བལ་ཡུལ་ལ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཉིན་གཉིས་རིང་བསྟུན་མར་བལ་ཡུལ་གྱི་རྒྱལ་སར་ཡོད་པའི་སྐར་མ་ལྔ་ལྡན་གྱི་མགྲོན་ཁང་ལ་ལྕགས་སྟག་བོད་ཀྱི་ལོ་སར་བསུ་བའི་གསོལ་སྟོན་སྤྲོ་འཛོམས་ཚོགས་པའི་བྱ་འགུལ་སྤེལ་ཡོད། དེའི་ཆེད་ཉིན་ཤས་གོང་ནས་བོད་མིའི་སྤྱི་ཚོགས་ཁྲོད་མགྲོན་ཤོག་མང་པོ་རིན་མེད་དུ་དཀྲམ་ཡོད་ལ་སྟོན་ཐོག་ལ་ཞུགས་མཁན་ཚོར་བཟའ་བཏུང་སྣ་འཛོམས་དང་ཆང་རག་གང་འདོད་རིན་མེད་དུ་སྤྲད་ཡོད་ལ་སྐབས་དེར་གཞུང་ཚབ་ལས་བྱེད་དང་བལ་ཡུལ་ནང་གི་རྒྱ་མི་རིགས། བལ་ཡུལ་གྱི་མི་སེར་དང་བལ་ཡུལ་མི་སེར་ཁོངས་ལ་ཡོད་བའི་ཁ་ཙ་ར་མི་རིགས། དགོན་པ་གང་ནས་ཡིན་པ་གསལ་བོ་མེད་པའི་དགེ་འདུན་པ་དང་བལ་བོད་བར་གྱི་ཚོང་ལས་བ་དང་བལ་ཡུལ་ནང་གི་བོད་མི་མི་གྲངས་༣༠༠་ཙམ་མཉམ་ཞུགས་བྱས་ཡོད། རྒྱ་ནག་གཞུང་ཚབ་པ་ཆེའུ་གོ་ཧུང་གིས་སྐབས་དེར་༢༠༠༩ལོའི་ནང་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་གནང་བ་དང་སྦྲགས་བོད་རིགས་སྤུན་ཟླ་ཚོས་སྔར་རྒྱུན་བཞིན་ཕ་ཡུལ་འཛུགས་སྐྲུན་བྱེད་རྒྱུར་ཐུགས་ཁུར་དང་མཉམ་ཞུགས་ཧུར་ཐག་བྱེད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བ་བྱེད་པའི་བྱ་གཞག་རླབས་ཆེན་ལ་རྒྱབ་སྐྱོར་གནང་རྒྱུའི་ཐུགས་རེ་སྟོན་པ་མ་ཟད་སྔོན་བྱས་གང་ཡིན་མ་བལྟོས་བར་མེས་རྒྱལ་ལ་དགའ་བར་སྔ་ཕྱི་མེད་པ་དང་། ཀྲུང་དབྱང་སྲིད་གཞུང་ནམ་ཡང་རྒྱ་ཆེ་མི་མང་དང་མཉམ་དུ་ཡོད་པས་བལ་ཡུལ་ནང་གི་བོད་མི་ཚོར་དཀའ་ངལ་གང་ཡོད་ཐད་ཀར་གཞུང་ཚབ་ལ་བཤད་ན་རོགས་རམ་བྱེད་རྒྱུར་གྲ་སྒྲིག་ཡོད་པ་སོགས་བཤད་ཡོད། ད་དུང་སྐབས་དེར་དྲིལ་བསྒྲགས་ཆེད་དཔེ་དེབ་དང་། ལོ་ཐོ། འོད་སྡེར་འདྲ་མིན་རིན་མེད་ཐོག་དཀྲམ་པ་དང་ཆེད་དུ་འདན་ཞུ་བྱས་བའི་བོད་ནག་ཆུ་ས་ཁུལ་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་ཡོད་པ་རེད།
་་་་་་། ད་དུང་སྐབས་དེར་དྲིལ་ བསྒྲགས་ཆེད་དཔེ་དེབ་དང་། ལོ་ཐོ། འོད་སྡེར་འདྲ་མིན་རིན་མེད་ཐོག་དཀྲམ་པ་དང་ཆེད་དུ་འདན་ཞུ་བྱས་བའི་བོད་ནག་ཆུ་ ས་ཁུལ་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་ཡོད་པ་རེད།
་་་འོད་སྡེའམ། འོད་སྡེར།་་་ ཟེར་ན་གང་ལ་གོ་དགོས་སུ་རུང་ཞིག་གིས་སློབ་སྟོན་གནོངས་རོགས།
ད་ཡང་བལ་ཡུལ་ན་བཞུགས་པའི་བོད་རིགས་སྤན་ཟླ་འཇོན་པོ་ཁ་ཤོས་རྒྱའི་བོད་ཀྱི་ལོ་སར་ལ་སོང་ཡོད་རྒྱུ་རེད་ཡ། གཟན་ཤམས་གྱོན་མཁན་གཉིས་ཀྱི་དབུ་ཡང་རིག་འདུག་གཱ མགོ་རིལ་འདི་ཚོ་སུ་ཡིན་ནེ་ནམ།
འོད་སྡེར་ཟེར་ན་CD་དང་VCD ལ་ཟེར་ནི་རེད། འོད་སྡེར་སྤྱི་དང་བྱ་བྲག་ཏུ་VCD ལ་བརྙན་སྡེར་དང་CD ལ་སྒྲ་སྡེར་འདྲ་ཞིག་ཟེར་གིན་འདུག བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱིས་”འཁོར་ལེབ་”འདྲ་ཞིག་ཟེར་གིན་འདུག འཁོར་ལོ་ལེབ་ལེབ་ཡིན་པས་ཆ་ནས་ཨེ་ཡིན་ནམ། གང་ལྟར་ངས་ནི་འོད་སྡེར་དང་བརྙན་སྡེར་ཟེར་བ་འདི་ཚོ་བློར་འབབ་ཀི
བོད་ཀྱི་ལས་འགུལ་གང་ཞིག་སྤེལ་སྐབས་དེ་ནང་དུ་རྒྱའི་གསང་མྱུལ་བ་ཡོད་པ་ནང་བཞིན། རྒྱས་ལས་འགུལ་གང་བྱས་བྱེད་གང་བྱེད་སྐབས་དེའི་ནང་དུ་ཡང་བོད་མི་རིགས་ལ་ཞེན་པ་དཀར་པོའི་གསང་མྱུལ་བ་ཡོད་ལོས་ཆོག དཔེར་ན་ཐེངས་འདིའི་བལ་ཡུལ་གྱི་རྒྱའི་བོད་ཀྱི་ལོ་སར་དགའ་སྟོན་ལ་དགྱེས་རོལ་བྱེད་མཁན་གྱི་བོད་རིགས་གྲྭ་དང་བོད་མི་སུ་ཡོད་སོགས་ཀྱང་གཅིག་གཅིག་གཉིས་གཉིས་བྱས་ནས་དྲ་ཐོག་ཏུ་མིང་དང་ཁོའི་གཏམ་བཤད་ཅི་བྱས་སོགས་གསལ་བོར་འགོད་ཐུབ་ན། རྗེས་ཕྱོགས་བོད་མི་ཚོ་འདི་འདྲའི་ཚོགས་འདུ་འདྲ་མིན་སྟེང་དུ་ཞུགས་རྒྱུ་ཉུང་དུ་འགྲོ་བར་ཕན་པ་མ་ཟད། མངོན་གསལ་དོད་པོའི་བོད་མི་ནང་རུལ་བ་ཡང་ཉུང་དུ་འགྲོ་བར་ཕན་གི་རེད་སྙམ།
གཅན་བཟོད་རྒྱམ་ལགས་སུ།
སྒྲ་སྡེར་ = CD
བརྙན་སྡེར་ = VCD
འོད་སྡེར་ = CD & VCD
ཐུགས་རྗེ་ཆེ།
བོད་དོན་གསང་མྱུལ་བྱས་ན་ཡག་པོ་རེད།
འཁོར་ལེབ། ༼སྒྲ་འཁོར་ལེབ། བརྙན་འཁོར་ལེབ།༽ ཡིན་ནམ།
ལེབ་འཁོར། སྒྲ་འཁོར། བརྙན་འཁོར། རང་བཟོ།
ལེབ་སྒོར། སྒྲ་སྒོར། བརྙན་སྒོར། ལས་འོད་སྡེར། སྒྲ་སྡེར། བརྙན་སྡེར་རང་སྙན་ཆ་དོད་པ་འདུག
ཡང་བསམ་བློ་ཅིག་འཁོར་བྱུང་། རང་དབང་ཡོད་པའི་གསར་འགོད་སླེབ་སར་གསང་མྱུལ་ཡ་ཅི་ཡོད་སྙམ། དེས་ན་བོད་དོན་སེམས་ཤུགས་ཆུང་བ་དང་བལྟ་འདོད་བཟའ་འདོད་འཐུང་འདོད་ཆེ་བའི་བོད་རིགས་ཕྱིན་འདུག་ཟེར་ན་དགའ་འམ།
ངས་བྱས་ན། ཆབ་སྲིད་ཀུན་སློང་ཅན་གྱིས་མགྲོན་འབོད་གསོལ་སྟོན་སྤྲོ་འཛོམས་འཚོགས་སར་ཕྱིན་པ་ཙམ་གྱིས་ཕར་ཕྱོགས་ལ་རྒྱབ་སྐྱོར་ཅུང་ཟད་ཐོབ་ཡོད་ཀྱང་། ད་རྒྱ་མིས་ཡག་སྡུག་གང་ཡང་བྱེད་སར་སོང་ནས། བྱུང་ན་རྒྱ་རིགས་ལས་བྱེད་མཉམ་དུ་སྤྱི་དོན་རྩེད་མོ་དང་སྦྲགས་ནས་འགྲེལ་བཤད་དང་། རྒྱ་རིགས་གཞན་པ། རྒྱ་རིགས་ལ་དགའ་མཁན། ཕྱི་མི་བཏང་སྙོམས་པ། ཕྱི་མི་རང་ཕྱོགས་ལ་དགའ་མཁན་དེ་ཚོ་ལ། རྒྱ་མིས་བཤད་པ་དེ་ཚོའི་ནང་ལ་འདི་ཙམ་བདེན་པ་རེད། དེ་ལྷག་བདེན་པ་མ་རེད། ཅེས་ཐ་ན་རང་གི་གཡས་གཡོན་གྲལ་སྡོད་རང་རིགས་རང་ལས་བློ་དམན་པ་གཅིག་ལའང་སྤྱི་དོན་འགྲེལ་བཤད་ཀྱིས་ཁྱབ་སྤེལ་བྱེད་ཐུབ་ན་འགྲོ་གོ་ཆོད་རེད་སྙམ། འདིས་ང་ཚོ་དང་རྒྱ་གཞུང་བར་གྱི་འཁོན་འཛིན་དོགས་པ་སེལ་ཡ་དང་། སྤྱི་དོན་ཕྱི་གསལ་ནང་གསལ་བྱེད་ཡ་ལ་ཡང་ཕན་བགྱིད་རེད།
ད་ལོ། ངེད་ཚང་ལ་ལོ་སར་མེད།
January 6, 2009 · 1 Comment
ཨ་འདུས་མིག་ཆུ། ས་རཱ།
སྟོང་ལོ་བརྒྱད། མཆེ་བ་དང་སྡེར་མོ་བགྲད་ནས་འོང་བའི་ལོ་ཟླ་ནག་པོ། ཉིས་སྟོང་བརྒྱད་ལོར་མཐོ་སྒང་ཚང་གི་ཁྱིམ་གཞི་རུ་བཙན་གྱིས་འཛུལ་བའི་རླུང་ནག་འཚུབ་མ། ལོ་ ཟླ་ཁྱེད་ངེད་སྒང་པ་མི་རིགས་མུན་པ་ནས་མུན་པར་བརྫངས་པའི་ལོ་ནག་དེ་ཡིན་པས་ངེད་ ཚང་ལ་ཁྱེད་དགའ་བའི་སྐྱེལ་མ་དང་ལོ་གསར་པ་ཚུར་བསུ་མ་བྱེད་པའི་སྤྲོ་སྐྱིད་ཀྱི་ སྟ་གོན་མེད། ལོ་ འདིར་ངེད་ཚང་གི་ཚེ་སྲོག་དང་མཉམ་དུ་སྦྲེལ་ཞིང་ཁྲག་རྒྱུན་དང་ལྷན་དུ་རྒྱུ་བའི་ ྋགོང་ས་མཆོག་གི་སྐུ་ལ་བསྙུང་གཞི་ཕོག་པས་བོད་མི་ཚོའི་སེམས་པ་གྲང་ཤུར་ཤུར་དུ་ གྱུར་པའི་ལོ་ནག་དེ་ཡིན་པས་ངེད་ཚང་ལ་ད་ལོ་ལོ་སར་མེད། སྒང་པ་ཚང་གི་ཁྱིམ་གཞི་ནས་འཁྲུངས་པའི་མི་བུ་གང་མང་ཞིག་བདེན་དོན་དང་ཞི་བདེའི་སླད་དུ་གཅེས་སྲོག་བོའུ་མེ་མདའ་སྐད་དང་ལྷན་དུ་བཞུད་ཅིང༌།
རང་ དབང་དང་ལར་ཞེན་གྱི་ཆེད་དུ་སྐྱེས་བུ་མང་པོ་ཞིག་མུན་པའི་བཙོན་ཁང་ན་མིའི་ཀུན་ སྤྱོད་ལས་འདས་པའི་མནར་གཅོད་མྱོང་བཞིན་ཡོད་པས་ངེད་ཚང་ལ་ལོ་སར་མེད། ངའི་ཡབ་ཆེན་ཚོའི་སྙིང་རླུང་ལ་དྲག་སྐྱེད་བྱུང་མེད་ལ། ངའི་ཡུམ་ཆེན་ཚོའི་སྤྱན་ཆབ་ཀྱི་རྒྱུན་ཐག་ད་དུང་ཆད་མེད་པས་ངེད་ཚང་ལ་ལོ་སར་མེད། མཐོ་ སྒང་ན་བེམ་པོའི་རི་རབ་བརྩེགས་ཤིང་ལུང་གཤོང་ན་ཁྲག་གི་མཚོ་མོ་བསྐྱིལ་བའི་ལག་ དམར་ཚང་གི་ཕ་གཞིས་ན་རྒྱལ་སྤྱིའི་མིག་ལོང་བ་ཚོས་བྲོ་རྡུང་གླུ་ལེན་གྱི་སྐྱིད་ པོ་གཏོང་དུས་ཡིན་ལ། ངེད་བོད་མི་ཚོ་མྱ་ངན་དང་སྨྲེ་ངག་གི་ཁྲོད་ནས་མིག་ཟུང་བཙུམས་ནས་སྡོད་དུས་ཡིན་པས་ངེད་ཚང་ལ་ལོ་སར་མེད། བོད་ མིའི་གནམ་འདེགས་ཀྱི་ཀ་བ་གཅིག་སྟེ་ྋསྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་རྟོགས་ པ་ལྷ་དང་མཉམ་རུང་ཀུན་སྤྱོད་མི་དང་མཐུན་དགོས་པའི་གནས་ལུགས་དེ་བསྐྱངས་ནས་ སྙིང་རྗེ་བའི་གདོང་དམར་སྤྲེལ་ཕྲུག་ཚོ་སླར་ཡང་ྋགོང་ས་མཆོག་གཅིག་པུའི་ཕྱག་ཏུ་ བསྐྱུར་ནས་ཕེབས་སོང་བས་ངེད་ཚང་ལ་ལོ་སར་མེད།
གཞིས་ལུས་པ་ཚོ་དྲན་གདུང་དང་སྡུག་བསྔལ་ཁྲོད་ན་ཤི་གསོན་གྱི་བར་ཐག་མི་ཆོད་པའི་མཚམས་ན་ཡོད་པས་ངེད་ཚང་ལ་ད་ལོ་ལོ་སར་མེད། ལོ་འདི་མ་སྐད་ཀྱིས་བསྐྲུན་པའིསྙུག་ཐོག་དཔའ་བོ་ཚོའི་སྙུག་རྩེ་རྒྱ་ལ་གཏད་ཅིང༌། རྡུང་ ལེན་པ་ཚོས་སེམས་ངལ་གླུ་ལ་འདྲེན་བཞིན་ལོ་འདིར་རྒྱལ་གཅེས་དཔའ་བོ་ཚོའི་ཆེད་དུ་ ལོ་སར་མི་བྱེད་པའི་དྲན་སྐུལ་སྤེལ་དུས་ཡིན་པས་ངེད་ཚང་ལ་ལོ་སར་མེད། ན་ཟུག་གི་འཁུན་སྒྲ་དང་སྐྱོ་བའི་ངུ་ངག་ད་དུང་མ་འཇགས་ཤིང༌། ཁྲག་གི་རླངས་པ་དང་མིག་ཟུང་གི་མཆི་མ་ད་དུང་མ་སྐམ་པས་ན་ངེད་ཚང་ལ་ལོ་སར་མེད། ལོ་སར་ཞེས་པའི་ཐ་སྙད་འདི་ལོ་རྙིང་པར་བཀྲ་ཤིས་བདེ་ལེགས་བྱུང་སའི་ཁྱིམ་ཚང་དེ་ལ་མཛེས་པ་ལས། ནང་མི་མང་པོ་ཞིག་ལྔ་ལམ་དུ་ཕྱིན་པ་ཚང་ལ་མི་མཛེས་པར་འདོད་པ་ནི་མྱ་ངན་བྱེད་སྟངས་ཤིག་ཡིན་པས་ངེད་ཚང་ལ་ལོ་སར་མེད། ཡིན་ན་ཡང་ངེད་སྒང་པ་མི་རིགས་སྙིང་སྟོབས་དང་ལར་ཞེན་གྱི་ཀློང་ན་ཞུམ་མེད་དཔའ་མཛངས་ཀྱིས་བཞེངས་ནས་ཡོད་ལ། བོད་མི་ཚོར་བྱམས་བརྩེ་དང་དྲང་བདེན་གྱི་ཚེ་སྲོག་ཞུགས་ནས་ཡོད། གདོང་ དམར་མི་རིགས་དྲན་གདུང་དང་རེ་སྒུག་གི་ཀློང་ན་ཡོད་ཀྱང་ཁྱིམ་གཞི་ཆེན་པོ་འདིའི་ གོ་ལའི་དབུ་རྩེ་ན་ྋགོང་ས་མཆོག་གི་མཚན་སྙན་དང་ལྷན་དུ་འཕུར་ངེས་ལ། བོད་མི་རིགས་འདི་འཕགས་པ་སྤྱན་རས་གཟིགས་ཀྱིས་ཡལ་བར་མི་འདོར་བ་ལོ་རྒྱུས་ཀྱིས་ཀྱང་བདེན་དཔང་ཐུབ་པས། ནང་མི་ལྷན་འཛོམས་ཀྱི་ལོ་སར་ཞིག་གི་བྲོ་བ་མྱོང་བ་ནི་གདོན་མི་ཟའོ།།རྩོམ་འདི་གལ་ཆེན་ཞིག་མཐོང་ནས་འདིར་བཀོད་པ་ཡིན
ཁྱོད་ཚོ་ད་དུང་ཕྱི་གསལ་ནང་གསལ་ཟེར་བ་འདི་ལ་ཡིད་འདུག་གམ། གལ་ཕྱི་གསལ་ནང་གསལ་མེད་པའམ་ཡང་ན་ཕྱི་གསལ་ནང་གསལ་མི་འདུག་པ་ནི། ང་ཚོ་རྒྱ་ནག་གི་ཆབ་སྲིད་ལངས་ཕྱོགས་ལ་རྨོང་འདུག་ན་ལས། ང་ཚོའི་ཕྱོགས་ནས་ཅི་གང་ཡང་མི་གསལ་རྒྱུ་ཅང་ཡོད་ནི་མ་རེད། ང་ཚོའི་ཕྱོགས་ནས་བསམ་ཚོད་ལ་རྒྱ་ནག་ལ་ད་དུང་འགྲེལ་བཤད་འདྲ་རྒྱག་དགོས་པ་དང་རང་འདོད་གསལ་བོ་ཞིག་ངོ་སྤྲོད་དགོས་པ་མདོག་མདོག་བཤད་བསྡད་ཡོད་པ་རེད། མ་གཞི་ད་བར་དུ་རྒྱ་ནག་གཞུང་ཕྱོགས་ནས་བཤད་པའི་སྐད་ཆ་དེ་ཚོས་གསལ་སྟོན་བྱས་མི་འདུག་གམ། རྒྱ་ནག་ནི་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་གསང་བ་རྐུ་མཁན་ཨང་དང་པོ་དེ་ཆགས་བསྡད་ཡོད་པ་རེད། ང་ཚོའི་ཕྱོགས་ནས་བརྡ་མི་འཕྲོད་ཅང་ཨེ་ཡོད་ན། ང་ཚོས་མུ་མཐུད་ནས་འདི་ལྟར་བསམ་བཞིན་པ་དེ་རྒྱ་ནག་དགོས་པའི་རྡོག་རྡོ་གོ་དེ་རེད། རྒྱ་ཕྱོགས་ནས་མ་ཤེས་ཁུལ་བྱས་བསྡད་ན་ང་ཚོའི་ལྷག་བསམ་རྣམ་དག་ཡིན་ན་ཅིག་ཟེར་བཞིན་འགྲེལ་བཤད་བརྒྱབས་བསྡད་ཡོད་པ། འདི་ནི་བསམ་གཟས་ནས་རྒྱ་ནག་གི་སྲིད་ཇུས་ལ་རམ་འདེགས་བྱས་པ་ཁོ་ན་ལས་ང་ཚོར་ཅི་ཞིག་ཐོབ་སྐལ་བ་དེ་ཡོད་ནི་མ་རེད།
རང་དབང་ཡོད་པའི་གསར་འགོད་སླེབས་ས་ན་བོད་མི་འདི་འདྲ་མང་པོ་འདུག་ན། ཁོ་ཚོ་སུ་སུ་དང་ཚོགས་ཐོག་དེར་ཅི་དང་གང་ཞིག་བྱས་ཡོད་མེད་སོགས་དྲ་ཐོག་ཏུ་ཁ་གསལ་གཏིང་གསལ་དུ་བྲིས་ཡཔང་ན་རྗེས་ཕྱོགས་འདི་འདྲར་འགྲོ་མི་ཇེ་ཉུང་དུ་འགྲོ་གི་རེད་ཅེས་གོང་དུ་ཞུས་ཟིན།
བལ་ཡུལ་ན་བོད་མི་ངོ་གཉིས་མ་མང་རབས་གོ་མྱོང་།
བོད་མི་མགོ་གཉིས་མ་ཡིན་ན། ད་ལྟ་ཚུར་ཕྱོགས་བོད་མིའི་ཁྱུ་ནས་བུད་ནས། རྗེས་མ་ཕར་ཕྱོགས་ཀྱིས་རྒྱ་མིའི་ཁྲོད་ནས་འབུད་ངེས་ཡིན་པས་བསམ་བློ་ཡག་པོ་ཐོངས། ཙི་ཙི་སྐམ་པོ་ཡག་པའི་དཔེ་རུ་མེད་པ་བཞིན་ནོ།