འདྲེན་ཁུངས། བོད་ཀྱི་དུས་བབ།
དེ་རིང་ཞོགས་པར་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་སྐོར་ལམ་ནང་རོལ་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་གནང་སྟེ་སྐུ་གྲོངས་ཡོད་འདུག ད་ལྟ་རང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཕྱི་ཚེས་ ༦ ཉིན་གྱི་ཞོགས་པར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་སྐོར་ལམ་ནང་རོལ་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག འཕྲོས་འདི་ནས་གཟིགས་http://www.tibettimes.net/news.php?showfooter=1&id=7973
ཐུབ་བསྟན་དངོས་གྲུབ་ཀྱིས་སྤར་བའི་མེ་ལྕེ། རི་སུལ་དང་རི་སུལ་བརྒྱུད། འདི་ལྟར་མཆེད་སོང་། དམར་པོ་ཡང་འཚིག་གིན་འཚིག་གིན། སྡུག་སྐད་དང་སྨྲེ་ངག་འདོན་དགོས་ཐུག་པ་བཟོས་སོང་། ཚུར་ཕྱོགས་དེར། གངས་རི་དཀར་པོའི་བླ་སྲོག་ལ་གསོན་ཤུགས་རྒྱས། མ་ཕམ་གཡུ་མཚོའི་བྲང་ཁོག་ལ་དྲོད་རླབས་འབུས། ཀོང་པོའི་ནགས་ཀླུང་དུ་ལྗོན་པའི་ཡལ་ག་ཤུགས་ཀྱིས་རྒྱས། ཨེ་མ། སྲོང་བཙན་སྒམ་པོའི་བུ་བརྒྱུད།
ད་ནི་བལ་དམག་ཇག་ཚོགས་ཚོའི་ས་ནས་སྐུ་ཕུང་དེ་ཚུར་གདན་འདྲེན་ཞུ་ཐབས་ལ་བརྩོན་དགོས་པ་ཁ་ཚ་དགོས་གཏུགས་རེད། འདི་ཐད་སེང་གེའི་བཀའ་ཤག་ལ་ངར་སྐད་སྒྲོག་རྒྱུ་ཡོད་ན་སྒྲོག་རན་རེད། རྒྱལ་སྤྱིའི་སྟེང་ལ་འབོད་སྐུལ་ཞུ་དགོས་ན་ཞུ་དུས་རེད། ལས་འགུལ་སྤེལ་དགོས་ན་སྤེལ་སྐབས་རེད། གང་ལྟར་བལ་གཞུང་རྒྱ་ཁྱི་དེ་རྒྱལ་སྤྱིའི་སྟེང་ལ་ངོ་ཚ་ཞིག་བཟོ་དགོས་པར་འདུག
བོད་མི་ཡིན་པའི་རྒྱུ་མཚན་གང་། ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰི༔ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰི༔ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰི༔ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰི༔ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰི༔ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰི༔ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰི༔
་་་་ གནས་ཚུལ་བྱུང་མ་ཐག་བལ་ཡུལ་༼རྟ་མང་གི་གཞོན་སྐྱེས་ཁག་ཅིག་གིས་༽མི་མང་ཉེ་འཁྲིས་སུ་བཅར་མ་བཅུག་པར་བཀག་འགོག་བྱས་ཡོད་འདུག་ལ། ཕྱིས་སུ་བལ་ཡུལ་ཉེན་རྟོག་པ་དང་དམག་མི་འབྱོར་ཏེ་སྐུ་ཕུང་འཁྱེར་ཡོད་འདུག ་་་་་་ཟེར།
༤༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༦ གི་ཆུ་ཚོད་ ༢ སྐར་མ་ ༢༧
་་་་་ བལ་པོའི་ནང་པས་བལ་ཡུལ་གྱི་ནུབ་ཕྱོགས་ཀྱི་ནགས་ཚལ་ནང་དུ་ནང་པའི་དགོན་པ་གསར་བཞེངས་བྱ་རྒྱུར་བལ་པོའི་ས་གནས་གཞུང་གིས་ཁོང་ཚོར་དགོན་པ་གསར་བཞེངས་བྱེད་ཆོག་པའི་བཀའ་ཁྲོལ་མེད་ལུགས་བཤད་དེ་དགོན་པ་གསར་བཞེངས་བྱེད་དུ་མ་བཅུག་པར་བཀག་འགོག་བྱས་པར་བརྟེན་ནས་བལ་པོའི་ནང་པ་ཚོས་ས་གནས་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་ལས་འགུལ་སྤེལ་བ་ཞིག་ཡིན་པ་དང། བལ་ཡུལ་རྒྱལ་ཁབ་དེ་ནི་མི་འབོར་མང་ཆེ་བ་ཧིན་དུའི་ཆོས་དད་པ་ཡིན་ནའང་མི་འབོར་གྱི་བརྒྱ་ཆ་༡༠ ནང་པ་ཡིན་པ་རེད།། ་་་་་་་
ཁ་བརྡ་རྩོམ་སྒྲིག་པ་ལགས། གུས་པས་དེ་རིང་བཀའ་སློབ་བརྙན་ཐུང་འབྲེལ་ཐག་ཅིག་ཕུལ་ཡོད་པ་དེ་འདིར་དགོད་པའི་ཆ་རྐྱེན་ཚང་ཡོད་ན་ཐུགས་རྗེས་གཟིགས།
སྐུ་ཞབས་ཀླུ་སྨྱོན་ལགས། བཀའ་སློབ་འདི་འདི་ལོའི་ཕྱི་༥ ཚེས་༢༥ ཉིན་ཨ་རིའི་དོན་གཅོད་ཁང་གིས་བསྐུར་གནང་ཡོད་པ་ལྟཪ། དེ་ཉིན་ཁ་བརྡར་བཀོད་ཚར་ཡོད་སྟབས་བསྐྱར་འགོད་མི་དགོས་པར་ཞུ་ལགས། ཐུགས་རྗེ་ཆེ།
བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་ཀརྨ་ངེས་དོན་རྒྱ་མཚོ་ལགས་ནས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།
བལ་ཡུལ་ནས་བཏང་འབྱོར།
༄༅༎དེ་རིང་ཕྱི་ཟླ་༨ཚེས་༦ཉིན་གྱི་སྔ་དྲོའི་ཚོུད་བདུན་དང་ཕྱེད་ཀ་ཙམ་ལ་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་གྱི་ཤར་ཕྱོགས་ངོས་སུ་བོད་པའི་དགེ་འདུན་པ་ཞིག་གིས་བོད་དོན་ཆེད་དུ་རང་ལུས་མེ་སྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་པ་རེད།
ང་ཚོའི་བལ་ཡལ་གྱི་གསར་འགོད་པས་བཏང་བའི་གནས་ཚུལ་ལ་གཞིགས་ན། དགེ་འདུན་པ་ཁོང་གི་མཚན་ལ་ཀརྨ་ངེས་དོན་རྒྱ་མཚོ་ཞུ་བ་དང། ཕྱི་ལོ་༡༩༧༤ ལོའི་ཕྱི་ཟླ་༧ཚེས་༢༨ ཉིན་ཁམས་ནག་ཆུ་ས་ཁུལ་འདམ་གཞུང་རྗོང་དུ་འཁྲུངས་སྟེ་ད་ལྟ་དགུང་ལོ་༣༩ ཕེབས་ཡོད་ཅིང། ཁོང་གི་ཕ་ཡི་མཚན་ལ་འཇམ་དབྱངས་བཀྲིས་ལགས་དང། མ་ཡི་མཚན་ལ་ཨོ་རྒྱན་ལགས་ཞུ་ཡི་ཡོད་འདུག ཁོང་ཕྱི་ལོ་༢༠༡༡ལོར་བལ་ཡུལ་བརྒྱུད་བཙན་བྱོལ་དུ་ཕེབས་ཏེ་བལ་ཡུལ་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་ནས་ལམ་ཡིག་ཆོག་མཆན་བསྣམས་ཏེ་རྒྱ་གར་ནང་དུ་ཕེབས་ཡོད་ཀྱང་དེ་རྗེས་རྒྱ་གར་ནས་བསྐྱར་དུ་བལ་ཡུལ་ནང་ག་དུས་ཕེབས་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་མེད་པ་རེད། ཁོང་གིས་དེ་རིང་སྔ་དྲོ་མཆོད་རྟེན་སྐུ་མདུན་དུ་སྟོང་མཆོད་ཕུལ་བ་དང་སྨོན་ལམ་བཏབས་པའི་རྗེས་རང་ལུས་མེ་སྲེག་བཏང་བ་དང། ལུས་ཐོག་གི་མེ་ལྕེ་ཆེན་པོ་འབར་བཞིན་ཡོད་ཀྱང་བོད་ལ་སྐྱིད་པའི་ཉི་མ་ཞེས་འབོད་སྒྲ་སྒྲོག་ཡོད་པ་དང། དེ་རྗེས་སྐར་མ་༡༥ ཙམ་ནས་བལ་པོའི་ཉེན་རྟོག་པ་འབྱོར་ཏེ་སྨན་ཁང་དུ་བསྐྱལ་ཡོད་ཀྱང་ཁོང་གི་སྐུ་ལུས་ཀྱི་མེ་ལྕེ་འབར་ཤུགས་ཆེ་དྲག་ཏེ་སྨན་ཁང་དུ་མ་འབྱོར་སྔོན་ནས་འདས་གྲོངས་སུ་ཕྱིན་ཟིན་པ་སྨན་པས་གསུངསཡོད་པ་རེད། དེ་རིང་སྐུ་ཞབས་ཀརྨ་ངེས་དོན་རྒྱ་མཚོ་ལགས་ཀྱིས་བལ་ཡུལ་མཆོད་རྟེན་དུ་རང་ལུས་མེ་བསྲེག་བཏང་གནང་བའི་རྗེས་བལ་ཡུལ་མཆོད་རྟེན་ཁུལ་དུ་ཉེན་རྟོག་པས་སྔར་བས་མང་དུ་འགྲེམས་འཇོག་བྱས་ཡོད་པ་མ་ཟད། དེ་རིང་སྔ་དྲོའི་ཚོུད་༡༡ དང་སྐར་མ་༤༥ ཙམ་ལ་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁག་གི་ལས་བྱེད་པ་གཉིས་བལ་པོའི་ཉེན་རྟོག་ལས་ཁུངས་སུ་ཡོང་སྟེ་རང་ལུས་མེ་སྲེག་དོན་རྐྱེན་འདྲི་ཞིབ་བྱས་ཡོད་པ་རེད། བལ་པོའི་ཉེན་རྟོག་པས་ཕེ་རན་སི་གསར་འགོད་པར། དགེ་འདུན་པ་ཁོང་གི་གང་ནས་ཡིན་མིན་དང། རྒྱབ་ལྗོངས་ཀྱི་ལོ་རྒྱུས། དོན་རྐྱེན་འབྱུང་རིམ་སོགས་ཀྱི་སྐོར་འཚོལ་ཞིབ་བྱ་རྒྱུ་ཡིན་པ་དང། ༢༠༡༡ ལོའི་ཕྱི་ཟླ་༡༡ པ་ནས་བཟུང་བལ་ཡུ་མཆོད་རྟེན་ཁུལ་དུ་རང་ལུས་མེ་སྲེག་བཏང་བའི་དོན་རྐྱེན་ཐེངས་གསུམ་བྱུང་ཡོད་ལུགས་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།།
གཤེགས་སྟངས་དེ་གང་དྲག་བསམ་དོན་འགྲུབ་དཀའ།དེ་བས་རང་སྲོག་བློས་བཏང་ཟིན་པས་ད་དུང་གཞན་་་་་་་་་་་ང་གང་དྲག་སྲོག་བརྒྱ་ཕྲག་ལྷག་ཅིག་འགྲོ་སོང་གྲུབ་འབྲས་འདི་རེད་ཟེར་བ་་་་་་་་་་ད་དུང་དྲི་རྟགས་འོག་ལུས། ད་དཔེ་བསགས་སོང་དབུ་མ་དང་རང་བཙན་ང་ཆེ་ཁོ་ཆེ། ང་བདེན་ཁོ་བདེན་ད་དུང་ཚང་མ་བློས་བཏང་ཧུ་ཤུ། ཁོ་ཚོས་སྲོག་བློས་བཏང་ད་དུང་མཆོད་མེ་ཀོང་ཆུང་ཁ་ཤས་ཀྱི་སྐྱེལ་མ་ཡིན་ཁུལ། སྨོན་ལམ་ཡོད་ཟེར། ལྷག་བསམ་འདུག་ཟེར་ཕུ་རེ་རྒྱབ་ཞོར་ཡང་སྲོག་ཅན་འགས་བདེན་པར་འཛིན། རེ་བས་བཅིངས། འོ་ཡ་ད་དགོངས་པ་བཞེས་རོགས་གྲུབ་འབྲས་གཟིགས་རོགས།
Ujong ལགས། འདམ་གཞོང་ཁམས་མ་རེད། ལྷ་ས་ཉེ་འཁྲིས་སུ་རེད། གོ་ཐོས་ལྟར་ཁོ་རང་ཡངས་ཅན་དགོན་པའི་གྲྭ་བ་རེད་ཟེར།
འདམས་གཞུང་སྔོན་ཆད་དབུས་ཀྱི་ཁོངས་སུ་གཏོགས་པ་སྙོན་དུ་མེད་མོད། ད་ལྟ་ཁམས་སུ་བཅད་པ་ཡང་གནས་ཚུལ་གསར་བ་གང་ཡང་མ་རེད། འདམས་གཞུང་། གཉན་ཆེན་ཐང་ལྷ། གནམ་མཚོ་ཕྱུག་མོ། ཡངས་པ་ཅན་སོགས་ས་ཕྱོགས་གཅིག་རེད། ཡངས་པ་ཅན་ཀརྨ་ཞྭ་དམར་པའི་གདན་ས་རེད། ལྷ་སའི་ཉེ་འཁྲིས་ཞེས་པའི་བཤད་པ་དེ་སྐར་མའི་འཇིག་རྟེན་ནས་མི་ཡུལ་དུ་བལྟས་པའི་གསུང་མིན་ནམ། རྩེད་མོ་ཞུ། དགོངས་འགལ་མེད་པར་ཞུ།
བྱང་ཡངས་པ་ཅན། ལྷ་ས་ནས་ཉེ་འཁྲིས་སུ་ཡོད། ང་ཡང་དགོན་པ་དེར་འགྲོ་མྱོང་ཡོད། དེ་སྔ་རྒྱལ་བ་ཞྭ་དམར་པའི་དགོན་པ་དེ་དགེ་ལུགས་སུ་བསྒྱུར་བ་རེད། ཡིན་ནའང་ད་ལྟ་བཀའ་བརྒྱུད་རེད།