སྔ་དབུ་རང་བརྩད་དེ་༧རྒྱལ་བའི་སྙན་སུན་བཟོ་མཁན་ཧོར་འཇིགས་མ་རེད་འཇམ་ནོར་རེད་ལགས།སྐབས་དེའི་འཇམ་ནོར་ཁོ་རང་གི་རྩོམ་ཏུ་༧རྒྱལ་བ་རིན་པོ་ཆེས་ཁོ་ལ་ཁ་པར་བཏང་སྟེ་ཁོང་གི་སྙན་ཅོག་སུན་པོ་མ་བཟོ་རོགས་ཞེས་ཁོ་ལ་དངོས་སུ་གནོན་ཤུགས་སྤྲད་བྱུང་ཞེས་བཀོད་ཡོད་ད།
༣ཧོར་འཇིགས་ཕྱི་རྒྱལ་ལ་འགྲོ་དུས་སྤྱི་འཐུས་ཀྱི་ལས་དུས་ཡོངས་སུ་རྫོགས་པ་མ་ཟད།སྐབས་བཅོ་ལྔའི་འོས་གཞི་ལས་དགོངས་ཞུ་བྱས་ཏེ་སོང་བ་རེད།
༤མགོ་ལོག་མདོ་སྨད་ཡིན་མིན་གྱི་དོགས་སློང་ཅིག་ད་སྔ་སུས་ཀྱང་བསླངས་མྱོང་མི་འདུག གལ་ཏེ་མགོ་ལོག་མདོ་སྨད་མིན་ཚེ་རྔ་བ་དང་རྨ་ཆུ།ཛམ་ཐང་སོགས་མདོ་སྨད་ལྷོ་ཕྱོགས་ཀྱི་ས་ཁུལ་མང་ཆེ་ཤོས་མདོ་སྨད་མིན་པ་རང་བཞིན་གྱིས་འགྱུར་གྱི་རེད།འོན་ཀྱང་།དེ་འདྲ་རྙོག་བྲ་བྱུང་མྱོང་མི་འདུག་ལ་བྱུང་ཡང་མི་སྲིད་པ་རེད་དེ།
དབལ་ཤུལ་གསེར་རྟ་མདོ་སྨད་ཡིན་མིན་ཐད་བཙན་བྱོལ་ནང་སྤྱི་འཐུས་ཁག་གཉིས་བྱུང་མྱོང་བ་རེད།
༥མདོ་རྩ་ང་རང་ཚུད་པའི་མི་སྒེར་སུ་ལ་གསེར་འབྲུག་ཉིད་ནས་ག་ཚོད་སྤྱོས་ན་འགྲིག་གི་རེད།དེ་གནད་འགག་གང་ཡང་མ་རེད་ལགས།ཡིན་ནའང་།དངོས་དོན་མི་ཤེས་པའི་མི་མང་པོའི་མདུན་དངོས་གནས་ལོག་འགྲེལ་གྱིས་དཀྲོག་གཏམ་འདི་འདྲ་སྤེལ་ན།དེ་འཕྲལ་ཕུགས་གཉིས་སུ་རང་རེའི་རྩ་དོན་འཐབ་རྩོད་དང་བོད་མི་ནང་ཁུལ་མཐུན་སྒྲིལ་ལ་གནོད་ཚབ་ཆེན་པོ་རེད།དེ་བས་ཁྱེད་རང་རྒྱ་ནག་གཞུང་གི་གསོས་ཕྲུག་ཅིག་མིན་ན་གནས་ཚུལ་རྫུན་མ་འདི་རིགས་མ་སྤེལ་རོགས་ཞེས་ལག་གཉིས་ཐལ་མོ་སྦྱར་ཏེ་འབོད་སྐུལ་ཡོད།
ལེགས་སོ དེ་དུས་རྒན་ལགས་སྐུ་དངོས་ཕེབས་མེད་དུས་དགག་རྩོམ་དེ་ལ་བགྲོ་གླེང་ལྷུག་པོ་འོང་མ་ཐུབ་པ་རེད། ཧོར་གཙང་འཇིགས་མེད་ཀྱིས་རང་གི་ལྟ་ཚུལ་དང་འདོད་ཚུལ་གསལ་བཤད་བྱས་འོང་དུས་དེ་ལ་དོན་མཐུན་གྱི་ལན་འདེབས་མཁན་ཡག་པོ་ཞིག་བྱུང་མ་སོང་སྙམ ད་ལྟ་རེ་རེ་བཞིན་གསལ་པོ་རང་མི་དྲན
མཁས་དབང་ཧོར་གཙང་འཇིགས་མེད་ལགས་སུ་བཀའ་དྲིན་ཆེ། ང་ཚོ་མི་གྲངས་བཅོ་ལྔ་ཙམ་འཚིག་ཇ་འཐུང་སའི་ཇ་ཁང་ཞིག་ཏུ་འཛོམས་ཏེ་སྐུ་ཉིད་ཀྱི་གསུང་རྩོམ་དེ་མཉམ་དུ་བཀླགས་པ་ཡིན། ཚང་མས་སྐུ་ཉིད་ལ་ཐུགས་རྗེ་ཆེ་ཞུ་བཞིན་འདུག
ཧོར་གཙང་འཇིགས་མེད་སྙན་ངག་པ་རེད། རྩོམ་པ་པོ་རེད། ཁོང་གི་རྩོམ་ལ་རྒྱ་ཆེའི་ཀློག་པ་པོ་མང་དག་གིས་དགའ་མོས་བྱེད་ཀྱི་ཡོད། ཆབ་སྲིད་ཀྱི་སྐོར་ཅང་མི་ཤེས། དེ་སྔོན་རྡ་སར་ཆབ་སྲིད་པའི་གྲལ་ཚུད་ཐབས་མཛད་ཡོད་པ་རེད། གྲོས་ཚོགས་ནང་དུ་ཁོང་གིས་གཏམ་བཤད་འཐེན་དུས་ཕྱག་རོགས་ཚོས་ད་ཡང་སྒྲུང་བཤད་འགོ་བཙུག་སོང་ཟེར་བ་དེ་འདྲ་བྱུང་མྱོང་ཡང་ཡོད་པ་འདྲ། སྔོན་མར་དབུ་རང་གཉིས་ཀྱི་རྙོག་གླེང་དེས་ཁོང་ལ་རྡ་སའི་སྲིན་བྱ་ཞེས་པའི་མིང་མི་འོས་པ་ཞིག་ཀྱང་རག་མྱོང་ཡོད་སྣང་ཡོད། བར་དེར་ཡུན་རིང་ཞིག་ལ་ཁོང་གིས་སྲིད་དོན་སྐོར་ལས་ཀ་གང་ཡང་བྱས་མ་སོང་། གང་ལྟར་ཁོང་ཆབ་སྲིད་ཐད་ལ་ཐུགས་མོས་དེ་ཙམ་མེད་པ་འདྲ།
ད་ལན་ཧོབ་ཏུ་ཆབ་སྲིད་ཀྱི་གཏམ་གླེང་རིང་མོ་ཞིག་མཛད་འདུག དབུ་རང་གཉིས་ཀྱི་རྙོག་ཟིང་ལ་ཐུགས་རྒྱུད་ཡོད་གསུང་གི་ཡོད་པ་འདྲ། གཉིས་སུ་དགག་བཞག་མཛད་པ་ཡག་པོ་རེད། འོན་ཀྱང་ཐོག་མར་ཕར་རོལ་དགག་ཡུལ་གྱི་མི་དེ་སུ་ཡིན་པ་ཤེས་དགོས། དོན་ངོ་མ་སྤྲུལ་སྐུ་དབང་ཆེན་སུ་རེད། སྤྲུལ་སྐུ་དབང་ཆེན་ཞེས་པ་ནི་ཀྲུང་ཧྭ་མི་མང་སྤྱི་འཐུས་རྒྱལ་ཁབ་ཀྱི་ལྟ་སྒྲུབ་ཁྱེར་བའི་མིང་རྐྱང་ཡེ་དོར་ལྟ་བུ་ཞིག་ཡིན་ན་དེ་ལ་གང་ཟག་བྱེ་བྲག་པ་ཞིག་ལ་དགག་ཁུལ་བྱེད་པ་ནི་མུན་ནག་ནང་གི་མདའ་འཕེན་རེད། དེ་ལྟ་བུའི་དགག་བཞག་ནི་ཁ་བརྡའི་དྲ་ཐོག་ཏུ་ཉི་མ་གནམ་དེ་ཤར་དུ་ཡོད་ཡོད་པ་རེད།
ཁྱེད་ཀྱིས་དགག་བཞག་དེས་བསྟན་དོན་གཙོ་བོ་ནི་སྤྲུལ་དབང་གིས་༸རྒྱལ་བ་རིན་པོ་ཆེ་ལ་སྐྱོན་འཛུགས་སོང་ཞེས་པ་དེ་རེད། དེ་ལས་སྐུ་ཉིད་ལ་དུས་ཚོད་ཡོད་ན་ང་ཚོ་ཚང་མས་ཤེས་པའི་མི་བློ་བཟང་ཆོས་འབྱོར་ལྟ་བུའི་རིགས་ལ་དགག་བཞག་དང་ངོ་སྤྲོད་གནང་ན་གང་འདྲ་འདུག བློ་བཟང་ཆོས་འབྱོར་གྱིས་༸གོང་ས་སྐུ་འཕྲེང་བཅུ་གསུམ་པ་ལོ་རྒྱུས་ཀྱི་ནག་ཅན་པ་ཞིག་ཏུ་བསྒྲུབས་སོང་། དེས་ན་ངས་ནི་༸གོང་ས་སྐུ་འཕྲེང་བཅུ་གསུམ་པ་ལ་སྐྱོན་འཛུག་དང་ནག་ཉེས་བཙུག་ན་༸གོང་ས་སྐུ་འཕྲེང་བཅུ་བཞི་པ་རང་བཞིན་གྱིས་འཛུག་གི་ཡོད་པ་རེད་སྙམ།
ང་ཚོ་སུ་ཡིན་ནའང་ཕ་རོལ་པོ་རང་གི་བསམ་ཚུལ་མི་མཐུན་པའི་གང་ཟག་དེ་བརྩེད་གཅོད་བྱེད་རྒྱུ་གལ་ཆེན་མ་རེད་ དེས་བཤད་པའི་སྐད་ཆ་རྣམས་དོན་མཐུན་ཡིན་མིན་བལྟ་བརྒྱུ་གལ་ཆེན་པོ་རེད། དོན་དངོས་ཐོགས་སྤྲུལ་སྐུ་དབང་ཆེན་གིས་བཤད་པའི་སྐད་ཆ་དག་བདེན་བརྫུན་ཕྱེས་ནས་དགགས་བཞག་བྱེད་ཡ་དེ་ང་ཚོས་ལས་འགན་རེད། དེ་མིན་འདི་ན་ང་ཚོ་དང་མི་མཐུན་པའི་སྐད་ཆ་བཤད་མཁན་ཞིག་འདུག དེ་རྒྱ་མའི་བརྒྱུག་ཁྱི་དང་ཤུག་ལྡན་ཚོགས་པ་རེད་ཟེར་ན་རང་མདོག་སྟོན་པ་ཙམ་ལས་ཁས་ལེན་ཆོག་པའི་སྐད་ཆ་ཞིག་མ་རེད་འདོད་གི ༧་གོང་ས་མཆོག་གིས་ཉེ་སྔོན་བཀའ་སློབ་ཞིག་གིས་ནང་ངས་ཆབ་སྲིད་གི་འགན་ཡོངས་སུ་རྫོགས་པ་བརྩིས་སྤྲོད་བྱས་ནས་དགོངས་པ་ཞུས་ཚར་བ་ཡིན་འོང་ཀྱང་དབུ་མའི་ལམ་ལ་འགྱུར་བ་གང་ཡང་མེད་ཟེར་བ་ཞིག་གོ་བྱུང་། དེ་ལ་འགྲེལ་བཤད་གང་འདྲ་ཞིག་ཡོད་གི་རེད། གྲོགས་པོ་ཚོ་ཤེས་མཁན་ཡོད་ན་གསུང་རོག་གནང་།
ཧོར་འཇིགས་ལགས་ཀྱིས་བཤད་པ་མང་པོ་ཞིག་བདེན་པར་འདོད། འོན་ཀྱང་། བོད་ཡིག་གི་རྩོམ་འབྲི་བ་མང་པོ་ཞིག་ལ་མཐུན་མོང་གི་ཞན་ཆ་ཞིག་ཡོད་པ་ནི་བསམ་བློའི་གོ་རྟོགས་ཞན་པ་དེ་རེད་འདོད། ཁོ་ཚོ་གོ་སྐབས་འཚོལ་རྒྱུར་དགའ་བོ་ཡོད། ཅི་ཞིག་བྲིས་ན་རང་ཉིད་ལ་ཁེ་ཕན་ཡོད་ན་དེ་འབྲི། ཤེས་ཡོན་པ་འདི་ཚོ་སྤྱི་ཚོགས་ཀྱི་སྣེ་འཁྲིད་པ་མ་ཡིན་པར། སྤྱི་ཚོགས་ཀྱི་རྗེས་དེད་ནས་རང་ཉིད་བདེ་ཐབས་བྱེད་ཀྱི་ཡོད། ཡང་ཁོ་ཚོས་ཅི་ཞིག་བྲིས་ཀྱང་། རང་ངོས་ནས་འགན་འཁུར་དངཁྲིམས་ལུགས་ལ་དོ་སྣང་བྱེད་རྒྱུ་ལས་གཞན་ཞིག་གིས་བྲིས་པར་ཁུངས་སྐྱེལ་དང་ཁྲིམས་ཀྱི་སྐད་ཆ་བཤད་རྒྱུར་དགའ། གོང་དུ་རྩོམ་པ་པོས་”འགན་ཁུར་དང་བརྩེ་སེམས་ཤ་ཚ་མེད་པའི་ཕྱི་རྒྱལ་བ་ཚོས”ཞེས་ཕྱི་རྒྱལ་བ་ཡོངས་ལ་རྒྱུག་པ་ལེབ་རྡུང་བྱེད་སྟངས་འདི་བཞིན། ཁོ་ཚོས་བྲིས་པར་[stereotype] ཧ་ཅང་ཐལ་ཆེ་བའི་གཤིས་ཀ་ཞིག་ཡོད།།
སྐུ་ཞབས་ཧོར་གཙང་འཇིགས་མེད་ལགས་ཀྱིས་ལུང་དང་རིག་པའི་གནད་ལ་བརྟེན་ནས།བདེན་པ་བདེན་སར་བསྐྱལ་བར་ཐུགས་རྗེ་ཆེ་ཞུ་གི་ཡིན།རྒྱབ་སྐྱོར་ཡོད།
ད་ནི་ལམ་གསུམ་པ་ཞིག་འཚོལ་འདོད། ངས་རང་གི་བསམ་ཚུལ་བརྗོད་འདོད།
ང་ཚོའི་འཐབ་རྩོད་ནི་བོད་མི་རིགས་དང་དྲང་བདེན་གྱི་ཆེད་དུ་ཡིན། འོན་ཀྱང་སེམས་སྐྱོ་བ་ཞིག་ལ་དེང་སང་མི་མང་པོ་ཞིག་གིས་ངོ་དེབ་སྟེང་དུ་དབུ་མའི་ལམ་དང་བོད་རང་བཙན་གཉིས་ཀྱི་འགལ་ཟླ་ལས་འཕྲོས་ཏེ་བསམ་ཚུལ་སྣ་ཚོགས་སྤེལ་བཞིན་འདུག སྤྱིར་བཏང་བྱས་ན་ཧ་ལས་པའི་ཡག་པོ་འདུག དེས་ང་ཚོའི་བོད་མི་ཚོའི་ཤེས་ཚད་མཐོ་རུ་ཕྱིན་པའི་རྟགས་མཚན་མངོན་གྱི་ཡོད། ཡིན་ནའང་ཀུན་སློང་བཟང་པོ་ཞིག་བཅངས་ནས་བགྲོ་གླེང་གནང་དགོས་པ་ལས་རང་རྒྱལ་གཞན་ཕན་གྱི་ལྟ་བ་བཅངས་ནས་བགྲོ་གླེང་གནང་ན་དགེ་ཕན་ལས་སྐྱོན་ཆ་ཡོད་སྟབས། ཚང་མས་གཟབ་གཟབ་གནང་རོགས་ཞེས་ཞུ་བ་ཡིན།
བོད་མི་མང་པོ་ཞིག་གིས་དབུ་མའི་ལམ་ནི་གོང་ས་མཆོག་གི་དགོངས་པ་རེད། དེའི་ལམ་དུ་ཤར་བསྐྱོད་གནང་དགོས་པ་རེད་ཅེས་དང་། ཡང་རིགས་གཅིག་གིས་ང་ཚོར་བདེན་པ་ཡོད་པ་ཡོད་སྟབས། ང་ཚོས་རང་བཙན་རྩོད་དགོས་རེད་གསུང་མཁན་མང་པོ་འབྱུང་གི་ཡོད། གོང་ས་མཆོག་གིས་བོད་རིགས་རྒྱ་ཆེའི་མི་དམངས་ལ་བཀའ་སློབ་གནང་སྐབས། ཁོང་གིས་བོད་རྒྱ་ཆེའི་མི་དམངས་ལ་ངས་བདམས་པའི་དབུ་མའི་ལམ་དུ་འགྲོ་དགོས་ཡོད། དེ་མིན་འགྲིག་གི་མ་རེད་ཅེས་བཙན་བཀའ་བཏང་བ་ཕྲན་གྱིས་ཐོས་མྱོང་མེད་ལ། བོད་རྒྱ་ཆེའི་མི་མང་གིས་ཀྱང་ཐོས་མྱོང་མེད་ཅེས་བཤད་ན་ཧམ་པ་མིན།
དེ་ཙམ་མ་ཟད། གཞུང་ཞབས་ལས་བྱེད་ཚོས་ཕྱོགས་མཐའ་ཁག་ལ་བཀའ་སློབ་གནང་བའི་སྐབས་སུ། བཀའ་སློབ་གང་འདྲ་ཞིག་གནང་རུང་གོང་ས་མཆོག་གི་དགོངས་པ་བསྐྱར་ཟློས་གནང་བཞིན་ཡོད་ལ།
གོང་ས་མཆོག་ནི་རང་གི་ལག་པ་འབྱིད་་ས་དང་ངན་ཁེག་འགེལ་ས་ལྟ་བུ་གནང་གི་ཡོད། དེ་ནི་ཧ་ཅང་ཐབས་སྐྱོ་བོ་རེད། རྒྱ་དམར་གཞུང་གིས་བོད་ཀྱི་ངན་ཁེག་ཚང་མ་གོང་ས་མཆོག་ལ་འགེལ་གྱིན་ཡོད། ང་ཚོ་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་ཀྱང་རང་གི་ལག་འབྱིད་ས་གོང་ས་མཆོག་ལ་བྱེད་བཞིན་ཡོད། ཨ་ཙི། བསམ་བློ་ཞིག་ཐོངས་དང་། བྱེད་སྟངས་འདི་ནི་ལས་རྒྱུ་འབྲས་ལའང་མི་རུང་། སྤུན་ཟླ་ཚོ། ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས། རྒྱུ་མཚན་གང་ཡིན་ཞེ་ན། གོང་ས་མཆོག་གིས་བོད་མི་དམངས་ལ་དམངས་གཙོའི་རང་དབང་ཆ་ཚང་གནང་ཟིན་པ་རེད། དེ་ཙམ་མ་ཟད་བོད་ཀྱི་མཐའ་མའི་ཐག་གཅོད་བོད་རྒྱ་ཆེའི་མི་མང་གི་ལག་པར་ཡོད་ཅེས་བཀའ་སློབ་གསལ་པོ་གནང་བ་ཚང་མས་མཁྱེན་གསལ་རེད། དེ་འདྲ་ཡིན་དུས། རང་གི་དམངས་གཙོ་དེ་རང་གིས་བེད་སྤྱོད་གཏོང་མི་ཤེས་ན་རང་ཉིད་ལྐུགས་པ་རེད་མ་གཏོགས་གཞན་གང་ཡང་མ་རེད།
ང་ཚོར་བོད་མི་རིགས་ལ་རང་བཙན་དགོས་པ་སྨོས་མེད་རེད། ཡིན་ནའང་ཁ་ཚ་དགོས་གཏུགས་ཀྱི་ལས་འགུལ་གང་འདྲ་ཞིག་སྤེལ་ན་ནུས་པ་ཆེ་བ་ཡོང་བའི་སྐོར་ལ་ཡང་བསྐྱར་ང་ཚོས་བསམ་བློ་ཞིག་ཅིས་ཀྱང་གཏོང་དགོས་པ་འདུག གང་ཡིན་ཞེ་ན་བོད་ཀྱི་དཔའ་བོ་དང་དཔའ་མོ་བརྒྱ་ལྷག་གིས་རྒྱ་ནག་དམར་གཞུང་ལ་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ནའང་རྒྱ་དམར་གཞུང་ནི་ད་དུང་ཡང་དམར་པོ་རེད། ད་དུང་རྒྱ་གཞུང་གིས་སྔར་ལས་བོད་གཞིས་ལུས་མི་དམངས་ཚོར་གཉའ་གནོན་དང་སྡུག་རྩུབ་མུ་མཐུད་དུ་གཏོང་བཞིན་ཡོད། རྒྱུ་མཚན་དེའི་དབང་གིས་བོད་མི་རྩམ་པ་ཟ་མཁན་ཚང་མས་བློ་གཟུ་བོར་གནས་པའི་ཐོག་ནས་ཡང་བསྐྱར་བསམ་བློ་ཞིག་མ་བཏང་ན་བོད་དུ་ཡོད་པའི་གཞིས་ལུས་སྤུན་ཟླ་ཚོར་ངོ་ཚ་སྐྱེས་དགོས་པའི་གནས་སུ་སླེབས་ཡོད།
ཡང་བོད་མི་ཁག་ཅིག་གིས་ཉིན་མཚན་ཀུན་དུ་རང་གི་འཚོ་བ་ངན་ངོན་ལ་མགོ་འཁོར་ནས་བསྡད་ཡོད་པ་མ་གཏོགས། ཐ་ན་རང་གིས་འབྱོན་པའི་ལས་ཀ་སྟེ་དཔེར་ན་ངོ་རྒོལ་སྐད་འབོད་ཙམ་ལའང་ཡོང་འདོད་མེད་པའི་ཐོག གཞུང་དང་ཚོགས་པ་ཁག་གིས་མ་འགྲིགས་པ་རྐྱང་རྐྱང་བཤད་ནས་སྡོད་ཀྱི་ཡོད་པས། བསམ་བློ་ཏོག་ཙམ་ཐོངས་དང་། བོད་པ་ཚོ།
གོང་ས་མཆོག་དགུང་གྲངས་དོན་བདུན་ལ་ཕེབས་ཟིན་ནའང་། ད་དུང་སངས་རྒྱས་ཀྱི་བསྟན་པ་དང་བོད་མི་རིགས་ཀྱི་ཆེད་དུ་ཕྱག་གཉིས་ཐལ་མོ་སྦྱར་ནས་འཛམ་གླིང་གི་ས་ཕྱོགས་གང་སར་སློང་མོ་བ་བཞིན་ཕེབས་པ་དེ་སུའི་ཆེད་དུ་ཡིན་མིན་ངེས་པར་དུ་ཤེས་པར་བྱེད་དགོས། མི་ཁ་ཤས་ནི་བཟང་ལ་བཟང་ལན་དང་མི་རིགས་ཀྱི་ཞེན་ཁོག་མེད་པར་བལྟས་ན་སེམས་ཅན་དུད་འགྲོ་ལས་ཀྱང་ཐབས་རྡུགས་རེད་ཅེས་ཞུ་སྤོབས།
ད་ནི་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་དུས་ལ་བབ་འདུག་པས། གཉིད་ལས་བཞེངས་ཏེ་ཡར་ལོངས་ཤོག མི་རིགས་ཀྱི་ལ་རྒྱ་ཡོད་ན་ཡར་ལོངས་ཤོག གུས་པ་ནི་སྙན་ངག་པ་མིན་ལ་རྩོམ་པ་པོའང་མིན། ཤེས་བྱ་ཡོན་ཏན་གང་ཡང་མེད་པའི་མི་ཞིག་ཡིན། ཡིན་ནའང་གོང་གི་སེམས་ཚོར་འདི་སེམས་མ་སྐྱིད་པ་བྱུས་ནས་བྲིས་པ་ལས་རྒྱུ་མཚན་གཞན་གང་ཡང་མེད། ཁོ་བོའི་སེམས་ཚོར་འདིར་ཐེངས་ཁ་ཤས་ྐློག་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ཐུགས་རྗེ་ཆེ། བོད་རྒྱལ་ལོ། བོད་རྒྱལ་ལོ།
དྲ་གྲོགས་རིགས་པའི་བུ་ལགས། སྐུ་ཉིད་ཀྱིས་ལམ་སྟོན་སེམས་ལ་བཟུངས་ཡོད་ལ་ངས་ཧོར་འཇིགས་ཀྱི་མི་གཞི་ལ་དམའ་འབེབས་བྱེད་ཀྱི་མེད་ལ་བྱེད་འདོད་ཀྱང་མེད། མ་ཟད་་སྙན་ངག་པ་དང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་གུས་བརྩི་ཡོད། འོན་ཀྱང་ངས་དགག་བྱ་གཙོ་བོ་དེ་སྙན་ངག་པ་དང་རྩོམ་པ་པོ་ཞིག་གིས་སྤྱི་ཚོགས་ཀྱི་སྣེ་འཁྲིད་དང་འགན་འཁུར་མེད་པར་དབུ་རང་གཉིས་དབར་དབྱེན་དཀྲུགས་ཀྱི་ལས་འགོ་བཙུགས་ན་ང་མི་འདོད་པ་དེ་འདི་རེད། རྒྱུ་མཚན་ཉིད་ཀྱིས་༢༠༠༠ ལོར་རེད་གསུངས་བའི་འཇམ་ནོར་དང་ལྟ་གྲུབ་རྩོད་ནས་དབུ་རང་དབར་འགལ་ཟླ་དང་པོ་བཟོས་པ་རེད་ལ། ད་རེས་ཡང་སྤྲུལ་དབང་དང་ལྟ་གྲུབ་རྩོད་ནས་ནང་འཛིངས་མཆན་༨༥་ལ་སླེབས་པ་བཟོས་འདུག། མ་གཞི་སྤྲུལ་དབང་གིས་རང་བཙན་ལྟ་གྲུབ་ཀྱིས་དབུ་ལམ་གྱི་སྐྱོན་གནད་མང་པོ་ཞིག་བདེན་པ་བཤད་འདུག་ཀྱང་༧རྒྱལ་བ་རིན་པོ་ཆེ་སྒེར་གཅོད་རིང་ལུགས་པ་འདྲ་ཞིག་བཤད་པ་དེ་ངོས་ལེན་རྩ་བ་ནས་མེད་ལ་བདེན་པ་རྩ་བ་ནས་མ་རེད། རྒྱལ་བ་རིན་པོ་ཆེས་དམངས་་གཙོ་དང་སྨྲ་བརྗོད་རང་དབང་ཆ་ཚང་མར་མི་དམངས་ལ་གནང་བ་མ་ཟད་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་དེད་དཔོན་ཡང་རེད། དེས་ན་ལམ་དབུ་མ་དེ་༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་རྩ་དོན་མུག་ཤི་ཐེབས་གྲབས་འདི་མྱུར་སྐྱོབ་ཀྱི་འཐབ་རྩོད་ཐབས་ལམ་བཟང་པོ་ཞིག་བཏོན་གནང་བ་ཞིག་རེད་མ་གཏོགས་གསང་སྔགས་བླ་མེད་ཀྱི་དབང་ལུང་གནང་བཞག་པ་ཞིག་རྩ་བ་ཉིད་ནས་མ་རེད། བྱས་ཙང་འཐབ་རྩོད་ཐབས་ལམ་གྱི་སྲིད་ཇུས་ཞིག་ཡིན་ན་དེ་ཡུལ་དུས་གནས་སྐབས་ལ་བསྟུན་ནས་འགྱུར་བ་འགྲོ་རྒྱུ་ཞིག་མ་གཏོགས་འགྱུར་མེད་རྟག་བརྟན་ནམ་ཡང་མ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་༧རྒྱལ་བ་རིན་པོ་ཆེས་དམངས་གཙོ་དང་སྨྲ་བརྗོད་རང་དབང་གནང་བ་དེ་བེད་སྤྱོད་ཀྱིས་མི་རིགས་ལས་དབང་དང་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་གླེང་ནས་ལམ་དབུ་མའི་དགེ་སྐྱོན་གླེང་ན་ལམ་སེང་གནད་དོན་ལ་མི་འཇུས་པར་གང་ཟག་དེ་ལོག་སྤྱོད་པ་དང་། ལྟ་ལོག་པ། དམ་ཉམས་པ་སོགས་བོད་དང་བོད་མི་རིགས་ཀྱི་ལས་དབང་ཡོད་ཚད་ལྷ་ཆོས་རིང་ལུགས་གཅིག་པུར་འབྲེལ་བསྡད་འདྲ་ཞིག་བཤད་ནས་རྡོ་དང་དབྱུགས་པ་འཕྱར་གྲབས་བྱེད་མཁན་འདི་ཚོས་༧རྒྱལ་བ་རིན་པོ་ཆེར་སྒེར་གཅོད་རིང་ལུགས་པའི་དབུ་ཞྭ་འབུལ་གྱིན་ཡོད་པ་རེད།
དེ་ལྟ་བས་ན་ཧོར་འཇིགས་ཀྱིས་སྙན་ངག་མཁན་པོ་རྩོམ་པ་པོའི་མིང་ཆེན་ཡོད་པའི་ཆ་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་སྣེ་འཁྲིད་དང་འགན་འཁུར་ག་ཚོད་བླངས་ཡོད་མེད་ང་ཚོས་ཞིབ་ལྟ་བྱེད་དགོས་པ་རེད་ལ། དོན་དངོས་བྱས་ན་བཙན་བྱོལ་སྤྱི་ཚོགས་འདིའི་སློབ་གྲྭ་ཕལ་ཆེ་བ་བོད་ཡིག་གི་ཤེས་ཚད་སྐྱོ་པོ་ཡིན་པའི་རྒྱུ་མཚན་ཕལ་ཆེར་བོད་སྐད་ཡིག་ཤེས་ཚད་ཐད་མིང་ཆེན་ཡོད་པ་དང་དགེ་རྒན་དྲག་གྲས་དེ་ཚོ་ཕལ་ཆེ་བ་བཙན་བྱོལ་སློབ་ཕྲུག་བོར་ནས་ནུབ་ཕྱོགས་སུ་བཞུད་པའི་རྣམ་ཐར་དེས་གསལ་བསྟོན་བྱས་པ་རེད་ལ། ད་ཆ་ནུབ་ཕྱོགས་ནས་དྲང་མདོག་གིས་ག་རེ་བཤད་ན་ཡང་ཡིད་ཆེས་དཀའ་བར་གནས། མ་གཞི་ལྟ་བ་ག་རེ་འཁུར་མིན་དང་ས་ཕྱོགས་ག་པར་ཕེབས་མིན་རང་དབང་གཙང་མ་རེད་ལ་ཇུས་ཏོག་སྤུ་ཙམ་མེད་ཀྱང་མི་རིགས་ཀྱི་རྩ་དོན་དང་མི་རིགས་ཀྱི་ལས་དབང་བཤད་ཀྱི་ཡོད་ན་དམངས་གཙོའི་སྤྱི་ཚོགས་ཞིག་ཡིན་པ་ཤེས་པར་བྱས་ཏེས་ལྟ་གྲུབ་འདྲ་མིན་ཕན་ཚུན་གུ་ཡངས་པའི་བགྲོ་གླེང་བྱེད་དགོས་པ་རེད་མ་གཏོག། རང་ལྟ་ཕྱོགས་འཛིན་དང་གཞན་ལྟ་འབུར་བཅོམས་བྱས་ན་ཅང་ཡོང་རྒྱུ་ཞིག་ཡོད་པ་མ་རེད།
བཀྲིས་རྒྱལ་མཚན་ལགས། གསེར་འབྲུག་སྡེར་ལྔ་དྲང་ཕྱོགས་ནས་ལངས་ན་འདྲ་ལྡོག་ཕྱོགས་ནས་ལངས་འདྲ་དེ་གནད་འགག་ཅིག་མ་རེད། རྩ་བའི་ཧོར་འཇིག་བསྐོར་དེ་རིགས་པའི་བུའི་ལན་དུ་བྲིས་པའི་མཆན་དེའི་ནང་ཡོད་པས་དེར་གཟིགས་རོགས།
མ་གཞི་གསེར་འབྲུག་སྡེར་ལྔའི་མིང་འོག་གི་གང་ཟག་དེ་སྐུ་ཉིད་གསལ་གསལ་ཐིང་ཐིང་རྒྱུས་མངའ་ཡོད་ཚོད་ལ་དགའ་བསུ་དང་འབྲེལ་ང་གསེར་འབྲུག་སྡེར་ལྔ་ཏང་གི་གསོས་ཕྲུག་ཞིག་ཡིན་མིན་ཞིབ་འཇུག་བྱེད་རྒྱུ་གལ་ཆེན་པོ་རེད་ལ་བྱེད་རོགས་གནང་། དགའ་བསུ་ཡོད།
ལ་ཐགས་བློ་འཇམ་དང་ཟམ་གདོང་སྐེ་གཡོན་ཁྱོད་གཉིས་ཆོས་བཤད་སར་སྲིད། སྲིད་བཤད་སར་ཆོས། ག་དུས་ཡིན་ནའང་གོ་སྐབས་ཞིག་བཙལ་ནས་ཉ་ཉུང་བསྲེས་མ་ཡོང་རོགས།
གསེར་འབྲུག་སྡེར་ལྔ་འདི་ཅི་འདྲའི་སེམས་པ་ཆུང་ཆུང་ཞིག་རེད། ཕྱི་ལོ་༢༠༠༠ ལོར་ཧོར་འཇིགས་དང་འཇམ་ནོར་གཉིས་བར་རྩོད་པ་ཤོར་བ་དེ་ཤོར་དགོས་བ་ཞིག་རེད། དེའི་སྒང་ལ་ཡང་སེམས་ཆུང་གསེར་འབྲུག་ཁྱོད་སེམས་ཁྲེལ་ག་རེ་འདུག་གམ། རྒན་པོ་འཇམ་དབྱངས་ནོར་བུ་སེམས་པ་ཆུང་ཆུང་གསེར་འབྲུག་ཁྱེད་གྱི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཡིན་ནི་མ་ར། མཁས་པའི་བར་ལ་རྩོད་པ་ཡོད་ན་རྩོད་དགོས་བ་རེད།་དེ་ནི་མཁས་བའི་ཁྱད་ཆས་རེད། སེམས་ཁྲལ་མེད་ས་ལ་སེམས་ཁྲལ་ཉི་མ་ཅིག་རི་བོང་རྣ་རྡབ་ལྟ་བུ་ཆག་ཡོངས།
མཁས་དབང་ཧོར་གཙང་འཇིགས་མེད་ལགས་ནས་དུས་གནད་ལ་འཁེལ་བའི་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་པས་ཐུགས་རྗེ་ཆེ་ཞུ་བ་ཡིན།
རེད་ཡ་ང་ཚོ་བོད་པའི་སྤྱི་ཚོགས་འདི་ནང་་་་ལུགས་སྲོལ་ངན་པ་གཅིག་ག་རེ་ཡོ་རེད་ཟེར་ན་
མི་གཅིག་གིས་དྲ་མིང་ཐོག་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་དང་འབྲེལ་བའི་དྲང་ལྡན་གྱི་རྩོམ་ཡིག་ཞིག་བཀྲམས་ཡོང་དུས་དེ་ལ་ལན་མ་རྙེད་པར་བརྟེན་་་་མི་དེས་བཤད་པའི་དོན་གནད་དེ་ཚོའི་བརྗོད་བྱ་དེ་དྲང་བདེན་ཡིན་མིན་ལ་མ་བལྟོས་པར་ལམ་སེང་
རྩོམ་ཡིག་དེ་སྤེལ་མཁན་སུ་རེད་་་་་་རྒྱ་མིའི་རྒྱུགས་ཁྱི་ཡིན་ས་རེད་ཡང་མིན་ན་ཤུགས་ལྡན་པ་ཡིན་ས་རེད་ཡང་མིན་ན་ནི་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨོད་བྱེད་མཁན་ཞིག་རེད་་་་་ཁོ་ལ་ཡ་མ་བྱེད་ཟེར་ནས་བཞག་གི་རེད་་་་་དེ་ཚོ་དངོས་གནས་ཞབས་འདྲེན་རང་རེད། ཞབས་འདྲེན་ནང་ནས་ཀྱང་ཆེས་ཤོས་དེ་རེད། རྒྱ་མིས་བཤད་པའི་སྐད་ཆ་ཚང་མ་བདེན་པ་མིན་པའི་ངོས་འཛིན་བྱེད་ཡག་དེ་ཚོ་ནི་ཆེས་རྗེས་ལུས་ཀྱི་རྣམ་པར་མངོན། ལྷག་པར་དུ་རང་བཙན་དོན་གཉེར་གྱི་མི་སྣ་ཚོས་བོད་སྤྱི་ཚོགས་ནང་ཡང་དག་པའི་དམངས་ཚོགས་ལོངས་སུ་སྤྱོད་ཡོང་དུས་དེ་ལ་ལམ་སང་གོང་ས་མཆོག་ལ་ངོ་རྒོལ་བ་ཞིག་ལ་ངོས་འཛིན་བྱེད་དགོས་པའི་རྒྱུ་མཚན་དེ་ག་པར་ཐུག་ཡོ་རེད་ཟེར་ན་་་་་་ད་བར་དམངས་ཚོགས་ཟེར་ཡག་དེ་མིང་ཙང་ལས་དོན་ལ་སྒེར་བཅོད་རིང་ལུགས་པ་ཡིན་པར་མཚོན་ཐུབ།
ད་དུང་ཤུགས་ལྡན་པ་གཅིག་ཡིན་ན་ཁོ་ལ་ཆོས་དང་ཟང་གི་འབྲེལ་ཐག་བཅད་པ་ཡིན་ཟེར་ནས་མ་དགའ་བ་བྱེད་པ་དེས་ག་རེ་ཧ་གོ་ཡོང་གི་འདུག་ཟེར་ན་་་་་་་ད་བར་ཆོས་དད་རང་དབང་མེད་པ་དང་ཆོས་ཟེར་ཡག་དེ་ཆབ་སྲིད་ཀྱི་ལག་ཆར་བྱེད་དང་བྱེད་བཞིན་པ་དེ་མཚོན་ཐུབ་་་་ཤེས་པ་རང་བཞིན་དུ་གནས་པ་ཞིག་ཡིན་ན་དེ་ཚོ་འགྲེལ་བཤད་མ་བརྒྱབ་ནའང་མཁྱེན་རྟོགས་ཐུབ་ཀྱི་རེད།།
ཟང་ཟིང་ཞེས་བཅོས་རོགས།
གསེར་འབྲུག་སྡེ་ལྔ་ལགས། ཧོར་འཇིག་གི་རྩོམ་དེ་ངས་ཀྱང་བཀླགས་པ་ཡིན། དེའི་ནང་ན་རང་བཙན་དང་དབུ་མའི་སྐོར་བགྲོ་གླེང་རྩོད་མི་ཆོག་ལབ་མི་འདུག རང་བཙན་ཁ་ལ་འཁྱེར་ནས་རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་དང་དམའ་འབབས་བྱས་ན་འགྲིག་གི་མི་འདུག་ལབ་བྱ། དོན་ངོ་མ་བཤད་ན་རང་བཙན་དང་དབུ་མའི་སྐོར་ཅུང་ལྟ་བ་མཐོ་བོ་རེད། དེ་ང་ཚོ་ལྟ་བུའི་དྲན་ཚོད་ལྟར་བཤད་ན་ནོར་ཉེན་ཡོད་པ་འདྲ། རང་རྡོ་ལེབ་ཚ་བོ་སྟེང་གི་གྲོག་མ་ནང་བཞིན་བྱས་ཀྱང་ཅི་ཕན། དེ་འདྲ་བྱེད་མཁན་རང་གཅིག་བུ་རེད་ལབ་ཀྱི་མེད།
བཀྲ་ཤིས་རྒྱལ་ལེགས།
་
ཡོང་རོགས། ཞེས་པ་འོང་གྲོགས། ཞེས་བཟོ་ཐུབ་ན། ཆོས་སུ་འགྲོ།
་
རིགས་པ་དཔྱད་ན་ཆོས་ལུགས་མི་འགལ་ཞིང་།
འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ། ས་སྐྱ། ལེགས་ ལེ་ ༡ ཚིགས་ ༢
ཧོ་གཙང་འཇིགས་མེད་ཀྱི་དགོངས་འཆར་ལ་རྒྱ་ཆ་བརྒྱད་བཅུ་ཙམ་ཐད་མོས་བྱུང་། འོན་ཀྱང་མ་ཐད་ས་དེ། གཉིས་བྱུང་། གཅིག་ནི། ལམ་དབུ་མ་ལ་སྐྱོན་བརྗོད་ཡོང་དུས། ༧ གོང་ས་མཆོག་ལ་སྐྱོན་བརྗོད་དུ་འགྲོ་ཚུལ་ཞིག་མ་མཐོང་། ལམ་དབུ་མ་ལ་དཔྱད་བརྗོད་སྤེལ་དགོས་པ་དེ། འོས་པ་མ་ཟད། རང་རེ་ཚང་མའི་འགན་ཞིག་དུ་མཐོང་། ད་དུང་ཡང་༧གོང་ས་མཆོག་གིས་དགོངས་པའི་ལམ་དབུ་མ་དང་། ལམ་དབུ་མ་ལ་ཁག་དཀྲིས་ཏེ། ཕྲལ་གྱི་ཁེ་ཕན་ཕྲན་ཙམ་ལ་ལྟས་ཏེ། གོ་སྐབས་རིང་ལུགས་པས། རང་བཙན་ལ་དགྲ་རུ་ལྟ་མཁན་དང་། དབུ་ལམ་ལ་བཟོ་བཅོས་རྒྱབ་པའི་ལམ་དབུ་མ་གཉིས་ཐ་དད་དུ་མཐོང་།
གཉིས་པ་དེ། སྤྲུལ་སྐུ་དབང་ཆེན་ཐོག་ཏུ་ངར་ངར་དང་རྫིག་པོ་དེ་འདྲ་བྱེད་དགོས་དོན་ཅི་ཡོད། ཁྱོད་ཚོ་ངར་པོ་དེ་འདྲ་ཡོད་ན། རྒྱ་དམར་ཐུག་དུས་འཚེ་མེད་ཞི་བའི་ལྟ་སྒྲུབ་ལག་ལེན་ལྟར་གྱིན་ཡོད་ཟེར། རང་བཙན་དོར་ན་ཅི་དྲག་དང་། རྒྱ་དར་ཕྱར་ནས་ངོ་སོ་མཐོན་ཐབས་ཀྱིས། ངོ་དགའ་སྤྲེལ་ལད། འཁྲབ་རྒྱུ་མེད་ན་མ་གཏོགས་འཁྲབ་སྟེ། རྩ་དོན་ཡོངས་སུ་བློས་བཏང་དོན་ཅི།
ལ་དྭགས་པ་ལགས། བཀྲ་ཤིས་རྒྱལ་ལེགས་ལ་་་་་་་བཀྲ་ཤིས་རྒྱལ། བྲིས་ན་ཆོས་སུ་འགྲོ་ལགས། ཅེས་དང་ཞེས་ལ་ཡང་དགོངས་པ་བཞེས་རོགས།
ལེགས་དང་ལགས་ལ་འཇུ་མི་ཕམ་གྱིས་ཡག་པོ་གསུང་ཡོད་སྙམ།
སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་ཀྱིས་བོད་དོན་ཆེད་དུ་གཟོལ་མེད་ལྷག་བསམ་ཅན་གྱི་བསམ་ཚུལ་སྤེལ་བར་བཀྲིན་ཆེ། བསམ་ཚུལ་དེའི་ཐད་འདིར་གླེང་སློང་གང་ཙམ་བྱུང་བ་ནི་སྨྲ་བརྗོད་རང་དབང་གི་ལྡེ་མིག་ཏུ་མཐོང།
སྤྲུལ་སྐུ་དབང་ཆེན་གྱིས་བསམ་ཚུལ་གསུངས་པ་ཡག་པོ་རེད། འོན་ཀྱང་། རང་ཉིད་ཀྱིས་བཤད་པའི་སྐད་ཆར་འགན་འཁུར་བ་དང་། ཕན་གནོད་ཇི་འོང་ལ་བརྟག་རྒྱུ་ཤིན་ཏུ་གཟབ་དགོས། དེ་མིན། བོད་མིའི་ཆིག་སྒྲིལ་གྱི་གོང་བུར་གནོད་གཞི་དང་། ལྷག་པར་བོད་མི་མང་གི་བསམ་པའི་ཚེ་སྲོག་ལ་མི་གནོད་པ་བྱ་རྒྱུ་གལ་ཆེ། མདོར་ན། བོད་དོན་ལ་ལྷག་བསམ་རྣམ་དག་གིས་བསམ་ཚུལ་བཤད་ཀྱི་ཡོད་ཚེ། དགྲ་དགའ་གཉེན་སྡུག་མི་འོང་བྱ་རྒྱུ་གལ་ཆེ་བས་ཐུགས་སྣང་མཛོད།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། ས་སྐྱའི་ལེགས་བཤད་ལས། གཞན་ལ་ལྟ་བའི་མིག་ཡོད་ན།། རང་ལ་ལྟ་བའི་མེ་ལོང་དགོས།། བཀྲ་ཤིས་རྒྱལ་ལེགས་མ་རེད། བཀྲ་ཤིས་རྒྱལ་ལགས་རེད། ཞེས་དང་ཅེས། པ་པས་སོགས་ལ་ཡང་དགོས་པ་བཞེས་རོགས། ངས་སྔར་བྲིས་པ་དྲ་བདག་གིས་སྣང་བ་མ་སོང་བ་འདྲ། བསུབས་བྱ། ཡང་བསྐྱར་བྲིས་པ་ཡིན།
གསེར་འབྲུག་སྡེར་ལྔ་ལགས།
ཐུགས་རྗེ་ཆེ། ཉིད་ཀྱིས་གསལ་བཤད་གནང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། མོས་མཐུན་ཡོད། རྣམ་དཔྱོད་དང་ལྡན་པའི་ལྟ་སྟངས་རེད།
པདྨ་འཕྲིན་ལས་ལགས། ང་སེམས་ཆུང་དྲག་པ་མ་རེད། ཧོར་འཇིག་དང་འཇམ་ནོར་གཉིས་སེམས་ཆེ་དྲག་པ་ཟེར་ན་འདྲ་ཆུང་དྲག་པ་ཟེར་ན་འདྲ། གང་ལྟར་ཁོ་གཉིས་ཀྱི་ལྟ་གྲུབ་རྩོད་སྟངས་དེ་ང་དང་ཁྱོད་ཞེས་རྩོད་པ་མ་གཏོག་བོད་དང་བོད་མི་རིགས་ཀྱི་རྩ་དོན་དང་ལས་དབང་ལ་འགན་འཁུར་གྱིས་འཐབ་རྩོད་ཐབས་ལམ་འདི་ཡིན་ཟེར་བསྟོན་རྒྱུ་མེད་ལ་ཐབས་ཇུས་རང་བཞིན་ལྡན་པའི་སྤྱི་ཚོགས་ཀྱི་སྣེ་འཁྲིད་མི་ཐུབ་པར་ཁོ་རང་གཉིས་ཕན་ཚུང་གཞོང་པ་སྟོང་པའི་གཞོང་འཛིང་བརྒྱབས་བསྡད་པ་རེད།
མ་གཞི་བྱས་ན་མཁས་དབང་དང་རྩོམ་པ་པོའི་མིང་དྲག་ཡོད་པའི་མིང་དོན་མཚུངས་པ་ཞིག་བྱས་ན་ཅི་འདྲའི་མི་ལེགས་སམ། དཔེར་ན་ནུབ་ཕྱོགས་ཀྱི་སྲིད་དོན་མཁས་པ་དེ་ཚོས་སྲིད་དོན་དཔྱད་གླེང་བྱེད་དུས་ཕན་ཚུན་ལྟ་གྲུབ་ཐད་རྩོད་གླེང་ཤུགས་ཆེ་བྱེད་ཀྱི་ཡོད་ཀྱང་དཔྱད་བྱའི་གནད་དོན་ལ་འཇུས་ནས་ཐབས་ཇུས་ཐབས་ལམ་ལ་སྤུངས་གང་ཐུབ་བྱེད་པ་མ་གཏོག་ཧོར་འཇིགས་དང་འཇམ་ནོར་ལྟ་བུའི་ལྟ་གྲུབ་རྐྱང་པར་འཇུས་ནས་རང་ལྟ་མཆོག་འཛིན་གྱིས་ཁ་ཕྱོགས་གཉིས་སུ་དགྱེས་གང་ཐུབ་བྱེད་ཀྱི་ཡོད་པ་མ་རེད། བྱས་ཙང་ང་རི་བོང་གནམ་རྡིབ་ཀྱི་སེམས་ཕྲལ་ད་མི་འདུག་ཏེས་གནམ་གཤིས་ངན་པས་རི་བོང་ཚ་གྲང་ཐེབས་མི་ཡོང་ངམ་སྙམ་པའི་སེམས་ཕྲལ་འདུག།
ཨ་ནེ་བསམ་གཏན་སྒྲོལ་མ་ལགས། ཁྱེད་ཀྱིས་ད་དུང་ངའི་མཆན་གྱི་གནད་དོན་རྟོགས་མེད་པ་འདྲ། ངས་ནི་ཧོར་འཇིགས་ཀྱི་རང་དབུ་གཉིས་ཀྱི་ལྟ་བ་དེ་སོ་སྐྱེས་ལས་རྒལ་ནས་མགོན་པོ་ཀླུ་གྲུབ་ཀྱི་རྟེན་འབྱུང་ལྟ་བ་འདྲ་ཞིག་ག་རེ་བྱས་ཀྱང་མཐོང་མ་སོང་། འོན་ཀྱང་ཁྱེད་རང་གིས་དག་སྣང་དབང་གིས་དེ་འདྲ་ཞིག་གཟིགས་ཡིན་རྒྱུ་རེད་པཱ།
རིགས་པའི་བུ་ལགས། ཐུགས་རྗེ་ཆེ།
གསེར་འབྲུག་ལགས། ཕྱི་ལོ་༢༠༠༠ ལོ་ཕྲན་རྡ་རམ་སར་ལར་ཡོད། དེ་དུས་ཧོར་འཇིགས་དང་འཇམ་ནོར་གཉིས་རྩོམ་ཆ་ཚང་བ་ཕྲན་གྱི་གློག་ཉོངས། དེ་ཙམ་གྱི་སྡུག་ཅག་རང་མཐོང་མ་ཉོངས། སྔོན་མ་ཕྲན་གྱིས་དེ་ལྟར་བསམ་ཉོངས་ཡོད་ནུབ་ཕྱོགས་པ་དེ་དག་གང་འདྲ་ཡག་པོ་འདུག་དྲན་ཉོངས། ཡིན་ནའང་དངོས་ཡོད་དེ་འདྲ་རང་མ་རེད། ཁོང་ཚོ་ཡང་ང་ཚོ་ནང་བཞིན་ཚོར་བ་གཅིག་པ་རེད། ཁ་སྔོན་ནུབ་ཕྱོགས་པའི་གྲོགས་པོ་འགའ་མཉམ་དུ་སྤྲོད་སྐྱིད་གཏོང་ས་ཞིག་དུ་སོང་བ་ཡིན། དེ་དུས་ཁོང་ཚོས་བར་གྱི་ཆབ་སྲིད་གྱི་ལྟ་བ་མ་མཐུན་དུས་སེམས་ལ་ཤར་ཤར་ཚང་མ་ཁ་ནས་ཐོན་གི་འདུག་ལ་ཕན་ཚན་བར་ལ་དགྲ་ནང་བཞིན་འཐབ་རྩོད་བྱེད་གྱིན་འདུག། ཡིན་ཙང་ཧོར་འཇིགས་དང་འཇམ་ནོར་གཉིས་ཀྱི་རྩོད་པ་ནི་དེ་ཙམ་སྡུག་ཅག་མ་རེད་ལ། དེས་ཐད་གསེར་འབྲུག་ཁྱེད་གྱི་སེམས་པ་ཆེ་ཙམ་བྱེས་ན་འགྲིག་གི།
བསམ་གཏན་སྒྲོལ་མ་ལ། མིང་གི་འོག་ཏུ་ཞེ་སའི་ཕྱིར་དུ། ཁྱེད་ཀྱི་ཁ་སྐད་དུ་ལ་ཟེར་བ་བཞིན་དུ། ལ་དྭགས་པས། ལེ། ཟེར། ཁྱེད་ལ་ལོང་ན། རྡོ་རྗེ་གཅོད་པ་དང་། ལོང་ཆེར་མེད་ཚེ། ཤེས་རབ་སྙིང་པོ་ངེས་པར་དུ་ཀློག་གྲོགས། དེ་དག་ན། ལེགས་སོ། ཞེས་བྲིས་འདུག་གམ། ལགས་སོ། ཞེས་འདུག འདི་གཉིས་ལས་གཅིག་ལེན་དགོས་པ་ཡིན། ངས་ལེགས་སོ་ཞེས་པ་བླངས་ཏེ། རྟ་ལ་བཞོན་པ་ཡིན། ད་རྟ་ལས་བབས་ཏེ། ལགས་སོ། བླངས་ཏེ། བོང་བུ་ལ་བཞོན་མི་ཐུབ་བོ།།
ལེགས་སོ་དང་ལགས་སོ་གཉིས་ལ་ཧེ་བག་ཧ་ཅང་ཆེན་པོ་ཡོད། ལེགས་སོ་ཟེར་བ་ནི་བསམ་པ་ཡི་རངས་པའམ་རྗེས་སུ་སྨོན་པའི་སེམས་འགྱུར་མཚོན་པའི་རྩོལ་སྒྲུབ་ཀྱི་སེམས་བྱུང་ཞིག་་དང་། ལགས་སོ་ཟེར་བ་བཀོད་པ་དང་དུ་བླང་བའམ་སྐབས་བབ་ཀྱི་སྣང་ཚུལ་དང་གནས་ཚུལ་གང་ཞིག་ལ་རྒོལ་བ་གང་ཡང་མེད་པར་ངང་གིས་ཞུགས་པའི་རྩོལ་མེད་ཀྱི་སེམས་བྱུང་ཞིག་རེད།
བཀའ་བསྟན་དག་ན་བོད་སྐད་ཀྱི་བརྡ་ཆད་སྤྱིའི་བརྒྱ་ཆ་40 ཙམ་ཡོད་མེད་ཡིན་པས། དཔེ་རྙིང་ཁ་ཤས་བཀླགས་རྗེས་བོད་སྐད་ལ་བྱང་ཆུབ་བོ་སྙམ་ན་མི་འགྲིག བོད་སྐད་ནི་བོད་ཡུལ་ཆོལ་ཁ་གསུམ་ན་བཤད་ཀྱིན་པའི་སྐད་དག་ལ་གོ་བ་ཡིན་པས། དེ་དག་ལ་བརྡ་དང་སྦྱོར་བའི་རྒྱ་མཚོ་ཡོད།
ལ་དྭགས་པ་ལགས། ཁྱོད་ལ་གཤིས་ཀ་གྱོང་བོ་ཞིག་འདུག རང་གི་ནོར་བ་རང་གིས་མི་ཤེས་པ་དང་། གཞན་གྱིས་ཐེར་འདོན་བྱས་ཀྱང་ངོས་ལེན་མི་བྱེད་པ་དེ་རེད། ངོ་མ་ཐབས་སྐྱོ་བོ་རེད། དེ་འདྲ་ཡིན་ན་ངས་ཁྱོད་ལ་བཤད་ཡ་ཅི་ཡང་མེད། མཁས་པ་བརྒྱ་ཡིས་ང་མ་ཐུབ། བླུན་པོ་གཅིག་ངས་མ་ཐུབ།
ཡང་་ལེགས་དང་ལགས་གཉིས་རྩོད་ལ་ཐུག་ཡོད་པ་འདྲ།
བཀའ་བསྟན་བཅོས་ནང་གི་ལེགས་སོ་ལེགས་སོ་གསུངས་པ་དང་་་་་ཁ་བརྡའི་ཁྲོད་ནས་ལགས་སོ་ཟེར་བ་གཉིས་ལ་དག་ཆའང་མི་གཅིག་ལ་གོ་བ་རྩ་ནས་མི་འདྲ། བཀའ་བསྟན་ནང་གི་དག་ཆ་གཞིར་བཞག་བྱས་ནས་འབྲི་དགོས་དུས་ཁག་སེ་ཡིན་རྒྱུ་རེད་ལ་ཡོངས་གྲགས་ཀྱི་སྐད་ལའང་གནོད་པ་ཡོང་གི་རེད་དྲན། སྤྱིར་བོད་རང་གི་སྐད་འདི་ཆོས་གཞུང་བོད་ལ་མ་དར་བའི་སྔོན་ནས་ཡོད་ལ། ཆོས་གཞུང་དར་ནས་རིམ་པས་རྒྱ་ཆེ་རུ་ཕྱིན་ཡོད་པ་བདེན་ཤས་ཆེ། སྤྱིར་བཏང་བྱས་ན་སངས་རྒྱུས་ཆོས་གཞུང་བཀའ་བསྟན་འགྱུར་སོགས་ཀྱི་དག་ཆ་བོད་སྐད་ནང་ལ་དྲུད་མ་ཡོང་ན་བཟང་གི་བསམ། སྐད་ནི་དུས་དབང་གིས་རིམ་པས་འགྱུར་ནས་འགྲོ་གི་ཡོད་པར་ཁས་མ་ལན་རང་ལན་རེད། སྐད་འདི་དང་འདི་ཆོས་གཞུང་དང་མཐུན་གྱིན་མི་འདུག་ལབ་ས་ཅང་ཡོད་རྒྱུ་མ་རེད་ལ་་་ཨུ་ཚུགས་བྱས་པས་ཀྱང་ཕན་གྱིན་འེ་ཡོད་འདོད།
ད་དུང་ལེགས་སོ་ཟེར་དུས་རྟིང་བསྐུལ་ལམ་བསྔགས་པ་བརྗོད་པའི་རྣམ་པའང་མངོན་པས་ན། བཅོམ་ལྡན་འདས་ཀྱིས་་་་ལེགས་སོ་ལེགས་སོ་རིགས་ཀྱི་བུ་གསུངས་པ་མ་གཏོགས། ཀུན་དགའ་བོས་བཅོམ་ལྡན་འདས་ལ་ལེགས་སོ་ཞུས་ཡོད་མདོག་མེད། དགེ་རྒན་གྱིས་སློབ་མའི་སྦྱང་འབྲས་ལ་ལེགས་སྤྲོད་པ་དང་། སློབ་མས་དགེ་རྒན་གྱི་གསུང་ལ་ལགས་སོ་ཞུ་བ་རེད། དེ་ལྟའི་གོ་རིམ་སྩ་མོ་ཞིག་ལ་མགོ་འཁོར་དགོས་དོན་ག་རེ་འདུག དེ་ལྟའི་སྤྱིར་བཏང་གི་ཚིག་ཅིག་ལ་བཀའ་བསྟན་གྱི་རྒྱབ་བརྟེན་འཚོལ་དགོས་དོན་ག་རེ་འདུག
ལ་དྭགས་འཇམ་དཔལ་གྱིས་ཆན་འདོགས་སྐབས་བཀྲ་ཤིས་རྒྱལ་ལགས་ཅེས་གུས་ཞབས་ཀྱིས་འབོད་པའི་ཚབ་ལ་བཀྲ་ཤིས་རྒྱལ་ལེགས་ཅེས་དོ་སྣང་མེད་བར་ཡིག་ནོར་ཤོར་བ་རེད། བཀྲ་ཤིས་རྒྱལ་ལེགས་ཅེས་ན་བཀྲ་ཤིས་རྒྱལ་ཡག་པོ་འདུག་ཟེར་བ་ཙམ་རེད། ཡག་པོ་ཡོད་མེད་ལ་དྲི་བ་ཡོད་མ་རེད། ཡག་པོ་ཡོད་ན་འོག་ཏུ་སྐྱོན་བརྗོད་དགོས་དོན་ཅི་ཡོད་དམ། མེད་དེ་ཡག་པོ་ཡིན་པའི་ཕྱིར། ཡག་པོ་དང་སྐྱོན་གཉིས་འགལ་བའི་ཕྱིར། ཡིན་ན་ཡང་ལ་དྭགས་པ་ནས་བཀྲ་ཤིས་རྒྱལ་ཡག་པོ་འདུག་ལབ་པ་ཡིན་ནམ། བཀྲ་ཤིས་རྒྱལ་ལགས་ཅེས་བོས་པ་ཡིན་ཆ་མ་འཚལ་ཡང་། ངས་བལྟས་ན་ཁོས་བཀྲ་ཤིས་རྒྱལ་ལགས་ཅེས་བོས་ནས་ཁྱོད་པ་སྐྱོན་འདི་འདྲ་ཞིག་འདུག་ཅེས་ལབ་རྩིས་ཡོད་པ་འདྲ། ཐབས་སྐྱོ་བ་ཞིག་ལ་ལ་དྭགས་པའི་ཆན་ནི་ཡིག་ནོར་གྱི་ཕུང་བོ་ཞིག་དུ་གྱུར། དེས་རྐྱེན་གྱིས་ཁོས་ཅི་བཤད་དྲ་གྲོགས་ཚོས་གོ་གི་མེད། ངས་ཀྱང་ཁོས་ཡག་ནོར་ལ་ངོས་ལེན་གྱིས་ནོར་བཅོས་བརྒྱག་རོགས་བགྱིས་ལབ་པ་ཡིན། ཡིན་ན་ཡང་ཁོས་དེ་ལས་ལྡོག་ཏེ་ཁེངས་རློམ་དང་བཅས་ཞི་ལའི་སྐྱག་པ་ས་འོག་ལ་སྦས་ཐབས་བྱེད་ཀྱིན་འདུག ད་ང་ཚོས་ཁོ་ཁས་ལེན་མི་བྱེད་ཐབས་མེད་རེད། ཁོ་ལ་སུས་ཡ་བྱེད་ཕོད་དམ།
ངའི་ནོར་བ་དག་བསྟན་ན། ཁོ་བོར་མ་ཟད། ཀློག་པ་པོ་གཞན་ལ་ཡང་ཕན། དེ་མིན་འཆལ་གཏམ་སྨྲ་བ་མི་དགེ་བ་ཡིན་པ་ལན་དུ་མར་བསྒྲགས།
་
ཆན་ཞེས་པ་དེ་དག་པ་ཡིན་ནམ།
་
གཞན་ལ་ལྟ་བའི་མིག་ཡོད་ཀྱང་།
རང་ལ་བལྟ་ན་མེ་ལོང་དགོས།
་
ཞེས་པ་དེ་ས་པཎ་རང་གཞན་ཚང་མའི་ཆེད་དུ་གསུངས་སོ།།
སྐབས་སྟོབས་ཀྱིས་མིང་སྒྲ་གཅིག་པུ་ཡང་། དོན་མང་ལ་འཇུག་པ་དེ། བོད་སྤྱིའི་སྐད་ཀྱི་གཞུངས་ལུགས་ན་བཤད་པ་ལ་ཡང་སྦྱང་དགོས་སོ།
ཧོར་གཙང་འཇིགས་མེད་ལགས་ཀྱིས་བརྩེ་བའི་བོད་རིགས་སྤུན་གྲོགས་རྣམས་ལ་གྲོས་སུ་འདེབས་པའི་གནད་དོན་གལ་ཆེན་ཞིག་ལ་དྭགས་པའི་ཨ་ཁུ་ཞིག་གིས་བརྗོད་བྱ་དང་འབྲེལ་བ་མེད་པའི་གནས་སུ་སོང་ནས་བོད་རིགས་སྤུན་ཟླའི་རྣམས་ལ་བསླུ་ཁྲིད་བྱེད་ཀྱིན་འདུག་པ་ནི་བཟང་སྤྱོད་དང་ཡོངས་སུ་འགལ་བར་འདོད། ལ་དྭགས་ལ་ཁྱེད་རང་ལ་སྐད་ཡིག་གི་སྐོར་ལ་དྭོགས་སློང་ཅི་ཞིག་ཡོད་ནའང་ཐད་ཀར་ཁ་བརྡའི་རྩོམ་སྒྲིག་པར་གཏོང་ན་གླེང་སྟེགས་ཤིག་འཐོབ་ངེས། སྐབས་འཚོལ་བའི་བྱེད་སྟངས་དེ་ནི་ཡག་པོ་ཞིག་མིན་པས་ཐུགས་སྣང་མཛོད།
ད་དུང་ལེགས་སོ་ཟེར་དུས་རྟིང་བསྐུལ་ལམ་བསྔགས་པ་བརྗོད་པའི་རྣམ་པའང་མངོན་པས་ན། བཅོམ་ལྡན་འདས་ཀྱིས་་་་ལེགས་སོ་ལེགས་སོ་རིགས་ཀྱི་བུ་གསུངས་པ་མ་གཏོགས། ཀུན་དགའ་བོས་བཅོམ་ལྡན་འདས་ལ་ལེགས་སོ་ཞུས་ཡོད་མདོག་མེད། ཅེས་པ་འདི་ཡང་བཀའ་འགྱུར་མ་བཀླགས་པའི་སྐྱོན་དུ་སྣང་།
་
མདོ་ལས། བཅོམ་ལྡན་འདས་ལེགས་སོ། །བདེ་བར་གཞེགས་པ་ལེགས་སོ་ཞེས་བྱ་བའི་ཞེས་བྱ་བ་ལེགས་སོའི་ཚིག་གིས་མཉེས་པར་བྱས། ཞེས་གསལ་བ། རི་བོ་ཧི་མཱ་ལ་ཡའི་ཁུ་ནུ་ཞེས་པའི་ཡུལ་དུ་སྐྱེས་པ། ཛི་ཏ་སེ་ན་ནེ་གཱི་སྟེ། སྐུ་གཤེགས། དཔའ་བོ་རྒྱལ་བའི་སྡེ་ནེ་གཱིས་ཉིན་མཚན་དུ་འབད་པའི་བརྩོན་པ་ཆེན་པོས་བསྒྲུབས་པའི་བོད་དང་ལེགས་སྦྱར་སྐད་ཀྱི་ཚིག་མཛོད་ཆེན་མོ་ན་ཡོད། དེ་ཡང་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བའི་རྒྱུད་ནས་དྲངས་སོ།།
གཡུ་ཐོག་བུ་ལེགས། དགོངས་དག འཕྲོས་པ་ཐུག་པ། སློང་གཏམ། ཞེས་པའི་དཔེ་ལྟར་མང་པོ་ཞིག་འབྲི་བར་ཐལ་སོང་། འོན་ཀྱང་། དང་པོ་གླེང་མཁན་ནི་བདག་མ་ལགས་སོ།།
ལ་དགས་པོ་རྒན་ཧོན་ལོག་ཡོད་ས་རེད་ཤག ད་གང་བྱུང་མང་བྱུང་ལབ་འདུག་གཱ