བོད། ལྷ་ཀླུ་གཉན་གསུམ།
ཉིན་མ་འདི་ཚོའི་རིང་དུ་དྲ་ཐོག་གི་སྤུན་ཟླ་གང་ན་སུ་ཡོད་པ་ཚང་མས་བལ་ཡུལ་གྱི་དམག་གིས་བོད་མིའི་འོས་སྒམ་འཕྲོག་པའི་སྐོར་གླེང་གི་འདུག ངས་དེ་ལ་ཞིབ་དུ་བསམ་བློ་བཏང་བ་ཡིན། བལ་ཡུལ་གཞུང་གིས་ལོ་ངོ་དུ་མའི་གོང་ནས་བཟུང་དེ། བལ་ཡུལ་གནས་བསྡོད་ཀྱི་བོད་མི་དག་ལ་ལྟ་སྟངས་ཡག་པོ་མེད་ལ། དུས་རྒྱུན་གྱི་བསང་གསོལ་ཚུན་ཆད་དུ་བཀག་འགོག་སྣ་ཚོགས་ཤིག་བྱས་ཡོད་པ་དེ་ཡིན།
དེ་ཡིན་དུས་ད་རེབས་ཀྱི་འོས་སྒམ་འཕྲོག་པ་དེར་དེ་བས་ཀྱང་བོད་མི་ཞིག་གི་དངོས་ནས་བཤད་ན་ཧང་སངས་དགོས་པའི་དོན་དག་གང་ཡང་མིན་ཟེར་ན་འགྲིག རྒྱུ་མཚན་ནི། རྒྱལ་ཁབ་མེད་པའི་འཚོ་བ། རང་དབང་མེད་པའི་ངེས་ཤེས། རང་ས་མེད་པའི་དཀའ་ངལ། རང་ཡུལ་མིན་པའི་གནས་བབ་བཅས་དྲན་སྐུལ་བཏང་བ་རེད། ང་ཚོ་ལ་དངོས་ནས་འདི་ལྟར་དྲན་སྐུལ་གཏོང་མཁན་ནི་ལོ་རེ་ནས་ཇེ་མང་དུ་སོང་ན་ཡག་པོ་འདུག ངས་འདི་ལྟར་བཤད་འདོད་འདུག་ལ། དེ་ཡང་གནས་ལུགས་ཤེས་སྟངས་ཤིག་ཀྱང་ཡིན་ཟེར་ན་ཆོག
ང་ཚོ་བོད་མི་འདི་དག་གཞན་ས་ནས་སྐྱིད་ཉལ་རྒྱགས་པའི་ལུགས་སྲོལ་ངན་པ་ཞིག་ཆགས་ཡོད་ལ། ལྷག་པར་དུ་བྱེས་སུ་སྐྱེ་ནས་འཚར་ལོངས་བྱུང་མཁན་ཆེས་མི་ཉུང་བ་ཞིག་གིས་རང་ཉིད་ཀྱི་ཕ་མེས་ཡང་མེས་ནས་བརྒྱུད་དེ་འོང་བའི་ཕ་ཡུལ་བོད་ཟེར་བ་ཞིག་ཡོད་པ་ཉིན་མཚན་མེད་པར་དྲན་ཐུབ་ཀྱི་མེད་པ་ཡང་གནད་དོན་དེ་ལ་ཐུག་པ་ཡིན། གནད་དོན་དེ་ཡི་རྐྱེན་པའི་གཞན་གྱི་ས་ཐོག་ནས་ཆོག་མཆན་མེད་པར་ལས་ཀ་གང་ཡིན་ཡང་བྱེད་ཆོག་ཆོག་ལྟ་བུ་ཞིག་དྲན་གྱི་ཡོད་པ་རེད། ད་ནི་འདི་ལྟ་བུའི་བྱ་བ་མང་བོ་ཞིག་བྱུང་ན་འོས་པོ་རེད་ལ། དྲན་སྐུལ་འདི་ཡང་གཞན་ཡུལ་ནས་སྐྱིད་ཉལ་བརྒྱབས་དེ་བོད་མི་ཡིན་ཟེར་མཁན་དེ་དག་གི་སེམས་ཁོང་དུ་ད་གཟོད་བོད་མི་ཟེར་ན་བོད་ས་ལས་འཚོ་སྟངས་ཤིག་རྩོད་ལེན་བྱེད་དགོས་པ་ལས། གཞན་ས་ནས་བོད་མིའི་མི་རབས་ནས་མི་རབས་གནས་ཚང་ཞིག་ཆགས་ཐུབ་མེད་པ་ཤེས་སུ་བཅུགས་པ་རེད།
དེང་སང་དྲ་ངོས་གང་སར་མི་མང་བོ་ཞིག་གིས་བལ་ཡུལ་གཞུང་སྐྱོ་བོ་དེ་ལ་སྡིག་དམོད་བྱེད་ཀྱི་འདུག ངས་སྡིག་དམོད་མི་བྱེད་ལ། ངས་བལ་ཡུལ་གཞུང་དེ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གཞུང་སྐྱོ་བོ་དེ་ནི་མངོན་གསལ་དོད་པོའི་སྒོ་ནས་ཕྱི་གསལ་ནང་གསལ་གྱིས་རྒྱ་ནག་སྲིད་གཞུང་གི་མཉམ་དུ་བསྐྱོད་ཀྱིན་ཡོད་པ་འཛམ་གླིང་ཡོངས་དང་། ནང་སྒོས་སུ་བོད་མི་དག་ལ་སྔ་ས་ནས་ཐེངས་མང་བོ་ཞིག་བསྟན་ཡོད་ལ། ཕྱིས་སུ་ཀྱང་དེ་བས་མང་ཙམ་ཞིག་བསྟུན་ངེས་ཡིན། དེ་ནི་བལ་གཞུང་སྐྱོ་བོ་དེ་ཡི་ཆབ་སྲིད་ཀྱི་དགོས་མཁོ་ཉེག་གཅིག་ཆགས་ཡོད་པ་ཡིན།
མི་མང་བོ་ཞིག་གིས་བལ་གཞུང་སྐྱོ་བོ་དེ་ཡིས་་དམག་མི་བཏང་ནས་འོས་སྒམ་འཕྲོག་པ་དེ་ལ་སྡིག་དམོད་བྱེད་པ་དང་ཟུར་ཟ་མཐོང་ཆུང་། གཏམ་ངན་འདྲ་མིན་བཤད་ཀྱི་འདུག་ན་ཡང་། རྒྱལ་ཁབ་སྟོབས་ཆེན་དུ་ཡིད་ཆེས་བྱེད་པའི་ཨ་རིའི་སྲིད་གཞུང་གི་སྲིད་འཛིན་གྱི་གཙོ་བའི་སྲིད་འཛིན་མི་ཉུང་བ་ཞིག་གིས་བོད་འདི་རྒྱ་ནག་གི་ཆ་ཤས་སུ་ཁས་ལངས་པ་དེར་སུས་ཀྱང་འཁང་ར་ཤུགས་ཆེན་བྱེད་པ་དང་སྡིག་དམོད་རྒྱུད་མཐུད་བྱེད་མཁན་མི་འདུག་པ་ཅི་རེད། ངའི་སྙིང་གི་ཚབ་མཚོན་བོད་ཀྱི་སྤུན་ཟླ་ཚོ། བལ་ཡུལ་གཞུང་ལ་བཀའ་དྲིན་ཆེ་ཞུས་ན་རེད། ང་ཚོ་ལ་དྲན་སྐུལ་བཏང་བ་རེད། ད་ནི་ང་ཚོ་ལ་སུན་སོང་བ་རེད། ལོ་ངོ་ལྔ་བཅུའི་རིང་དུ་ཁོང་ཚོའི་ས་ཐོག་ནས་སྐྱིད་ཉལ་བརྒྱབས་དེ་མིག་ལ་མ་སོང་བ་རེད། དེ་བབས་ནས་འདུག
རེད་རེད། ཁྱོད་ཀྱི་བཤད་པ་དེ་ལ་རྒྱུ་མཚན་འདུག བོད་མི་ཚོ་གཞན་ཡུལ་ན་སྐྱིད་ཉལ་རྒྱག་རྒྱུ་མང་དྲགས་རེད།
མང་པོ་ཞིག་གིས་ང་ཚོ་ལ་དྲན་སྐུལ་བཏང་བ་རེད་ དང་ དྲན་སྐུལ་བཏང་བ་རེད་ཟེར་ལེ་གདའ་ ༡༩༥༩ བོད་ཤོར་ནས་མི་ལོ་ ༦༠ རིང་བོད་ཕྱི་ནང་གཉིས་ཀར་དཀའ་སྡུག་འདྲ་མིན་སྣ་ཚོགས་ཀྱིས་དྲན་སྐུལ་རྒྱུན་མི་ཆད་པ་བཏང་ཡོད་ལེ་རེད་ ད་ནི་དྲན་སྐུལ་བཏང་དང་མ་བཏང་བཏང་ནས་བཙན་བྱོལ་བོད་པ་མང་ཆེ་བ་ཞིག་ནི་ཁྲེབས་ཏོ་ཆགས་ཚར་ཞག་ དྲན་སྐུལ་ག་ཚད་བཏང་ཡང་ཁ་ཐུག་དེར་ངར་ངར་དང་ ཁོང་ཁྲོའི་ ང་རྒྱལ་ལང་ཙམ་བྱས་ཉིན་ཤས་རྗེས་དྲན་སྐུལ་དེ་ཡལ་འགྲོ་བ་དེ་རྒྱུན་དུ་ནས་ང་ཚོ་བོད་པའི་ཨག་སར་ཆེ་བའི་གཤིས་ཀ་རེད་ དྲན་སྐུལ་ངོ་མ་བསམ་ཞི་ཡོད་ན་རང་གི་སྙིང་ལ་དྲན་སྐུལ་དེའི་རི་མོ་བྲིས་ཏེ་ ལས་དོན་ཞིག་དོན་ལ་ཁྱོལ་ཐུབ་པ་དང་ལག་ལེན་བྱ་ཐུབ་པའི་རྡོ་ལ་ཨི་ཁུང་ཕུག་དགོས་ལེ་རེད་ དེ་མིན་ཚེ་བྱེད་རྒྱུ་ཆི་གང་མེད་པར་དྲན་སྐུལ་རེད་བཤད་གདའ་ན་ག་ཚོད་བཤད་ཀྱང་ཆུ་ནང་ཏུག་རི་བཏང་ལེ་དང་ཁྱད་ཡོད་ལེ་མ་རེད་།
ལྷ་ཀླུ་གཉན་གསུམ་ཁྱོད་ཀྱིས་གཏམ་དེ་རྣ་བར་འགྲོ་མ་སོང་།
ངའི་དོག་པ་ལ་ཁྱེད་རང་ཡང་བལ་ཡུལ་གཞུང་དང་ལག་འབྲེལ་བྱས་མེད་དམ་བསམ་བྱུང་།
བལ་ཡུལ་གཞུང་བཀའ་དྲིན་ཆེན་པོ་ཡིན་ན་ཁྱོད་ཀྱིས་དངོས་གཞིའི་འོས་ཤོད་དེ་ཡང་བལ་གཞུང་ལ་སྤྲོད་ཞོག
ང་ནི་ཉི་མ་དེ་རིང་ནས་གཟུང་དེ་བལ་གཞུང་དེ་མེ་ལ་འབར་ཐུབ་ན་ཏན་ཏན་ལས་དཀའ་བྱེད་རྒྱུ་ཡིན།
རྗེས་མ་དངོས་གཞིའི་འོས་གཞི་དེ་རྒྱལ་ཁབས་གཞན་པ་ཞིག་ལ་འགྲོ་གི་ཡིན
བལ་གཞུང་གི་ཁ་དེ་རྐྱག་དུང་ནང་ལ་གཅིག་བཅུག
བལ་གཞུང་གི་བྱེད་སྟངས་འདིར་བལྟས་ཡོང་ན། ད་ནི་ངོ་མ་བལ་གཞུང་འདི་རང་བཙན་རྒྱལ་ཁབ་ཀྱི་མིང་ཙམ་ལས་རྒྱ་ནག་གི་སྟངས་འཛིན་འོག་ཤོར་ཚར་འདུག་པས། ནུབ་ཕྱོགས་ཨ་རི་དང་ཡོ་རོབ་རྒྱལ་ཁབ་ཁག་དང་། གཙོ་བོ་ཁྱིམ་མཚེས་རྒྱ་གར་གྱིས་ཀྱང་དོགས་ཟོན་གང་ལེགས་བྱེད་དགོས་འདུག བལ་ཡུལ་འདི་བོད་ཀྱི་ཁྱིམ་མཚེས་ཡིན་པ་མ་ཟད། འདས་པའི་ལོ་རྒྱུས་ཐོག་ཆོས་སྲིད་གང་ཐད་ནས་འབྲེལ་བ་ཤུགས་ཆེར་ཡོད་ནའང༌། ད་ནི་བལ་མི་འདི་ཚོས་འདས་པའི་ལོ་རྒྱུས་སོགས་ལ་བསམ་བློ་ཁྱོན་གནས་གཏོང་གི་མེད་པ་འདིས་སེམས་གཏིང་ལ་སྡང་སེམས་གནོན་མི་ཐུབ་པ་ཞིག་སྟེར་གྱི་འདུག བོད་དང་བོད་མི་སུ་ཞིག་ཡིན་ནའང་འདི་ལྟར་ཡིན་རྒྱུ་རེད་བསམ་སོང༌། ལྷག་པར་དུ་ང་ཚོ་ཉམ་ང་བའི་སྐབས་འདིར་ང་ཚོར་བརྙས་བཅོས་གང་མིན་ཚད་བྱས་སོང༌། ངོ་མ་ཁོང་ཁྲོ་ཟ་ནས་འདུག་གཟོད་ཅིག་མི་འདུག
བལ་ཡུལ་གཞུང་ལ་ལེགས་སོ་ཞུ་འདོད་ཀྱི་སེམས་པ་དུར་ཁུང་ལ་ཁྱེར་ཅིག བཙན་བྱོལ་བ་ཞིག་གི་ཉི་མ་རེ་རེའི་འཚོ་བ་སྐྱེལ་སྟངས་གཅིག་པོས་དྲན་སྐུལ་ཡང་ཡང་གཏོང་གི་ཡོད་རེད། བཙན་བྱོལ་གྱི་འཚོ་བར་རྒྱུས་མེད་པ་ནི་ཡིན་རྒྱུ་མ་རེད། ཐོབ་ཐང་འཕྲོག བརྙས་བཅོས་བྱས། རྡོག་རྫིས་བཏང་ན་དགའ་འམ། ཉམ་རྒུད་ནས་ཉམ་རྒུད་དུ་ཕྱིན་ན་དགའ་འམ། རིག་གཞུང་ཉམ་རྒུད་ནས་འཚོ་བ་ཉམ་རྒུད། སེམས་ཤུགས་ཉམ་རྒུད་དུ་ཕྱིོན་ན་དགའ་འམ། དེ་ནས་ལངས་རྒྱུ་མེད་སོང་ན་དགའ་འམ།
བོད་མི་བསམ་པར་བལ་པོ་ཚོ་ནི་བོད་པའི་དགའ་གྲོགས་ཞིག་ཡིན་བསམ་ཡོད། བོད་མི་བཙན་བྱོལ་པ་ཚོ་བལ་པོའི་ནང་བསྡོད་བཅུག་དེས་བཀའ་དྲིན་ཆེ་ཟེར་བ་ཡིན། དོན་དངོས་ཐོག་ཕན་ཚུན་ཁ་དྲིན་ཆེན་ལ་སྣ་དྲིན་ཆེན་ཡང་མི་ཆོག་པ་གང་ཡང་མེད།
བལ་པོ་ཚོ།
༡ དང་པོ་རང་བཙན་སྒྲུབ་བྱེད་ལ་བོད་དང་མཉམ་དུ་འཆིང་ཡིག་ཡོད་ཅེས་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུས་ནས་བལ་པོ་རང་བཙན་ངེས་ལེན་བྱས་པ་རེད།
༢ བོད་མི་སྐྱབས་བཅོལ་པ་མང་པོ་བལ་པོའི་ནང་དུ་ཡོད་པས་དཀའ་ངལ་ཕ་རོལ་རྒྱལ་ཁབ་སོགས་ལ་བཤད་ནས་བལ་པོ་ལ་ཕྱི་རྒྱལ་ནས་རོགས་སྐྱོར་མང་པོ་ཐོབ་ཡོད།
༣ དེ་མིན་བལ་པོའི་གཞུང་འཛིན་པ་ཚོས་ཁ་ནས་(བོད་རྒྱ་མིའི་ཆ་ཤས་རེད་)ཅེས་ཚིག་ཁ་ཤས་ལ་རྒྱ་ནག་གིས་སྒོར་དུང་ཕྱུར་མང་པོའི་རོགས་རམ་ཐོབ་ཡོད། དེ་ཡང་བལ་པོ་ཚོའི་ངོ་ནས་བཤད་ན་བོད་མི་ཚོ་དྲིན་ཅན་མི་ན་གང་ཡིན།
༤ དེ་མིན་བལ་པོའི་ནང་བོད་མིའི་ཚོང་ལས། མགྲོན་ཁང་། ཟ་ཁང་། ཡུལ་སྐོར་སྤྲོ་འཆམ། གདན་བཟོ་སོགས་བལ་རྒྱལ་གྱི་དཔལ་འབྱོར་སྟེང་ཕན་ཐོག་ཆེན་པོ་བྱུང་ཡོད། དེ་ཚོ་ཚང་མ་བལ་པོ་ཞ་ར་ཚོས་མཐོང་གི་མེད། སྐད་ཆ་གསལ་བོར་བཤད་ན། ནེ་པལ་ཚོ་ནི་ཟ་རྒྱུ་འཐུང་རྒྱུ་ལས་གཞན་གང་ཡང་མི་ཤེས་པའི་མི་རིགས་ཞིག་རེད།
བསྟན་འཛིན་ལགས། ཉིད་ནས་བསམ་ཤེས་གནང་བ་དེར་དགའ་ཡོད། ང་ཚོ་བོད་མི་ཕྱི་བསྡོད་པ་དེ་ཚོ་དངོས་ནས་སྒྱིད་ལུག་ཆགས་ཀྱི་འདུག
རང་བཙན་ལྡེའུ་ལགས་ཀྱི་བསམ་ཚུལ་དེ་ནི་དངོས་ནས་ཚ་བོ་རེད། དངོས་ནས་ང་ཚོ་བོད་མི་ཆེས་མི་ཉུང་བ་ཞིག་གི་མི་ཚེ་ཨག་གསར་གྱི་ཁྲོད་དུ་འཚོ་བ་དེ་ཡིས་ནམ་རྒྱུན་དུ་ང་ཚོ་ལ་ཕམ་ཁ་སྤྲོད་ཀྱི་ཡོད་པ་རེད། དེ་ལ་དངོས་ནས་དྲན་སྐུལ་གཏོང་མཁན་ཞིག་མེད་དུ་མི་རུང་བ་ཆགས་ཡོད།
བོད་ཀྱི་བུ་ཆུང་ལགས། ཉིད་ནས་ང་ལ་དོག་པ་སྐྱེ་བ་དེ་ནི་ཁྱེད་རང་གི་འདོད་པ་ཞིག་ཡིན་ཡང་། ངས་བཤད་བཞིན་པའི་སྐད་ཆ་དེ་དག་ལ་བསམ་བློ་ཞིབ་དུ་གཏོང་རྒྱུ་དེ་ནི་ང་ཚོ་ཚང་མ་བོད་མི་ཕྱི་བསྡོད་པ་ཆགས་ཡོད་པ་དང་གཞིས་ལུས་བོད་ཀྱི་སྐྱིད་སྡུག་ལ་འགན་ལེན་བྱེད་མཁན་གྱི་རིགས་སུ་ཡོད་པ་དེ་ཡིན་པས་སེམས་སུ་འཛིན་རོགས་ཞུ།
བོད་ཀྱི་བུ་ཆུང་ལགས། ཉིད་ནས་ང་ལ་དོག་པ་སྐྱེ་བ་དེ་ནི་ཁྱེད་རང་གི་འདོད་པ་ཞིག་ཡིན་ཡང་། ངས་བཤད་བཞིན་པའི་སྐད་ཆ་དེ་དག་ལ་བསམ་བློ་ཞིབ་དུ་གཏོང་རྒྱུ་དེ་ནི་ང་ཚོ་ཚང་མ་བོད་མི་ཕྱི་བསྡོད་པ་ཆགས་ཡོད་པ་དང་གཞིས་ལུས་བོད་ཀྱི་སྐྱིད་སྡུག་ལ་འགན་ལེན་བྱེད་མཁན་གྱི་རིགས་སུ་ཡོད་པ་དེ་ཡིན་པས་སེམས་སུ་འཛིན་རོགས་ཞུ།
བོད་ལ་དགའ་ལགས། གང་ལྟར། ཉིད་ནས་བལ་ཡུལ་གཞུང་ལ་དེ་ལྟར་ལྟ་འཛིན་བཟུང་བ་དེ་ནི་ནོར་བ་རེད། བལ་ཡུལ་གཞུང་དེ་ནི་དེང་སང་རྒྱ་ནག་གི་རྒྱུགས་ཁྱི་ཆགས་སྟངས་དེ་ནི་ང་ཚོས་བསམ་བློ་བཏང་བ་ཡིན་ན་མ་ཤེས་པ་་མེད་ཀྱང་། རྒྱལ་ཁབ་སྟོབས་ཆེན་དེ་དག་རྒྱ་ནག་གི་འགྲམ་ཁྱི་ཆགས་པ་དེར་ཉིད་ནས་ག་རེ་བཤད་རྩིས་ཡིན། དེ་ཡི་སྐོར་ལ་འདང་ཞིག་རྒྱོབས་ཨ་་
ཇ་མ་ལགས། ཉིད་ནས་དོན་ཚན་ཁ་ཤས་དྲངས་པ་དེ་ཡི་སྐོར་ལ་ཞུ་རྒྱུ་མེད། ཡིན་ཡང་། ཉིད་ནས་བལ་ཡུལ་བ་དེ་ཚོ་ཟ་རྒྱུ་འཐུང་རྒྱུ་ལས་མི་འཇོན་ཟེར་ན་དེ་ལ་གཏན་ནས་མོས་མཐུན་བྱེད་ཐུབ་མེད་པ་རེད། ལྷག་པར་དུ་ཁོང་ཚོ་ག་འདྲ་སྡུག་ན་ཡང་བོད་མི་ང་ཚོ་ལས་ངར་ནས་བསྡད་ཡོད་པ་རེད། རང་གི་རྒྱལ་ཁབ་གཞན་ལག་དུ་ཤོར་བཅུགས་མེད་པ་དེ་སེམས་སུ་བཟུང་ཨ་་་
བོད་ཀྱི་བུ།མཆན་བྲི་ན་འབྲི་ཤེས་པར་གྱིས། ཁྱོད་ཀྱིས་༼
བལ་ཡུལ་གཞུང་བཀའ་དྲིན་ཆེན་པོ་ཡིན་ན་ཁྱོད་ཀྱིས་དངོས་གཞིའི་འོས་ཤོད་དེ་ཡང་བལ་གཞུང་ལ་སྤྲོད་ཞོག༽ཅེས་བྲིས་འདུག བལ་གཞུང་དཀའ་དྲིན་ཆེ་ན་འོས་ཤོག་སྤྲོད་དགོས་པའི་རྒྱུ་མཚན་ཡོད་དམ། ཁྱོད་རང་གི་ཚིག་འདིར་ལྟ་དུས་ངོ་མ་ཁྱོད་ཀྱིས་འོས་ཤོག་དེ་རང་ལ་བཀའ་དྲིན་ཆེ་ལུགས་ལ་བལྟས་ནས་བླུག་པར་འདྲ། ངོ་མ་ཁྱོད་ནི་མི་ངན་ཞབས་འདྲེན་པ་རང་རེད།
བལ་གཞུང་གིས་བོད་མའི་འོས་སྒམ་བཙན་འཕྲོག་བྱས་པ་ནོར་མེད་ན། བོད་མི་ཚོས་འོས་བླུགས་པར་ནོར་འཛོལ་ཨེ་ཡོད། ངས་ནམ་ཡང་བོད་མི་ཚོས་འོས་བླུགས་པ་དེ་ནོར་འཁྲུལ་ཞིག་ཏུ་མཐོང་གི་མེད། བསམ་བློ་ཅི་ལྟར་བཏང་ཡང་བལ་གཞུང་གིས་བོད་མིའི་འོས་སྒམ་བཙན་འཕྲོག་བྱས་པ་འགྲིག་པ་དང་འོས་པའི་རྒྱུ་མཚན་སྣ་གཅིག་མཐོང་མ་སོང༌། འདི་ལ་ང་ཚོས་ཁ་རྡུང་གཏོང་ཆོག་ལ་གང་ལ་གཏུགས་ནའང་ཆོག་གི་རེད།
སྟོབས་ཆེན་རྒྱལ་ཁབ་དེ་དག་རྒྱ་ནག་གི་འགྲམ་ཁྱི་ཆགས་ཞེས་པའི་འགྲམ་ཁྱི་ལ་གོ་བ་ཏག་ཏག་ཅིག་རྙེད་མ་སོང༌། བོད་ལ་རྒྱབ་སྐྱོར་མེད་མཁན་དག་ཟེར་གྱི་ཡོད་དམ། ཡང་ན་བོད་ལ་རྒྱབ་སྐྱོར་བྱེད་མཁན་དག་ཟེར་གྱི་ཡོད། ཨ་རི་ལྟ་བུ་ལ་ཟེར་གྱི་ཡོད་ན་ནི། རྒྱ་ནག་གི་ཁྱི་མ་ཆགས་པའི་རྒྱལ་ཁབ་ཅིག་ཕལ་ཆེར་རྙེད་དུ་མེད་པས། འཇིག་རྟེན་འདི་རྒྱ་ནག་གིས་དབང་བསྒྱུར་བ་རེད་དམ། དེ་འདྲ་ནི་ཡིན་མི་སྲིད་ཨང༌།
བོད་པ་བཙན་བྱོལ་བ་ཚོའི་ནུས་པ་ཡིས་འདང་གི་མེད་པ་མ་གཏོགས་བོད་དོན་སེམས་ནས་བརྗེད་འགྲོ་བཞིན་པ་དེ་འདྲ་གང་ཡང་མ་རེད། རྒྱལ་ཁབ་གཞན་དང་མི་རིགས་གཞན་དག་དང་བསྡུར་ན་བོད་མི་ཚོ་ནི་རང་གི་རྒྱལ་ཁབ་དང་ཕ་ཡུལ་སེམས་ནས་དྲན་མཁན་ཡག་ཤོས་དེ་རེད།
བོད་ཀྱི་བུ་ཆུང་དང་ཇ་མས་བཤད་པར་བོད་ལྷ་ཀླུ་གཉན་གསུམ་གྱིས་དགག་པའམ་བསམ་ཚུལ་དེ་ལ་མི་འདོད་པའི་བསམ་ཚུལ་གསུང་པར་ངས་ནས་ཀྱང་རྒྱབ་སྐྱོར་ཡོད།
ཕྱི་སྡོད་བོད་རིགས་ང་ཚོས་ངེས་པར་དུ་ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་ལ་བརྩི་སྲུང་བྱེད་ལོས་དགོས།
བོད་ཀྱི་གཏམ་དཔེར།ཡུལ་ཡར་ལུང་ལ་བསྡད་ན།ལྷ་ཡར་ལྷ་གསོལ་དགོས།ཟེར་བའི་དཔེ་ལྟར་རེད།
ཡང་ཇ་མ་དང་བོད་ཀྱི་བུ་ཆུང་གཉིས་ནས་ང་ཡང་བོད་ལྷ་ཀླུ་གཉན་གསུམ་ལ་བཤད་པ་བཞིན་བལ་གཞུང་དང་ལག་འབྲེལ་ཡོད་རབས་ཤོད་མདོག་ཁ་བོ་རེད།
ལེགས་པར་སོམ་ནས་ཤོད་དགོས།
བོད་ནས་ལོ་རེར་བོད་མི་སྟོང་ཕྲག་མང་པོས་རྒྱལ་མཚམས་བརྒལ་ཆོག་པའི་ཐོང་ཆེན་མེད་པར་བལ་ཡུལ་གྱི་ས་མཚམས་
བརྒལ་ཏེ་ཡོང་ཏེ་རྒྱ་བལ་སོགས་སུ་སློབ་གཉེར་གྱི་གོ་སྐབས་ཐོབ་སྟེ་སླར་ཡང་ལག་ཁྱེར་སོགས་གང་ཡང་མེད་པར་རང་ཡུལ་དུ་ལོག་མཁན་སོགས་མང་དག་ཅིག་ཡོད་པས།་དེ་དག་དྲིན་སུས་བྱས་པ་རེད་དམ།
བོད་མིའི་ལྷ་རུ་བརྩི་བའི་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་བོད་མི་ཞིག་ཐོང་ཆེན་ལག་ཁྱེར་མེད་པར་ཁོང་ཚོའི་ས་མཚམས་བརྒལ་ཏེ་ཡོང་ན་དགའ་བསུས་སྣེ་ལེན་ཞུ་གི་འདུག་གམ།
ནེའུ་ཡོག་ནས་ཕྱིར་རྒྱ་གར་ལ་ཕྱིར་སློག་བྱས་པ་ག་ཚོད་བྱུང་འདུག
འདི་ཚོར་བསམ་བློ་གཏོང་དགོས།
བལ་ཡུལ་གྱིས་རྒྱ་གར་དང་འབྲུག་གཉིས་ནས་བོད་ཀྱི་ས་མཚམས་ཡོངས་སུ་རྫོགས་པ་མི་ལོ་དུ་མའི་རིང་གཏན་འགོག་བྱས་པ་ལྟར་བལ་ཡུལ་གྱིས་དེ་ལྟར་བྱས་ན་ག་འདྲ་ཡོང་ས་རེད།
བོད་ལ་གཉེན་འཕྲད་འགྲོ་ན་གང་ནས་འགྲོ་དགོས་ཀྱི་འདུག
ཇ་མ་ནས་བལ་མི་རྣམས་ཟ་འཐུང་ཙམ་ལས་མི་ཤེས་ཚུལ་ཤོད་པ་ནི་གོད་བྲོ་བ་ཞིག་རེད།
བོད་མི་ཚོས་ལུས་ངག་ཡིད་གསུམ་གྱི་གཏད་སོ་མཆོད་ཁང་ནང་དུ་ཁྲ་ཆག་གེ་འོད་སྤུང་ངེ་སྐུ་འདྲ་དང་མཆོད་རྟེན་ལས་སོགས་མཆོད་རྫས་ལས་སོགས་གསེར་གྱི་བྲག་རི་གཏམ་པ་ལྟ་བུ་དེ་ཚོ་སུས་ཟོས་པ་རེད་དམ།
བོད་མིས་བལ་མི་ཉམ་ཐག་དེ་ཚོར་་གླ་ཆུང་ཆུང་ཞིག་སྤྲད་པ་དང་དེ་བཞིན་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་བལ་ཕྲུག་ཆུང་ངུ་དེ་ཚོར་ལས་ཀ་སྐུལ་ནས་བོད་མི་ཚོས་རུམ་བདན་གྱིས་དངུལ་ག་ཚོད་བསགས་མེད་དམ། རྗེས་སུ་རྒྱལ་སྤྱིའི་ཁྲིམས་འགལ་བྱས་པར་ཕྱི་རྒྱལ་ནས་རུམ་བདན་ཉོ་རྒྱུ་མཚམས་འཇོག་བྱས་མ་སོང་ངམ།
ཧི་མ་ལ་ཡའི་ནང་བསྟན་དགོན་པའི་རྟེན་གསུམ་ཐམས་ཅད་བོད་ལ་དུས་ལོག་བྱུང་རྗེས་ར་ལུག་གི་ཁྱུ་ཡི་ནང་དུ་གདོན་སྤྱང་ཁུ་རྒྱུགས་པ་བཞིན་རྩ་སྟོང་དུ་མ་བྱས་སམ།
དེ་དག་ཐམས་ཅད་བོད་མིས་བྱས་པ་རེད་མ་གཏོགས་བལ་མིས་བྱས་པ་མ་རེད།
གནས་ཚང་གཡར་བས་མ་ཚད། གནས་མོར་གྱོ་ལུགས་ཡོད་དམ།
ད་ལམ་བལ་གཞུང་ལ་བོད་མིས་འོས་བླུག་ཆོག་པའི་ཆོག་ཆེན་ཞུས་རྗེས་འོས་སྒམ་འཕྲོག་པར་སེམས་གཏིང་ནས་སྐྱོ་བོ་རེད།
བལ་ཡུལ་གཞུང་ནས་ཀྱང་དེ་ལྟར་བྱས་པ་ནི་ཡ་མཚན་སྐྱེ་གཞི་ཞིག་རེད།
འོན་ཀྱང་བལ་གཞུང་གིས་བྱེད་བབས་ཀྱིས་བལ་མི་ཡོང་ལ་རྒྱུགས་པ་ལེབ་བརྡུང་བྱེད་པ་ནི་བྱབ་ཆུང་གི་ལས་ཀ་རང་རེད།
མི་རིགས་ཀྱི་དབར་ལ་མཐུན་བསྒྲིལ་བྱེད་ཐབས་་འབད་དགོས་པ་ལས་གཏོར་བཤིག་གཏོང་མི་རུང།
བལ་མི་ག་ཚོད་སྐྱོ་ཡང་རང་གི་རྒྱལ་ཁབ་རང་བཙན་དུ་ཉར་ནས་བསྡད་ཡོད་འདུག
ཁ་ནང་ལ་འཁོར་ནས་བསམ་ན་ག་འདྲ་ཡོང་བ་འདུག
དྲན་སྐུལ་རེད་ལབ་ན་ཡང་འགྲིག་པ་འདུག བལ་གཞུང་གིས་སྐྱབས་བཅོལ་བོད་པ་ཚོའི་འཚོ་སྡོད་ལ་སུན་གཙེར་ཡང་ཡང་བཟོ་བཞིན་པ་མངོན་གསལ་རེད།
བལ་ཡུལ་གྱི་ཟ་འདྲེ་རེ་གཉིས་ཞིག་གིས་བྱས་ལེ་ལ། བལ་གཞུང་གིས་བྱས་བྱུང་ཞེས་ངར་ངར་རྫིག་ཇག་པ་དང་ཁྲམ་པའི་ལས་ཀ་དེ་མ་ལས་ན་ཡག་ལེ་རེད། ད་ལྟའི་བར་བལ་གཞུང་གིས་བོད་མིའི་འབར་མོ་གང་པོ་དེ་ལ་བསམ་ཤེས་དང་བསྟུན་ཤེས་ཀྱང་ཀྱང་བྱས་པ་རེད། ད་དུང་བཤད་རྒྱུར་བོད་མིའི་ལས་དོན་ཁག་ལ་བར་ཆད་གཏོང་མིའི་ངོ་མ་དེ་བོད་པ་མགོ་བདེ་དྲན་འཁྲུལ་ཅན་དེ་ཚོ་རེད། བལ་ཡུལ་གཞུང་ལ་ངོ་དགའ་སྤྲེལ་ལད་ཁྲབ་ཆི་ཐུབ་དང་། ཡར་བོད་གཞུང་ལ་ངོ་དགའ། ཕར་རྒྱ་གཞུང་ལ་ངོ་དགའ་སོགས་བཤད་ཁན་ཚང་མ་བོད་པ་རང་རེད། སུ་ལའང་ངན་ཁག་བཀྲི་ས་མེད། ང་རང་ཚོས་མ་འཇོན་པ་རང་རེད།
བལ་ཡུལ་གཞུང་བྱས་སྟངས་འདི་ནི་ རྒྱ་ནག་གི་བྱས་སྟངས་དང་གཅིག་མཚུངས་ལྟ་བུ་ཞིག་མཐོང་། ལོ་ཁ་ཤས་ཀྱི་རྗེས་སུ་བལ་ཡུལ་རྒྱལ་ཁབ་འདི་རྒྱ་ནག་གི་འོག་ཏུ་འགྲོ་ས་རེད་སྙམ། བལ་པོ་ཡི་བོད་ཀྱི་ཐོག་འདི་འདྲ་ཞིག་བྱས་དགོས་དོན་གང་ཞིག་མེད། ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་ནས་ལོ་རྒྱུས་ཀྱི་འབྲེལ་བ་བཟང་པོ་ཞིག་ཡོད། རྒྱ་ནག་མངའ་ཐང་རྒྱས་བཞིན་པའི་སྐབས་འདིར་ལ་ཨི་ཤ་ཡ་རྒྱལ་ཁབ་ཚང་བ་ཞེད་སྣང་སྐྱེད་དགོས་པ་ཞིག་ཆག་གི་ཡོད་ས་རེད། ཚང་མ་རྒྱ་ནག་གི་འོག་འགྲོ་དགོས་པའི་དུས་ཤིག་ཤར་མི་སྲིད་པ་མིན།
གྲོགས་པོ་ཚོ་གཟབ་གཟབ་གནང་དགོས་ཀྱི་འདུག
ཨ་ཁ་ད་བལ་ཡུལ་འདི་རྒྱ་ནག་གིས་བཟའ་ས་རེད
དེ་ནས་ཨེ་ཤ་ཡ་འདི་ཡང་བཟའ་འགྲོ་ཚུལ་བཤད་སོང་
དེ་ནས་ད་ག་བར་བྲོས་དགོས་པ་རེད།
སྔོན་མར་རྒྱ་གར་འཕགས་པའི་ཡུལ་ཅེས་བསམ་ནས་རྒྱ་གར་དུ་ཡོང་པ་རེད་དེ་ནས་ཚ་བ་ལས་སོགས་ཀྱིས་མི་ཟོད་པའི་སྡུག་བསྔལ་ཇི་སྙེད་ཅིག་བྱུང་བས་དམྱལ་བ་ལྟ་བུ་ཞིག་ཏུ་མཐོང་ནས།
ད་ནི་་རི་ལས་སོགས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་དག་ཞིག་དུ་བཟུང་ནས་དེ་གར་བྲོས་ན་བསམ་པ་རེད་མང་པོ་ཞིག་སྔོན་བསགས་ཀྱིས་ཐར་སོང།
མང་པོ་ཞིག་ལུས་འདུག
ད་ཨ་རི་ཡང་ཉིན་ཅིག་ག་འདྲ་ཞིག་ཆགས་ཡོང།
ད་གྲོགས་པོ་ལགས་བསམ་བློ་གཏོང་ས་མི་འདུག
ལ་སྟོད་བུ་ལགས། དངོས་གནས་མཆན་བུ་སྣང་བ་འགྲོ་པོ་ཞིག་བྲིས་འདུག མི་ཁྱེད་ལ་རིག་བརྩལ་འདུག་ཏ། ཤུགས་རྒྱག་རོགས།
བསྟན་འཛིན་ལགས། ཚིག་དུམ་འདི་ལ་གཟིགས་དང་།༼ མི་ཁྱེད་ལ་རིག་བརྩལ་འདུག་ཏ། ཤུགས་རྒྱག་རོགས།༽ད་དུང་མཆན་འབྲི་མཁན་གྱི་གྲལ་དུ་འཚང་བ་འདི་ངོ་མ་སྙིང་ཁམས་ཆེ་པོ་རེད།
དག་བཅོས།
བསྟན་འཛིན་ལགས། ཚིག་དུམ་འདི་ལ་གཟིགས་དང་།༼ མི་ཁྱེད་ལ་རིག་བརྩལ་འདུག་ཏ། ཤུགས་རྒྱག་རོགས།༽ད་དུང་མཆན་འབྲི་མཁན་གྱི་གྲལ་དུ་འཚང་བ་འདི་ངོ་མ་སྙིང་ཁམས་ ཆེན་པོ་རེད།
སྤུན་ཟླ་ཚོ། བསམ་བློ་ཀུ་ཡངས་བྱོས། བརྩོན་པ་ལྷོད་མེད་ཀྱིས། དོན་དངོས་དག་ང་ཚོ་ལ་དྲན་སྐུལ་གཏོང་མཁན་དེ་ནི་ངེད་ཅག་གི་དྲིན་ཆེན་ཡིན་ཡ་་ ད་ལྟ་ང་ཚོ་གཞན་ཡུལ་དུ་བཅར་ནས་གཞན་ས་ནས་སྐད་ཆ་བརྫིག་པོ་བཤད་ཤེས་པ་དེ་ལ་ཡང་བསམ་བློ་གཏོང་ཨ་་་་
བོད་ལྷ་ཀླུ་གཉན་གསུམ་ནས་གསུངས་པ་ཤིན་ཏུ་བདེན།
རྐྱེན་ངན་ལམ་དུ་སློང་བའམ་ལམ་དུ་འཁྱེར་ཚུལ་ཞིག་གསང་སྔགས་ནས་བཤད་ཡོད་པས་དེ་ཚོར་དགོངས་པ་རེ་བཞེས་དང།
གཞན་ཡང་སྡང་པའི་དགྲ་ལ་བྱམས་པའི་སེམས་བསྒོམ་ཞེས་མདོ་ལས་བཤད་པས་དེ་ཚོར་གཟིགས་དང།
ད་ཡང་ང་ཚོས་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱ་གར་གྱི་སྣུམ་འཁོར་ཁ་ལོ་བ་ཚོས་བོད་པར་བརྙེས་བྱས་པ་དེ་ཚོར་ཁ་བརྡུང་དྲག་པོ་བལ་ཡུལ་ལ་བྱེད་སྟངས་ཞིག་བྱོས་དང་ཨ་མའི་བུ་རྒོད་རེད།
དེ་མིན་བོད་ཀྱི་གཏམ་དཔེར།
ཕྱུགས་པོས་འཁྲབ་ཚད་ཞབས་བྲོ་དང།
སྤྲང་པོས་འཁྲབ་ཚད་ཐལ་འཚུབ་ཅེས་པའི་དཔེ་དེ་འདྲེན་པའི་དུས་ལ་བབས་འདུག།
མི་རིགས་དབར་ལ་མཐུན་འབྲེལ་ཡོང་ཐབས་ལ་འབད་རོགས།
རང་ཡུལ་མེད་པའི་དཀའ་ངལ་ཆེ་བ་དང་།།
རང་ས་དགོས་པའི་དྲན་སྐུལ་ཛྲ་དྲག་གཉིས།།
རང་ཡུལ་བོད་མི་མནར་གཅོད་མྱོང་བ་གསུམ།།
བོད་མིས་རྩ་དོན་སྒྲུབ་རྒྱུའི་ཆ་རྐྱེན་ཡིན།།
དམྱལ་བ་མ་མཐོང་ན་སངས་རྒྱས་ཁས་མི་ལེན་མཁན་དེ་ཡག་རྟགས་ཤིག་མ་རེད།
བོད། ལྷ་ཀླུ་གཉན་གསུམ་ལགས། འདི་གསུམ་ཆ་རྐྱེན་རེད་དམ། ཁྱོད་རང་འཁྲུལ་འདུག
གཙང་ཁའི་བུ་ལགས། ང་རང་འཁྲུལ་འདུག་གསུངས་པ་དེ་ཙམ་ག་ལ་འཐུས། འཁྲུལ་སྟངས་སྐོར་ཞིག་གསུང་དང་། ག་གཟོད་ང་རང་འཁྲུལ་ཡོད་མེེད་ལ་བསམ་བློ་གཏོང་རྒྱུ་ཡོད་པ་རེད་ལགས།
བོད་ ལྷ་ཀླུ་གཉན་གསུམ་ལགས། ཁྱོད་རང་གིས་
༼རང་ཡུལ་མེད་པའི་དཀའ་ངལ་ཆེ་བ་དང་།།
རང་ས་དགོས་པའི་དྲན་སྐུལ་ཛྲ་དྲག་གཉིས།།
རང་ཡུལ་བོད་མི་༼མིས༽མནར་གཅོད་མྱོང་བ་གསུམ།།
བོད་མིས་རྩ་དོན་སྒྲུབ་རྒྱུའི་ཆ་རྐྱེན་ཡིན།།༽
ཞེས་བྲིས་པ་དེ་ནོར་འཁྲུལ་རེད་ལབ་པ་ཡིན།
དཀའ་ངལ་ཆེ་བ་དང་། ཛ་དྲག་པ། མནར་གཅོད་མྱོང་བ་གསུམ་
ག་འདྲས་སུ་རྩ་དོན་སྒྲུབ་རྒྱུའི་ཆ་རྐྱེན་དུ་གྱུར་པ་རེད་ཅེས་འདྲི་གི་ཡིན།
དངོས་གནས་བདེན་པ་རེད་ཡིན་ན་ཡང་བལ་ཡུལགཞུང་གི་བོད་མི་མང་ལ་བལྟ་སྟངས་ཡག་པོ་མེད་པ་ད་ལྟ་མ་རེད་སྔོན་མ་ནས་དེ་རང་རེད་ཉེ་ཆར་གནས་ཚུལ་འདིའི་སྲིད་ཇུས་ནི་རྒྱ་ནག་གི་སྲིད་ཇུས་ཡིན་པ་ཚང་མའི་མཁྱེན་གསལ་རེད་དེ་ཡང་མ་འོངས་པ་བོད་ཀྱི་འོས་ཤོག་བླུག་དགོས་དུས་ཐབས་ཤེས་ག་འདྲ་ཞིག་དགོས་ས་རེད་དེ་ལ་ངེས་པར་དུ་འོས་བརྡུར་ལས་ཁང་ཚང་གིས་ཐོས་བསམ་བྱ་དགོས་པ་ཞིག་རེད་བསམ་གྱི་འདུག
བོད་གཞུང་ཚང་གི་འདི་ལ་ཐབས་ཤེས་ཡག་པོ་ཞིག་སྟངས་ཐུག་ན་དངོས་གནས་རྗེས་སུ་ཡིད་རང་ཡོད་མ་ཟད་མ་འོངས་པ་ད་དུང་ལས་ཆར་ག་འདྲ་སླེབས་ན་ཧ་གོ་རྒྱུ་མི་འདུག
བན་ནག་ཚང་ལགས། བལ་གཞུང་གིས་ཤད་ལྟ་འཕྲོག་ཡོད་ཀྱི་མ་རེད། འོ་ན་ཁྱེད་ཀྱིས་ཤད་རྣམས་སུས་འཕྲོག་སོང་ངམ། རྩེད་མོ་དང་མཉམ་དུ་ཡིན་གདའ། དགོངས་འགལ་མེད་པ་ཐུགས་ཌྷལ་འདོག
བན་ནག་ཚང་ལགས། བལ་གཞུང་གིས་ཤད་ལྟ་འཕྲོག་ཡོད་ཀྱི་མ་རེད། འོ་ན་ཁྱེད་ཀྱིས་ཤད་རྣམས་སུས་འཕྲོག་སོང་ངམ། རྩེད་མོ་དང་མཉམ་དུ་ཡིན་གདའ། དགོངས་འགལ་མེད་པ་ཐུགས་ཌྷལ་འདོག