གླིང་ཚ་ཚེ་བརྟན་རྡོ་རྗེ།
སྤྱི་ཟླ་དྲུག་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོ་ལ་ང་རང་བསྡོད་སའི་བཀག་བསྐྱིལ་ཁང་འདི་ལ་རང་ཡུལ་ཁ་བ་ཅན་ལ་ཕྱིར་ལོག་བྱེད་མཁན་གྱི་བོད་མི་སྐྱེ་ཕོ་མོ་དགུ་བལ་བོད་མཐའ་མཚམས་འགྲམ་དུ་འབོད་པའི་ས་ཁུལ་དེ་ནས་རྒྱ་ནག་གིས་མཚན་དཀྱིལ་དུ་དམག་གིས་འཇུ་བཟུང་ཐེབས་རྗེས། བཅར་བརྡུང་ཚད་མེད་བཏང་བ་དང་ཁོང་ཚོས་ལག་ནང་གི་མི་མང་བསྡོད་མིང་ལག་ཁྱེར་ཚང་མ་བཙན་གྱིས་འཕྲོག་འདུག དེ་ཡི་རྗེས་སུ་བསྟུད་མར་ཉིན་དྲུག་ལ་འདྲི་བརྩད་སྣ་ཚོགས་ཤིག་བྱས་མཐར་ལག་ནས་ཅ་དངོས་གཞན་དག་གང་ཡང་མ་འཕྲོག་པར་ཕྱིར་བལ་བོད་མཐའ་མཚམས་ཀྱི་བལ་དམག་གི་ལག་པར་རྩིས་སྤྲོད་བྱས་འདུག
བལ་དམག་གིས་ཁོང་ཚོ་ཁྲིད་ནས་འོང་དེ་བལ་ཡུལ་ལག་ཁྱེར་ཞིབ་གཤེར་ཁང་གི་བཀག་བསྐྱེལ་ཁང་འདི་ལ་སྤྲད་འདུག ཁོང་ཚོ་སླེབས་ནས་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་ཁོང་ཚོ་ལ་ཁ་ལག་དང་ཟ་མའི་རོགས་སྐྱོར་བྱེད་མཁན་གྱི་མི་རེ་ཟུང་ཞིག་ཀྱང་འབྱོར་སོང་། དེ་ནས་ངས་བལ་ཡུལ་སྣེ་ལེན་ཁང་དང་འགྲོ་བ་མིའི་ཐོབ་ཐང་བཅས་ལ་བརྡ་ཞིག་རྒྱགས་རོགས་ཞེས་གྲོགས་པོ་ཞིག་ལ་ཁ་པར་རྒྱུད་དེ་ཞུས་པ་ཡིན།
བལ་ཡུལ་སྣེ་ལེན་ཁང་གིས་མི་སླེབས་མོད། ཁོང་ཚོས་བོད་ནས་གསར་དུ་སླེབས་མཁན་དག་ལ་མ་གཏོགས་གཏན་ནས་བདག་པོ་རྒྱགས་ཀྱི་མེད་རབས་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་བྱེད་ཡིན་ནམ། བོད་མི་གཞན་ཞིག་གིས་ཁོང་ཚོ་རང་རང་གི་དངུལ་ཆད་ཐབས་ཤེས་བྱེད་མ་ཐུབ་པ་ཡིན་ཚེ། ཁོང་ཚོ་ལ་ཐབས་ཤེས་གཞན་མེད་པར་ཁྱོད་ཚོ་སང་ཉིན་ནས་བཙོན་ཁང་དུ་འཇུག་སྲིད་ལ། བཙོན་ཁང་དུ་བཅུགས་པ་ཡིན་ན། ཁོང་ཚོས་ཁྱོད་ཚོ་ལ་མནར་གཅོད་གཏོང་བ་དང་བརྙས་བཅོས་བྱེད་ངེས་ཡིན་ལ། དེ་དུས་ཁྱོད་ཅག་གིས་སྡུག་པོ་ཚད་མེད་མྱོང་གི་རེད་ཟེར་གྱི་འདུག རྒྱ་གར་ལ་ཡར་རྩིས་སྤྲོད་བྱེད་སྲིད་པ་རེད་ཅེས་ཡང་དང་བསྐྱར་དུ་བཤད་པ་མ་ཟད། སྒོར་མོ་ཕ་ཡུལ་གཅིག་པ་དང་ཡང་ན་ངོ་ཤེས་སོགས་གང་ལ་རོགས་སྐུལ་བྱེད་ཐུབ་པ་ཡིན་ན་ཁྱོད་ཚོ་སང་ཉིན་འདི་ནས་ཕྱིར་འབུད་ཐུབ་ངེས་ཡིན་ཞེས་བཤད་འདུག སྐབས་དེར་ཁོང་ཚོ་མི་རེ་ལ་བལ་སྒོར་དགུ་སྟོང་རེ་སྤྲད་ན་གཏོང་ཚུལ་བཤད་ཀྱང་། ཕྱིར་ཉིན་སྐད་ཆ་དེ་འགྱུར་ནས་མི་རེ་ལ་བལ་སྒོར་ཁྲི་གཅིག་རེ་བཤད་འདུག དེ་ནས་ཡང་སྐད་ཆ་འགྱུར་ནས་བོད་མི་ཞིག་ཁོང་ཚོ་སར་ཡོང་ནས་ཁྱོད་ཚོས་བལ་སྒོར་འབུམ་གཅིག་སྤྲད་མ་ཐུབ་ཚེ། ཁོ་རང་གིས་འདི་ནས་རོགས་པ་བྱེད་ཐུབ་ཀྱི་མེད་པ་དང་། རོགས་པ་བྱེད་དགོས་པ་ཚང་མ་ཁོ་རང་གིས་འབད་བརྩོན་བྱས་ཡོད་ཚུལ་དང་ཁྱོད་ཚོས་སྒོར་མོ་མ་སྤྲད་ན་ང་རང་འདི་ཚོས་ཁྲིམས་ཁང་དུ་འཇུག་སྲིད་པ་སོགས་ང་རང་གི་རྣ་བའི་གོ་ས་ནས་བཤད་སོང་།
བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གི་མི་གཉིས་ཐད་ཀར་ང་ཚོ་བསྡོད་སའི་ནང་ལོག་དུ་བལ་དམག་གིས་ཁྲིད་དེ་ཁོང་ཚོའི་འགྲམ་བར་དུ་ཡོང་ནས། ཁོང་ཚོ་ལ་ཁྱོད་ཚོ་ཀྲུང་གོ་ནས་ཡིན་ནམ་ཟེར་ནས་དྲིས་སོང་། དེ་དུས་མི་གཅིག་གིས་ང་ཚོ་བོད་ནས་ཡིན་ཟེར། བོད་གང་ནས་ཡིན། སི་ཁྲོན་ནས་ཡིན་ནམ་ཟེར། དེ་དུས་ཁོས་ང་ཚོ་ལྷ་སའི་ཁུལ་ནས་ཡིན་ཟེར་ནས་བཤད་དུས། ཁྱོད་ཚོ་ལ་རྒྱ་ནག་གི་ལག་ཁྱེར་ཡོད་དམ་ཟེར། ཁོང་ཚོའི་ལག་པར་ལག་ཁྱེར་གང་ཡང་མེད་ཅེས་བཤད་དུས་སུ། རྒྱ་ནག་གཞུང་ཚབ་ཁང་གི་མི་དེས་ང་རང་ལ་བལྟ་བཞིན་ཁོ་རང་རྡ་རམ་ས་ལ་ནས་ཡོང་བ་རེད་དམ་ཟེར་ནས་དྲིས་སོང་། དེ་དུས་ཁོང་ཚོས་གཅིག་གིས་ཀྱང་ལན་སྤྲད་མ་སོང་། དེ་དུས་རྒྱ་ནག་གཞུང་ཚབ་ཁང་གིས་མི་དེས་ང་རང་ལ་ཞིབ་དུ་བལྟ་ཞོར་འགྲོ་བ་ལས་ང་ལ་སྐད་ཆ་གང་ཡང་དྲིས་མ་སོང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཞིག་ཡོང་ནས་ཁོང་ཚོ་ལ་ཆུ་ཚོད་ཕྱེད་ཀ་ཙམ་གྱི་རིང་དུ་སྒོའི་ལྕགས་དྲའི་གསེང་ནས་སྐད་ཆ་དྲིས་སོང་། མཐའ་མཚམས་ནས་བཟུང་བ་ནས་བལ་ཡུལ་བཀག་བསྐྱིལ་ཁང་ལ་སླེབས་རེག་བར་གྱི་གནས་ཚུལ་ཚང་མ་དྲིས་པ་དང་ཁོ་རང་གིས་ཉིན་མ་གཅིག་གཉིས་འདི་ནས་མུ་མཐུད་དུ་བཀག་གཉེར་བྱས་པ་ཡིན་ན། ཁོ་རང་ཕྱིར་ཁོང་ཚོ་ལ་བལྟ་རུ་ཡོང་ཆོག་ལ། ཁོང་ཚོས་བདེ་སྡུག་གང་སར་ཁྱབ་བསྒྲགས་བྱེད་ཆོག་ཟེར་ནས་བུད་སོང་།
རྗེས་སུ་བོད་མི་དེ་དག་ལ་ཡུལ་མི་གཅིག་པ་དང་ངོ་ཤེས་ཡག་པོ་དེ་འདྲ་གང་ཡང་མེད་སྟབས། སྒོར་མོ་དེ་འདྲའི་མང་བོ་ཞིག་གང་ནས་ཐབས་ཤེས་ཀྱང་གློ་བར་དུ་མི་རེག་པ་ཡིན་དུས། ཁོང་ཚོས་ཚང་མས་སེམས་ཐག་གཙང་བཅད་ཀྱིས་བོད་གཞུང་གིས་ང་ཚོ་ལ་རོགས་རམ་ཞིག་ཏན་ཏན་ཡོང་ངེས་རེད་ཅེས་ཡིད་ཆེས་བྱོས་དེ། ད་ནི་གང་དུ་ཁྲིད་ཀྱང་ཁྲིད་དུ་བཅུགས་ང་ཚོའི་རྒྱབ་དུ་བོད་གཞུང་ཡོད་པ་རེད་ལ། བོད་གཞུང་གིས་རབ་བྱུང་ན་ང་ཚོ་ཡར་རྒྱ་གར་དུ་སོང་ནས་སློབ་སྤྱོང་གི་གོ་སྐབས་ཤིག་སྤྲོད་ཐུབ་པ་བྱུང་སྲིད་ལ། ཕྱིས་སུ་རང་ཡུལ་དུ་མ་ལོག་བར་དུ་བལྟ་སྐྱོང་བྱེད་རྒྱུར་ཡིད་ཆེས་བྱེད་ཆོག་པ་ཡིན་དུས། ང་ཚོ་ལ་གནས་སྐབས་རིང་དཀའ་ངལ་གང་འཕྲད་ཀྱང་བློ་འགྱོད་མེད་ཅེས་མི་དེ་ལ་ཞུས་སོང་།
མི་དེས་ང་ཚོས་གོ་ས་ནས་བལ་ཡུལ་གྱི་སྐད་ཀྱི་སྟེང་ནས་བལ་ཡུལ་གྱི་འགོ་ཁྲིད་ཅིག་ལ་ཁ་པར་ཁྲོད་ནས་ཡར་མི་ཟེར་མར་མི་ཟེར་བར། ཁོང་ཚོ་ཡར་རྒྱ་གར་དུ་འགྲོ་ཡི་མིན་ཟེར་གྱི་འདུག་ཟེར་ནས་ཤོད་པ་ལས་ཁོང་ཚོས་དཀའ་ངལ་ངོས་དང་ཁོང་ཚོ་ལ་ཡོང་སའི་དངུལ་མེད་པ་དང་ཁོང་ཚོས་རེ་བ་རྒྱག་ས་ནི་བོད་གཞུང་དང་བལ་ཡུལ་སྣེ་ལེན་ཁང་སོགས་ཡིན་པའི་སྐོར་གཅིག་ཀྱང་བཤད་མ་སོང་།
མཚན་མོ་འགྲོ་ཁར་ཁོང་ཚོས་ཚང་མས་སེམས་པ་སྐྱོ་ཡི་འདུག་ལ། ང་དང་རོགས་པ་གཉིས་ལ་ཉིན་མ་འདི་གཉིས་རིང་དུ་ཁ་པར་གཡར་བ་དང་ཟས་ཐུན་གཅིག་གཉིས་རེ་ཡི་རོགས་པ་བྱས་པ་སོགས་ལ་སྙིང་ཐག་པ་བཀའ་དྲིན་ཆེ་ཟེར་གྱི་འདུག ངས་ཁོང་ཚོ་ལ་ཁྱོད་ཚོས་སེམས་ཁྲལ་མ་བྱེད་པར་རྒྱ་གར་དུ་སོང་དང་། ཁོང་ཚོས་དངོས་ནས་དྲང་གནས་ཀྱི་རྒྱ་གར་དུ་བསྐྱལ་བ་ཡིན་ན། རྒྱ་གར་ནི་བལ་ཡུལ་ལས་བོད་མིའི་སྒང་ལ་བཟང་བ་དང་བོད་གཞུང་དང་འབྲེལ་བ་ཡང་ཡག་པོ་ཡོད་དུས། ཁྱོད་ཚོ་ལ་དཀའ་ངལ་གཏན་ནས་འཕྲད་དུ་འཇུག་མི་སྲིད། དོ་ནུབ་བོད་པ་དེས་བཤད་པ་བདེན་པ་ཡིན་ན་ཁྱོད་རང་ཚོ་ས་མཚམས་ནས་གཏོང་གི་རེད་ལ། ཁྱོད་ཚོ་ཕྱིར་བལ་ཡུལ་ནང་དུ་ལོག་ཡོང་ཐུབ་ཀྱི་རེད་ཟེར་གྱི་ཡོད་པ་བདེན་པར་གྱུར་ཚེ། སང་ཞོགས་ཁྱོད་ཚོ་གང་དུ་སླེབས་ས་དེ་ནས་ཕྱིར་ང་རང་ལ་ཡིན་གཅིག་མིན་གཅིག་ཁ་པར་གྱི་ལམ་ནས་བརྡ་ཞིག་རྒྱོབས་དང་། ངས་ཁྱོད་ཅག་གིས་སྐོར་བོད་མི་ཕྱི་བསྡོད་པ་ཡོངས་ལ་རོགས་པ་བྱེད་རོགས་གནོང་ཟེར་ནས་འབོད་སྐུལ་ཞུ་ཆོག་ཞེས་བཤད་པ་ཡིན། ཁོང་ཚོས་ནང་གི་གཅིག་གིས་འགྲོ་ཞོར་དུ་ངས་ཁ་པར་ཁྲོད་ནས་རང་གི་ཕ་ཡུལ་ཁ་པར་གཏོང་འཕྲོ་བྱེད་ཞོར་དུ་ང་ལ་བཤད་རྒྱུ། ཨང་གྲངས་དེ་ཡིས་སྟེང་ནས་ངའི་ནང་མི་ལ་ང་རང་རྒྱ་གར་དུ་འགྲོ་སོང་། རྒྱ་གར་བདེ་བོའི་ངང་འབྱོར་རྗེས་ཁྱེད་ཅག་ལ་ཁ་པར་གཏོང་གི་ཡིན་ཟེར་ནས་བཤད་ཀྱི་འདུག་ཟེར་ནས་ཞུ་རོགས་ཟེར།
གནས་ཚུལ་འཁོ་འདོན་པ་གནས་ཚུལ་དངོས་སུ་རིག་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་ཁོང་ཚོའི་ཚབ་དུ་བྲིས་པ་ཡིན།
དཀྲུག་ཤིང་མིན་པར་ཤོག
རྒྱལ་གཅེས་པ་ཚེ་བརྟན་རྡོ་རྗེ་ལགས་གནས་ཚུལ་དེ་ཡི་རྐྱེན་པས་ཁྱོད་བདེ་པོ་ཡིན་པ་ཤེས་སོང་བས་བློ་བདེ།
ཡིན་ནའང་གོང་འཁོད་ཀྱིས་གནས་ཚུལ་དེའི་ནང་ཅུང་བློ་མི་བདེ་བའི་གནས་སྟངས་ཡོང་གི་འདུག་ལ། རྒྱ་མིའི་གཞུང་ཚབ་ནས་མི་ཡོང་བ་དང་། མི་དགུར་སྐད་ཆ་འདྲི་བ། ཁྱེད་ངོ་མི་ཤེས་པ། ཡོང་དོན་ཅི་ཡིན། དེ་ཚོར་འདྲི་བ་འདུག གང་ལག་ཞུ་ན། མི་དགུ་ནི་བོད་ནང་རྒྱ་མིའི་མཐའ་སྲུང་དམག་མིས་ཉིན་ཤས་ཉར་རྗེས་ཕྱིར་བལ་པོར་རྩིས་སྤྲོད་བྱས་པ། ཁྱོད་ནི་འདས་པའི་ཟླ་གསུམ་ལྷག་ཐབ་རྩོད་གནང་བ་སོགས་རྒྱ་མིའི་གཞུང་ཚབ་མི་ཡིས་མི་ཤེས་པ་ག་ནས་ཡིན།་་་་་་་ གང་ལྟར་གནས་ཚུལ་འདི་ནི་དོགས་ཟོན་བྱ་དགོས་པ་མཐོང་།
བོད་ལ་གཉན་འཕྲང་གི་དུས་སྐབས་འདིར་ཐུག་དུས་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ཡོད་པ་དངོས་གནས་་་་་་་
གནས་ཚུལ་འདི་བལྟས་ཀྱིན་བལྟས་ཀྱིན་གཏམ་བརྗོད་ཟློས་གར་ཞིག་ཆེད་སྒྲིག་བྱས་པ་འདྲ་བོ་མི་འདུག་གམ། དངོས་གནས་གནས་ཚུལ་འདིར་དོགས་ཟོན་ནན་མོ་བྱེད་དགོས་པར་མཐོང་། འདི་རྒྱ་རྒན་ཚང་གི་ཆོ་འཕྲུལ་ཞིག་མིན་པའི་ངེས་པ་མི་འདུག སྤྱི་སྒེར་ཆང་མས་གཟབ་རོགས།
གླིང་ཚ་ལགས།ཁོང་ཚོར་སྔོན་བལ་ཡུལ་དུ་བར་དུ་སླེབས་ནས་ཕར་རྒྱ་གར་ལ་འགྲོ་མེད་པ་འདྲ།བལ་ཡུལ་དུ་ག་རེ་བྱས་ཀྱི་ཡོང་ནས་ཕྱིར་ཕ་ཡུལ་དུ་འགྲོ་རུ་མ་བཅུགས་པ་ཡིན་ནམ།འདི་ནི་ཉིད་ཀྱིས་བོད་མི་རིགས་ཀྱི་ཞེན་ཁོག་གིས་ཐུགས་ཁུར་གནང་འདུག་མོད།ཡ་མཚར་བ་ཞིག་ལ་དེ་རིང་བར་དུ་ཚུར་བལ་ཡུལ་དུ་ཡོང་བར་བཀག་འགོག་བྱེད་པ་ལས།ཕར་བོད་ལ་འགྲོ་མཁན་ཚོར་འགྲམ་ནས་འཛིན་བཟུང་བྱས་ཏེ།བཙོན་ཁང་ནས་བཙོན་བརྒྱུད་རྩིས་སྤྲོད་བྱེད་ཀྱི་ཡོད་པ་ང་ཚོས་མཐོང་གསལ་ཡིན།ཁོང་ཚོ་ཕར་མ་བཏང་བར་ས་མཚམས་ནས་ཚུར་རྒྱ་གར་གཏོང་དོན་ཡ་མཚར་ཞིག་རེད།མ་ཟད་རྒྱ་ནག་གཞུང་ཚབ་ཀྱིས་ལེན་མི་ཐུབ་པ་འདི་ཤེས་ཤིན་ཏུ་ཡ་མཚར་རེད།གང་ལྟར་ཁྱོད་རང་ཉིད་ཀྱིས་གང་གཟབ་བྱེད་རོགས་ཞུ།
གླིང་ཚས་བཤད་སྟངས་ལ་གཞིག་དུས་ཁོང་ཚོ་དང་བལ་གཞུང་བར་ལ་སྐད་ཆ་བཤད་མཁན་བོད་པ་དེ་ཡག་པོ་མེད་པར་བསྒྲུབ་འདུག
དེ་ཡིད་ཆེས་པོ་རང་བྱུང་མ་སོང་།
The article about birthday of president of Tibetan youth congress Cheden Adetsang
http://www.cdjweb.org/cdj72/
The ariticle is on page 4, May.20.2012, 72 edition.
It’s in Chinese n English.
དྲ་གྲོགས་རྣམས་ལ་ཞུ་རྒྱུར་གོང་གི་ཁ་བྱང་དེའི་ཐོགས་གཟིགས་དང། ཨ་རིར་གནས་བསྡོད་གཞོནུ་ཚོགས་པའི་ཚོགས་གཙོ་སྐུ་ངོ་ཚེ་བསྟན་ལྷ་རྒྱལ་ལགས་ཀྱི་ཉེ་འཆར་སྐུ་ཉིད་ཀྱི་འཁྲུངས་སྐར་གྱི་མཛད་སྒོ་ཞིས་ཚུགས་འདུགས་པས་། ད་ལྟའི་དུས་གཞོན་ནུའི་ཚོགས་གཙོ་ཞིག་གི་ངོས་ནས་དེ་འདྲའི་མཛད་སྒོ་སྤེལ་ན་མཚམས་པོ་འདུག་གམ་དྲ་གྲོགས་རྣམས་ཀྱི་གཟིགས་དང།
ཐུགས་རྗེ་ཆེ་རྒྱལ་གཅེས་ཞི་རྒོལ་བ་ཚེ་རྡོ་ལགས། ཁྱེད་རང་སྐུ་གཟུགས་བདེ་ཐང་ཡོད་པ་གོ་བས་དགའ་སྤྲོ་ཆེ། ཁྱེད་གྱི་གཅུང་མོ་ཡང་སློབ་གྲྭར་ཚུད་ཡོད་པ་ཧ་གོ་ངེས་ཡིན་ཡང་སེམས་པས་ཁྱད། གཅུང་མོ་སློབ་གྲྭར་ཚུད་འདུག་ཟེར་ནས་བཤད་འདོད་བྱུང། གཞན་བོད་པ་ཡིན་པ་གང་ཞིག་ད་ལྟའི་གནས་སྟངས་འདིའི་འོག་ཏུ་ལག་ཁྱེར་མེད་པ་ཀྲུང་གོའི་གཞུང་ཚབ་ནས་ག་ཡིན་འདི་ཡིན་མེད་པར་མི་གཉིས་ཁྲིད་ནས་བརྩིས་སྤྲོད་ཁུལ་དང་ལེན་ཁུལ་བྱས་པ་འདི་གོ་སྒྲིག་འོག་གི་འཇབ་མདའ་ཞིག་ཡིན་པ་ཐེ་ཚོམ་ཆེ་བས། སྐུ་ཉིད་ཡང་གཟབ་གཟབ་གནང་རོགས་ཞུ་རྒྱུ་དང། སྤྱི་གཏང་བོད་པ་ཡོངས་ལ་གནས་ཚུལ་འདི་རིགས་འཕྲད་དང་འཕྲད་མོས་ཡིན་དུས། ག་དུས་ཡིན་ཡང་གྲ་སྒྲིག་ཡག་པོ་ཡོད་པ་བྱེད་རྒྱུ་གལ་ཆེན་པོ་མཐོང་སོང། འདི་ངའི་བསམ་ཚུལ་ཡིན། རྒྱ་མི་གཡོ་རྒྱུ་ཆེ་དང་གཅིག། བོད་པ་བསོད་ཟད་ཁ་ཤས་རྒྱུ་རྔོམ་ཆེ་དང་གཉིས། ཆོལ་གསུམ་བོད་མི་རྡོག་རྩ་གཅིག་སྒྲིལ་མེད་པ་དང་གསུམ་གིས་གནས་ཚུལ་ཐབས་སྡུག་དེ་འདྲ་ཡོང་མི་སྲིད་པ་མ་རེད། སོ་སོར་ནས་འགོ་གཙུག་སྟེ་སྤྱང་གྲུང་ལྡན་པ་བྱེད་རྒྱུ་ནི་འཕྲལ་ཕུག་གཉིས་ལ་ཕན་པའི་རྒྱུ་རེད་བསམ་སོང།
སྐུ་མཁྱེན་མཆན་༧པ་དགྲ་འདུལ་གཉེན་སྐྱོང་ལགས། ཆོ་མེད་པའི་དཀྲུགས་གཏམ་དང་བོད་པ་ནང་ཁུལ་དུ་གཅིག་དགའ་གཅིག་གནོད་གི་བསམ་ཚུལ་གང་བྱུང་མ་གཏོང་རོགས། དངོས་གནས་ཁྱེད་རང་མི་ཐབས་ཆག་རེད། མི་སྒེར་ཞིག་གི་འཁྲུངས་སྐར་གཏོང་དུས་ཚོགས་པའི་མིང་ཁུར་དགོས་པའི་རྒྱུ་མཚན་མི་འདུག། མི་སྒེར་པ་དེས་འཁྲུངས་སྐར་གཏོང་བ་ལས་གཞོན་ནུའི་ཚོགས་པས་འཁྲུངས་སྐར་གཏོང་ཡོད་མ་རེད། གཞོན་ནུ་ལ་དེ་འདྲ་གནོད་དགོས་པའི་རྒྱུ་མཚན་ག་རེ་རེད། ཡག་ན་འདྲ་སྡུག་ན་འདྲ་བོད་སྤྱི་བའི་ཁེ་ཕན་གི་ཆེད་དུ་གཙུག་པའི་ཚོགས་པ་ཞིག་ཡིན་པ་ལས། སོ་སོའི་ཡོང་འབབ་གི་ཆེད་དུ་གཙུག་པ་ཞིག་མ་རེད། གཞོན་ནུ་ལ་སྐྱོན་འདོག་ས་མ་རྙེད་ནས་ཆོ་མེད་པ་དེ་འདྲ་ཟེར་གི་འདུག། མ་འཚམ་པ་དང་མ་འགྲིགས་པ་ག་རེ་ཡོད་རེད། བོད་པས་འཐབ་རྩོད་བྱེད་དུས་དར་དམར་ཕྱར་ནས་འགྲོ་མཁན་འདུག་བ། དེ་ཚོར་ག་རེ་ལབ་རྩིས་ཡོད། ངས་བྱས་ན་མི་སྒེར་བ་ཞིག་གི་སོ་སོའི་བསམ་བློ་གཏོང་ནས་རང་ནུས་གང་ལྕོག་གི་བོད་ལ་ཕན་པའི་རེ་བས་ཕྱག་ལས་གནང་བ་དེར་བཀག་འགོག་བྱེད་མི་རིགས་པ་ཞིག་མཐོང་སོང། འདི་ད་ལྟའི་སྐད་ཆ་དང་འབྲེལ་བ་མེད་ཀྱང་སྤྱི་གཏོང་བཤད་པ་ཡིན། ལས་འགུལ་གང་འདྲ་ཞིག་སྤེལ་ཡང་བོད་ཀྱི་རྩ་དོན་ལ་ཕན་ན་དེས་ཆོག། ཚོགས་པ་འདི་ཡག་ཚོགས་པ་འདི་སྡུག་ཟེར་ནས་ཟེར་ཐག་སུས་ཆོད་གི་རེད། ཟུར་ཟ་དང་སྨྲ་འབེབས་བྱེད་མཁན་འདི་ཚོ་ཚང་མ་རྒྱུག་ཁྱི་ཡིན་པའི་དོག་ཡོད།
དཀོན་མཆོག་མཁྱེན། ཆོལ་གསུམ་གྱི་སྤུན་ཟླ་རྣམ་པ། ངེད་ཅག་ད་འདི་ལྟར་སྡོད་རན་མ་རེད། ཚང་མ་ལྡོག་རྩ་གཅིག་བསྒྲིལ་གྱི་ངང་ནུས་ཤུགས་བཏོན་རན་རེད། འབྱོར་ཕྱུགས་ཅན་གྱིས་ནུས་རྩལ་དང་། ཤེས་རྒྱ་ཅན་གྱི་མཁྱེན་དཔྱོད། ད་དུང་རྒྱུ་ཡོད་ཅན་གྱི་ཡབ་མོས་རྣམས་པའི་ལམ་སྟོན། འདི་དག་ནི་ང་ཚོར་ཆེས་དགོས་གལ་ཆེ་བ་ཡིན་པའི་ནུས་ཤུགས་ཤིག་སྩོལ་རན་རེད། སྙིང་ཉེ་ཚོ།། །།
ཙན་དུག་བཟས་པའི་དྭངས་བླངས་པ་ཁོ་རེ། མིག་ཕྱིས་ཕྱིས་བྱས་ནས་ཡི་གེ་གེ་ཀློག་དགོས། གཞོན་ནུ་ཚོགས་པས་སྐྱེ་སྐར་བཏང་ཟེ་བྲིས་མི་འདུག ས་གནས་ཚོགས་གཙོས་བཏང་ཟེ་བྲིས་འདུག མ་ཙང་ཉ་དང་ཉུང་མ་མ་བསྲེས་ན་ལེགས། ད་ལྟ་བོད་ནང་མི་ཤི་ཁྱིམ་སྟོང་གི་སྡུག་བསྔལ་དང་དཀའ་ངལ་མི་བཟོད་པ་འདིའི་དུས་ལ་སྐྱེ་སྐར་གཏོང་རྒྱུ་དྲན་སྲིད་དམ༽ གྲོང་པའི་བ་ཕྱུགས་ཤི་ནའི་སྡུག་བསྔལ་ཉིན་གསུམ་བྱེད་་སྲོལ་ཡོད་པ་རེད། ཡང་ན་ནིའུ་ཡོག་གཞོན་ནུའི་ཚོགས་གཙོས་ཤེས་བཞིན་དུ་ཀྱག་ཀྱག་བྱེད་ཀྱི་ཡོད་པ་རེད་དམ༽ སྤྱིར་བཏང་སྒེར་གྱི་སྐྱེ་སྐར་ག་དུས་བཏང་ནའི་སོ་སོའི་རང་དབང་རེད། ད་ལྟ་བོད་ནང་གི་བོད་མི་ཁག་ཅིག་ལུས་སྲོག་བསྲེགས་ནས་བདུན་ཕྲག་མ་འཁོར་གོང་ནས་བོད་མི་མང་པོ་ཞིག་ཆེད་དུ་སྐོང་ནས་དགའ་དགའ་སྤྲོ་སྤྲོ་བྱེད་པ་ནི་ཚད་ལས་འགལ་བ་རེད་བསམ༽ ད་དུང་ཞི་མིའི་སྐྱག་པར་ཐལ་ལ་བསྐྱར་དུ་གཡོགས་མཁན་དྭངས་པས་ཀྱང་རྒྱབ་སྐྱོར་བྱེད་པ་ནི་བོད་མིའི་ཡ་རབས་བཟང་སྤྱོད་ལ་རྡོག་རྒྱག་ཞུ་གི་ཡོད་པ་རེད། མི་སྒེར་གྱི་དོན་ལ་ཁ་གཡར་ན་སྔ་ལོ་བཙན་བྱོལ་བོད་གཞུང་ནས་དམངས་ལ་ལོ་གསར་དགག་བྱ་བྱེད་དགོས་དོན་མེད། དེའི་རྒྱུ་མཚན་དྭངས་བླངས་པ་ཁྱོད་ནས་བསམ་བློ་བཏང་ན་ཤེས།
དྭངས་བླངས་ཁྱེད་ནས་དང་པོ་གསར་ཤོག་དེར་གཟིགས་ནས་དགོངས་པ་བཞེས་དང། གང་ཡིན་ཤེས་ཐུབས་།
གླིང་ཚའི་བུ་ལ་བཀག་སྐྱིལ་ཁང་ནང་དུ་ཁ་པར་དང་ཀློག་ཀླད་ཚང་མ་ཉར་རྒྱུ་རག་པ་དང་དེ་བཞིན་ཉིན་རེའི་གསར་འགྱུར་ཡང་བཀོད་ཐུབ་པ་དེ་འདྲའི་བཀག་སྐྱིལ་ཁང་དེ་གུ་ཡང་པོ་ཡོད་པ་འདུག། ལྷག་པར་དུ་ང་རང་ཡ་མཚར་བ་ཞིག་ལ་རྒྱ་ངན་གྱི་གཞུང་ཚབ་ཆེན་མོ་བས་བལ་ཡུལ་བཀག་སྐྱིལ་ཁང་ནང་དུ་ཡོང་བ་དང་ཁྱེད་རང་ལ་ཞིབ་བལྟ་ཞིབ་བྱས་པ་ལས་ངོ་ཡང་མི་ཤེས་པ་དེ་འདྲ་གང་ཞིག་ཡིན་ནམ། ངའི་བསམས་པར་རྒྱ་ངན་གྱི་གཞུང་ཚབ་ཆེན་མོ་བས་བལ་ཡུལ་གྱི་བཀག་སྐྱིལ་ཁང་ནང་དུ་འགྲོ་གི་རེད་བསམས་ཀྱི་མི་འདུག།
དྭངས་བླངས་ལགས་ད་ལྟའི་འཆར་ཆོལ་གསུམ་བོད་མི་རྡོག་རྩ་་གཅིག་སྒྲིལ་ཡིན་བཞིན་པ་རེད་། མི་རེ་གཉིས་ཀྱིས་རྡོག་རྩ་་མ་སྒྲིལ་བ་དེ་བོད་མི་ཚང་མར་ཟེར་རྒྱུ་ག་ལ་ཡོད་།
གླིང་ཚ་ལགས་གནས་ཚུལ་སྤེལ་བར་ཐུགས་རྗེ་ཆེ་ཞུ།
ཁོང་ཚོ་ལ་ལག་ཁྱེར་ཡོད་ན་ཅིའི་ཕྱིར་བོད་ཡུལ་དུ་ལོག་མི་བཅུག་པ་རེད། གོ་མ་སོང་།
བལ་དམག་ལ་དོང་ཙེ་འདྲ་སྤྲད་ཡ་བསམ་བློ་མ་འཁོར། བལ་བོ་ཚང་ལ་ཁྲིམས་ལ་དགའ་ནི་ལས་ཡོད། ཡང་མིན་ན་བཙན་བྱོལ་བའི་ཐོབ་ཐང་རེག་གི་རེད། དེ་མིན་ན་ཀྲུང་གོ་བའི་ཐོབ་ཐང་རེག་གི་རེད། བདག་པོ་བརྒྱབ་ནས་རྟོག་དཔྱད་བྱེད་པ་ལས་བདག་པོ་མ་བརྒྱབ་སྔོན་འདྲ་མིན་ལ་ཁ་མི་གཡར་བར་མཁྱེན།། ཤ་ཁྲག་གཅིག་པ་རེད།
ཚེ་རྡོར་ལགས
བདེ་བོ་ཡིན་ནམ། དུས་ཡིན་གང་མཚམས་ཞིག་ལ་དྲ་ཐོག་དུ་སླེབས་ཐུབ་མ་སོང་བའི་ཁྱོད་ཀྱིས་གནས་སྟངས་ག་འདྲ་ཡོད་མེད་ཀྱིས་གསར་འགྱུར་ལ་ཡང་བལྟ་ཐུབ་མ་སོང་། ཡིན་ཡང་དེ་རིང་ཁ་བརྡ་ཚང་ལ་རི་ཉུག་བྱེད་དུ་ཡོངས་དུས་ཁྱོད་རང་གིས་འདིར་གསར་འགྱུར་ཞིག་བྲིས་ཡོད་པ་མཐོང་སོང་།
དོན་དག་འདི་དངོས་གནས་ཡ་མཚན་པོ་ཞིག་འདུག། འདི་དངོས་གནས་འཁྲབ་ཀྱིན་པ་དང་འདྲ་ཡིན་ཡང་ཁྱོད་ཀྱིས་གཟབ་གཟབ་བྱས་རོགས།
ཁྱོད་ཀྱིས་བསྐུར་བའི་ཡིག་ལན་སླེབས་ཨེ་སོང་། ཁྱོད་ཀྱིས་ཕྲུ་གུ་གཉིས་གཙོ་བྱས་ནང་མི་ཚང་མ་བདེ་མོ་ཡོད་པར་སྨོན། ཨོ་ཁྱོད་ཀྱིས་ནུ་མོ་མཆོག་ཕྱིར་སློབ་གྲྭའི་ནང་དུ་བཅུག་ཡོད་པ་འདྲ་གཅིག་བྱས་ན་ཁྱོད་ཀྱིས་གོ་ཡོད་ཟེར་མ་ཟད་དེ་རིང་ཁྱོད་ཀྱི་ཨ་མ་སྡོམ་པོ་ཐར་གསུང་ཆོས་རྭ་བ་ན་མཐོང་སོང་ལ་ཁོ་མོའི་གཟུགས་པའི་གནས་སྟངས་ཡག་པོ་འདུག་དེར་བརྟེན་ཁྱོད་གྱིས་ཨ་མའི་ཕྱོགས་ལ་སེམས་ཁྲེལ་བྱེད་དགོས་ཀྱིན་མི་འདུག།
རྡ་ས་ནས།
རྡོག་རྩ་གཅིག་ཏུ་མ་སྒྲིལ་བའི་མི་གཅིག་ཡོད་ཀྱང་མང་སྐྱོན་མ་གཏོག་མེད་རེད། མི་གཅིག་དེས་ཀྱང་སྤྱི་ཚོགས་སུ་གཏོར་སྐྱོན་བྱེད་ཐུབ་པ་དེ་ནི་ཉེ་སྔོན་འབྱུང་ཟིན་པའི་ས་དྷམ་ལྟར་བུ་རེད་གྲོགས་པོ། དཔེར་ན་བལ་ཡུལ་ལྟར་བུ་ཡིན་ན་བློ་མཐུན་ཚོགས་པ་ཟེར་བ་ལྟར་བུ་མི་ཚང་འབྱོར་ལྡན་ཚོ་དང་དེས་རྗེས་འཇུག་ག་ཚོད་འདུག། གཞན་པ་དོལ་ཚོགས་ཡང་གང་འདྲའི་མང་པོ་འདུག། དེ་ཚོར་གཟབ་རོགས་གྱིས་ཟེར་གི་ཡོད། དེ་ཚོ་ནུ་དུས་ནམ་དུ་ཡང་ང་ཚོ་དང་མཉམ་དུ་མེད་པ་ཧ་གོ་མ་སོང་བས།
བཙན་དུག་བཟས་པའི་མུན་འཇོམ་ཁོ་རེ། ངས་ག་རེ་བྲིས་འདུག་ཡག་པོ་བལྟོས། ཧཧཧཧཧཧཧཧཧཧཡི་གེ་ཡག་པོ་མ་མཐོང་ན་མིག་ཤེལ་སྒྲིགས་ནས་བལྟས་ན་ཕར་ཆེར་མཐོང་མི་ཡོང་ངམ།
དྭངས་བླངས་པ་ལགས་། འཁྲུངས་སྐར་གཏོང་མཁན་གྱི་སྐུ་ངོ་དེས་ས་གནས་གཞོན་ནུའི་ཚོགས་གཙོའི་མིང་ཐོགས་ནས་འཁྲུངས་སྐར་གྱི་མཛད་སྒོ་རྒྱ་ཆེན་ཞིགས་འཚུགས་འདུག་། མི་སྒེར་གོོ་མིང་མེད་པ་ཞིགས་གི་སྐྱེ་སྐར་བཏང་ན་གསར་ཤོག་ནང་སྤེལ་གྱི་རེད་དམ་དང་པོ་བརྩོད་པ་མ་བསྐྱོན་པར་དྲ་རྒྱ་དེར་གཟིགས་དང།
ད་ལྟའེ་དུས་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་མིན་འདུག་གསུངས་ན་། ཅུང་མ་སྒྲིག་པ་མ྄ཐོང་གི་འདུག་མི་རེ་གཉིས་དངཚོགས་པ་གང་འདྲ་ཞིགས་གིས་བྱ་ངན་སྤེལ་གྱི་ཡོད་ཚེ་ཐེར་འདོན་བྱས་ནས་དེ་ལ་དོགས་པ་བྱེད་དགོས་གསུངས་ན་ཡག་པོ་འདུག་། དེ་ངའི་བསམ་ཚུལ་ཡིན་།
ད་ལྟའེ་དུས་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་མིན་འདུག་གསུངས་ན་། ཅུང་མ་སྒྲིག་པ་མ྄ཐོང་གི་འདུག་མི་རེ་གཉིས་དངཚོགས་པ་གང་འདྲ་ཞིགས་གིས་བྱ་ངན་སྤེལ་གྱི་ཡོད་ཚེ་། ཐེར་འདོན་བྱས་ནས་དེ་ལ་དོགས་པ་བྱེད་དགོས་གསུངས་ན་ཡག་པོ་འདུག་། དེ་ངའི་བསམ་ཚུལ་ཡིན་།
དེང་སང་རྒྱ་ནག་གཞུང་གིས་བོད་ལ་ལོག་མཁན་ཚོ་ས་མཚམས་ནས་འཇུ་བཟུང་བྱས་རྗེས་ཁོ་རང་ཚོའི་བཙོན་ཁང་དུ་མ་བཅུག་པ་དེ། དངོས་གནས་སྔོན་ཆད་མ་བྱུང་ཞིག་འདིར་བརྗོད་ཡིན་པ་འདྲ། ཡང་མིན་ན་ད་ལྟ་རྒྱ་གཞུང་གི་བཙོན་ཁང་ཡོངས་རྗོགས་ནང་བོད་མིས་ཁེངས་ནས་བལ་ཡུལ་གཞུང་ལ་གནས་སྐབས་རིང་ཉར་བཅུག་ཡིན་པ་འདྲ།
དྭངས་བླངས་པ་ལགས་། ཚོགས་པ་ཡག་སྡུག་དང་གཞོན་ནུ་ཚོགས་པ་ཡག་པོ་མ་རེད་ཞེས་བྲ྄ིས་མེད་
ང་རང་རྒྱུན་དུ་གཞོན་ཚོགས་ཀྱི་དམིགས་ཡུལ་དང་ལྷགས་བསམ་མཛད་རྗེས་ལ་དགའ་པོ་ཡོད་། དེར་བརྟེན་གཞོན་ནུའི་ཚོགས་གཙོའི་མིང་འཛིན་པ་ཞིགས་གིས་ད་ལྟའི་གནས་སྟངས་དེ་འདྲ་ཞིགས་ལ་། ཐུགས་སྤྲོ་གཏང་བ་དེས་གཞོན་ཚོགས་ཀྱི་མིང་མཛད་ཀྱི་ཡོད་ཙང་ཡག་པོ་མ་རེད་ཟེར་གྱི་ཡོད་། སྤྱི་ཚོགས་གང་འདྲ་ཞིགས་ཀྱི་སྣེ་འཁྲ྄ིད་པ་སུ་འདྲ་ཞིག་ཡིན་རུང་དང་པོ་སོོ་སོའི་སྤྱོད་པ་ཚུལ་མཐུན་ཡོང་བ་བྱེད་རྒྱུ་གལ་྄ཆེན་པོ་རེད་། མིག་ཤེལ་སྒྲིགས་ནས་ཕན་ཐོགས་ཡོད་ན་ཁྱ྄ེད་རང་ལ་སྒྲིགས་ན་ལེགས་།
དེ་སྔ྄ོན་རྒྱ་དམར་གྱི་བལ་པོར་བཙན་བཀའ་གཏང་ནས་བོད་མི་རྒྱ་དམར་ཁོང་རང་ལ་རྩིས་སྤྲོད་དུ་འཇུག་པ་རེད་། དོན་དུ་གཞིས་ཀྱི་བོད་མི་རྣམས་ལ་འཇིགས་སྣང་སྐུལ་བ་ཞིགས་དང། ད་ལྟ་བོད་མི་བལ་པོར་རྩིས་སྤྲོད་བྱ྄ེད་ཀྱི་ཡོད་པ་དེ་བཙན་བྱོལ་བོད་མི་རྣམས་ལ་འཇིགས་སྣང་སྐུལ་བ་ཞིགས་རེད་ དེ་མིན་ན་གཡོ་རྒྱུ་ཡིན་སྲིད་གང་ལྟར་ཟབས་ནན་བྱེད་རྒྱུ་གལ་ཆེ་།