བོད་ཀྱི་དུས་བབ་ནས་འདྲེན་བཀོད་བྱས།
༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་དང་སྟབས་བསྟུན། དེ་རིང་ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༡༥ སྟེང་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་སྐོར་ལམ་དུ། བོད་ཀྱི་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་འདུག
གནས་ཚུལ་རྒྱས་པ་འདི་ནས་གཟིགས། བལ་ཡུལ་དུ་རང་ལུས་མེར་བསྲེགས།”>
རྒྱལ་གཅེས་དཔའ་བོའི་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་།ཚེ་རབས་ནས་ཚེ་རབས་ལ་༧རྒྱལ་དབང་མཆོག་གི་རྗེས་སུ་འཛིན་པར་སྨོན།
འདི་ནས་ནུབ་ཀྱི་ཕྱོགས་རོལ་ན།།
འོད་དཔག་མེད་ཀྱི་ཞིང་ཁམས་ཡོད།།
སུ་ཞིག་དེ་ཡིས་མཚན་བརྗོད་པ།།
ཞིང་མཆོག་དེ་རུ་སྐྱེ་བར་ཤོག།
བལ་ཡུལ་རང་ལུས་མེ་བསྲེགས་དེ་སུ་ཡིན་པ་ད་དུང་ཧ་མ་གོ་བ་གང་ཡིན་ན?
བལ་ཡུལ་དུ་རང་ལུས་མེར་བསྲེགས་མཛད་པ་པོའི་གནས་ཚུལ་གང་ཡང་འགྲེམ་སྤེལ་བྱེད་མི་ཐུབ་པ་ནི། བོད་མིའི་བསྒྲིགས་འཛུགས་དང༌། དེ་འབྲེལ་གྱི་གསར་འགོད་པ་ཡོངས་ནས་ལས་དོན་ཚག་ཚུད་དུ་སྒྲུབ་བཞིན་ཡོད་པའི་མངོན་དཔག་གསལ་པོ་ཞིག་རེད།
འདི་ལོ་བོད་ཟླ། ༡ ཚེས། ༤ མདོ་སྨད་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་གྱི་ཁོངས་གཏོགས་ཨ་མཆོག་སྨད་ཀྱི་ཀླུ་ཤོད་སྐྱི་ནང་ཞེས་པའི་ས་གནས་ཀྱི་རང་ལོ་ ༢༦ ཡིན་པའི་རྒྱལ་གཅེས་དཔའ་བོ་འབྲུག་པ་མཁར་ལགས་བར། བོད་ནང་ནས་རང་ལུས་མེར་བསྲེཊ་གནང་མཁན་བོད་མི་ ༡༠༡ དང་། བཙན་བྱོལ་ནང་ནས་རང་ལུས་མེར་བསྲེཊ་གནང་མཁན་བོད་མི་ ༦ བྱུང་ཡོད།
བལ་ཡུལ་མཆོད་རྟེན་ཆེན་མོའི་ཉེ་དྲུང་ནས་སྐུ་ལུས་མེ་མཆོད་ཕུལ་བའི་དཔོ་བོ་ཁོའི་འདོད་དོད་ནི་བོད་མི་རིགས་ཀྱི་བདེན་མཐའ་སེལ་རྒྱུ་དེ་རེད། ཁོང་གིས་སྐུ་ལུས་མེར་སྒྲོན་ནས་སྐད་འབོད་གནང་སྐབས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྒྲོག་པ་ཉེ་འཁོར་བ་རྣམས་ཀྱི་གོ་ཐོས་མ་བྱུང་ཟེར། བོད་མི་ཚོ་རང་ལུས་མེར་མཆོད་འབུལ་བཞིན་པ་འདི་བོད་མི་རིགས་ཀྱི་བདེན་དོན་གསལ་ཆེད་དུ་ཡིན་པ་ལས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་ཆེད་གང་ནས་ཡིན། བོད་མི་རིགས་དང་མི་རིགས་ཀྱི་བདེ་སྐྱིད་དང་རང་དབང་ཆེད་དུ་སྐུ་སྲོག་བཏང་བ་དེ་ཆོས་དང་བླ་མའི་ཆེད་དུ་ཡིན་པར་མ་བསྒྲགས་ན་མི་ལེགས་སམ། དེ་ལྟར་བསྒྲགས་ཚེ་འཛམ་གླིང་གི་མི་ཕལ་གྱིས་སེམས་ལ་ཆོས་དང་སྐྱབས་མགོན་གྱི་གནད་དོན་ཞིག་ཏུ་ངོས་འཛིན་བྱེད་ངེས་ཡིན་ལ། དེས་རྒྱ་གཞུང་གིས་གང་བསྒྲགས་པ་དེ་ལ་དོན་གྱིས་བདེན་ཁ་སྤྲད་པ་ལྟར་འགྱུར་སྲིད།