རེས་གཟའ་མིག་དམར་ཉིན། བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ཆེད་དུ། བལ་ཡུལ་དུ་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་ཞལ་འདོན་འཚོགས་ཤིང་། ཞལ་འདོན་རྗེས་སུ་ བོད་མི་བརྒྱ་ལྷག་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་འདུག དོན་རྐྱེན་དེའི་རྗེས་སུ། བལ་ཡུལ་དུ་གནས་སྡོད་བོད་རིགས་བུད་མེད་ཞིག་གིས་རང་ལུས་མེར་བསྲེགས་གཏོང་རྩིས་བྱས་བའི་གནས་ཚུལ་ཐོན་འདུག
ངོ་མ་བལ་ཡུལ་ན་དམ་བསྒྲགས་ཆེ་ལ་བོད་མི་ཚོར་དཀའ་སྡུག་ཡང་ཆེ། མོ་སུ་ཡིན་ནམ། ཀུན་སློང་དང་སྙིང་སྟོབས་དེ་འདྲ་ཞིག་ཡོད་པ་ཙམ་གྱིས་ཡག་བྱུང་ཞུ་ཡ་ཡིན།
ད་ནི་ཨ་རི་དང་ཡོ་རོབ་ཁུལ་ནས་བོད་དོན་ཆེད་རང་ལུས་མེ་བསྲེག་གཏོང་ཕོད་མཁན་ཞིག་ལ་སྒུག་རན་སོང་། བལ་ཡུལ་གྱི་བུད་མེད་དེའི་སྙིང་སྟོབས་རྒྱལ་ལོ། ངོ་མ་འདིའི་རིགས་མཐོང་དུས་སྙིང་རྗེ་གི། སྙིང་གཟེར་གི།
ཀུན་སློང་དང་སྙིང་སྟོབས་དེ་འདྲ་ཞིག་ཡོད་པར་ཐུགས་རྗེ་ཆེ་ཞུ་བ་ལགས།
རྒྱལ་ཞེན་གྱི་སྙིང་ཁམས་མེ་ལྟར་འབར་བའི་རླབས་ཆེན་གྱི་སྐྱེས་མ་ཁྱེད་དང་ཁྱེད་འདྲ་བ་ཚོས་ཕྱག་ལས་འདི་འདྲ་གནང་བས། ད་གཟོད་བོད་ལ་གསོན་ཤུགས་རྒྱས་ཤིང་རེ་བ་བསླང་། དེ་བས་ཁྱེད་ཅག་འདི་ལྟར་འགྲོ་མི་རུང་སྟེ། ཁྱེད་རྣམས་བོད་ཀྱི་སྒལ་ཚིགས་ཡིན་པས་ནམ་ཡང་བརྟན་པོར་བཞུགས་རོགས། བོད་རྒྱལ་ལོ།
གང་ན་བཙན་གནོན་ཡོད་པ་དེ་ན་འགོག་རྒོལ་ཡོད། ཅེས་པ་ལྟར། གནས་ཚང་རྒྱལ་ཁབ་ནང་ནས་བལ་ཡུལ་བོད་མིར་སྡང་ཟུག་ཆེ་ཤོས་བལ་ཡུལ་ནང་། ༢༠༠༨ ལོ་ཡང་གཟེངས་སུ་ཐོན་པའི་ལས་འགུལ་མཐའ་ཡས་རྒྱ་མཚོའི་རྦ་རླབས་བཞིན་འཕྱུར་སོང་ལ། དེང་དུས་ཀྱང་དེ་ལྟར་རེད། སྐྱེས་མ་ཁྱོད་ཀྱི་སྙིང་སྟོབས་ལ་ཡི་རངས་དང་། ཁྱོད་སྐུ་ཚེ་བརྟན་པར་ཤོག
བུད་མེད་འདིའི་སྐོར་གྱི་གནས་ཚུལ་རྒྱས་པ་ཞིག་རེག་རྒྱུར་སྒུག་ཡོད།
ཁོ་མོའི་སྙིང་སྟོབས་རྒྱལ་ལོ། །བོད་རྒྱལ་ལོ། །
བུད་མེད་འདིའི་སྙིང་སྟོབས་དང་བོད་ནང་གི་དཔའ་བོ་དཔའ་མོ་རྣམས་ལ་ཉམས་གཅིག་ཏུ་གུས་འདུད་ཞུ།
སེམས་ཀྱི་ཀུན་སློང་རྒྱལ་ཞེན་མེ་འབར་ནས།།
ལུས་ཀྱི་མཆེད་མེ་ཕུལ་ལ་འཇིགས་མེད་པར།།
དཔའ་བོར་རྗེས་བསྙེགས་བལ་ཡུལ་བུད་མེད་ཁྱེད།།
ནམ་ཡང་བསྔགས་པ་བརྗོད་ལ་ངལ་མ་མཆིས།།
ལས་འགུལ་དགའ་བསུ་ཡོད་ཀྱང་། ཡང་ན་དྲག་པོའི་སྒོ་ནས་དགྲ་བོའི་ལུས་དང་མཚོན་ཆ་བསྲེག་དགོས་རེད། ཡང་ཞི་བའི་སྒོ་ནས་དགྲ་བོའི་གདུག་རྩུབ་དང་ངན་འཆར་ཞི་བར་བྱེད་དགོས་ལ་པ་ལས། ཐབས་ལམ་གསུམ་པ་ཞིག་ངས་ནི་མཐོང་བགྱིད་མི་འདུག་ལགས། ངས་ཚིག་འདི་ལོག་འགྲེལ་མ་གནོངས་རོགས། ཐུགས་རྗེས་གཟིགས།
ཡང་ན་ཞི་བའི་་་་་
རྒྱལ་གཅེས་དཔའ་མོ་ཁྱེད་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡི་རངས་ཡོད། ཚེ་རིང་ཁ་བྲོ།
བུད་མེད་ཁོང་གི་སེམས་ཤུགས་ལ་བསྔགས་བརྗོད་ཡོད། དྲང་པོར་བཤད་ན་ང་ཚོ་དྲ་རྒྱ་ཁག་གི་ནང་དུ་མཆན་འདྲ་མིན་སྤེལ་ནས་སེམས་ཤུགས་ཡོད་མདོག་གི་རྣམ་པ་འདྲ་མིན་ཇི་ལྟར་སྟོན་རུང་། བུད་མེད་ཁོང་གི་སེམས་ཤུགས་དང་བསྡུར་ན་ཡང་ལྗི་ཧེ་བག་ཆེན་པོ་ཤོར་བ་གཞི་ནས་ཤེས། མཆན་འབྲི་སྐབས་གཅིག་བྱེད་དགོས་རེད་གཉིས་བྱེད་རྒྱུ་ཡོད་མ་རེད་ཟེར་བ་སོགས་སྤེལ་བ་ནི་ལས་སླ་པོ་ཡིན། ཡིན་ན་ཡང་དོན་དངོས་པོའོ་ཐོག་ལ་གོམ་གང་མདུན་སྤོས་བྱེད་ཐུབ་མཁན་ནི་རི་བོང་རའི་སྤུན་ཟླ་རུ་གྱུར།
བོད་ཀྱི་བུད་མེད་མོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ གང་ན་བཙན་གནོད་ཡོད་ན་དེས་ན་ངོ་རྒོལ་ཡོད་ཅེས་པ་ཅི་མ་བདེན། བོད་ནང་གི་འཕྲོ་ནས་བལ་ཡུལ་སྡུག་པ་ཀུན་གྱིས་ཤེས་གསལ་རེད། འུ་ཐུག་ན་རང་ལུས་མེ་བསྒྲོན་ངེས་རེད།
བོད་རང་བཙན་ཟེར་མཁན་ཚོ་ཁ་ཙམ་མིན་ན་ད་དངོས་གནས་རང་ལུས་མེ་བསྲེག་གཏོང་ཡག་གཅིག་པུ་མ་གཏོགས་བྱེད་ཐབས་གང་ཡང་མེད་པས་བོད་རང་བཙན་ཚོགས་པའི་འགོ་ཁྲིད་ཚོ་སྙིང་སྟོབས་བསྐྱེད་ན་ཤིན་ཏུ་ལེགས་སོ། སྙིང་སྟོབས་མ་ཞུམ!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!!
བོད་ཡིག་གི་ཆེད་དུ་ཚེ་སྲོག་ལེགས་སྐྱེས་འབུལ་མཁན་ཚོས་རང་གི་ཚེ་སྲོག་ལའང་སྲུང་སྐྱོབ་གནང་རོགས། ཆབ་སྲིད་འཐབ་རྩོད་ལ་གནའ་ནས་ད་བར་ཁྲག་བཞུར་བཞུར་བ་རེད། ཁྲག་དང་མིག་ཆུ་བཞུར་མི་དགོས་པའི་འཐབ་རྩོད་ཅིག་ཡོང་མི་སྲིད། མི་རིགས་ཀྱི་དྲང་བདེན་ཆེད་དུ་ཁྲག་དང་མིག་ཆུ་བཞུར་མཁན་ཚོ་ཡང་བོད་ཡིག་གིས་ལོ་རྒྱུས་ཟིན་ཐོར་འགོད་དགོས།
བུད་མེད་ཁོང་གི་སྙིང་སྟོབས་ལ་སྙིང་ནས་གུས་བཀུར་ཡི་རང་ཞུ། ནང་ཁུལ་སྐྲུག་མཁན་ཤེས་ཡོན་པའི་མིང་འཛིན་དེ་ཚོ་ལས་འདི་ཚོ་ལྡབ་འགྱུར་གྱིས་ལྷག་གི་རེད་ལ་རིན་ཐང་ཆེ་ཡི་རེད།
ཨ་ཀྱག་འདིའི་སྙིང་སྟོབས་ལ་འགྲན་ནུས་མཁན་བཙན་བྱོལ་སྤྱི་ཚོགས་ཁྲོད་ན་ཤིན་ཏུ་དཀོན།
ཁོ་མོའི་སྙིང་སྟོབས་ལ་གུས་བཀུར་ཞུ།
ད་ནི་རྒྱལ་ཚོགས་ཀྱི་སྒོ་དྲུང་ནས་མེར་སྲེག་གི་ལས་འགུལ་ཞིག་སྤེལ་དགོས་འདུག ངེས་པར་དུ། དུས་ལ་བབ་ནས་འདུག ཨ་རིར་སྡོད་པའི་བོད་མི་ཚོ། ད་ལངས་ནས་ཤོག བོད་ནང་དང་འབྲེལ་བའི་གཞོན་ཚོགས་ལགས། ད་ནི་མ་འདུག་ལ་མོར་སྒྲུབས། སྐབས་སུ་བབ་ནས་འདུག ཨ་མའི་བུད་རྒོད་ཚོ།
ད་ནི་རྒྱལ་ཚོགས་ཀྱི་སྒོ་དྲུང་ནས་མེར་སྲེག་གི་ལས་འགུལ་ཞིག་སྤེལ་དགོས་འདུག ངེས་པར་དུ། དུས་ལ་བབ་ནས་འདུག ཨ་རིར་སྡོད་པའི་བོད་མི་ཚོ། ཁྱོད་ཚོར་བལྟས་ནས་ཡོད། གཞོན་ནུ་ཚོགས་པ་ལགས། མ་འདུག་ལ་མོར་སྒྲུབས། ཁ་ནས་བཤད་པ་ལས་ཀྱང་ལག་ལེན་དུ་འདེབས་རྒྱུ་ཤིན་ཏུ་གལ་ཆེ། ཨ་མའི་བུད་རྒོད་ཚོ།
བལ་ཡུལ་འཇོ་ཁེལ་བསམ་སྒྲུབ་གླིང་གཞིས་ཁོངས་ནས་ཡིན་པའི་དཔའ་མོ་ཁྱེད་ལ་རྗེས་སུ་ཡིད་རང་དང་ཐུགས་རྗེ་ལན་བརྒྱར་ཞུ་རྒྱུ་ཡིན།
ལྔ་བཅུ་ང་དགུ་ནས་བཟུང་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་བོད་ཕྱི་ནང་གཉིས་ཀྱི་དཔའ་བོ་དཔའ་མོ་རྣམ་པར་སྙིང་ནས་གུས་འདུད་ཞུ།
བོད་ཀྱི་དཔའ་མོ་ཁྱེད་སྙིང་སྟོབས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཡོད།
བལ་ཡུལ་ནང་དང་བོད་ནང་གི་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་དམ་དྲག་བྱས་པའི་གནོད་ཤུགས་གཅིག་པ་གཅིག་རྐྱང་རེད། ནེ་པལ་ལ་རང་བཙན་ཞིག་ཡོད་པ་ནི་མིང་ཙམ་རེད།
དཔའ་མོ་དེའི་ལོ་རྒྱུས་རེ་འགོད་ཐུབ་ན་ཅི་འདྲའི་དགའ་བ།