གནས་ཚུལ་གཏོང་མཁན། བསྟན་འཇམ།
དེ་རིང་སྟེ་ཕྱི་ལོ་༢༠༡༥ ཕྱི་ཟླ་༤ ཚེས་༢༥ རེ་གཟའ་སྤེན་པའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡ ཙམ་ལ་བལ་ཡུལ་དུ་ས་ཡོམ་གྱི་ཤུགས་ཚད་༧༌༨ ཅན་ཞིག་བརྒྱབ་སྟེ། ཁང་ཁྱིམ་སོགས་ལ་གཏོར་སྐྱོན་ཆེན་པོ་ཐེབས་འདུག་པ་དང་། སྦིའི་སྦིའི་སིས་གཙོས་པའི་བརྒྱུད་ལམ་གཞན་ཁག་ཏུ་གནས་ཚུལ་འཁོད་གསལ་ལྟར་ན། ད་ལྟའི་ཆར་མི་གྲངས་ཆིག་སྟོང་ལ་ཟིན་ཉེའི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་ཆིག་སྟོང་བདུན་བརྒྱ་ཙམ་ལ་རྨས་སྐྱོན་བྱུང་ཡོད་པར་ཚོད་དཔག་གིས་བརྗོད་ཀྱིན་འདུག
བལ་ཡུལ་རྒྱལ་སར་ཡོད་པའི་མཆོད་རྟེན་བྱ་རུང་ཁ་ཤོར་ལ་ཡང་སེར་ཁ་བྱུང་འདུག་པ་དང་། མཆོད་རྟེན་ཆུང་ཆུང་ཁག་ཅིག་འཐོར་འགྱེལ་བྱུང་ཡོད་འདུག ས་ཡོམ་བརྒྱབ་ཡུལ་གཙོ་བོ་ནི་བལ་ཡུལ་རྒྱལ་ས་དང་སྤོག་ར་ས་ཁུལ་གཉིས་ཀྱི་བཪ་དག་ཡིན་འདུག་ལ། ས་འབྲེལ་རྒྱ་གར་གྱི་ས་ཁུལ་ཁག་ཅིག་ཏུ་ཡང་ས་ཡོམ་གྱི་འགུལ་ཤུགས་སླེབས་འདུག་པ་དང་། དེ་བཞིན་བལ་ཡུལ་ཉེ་འགྲམ་གྱི་བོད་ཀྱི་སྐྱིད་གྲོང་ཁུལ་དུ་ཡང་ས་ཡོམ་གྱི་འགུལ་ཤུགས་ཅུང་ཟད་རེ་སླེབས་ཡོད་པའི་གནས་ཚུལ་འདུག
གནས་ཚུལ་གཞན་རྣམས་སྦིའི་སྦིའི་སི་གསར་འགྱུར་གྱི་འབྲེལ་ཐག་འདི་ནས་གཟིགས་རོགས། http://www.bbc.com/news/world-asia-32461019
ཕྱི་ཟླ་༥མ་རེད་ད་རུང་རྗེས་ནས་སླེབས་དགོས།ཕྱི་ཟླ་༤རེད།གང་ལྟར་འདས་གྲོངས་ཕྱིན་པ་རྣམས་ལ་བསྔོ་སྨོན་གསུངས་རོགས་ཞུ།
ཨ་ཁ་ཁ། ཁ་སང་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཉིན་བྱ་རུང་མཆོད་རྟེན་གཡས་གཡོན་ལ་ས་འགུལ་བྱུང་ནས་ཞི་བའི་མི་སེར་མང་པོ་ཤི་རྨས་ཐེབས་པར་གདུང་སེམས་མཉམ་བྱེད། བྱ་རུང་མཆོད་རྟེན་ལ་སེར་ག་བྱུང་བ་ཐན་ལྟས་རེད། བལ་ཡུལ་དམར་མཆོད་ཆེན་མོ་མཚམས་ཆད་ན་རེད།
གདུང་སེམས་མཉམ་བསྐྱེད་དང་བསྔོ་སྨོན་ཞུ། །
ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།
ད་མ་བཟང་བ་རེད། ས་གནས་ན་ཡོད་མཁན་ཚོས་ཤི་རྨས་བྱུང་ཡུལ་ལ་སོང་ནས་རོགས་སྐྱོར་གྱིས། ས་གནས་ན་མེད་མཁན་ཚོས་དངུལ་གྱི་ཞལ་འདེབས་ཀྱིས། དེ་ཡང་མི་ནུས་མཁན་ཚོས་སྨོན་ལམ་ཐོབས།
གསར་འགྱུར་བརྒྱུད་ལམ་ལ་ལར་བལ་ཡུལ་ནི་གླིང་ཆེན་ཨེ་ཤ་ཡ་དང་ཡུ་རོབ་བར་ལ་བཙིར་ནས་གླིང་ཆེན་གཉིས་ཀྱི་གཙུབ་བརྡར་བར་ནས་ས་ཡོམ་ཤུགས་ཆེན་ཡོང་སའི་ལྟེ་བ་ཞིག་ཡིན་ཚུལ་བཤད་ཀྱི་འདུག དོན་དངོས་ཐོག་བལ་ཡུལ་འདི་ཨེ་ཤ་ཡའི་རྒྱལ་ཁབ་རྒྱ་དཀར་ནག་བར་ན་ཡོད་པ་ལས་ཡུ་རོབ་ལ་ཁ་ཐག་རིང་པོ་རེད་བ། གླིང་ཆེན་གཉིས་ཀྱི་གཙུབ་བརྡར་གྱི་ཤུགས་རྐྱེན་བལ་ཡུལ་གྱི་མགོ་ལ་ཡོང་དགོས་དོན་ག་རེ་ཡིན་ན།
ངའི་གྲོགས་པོ་ཆོས་དད་པ་ལ་ལས་བཤད་ན་བལ་ཡུལ་དུ་དམར་མཆོད་བྱས་པ་མང་དྲགས་ནས་གོད་ཆག་འདི་བྱུང་བ་རེད་ཟེར། ངའི་གྲོགས་པོ་ཆོས་དད་པ་ལ་ལས་བཤད་ན་དམར་མཆོད་བྱ་རྒྱུ་ཉུང་དྲགས་ནས་གོད་ཆག་འདི་བྱུང་བ་རེད་ཟེར། ད་ནི་སུའི་ཁ་ལ་ཡང་ཉན་འདོད་མི་འདུག
བོད་རིགས་ག་ཚོད་ལ་གནོད་སྐྱོན་ཐེབས་ཡོད་དམ། ལགས།
དུས་བབས་གསར་འགྱུར་ནང་དུ་བོད་མི་འགའ་ཞིག་གིས་བལ་ཡུལ་གྱིས་བོད་མིར་ཡག་པོ་མ་བྱས་པ་ལས་ས་འགུལ་བྱུང་བ་རེད་ཟེར་ལས་འབྲས་འཁོར་བ་རེད་ཟེར། དྲ་གྲོགས་ཚོས་གང་བསམ་གྱི་འདུག ནང་པ་བ་ཞིག་གིས་སྐད་ཆ་རེད་དམ། སྔོན་མ་རྒྱ་ནག་ལ་ས་འགུལ་བྱུང་དུས་ཡང་དེ་འདྲ་རང་བཤད་སོང། དེ་བྱས་ཡུལ་ཤུལ་དུ་བོད་མིར་ས་འགུལ་བྱུང་དུས་ག་རེ་བྱས་ནས་བྱུང་བ་རེད་དམ། ད་ནི་ང་ཚོས་སྔར་དགོང་གཉིས་ལ་ཐལ་མོ་སྤྱི་བོར་སྦྱར་ནས་སྐྱབས་ཞུ་སའི་མཆོད་རྟེན་བྱ་རུང་ཁ་ཤོར་ཡང་རང་མགོ་ཐོན་མ་སོང་་་འཕགས་ཤིང་ཡང་རང་མགོ་ཐོན་མ་སོང་ད་གང་ལ་སྐྱབས་ཞུ་དགོས་པ་རེད་དམ། འདས་པོར་བསྔོ་སྨོན་དང་གསོན་པོར་རོགས་ཕན་འདྲ་འབྱུང་ཐུབ་ན་དེ་ལས་དགེ་བ་ཆེ་བ་མེད་བསམ།
ཀརྡོ་ལགས་བོད་རིགས་མི་རིགས་བཤད་པའི་དུས་མ་རེད་བསམ་འགྲོ་བ་སེམས་ཅན་མ་རྒན་དྲིན་ཅན་པོ་ག་ཚོད་གཤེགས་སོང་ངམ་སྨྲས་ན་བཟང།
ཉེན་རྟོགས་པ་གོན་པ་སྔོ་ཁྲ་ཅན་ཚོའི་བྱེད་སྟངས་མཐོང་དུས་མཎི་ཞིག་ཁ་ནང་ལ་མི་ཡོང་གི་་་་གནམ་རྒན་མ་
ནང་པས། ལས་འབྲས་དང་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་བརྟན་པོ་མངའ་བས། བལ་ཡུལ་དུ་ས་འགུལ་གྱིས་གོད་ཆགས་ཐེབས་པ་དེ་ལས་ཀྱི་རྣམ་སྨིན་དུ་བཤད་ཆོག་ཅིང་། ཚན་རིག་པས། འཇིག་རྟེན་ན་མི་འབོར་འཕེལ་ཤུགས་ཆེ་སྟབས། རང་བྱུང་ཁམས་ལ་གནོད་སྐྱོན་ཚབས་ཆེན་བྱུང་བས། བྱུང་བ་འཁྲུགས་ཏེ་ས་འགུལ་རྒྱུགས་པ་སོགས་སུ་འགྲེལ་བཞིན་ཡོད་པར་ཕྱོགས་གཉིས་ཀས་གྲུབ་བྱེད་ཡང་དག་མཆིས་པ་ལ་རང་རང་གི་སྡེར་གཏོགས་པས་ཉམས་སུ་བླང་བར་བྱ། མི་འདོད་པའི་སྡུག་བསྔལ་མགོ་ཐོག་ཏུ་ལྷུང་བ་དག་ལ་བསྔོ་སྨོན་བཅས།
་་་་་་་་་་་ # 10 ཁྱུང་སེ།་ལགས་ཀྱིས་མཆན་བཏབ་པ།:
April 26th, 2015 at 2:54 AM
ཀརྡོ་ལགས་བོད་རིགས་མི་རིགས་བཤད་པའི་དུས་མ་རེད་བསམ་འགྲོ་བ་སེམས་ཅན་མ་རྒན་དྲིན་ཅན་པོ་ག་ཚོད་གཤེགས་སོང་ངམ་སྨྲས་ན་བཟང། ་་་་་་་་་་་་་་་ཟེར།
བོད་མི་གཅིག་གི་ཚེ་སྲོག་ཤོར་བ།
http://www.tibettimes.net/news.php?showfooter=1&id=9977
ངོ་དེབ་ནང་ལ།
https://www.facebook.com/yeaeva/videos/vb.100002456765632/838242359600982/?type=2&theater
https://www.facebook.com/dc.nepal/videos/vb.680063188683974/990190877671202/?type=2&theater
https://www.facebook.com/187772390283/photos/a.10150163575635284.414910.187772390283/10155473058330284/?type=1&theater
ས་སྐྱ་༸གོང་མ་མཆོག་གིས།
https://www.facebook.com/gyana.sakya/videos/vb.672006809/10153274596136810/?type=2&theater
ས་ཡོམ་གྱིས་མི་མང་ཤོས་བསད་ཡོད་ས་ནི་་་་སྤ་ཊན་ས་གནས་སུ་རེད་འདུག སྤ་ཊན་བསྡད་མཁན་མང་ཆེ་བ་ཎི་བ་རིས་རེད། ཎི་བ་རིས་ཟེར་བའི་རིགས་དེས་ཤཀྱའི་རྒྱལ་པོ་ཡང་ཎི་བ་རིས་ཡིན་ཟེར་གྱི་རེད། ད་རིང་ས་ཡོམ་གྱིས་བསད་པའི་མི་མང་ཤོས་ནི་ཤཀྱའི་རྒྱལ་པོ་དང་རིགས་གཅིག་པ་དེ་དག་རེད།
སྤ་ཏན་ས་གནས་སུ་ཁང་པ་རྙིང་པ་དེ་དག་གི་ནང་དུ་སྐུ་འདྲ་བཟོ་མཁན་གྱི་མགལ་བ་དང་། མགལ་བ་དེ་དག་བསྡད་སའི་ཁང་རྙིང་མང་ཤོས་འཐོར་བཤིག་ཕྱིན་ནས་མི་མང་པོ་ཤི་ཡོད་ས་རེད། ཤཀྱའི་རྒྱལ་པོས་རིགས་གཅིག་སྤུན་ཟླ་མ་སྐྱོབས་པ་རེད་དམ་སྐྱོབ་མ་ཐུབ་པ་རེད། དམར་མཆོད་ཕུལ་མཁན་ཚོ་ནི་མང་པོ་ཞིག་བསད་ཡོད་ཟོལ་ཡང་མི་འདུག་པས་དམར་མཆོད་ཕུལ་ནས་ས་ཡོམ་བྱུང་བ་རེད་ཅེས་པའི་དཀྲོག་གཏམ་དེ་ལ་གནས་ལུགས་ཀྱིས་ལན་ཞིག་ཀྱང་བརྒྱབ་ཡོད་ས་རེད།
བལ་ཡུལ་ནང་གི་ཧིན་རྡུའི་ཆོས་ལུགས་ཀྱི་གྲུབ་མཐའ་བྱེ་བྲག་པ་ཞིག་སྟེ་ནུས་སྟོབས་ཀྱི་ལྷ་མོ་(Gadhimai)ཞེས་པའི་རྗེས་འབྲང་པ་ཚོས་དམར་མཆོད་བྱས་པས་ས་ཡོམ་བྱུང་ཞེས་དཀྲོག་གཏམ་དེས་ཆོས་ལུགས་བར་དུ་འགལ་ཟླ་དང་། ཆོས་ལུགས་བར་དུ་མི་གསོད་ཁྲག་སྦྱར་ཡོང་བའི་རྒྱུ་འགྱུར་སྲིད་པས་གཟབ་དགོས་པར་འདོད།
དཀྲོག་གཏམ་འདིའི་རིགས་བཤད་མཁན་ཚོ་ལ་ཁ་ཚུར་སྐོར་ནས་དྲི་བ་ཞིག་བཏང་པ་ཡིན་ན་་་བོད་ཡུལ་ཤུལ་ཁུལ་དུ་ས་ཡོམ་བྱུང་བ་དེ་ཚེ་ཐར་བཏང་མང་སོང་ནས་ཨེ་རེད་ཅེས་དྲི་ན་ལན་ཅི་འདེབས་ཀྱི་ཡིན་ནམ། དཀྲོག་གཏམ་བཤད་ལ་དགའ་བའི་ཀླད་མེད་དེ་དག་གིས་བལ་པོའི་མི་སེར་དང་བོད་མིའི་བར་དུ་འཁོན་འཛིན་ཡོང་གཞི་ཡི་དཀྲོག་གཏམ་སྤེལ་བཞིན་ཡོད་པ་དེ་དག་ནི་འཇིགས་སུ་རུང་བའི་དཀྲོག་གཏམ་རེད་དོ།
https://www.youtube.com/watch?v=z2o22Uo9OjA
ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།
ག་དུས་ཡིན་ནའང་བོད་པའི་ཆོས་ལུགས་པའི་རང་ལྟ་མཆོག་འཛིན་པ་ཚོས་སོ་སོའི་བྱས་པའི་ཆོས་དེ་འགྲིག་ཡོད་པ་དང་། གཞན་གྱིས་བྱས་པའི་ཆོས་དེར་ནོར་འཁྲུལ་ཡིན་ཟོལ་ཤ་སྟག་བཤད་ཀྱི་རེད། གཏན་ཚིགས་ཡང་དག་དང་དངོས་ཡོད་གནས་ཚུལ་ཡིན་མིན་ལ་བསམ་བློ་བཏང་གི་མ་རེད། རང་ལྟ་མཆོག་འཛིན་ཁོ་ན་བྱེད་ཀྱི་རེད།
ཆོས་ལུགས་ཀྱི་དད་པ་དང་དམ་ཚིག་དེ་ཉིད་གདོན་འདྲེ་གསོན་པོ་ཞིག་ལ་གྱུར་ནས་ཡུལ་ལུང་ཁྲག་ལ་སྦྱར་བའི་དོན་རྐྱེན་མང་པོ་ཡོང་བཅུག་མཁན་ཡང་རང་ལྟ་མཆོག་འཛིན་པ་ཚོ་རེད། བོད་པའི་སྤྱི་ཚོགས་ཀྱི་ཆིག་སྒྲིལ་རྩ་གཏོར་བཏང་མཁན་རང་ལྷ་མཆོག་འཛིན་དང་། གཞན་ལྷ་འདྲེ་འཛིན་ཅན་ཚོ་རེད།
རྒྱ་ནག་གསར་འགྱུར་དྲ་ལམ་དུ་གསལ་བ་ལྟར་ན། ནེ་པལ་གྱི་ས་ཡོམ་ཤུགས་རྐྱེན་བོད་དུའང་བྱུང་ཡོད་འདུག མིག་སྔར་བོད་མི་17་ཤི་བ་དང་། 4་ལ་རྨས་སྐྱོན་ཕོག 55་བོར་སོང་འདུག ཁྱོན་མི་འབུམ་གཉིས་ཙམ་གྱི་གནས་ཡུལ་ནོར་རྫས་ལ་གོད་ཆག་པོག་ནའང་ད་དུང་རྒྱུས་ལོན་མེད། གནས་སྐབས་སྡོམ་རྩིས་སུ། ཁང་པ་1191་ཞིག་པ་དང་། དགོན་པ་1་ལ་གནོད་སྐྱོན་ཚབ་ཆེན་བྱུང་འདུག ལམ་དང་ཟམ་པ། གློག་དང་། འབྲེལ་ལམ་ཆད་པས་གསོ་བཞིན་པའི་སྒང་ཡིན་ཞེས་འཁོད་འདུག ས་ཡོམ་གོད་ཆག་བྱུང་བའི་ས་གནས། ཉ་ལམ། སྐྱིད་རོང་། དིང་རི། ས་སྒོ། ཡར་གདོང་། འབྲོང་པ། ལྷ་རྩེ། སྤོ་རོང་སོགས་རེད་འདུག ཚང་མས་གདུང་སེམས་མཉམ་བསྐྱེད་དང། བསྔོ་བ་སྨོན་ལམ་གནང་གྲོགས། །
བཅོས། མང་ཡུལ་སྐྱིད་གྲོང་།