དཔལ་བཟང་། ལྡི་ལི་གཞིས་སྒར་བསམ་ཡས་གླིང་།
བལ་གཞུང་འདི་སྤྱི་ཡོངས་ཀྱིས་རྒྱ་ནག་གི་ཞིང་ཆེན་གཉིས་པ་ལྟ་བུ་ཞིག་རེད་འདུག ལྷག་པར་དུ་རྒྱ་གཞུང་གི་གསང་ཉུལ་བ་དང་སྤྱི་ཚོགས་གཏོར་རླག་པ་གང་མང་ཞིག་ཀྱང་འདུས་སྡོད་བྱེད་སའི་ལྟེ་བ་ཞིག་རེད། ཕྱི་ལོ་༢༠༠༨ ནས་བལ་ཡུལ་ནང་གནས་སྡོད་བྱེད་མཁན་གྱི་གཞི་རིམ་མང་ཚོགས་ཀྱིས་བློས་གཏོང་ཆེན་པོས་གཞི་རྒྱ་ཆེ་བའི་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་ཀྱང་རིམ་གྱིས་ཁོང་ཚོ་ལའང་དཔལ་འབྱོར་གྱི་རྒྱབ་སྐྱོར་མེད་ཁར་གཅིག་རྒྱབ་གཉིས་གནོན་གྱིས་དྲང་བདེན་གྱི་འཐབ་རྩོད་བྱེད་རོགས་མེད་པ་དང་། སེམས་ཤུགས་དང་ལྷག་བསམ་ཅན་དེ་ཚོ་ལའང་རྒྱབ་སྐྱོར་མེད་པར་སྤྱི་དོན་སྒེར་ཐོག་ཏུ་ལྷུང་ནས་དཀའ་ངལ་རབ་དང་རིམ་པ་ཞིག་གིས་ལས་འགུལ་གྱི་ངར་ཤུགས་ཆགས་སོང་བ་རེད།
ད་རེས་ཡང་རྒྱལ་གཅེས་དཔའ་བོ་ཁོང་གིས་བོད་མི་རིགས་ཀྱི་བདེན་དོན་གྱི་ཆེད་དུ་རང་གི་གཅེས་པའི་སྐུ་ལུས་མེར་བསྒྲོན་ཡོད་ཀྱང་། བལ་ཡུལ་ནང་གི་ས་གནས་ཁག་གི་འགོ་གཙོ་རྣམས་ཀྱིས་ནུས་པ་བཏོན་ནས་ཁོང་གི་སྐུ་ཕུང་ཙམ་ཡང་ཕྱིར་ཨེ་ལོན་མ་ལྟོས་པར། ད་དུང་སྒེར་སོ་སོས་བལ་ཡུལ་ཉེན་རྟོག་པ་དང་དངོས་ཤུགས་བརྒྱུད་ནས་སྒོ་བསྟུན་གང་ཐུབ་བྱེད་པ་ལས་རང་དོན་བློས་བཏང་ནས་སྤྱི་དོན་སྒྲུབ་མཁན་ཞིག་ཉིན་མོའི་སྐར་མ་ལྟ་བུ་རེད།
ད་ལྟའི་སྐུ་ངོ་དོན་གཅོད་པའམ་སྤྱི་ཁྱབ་འབྲེལ་མཐུད་པ་ལ་མཚོན་ནའང་། མགོ་བདེ་དྲན་འཕྲུལ་གྱི་བྱ་བཞག་ཁོ་ན་མ་གཏོགས་དོན་དངོས་ཐོག་ས་གནས་མང་ཚོགས་ཀྱི་བདེ་སྡུག་ཙམ་ཡང་བལ་གཞུང་ལ་ཞུ་གཏུགས་བྱེད་མི་ཐུབ་པའི་ཁར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་ཀྱི་བར་འབྲེལ་མཐུད་ཙམ་ཡང་བྱེད་པའི་ནུས་པ་ཧ་ཅང་ཆུང་། ད་རེས་སྐུ་ཕུང་ཚུར་ལེན་མ་ཐུབ་པ་འདི་ནི་གཙོ་བོ་བལ་ཡུལ་ནང་གི་མགོ་གཙོ་རྣམས་ཀྱིས་རང་དོན་བློས་བཏང་ནས་ཞུ་གཏུགས་བྱེད་མ་ཐུབ་པ་ཐག་གིས་ཆོད་ཐུབ།
གལ་ཏེ་དྲང་བདེན་གྱི་ལམ་ནས་ཞུ་གཏུགས་བྱས་ནས་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་འབྲེལ་བ་བྱས་ཏེ་ནུས་པ་བཏོན་ན་འགྲོ་སྟངས་ཤིག་མེད་པ་དང་འགྲོ་ས་མེད་པ་ཞིག་གཏན་ནས་མིན། བོད་དུ་རྒྱ་གུང་ཕྲན་གྱིས་ཅི་ཙམ་གྱིས་དྲག་གནོན་དང་། བཙན་དབང་བྱེད་ཀྱིན་ཡོད་ཀྱང་ས་གནས་ཁག་མང་པོ་ནས་སྐུ་ལུས་མེར་སྲེག་གཏོང་མཁན་གྱི་ཕུང་པོ་རྒྱ་ལག་ཏུ་ཤོར་མ་བཅུག་པ་གང་མང་མང་བྱུང་ཡོད།
ང་ཚོ་རང་དབང་ལུང་པར་སྡོད་མཁན་ཚོས་འདི་འདྲའི་གོ་མེད་ཚོར་མེད་ཀྱི་ལས་ཀ་ཐབས་སྡུག་བྱས་ན་གཞིས་ལུས་སྤུན་ཟླའམ་རྒྱལ་གཅེས་པ་ཁོང་ཚོས་གོ་ན་ངོ་ཚ་དགོས་པ་ལྟ་བུ་རེད་སྙམ།
ད་དུང་ཕྱུག་པོ་དང་མགོ་གཙོ་རེ་འགས་ནི་བློ་མཐུན་ཚོགས་པ་དང་རྒྱ་མིའི་གཞུང་ཚབ་དང་སྒེར་ངོས་ནས་འབྲེལ་བ་བྱེད་པ་དང་། ཐུགས་སྤྲོ་མཉམ་དུ་གཏོང་བ་སོགས་ཀྱི་ལས་ངན་ཚབས་ཆེན་རེ་བསགས་ནས་གང་ཟག་ཉམ་ཆུང་རེ་ཟུང་གི་བྱེད་སྟངས་རེ་སྣང་བར་མ་སོང་ན་རྒྱ་མིའི་སོ་བ་རེད་ཟེར་པའི་མིང་ཤས་ངན་པ་དེ་མགོར་གཡོག་ནས་སྤྱི་ཚོགས་ནང་མགོ་འགྱོག་མི་ཐུབ་པ་བཟོ་མཁན་ཡང་ཁག་གཅིག་ཡོད།
ཁོ་བོས་དྲང་པོར་བརྗོད་ན་བལ་ཡུལ་ནང་གི་བློ་མཐུན་ཚོགས་པ་ལས་ཀྱང་བློ་མཐུན་ཚོགས་པ་དང་རྒྱའི་གཞུང་ཚབ་མཉམ་དུ་ཐུགས་སྤྲོ་གཏོང་མཁན་འདི་ཚོའི་ནག་ཉེས་གནམ་སར་མི་ཤོང་བ་ལྟ་བུ་ཞིག་མཐོང་བྱུང་།
རྒྱུ་མཚན་གང་ཡིན་ཟེར་ན་བློ་མཐུན་ཚོགས་པ་ཡིན་ན་སོ་སོའི་ཁེ་ཕན་གྱི་ཆེད་དུ་ཕྱོགས་གཅིག་བློས་བཏང་ནས་མངོན་གསལ་དོད་པོ་ཆགས་ཚར་པ་དེ་རེད། དེ་ལ་དམིགས་བསལ་སྡང་ཟུག་བྱས་ཀྱང་ཕན་ཐོགས་མེད་ལ་བྱེད་དགོས་དོན་ཡང་དེ་ཙམ་མ་མཐོང་། དེ་བས་ང་ཚོའི་སྤྱི་ཚོགས་ནང་ཁ་ཕྱི་བལྟས་དང་གྲོད་པ་ནང་བལྟས་ཟེར་པའི་དཔེ་ལྟར་དུ་བོད་པའི་སྤྱི་ཚོགས་ནང་ནས་ཀྱང་མིང་དགོས་མཁན། བོད་པའི་སྤྱི་ཚོགས་ཀྱི་འགལ་ཟླར་ལངས་མཁན་དང་འབྲེལ་བ་ཡང་གཅོད་མི་ཐུབ་མཁན་འདི་ཚོའི་ནག་ཉེས་ཁྲུས་ནས་འདག་རྒྱུ་མེད་པ་ཞིག་མ་རེད་དམ།
ཡང་གཅིག་བཤད་ན་བལ་ཡུལ་སྣེ་ལེན་ཁང་གི་དབུ་འཛིན་དགྲ་འདུལ་དང་། རྒྱ་གར་གཞུང་ཚབ་ནང་གི་བོད་བའི་སྐད་སྒྱུར་བ་བློ་བཟང་རབ་རྒྱས་གཉིས་ཀྱི་བྱེད་སྟངས་དེ་ཡང་མང་ཚོགས་ཀྱིས་མཁྱེན་རྟོགས་བྱུང་ན་ལེགས་སྙམ། སྣེ་ལེན་དབུ་འཛིན་དགྲ་འདུལ་ཟེར་པས་བལ་ཡུལ་སྣེ་ལེན་ཁང་གི་འབྱོར་ཐོ་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་བལ་ཡུལ་ནང་ལབ་གླེང་མང་དག་ཅིག་བྱུང་དང་འབྱུང་བཞིན་སྐད་འདུག
ད་དུང་ཧ་ཅང་གི་བློ་ཕམ་པ་ཞིག་ལ་ལོ་སྔོན་མའི་ནང་རྡོར་གདན་དུས་དབང་ལ་ཡོང་མཁན་རྒྱ་ནག་གི་ལག་འཁྱེར་དམར་པོ་ཡོད་མཁན་ཚོ་མར་བོད་དུ་སླེབས་པ་དང་རྒྱ་མིས་བཀག་ཉར་བྱས་ནས་རྒྱ་གར་ལ་སོེང་ཡོད་མེད་ཚ་འདྲི་བྱེད་སྐབས་ཁག་ཅིག་གིས་གཏན་ནས་མ་སོང་ལབ་ནས་ཁས་མ་བླངས་དུས། རྒྱ་མིའི་ལས་བྱེད་ཚོས་བལ་ཡུལ་སྣེ་ལེན་ཁང་གི་འབྱོར་ཐོ་རྒྱ་གར་ལ་འགྲོ་ཁ་ཐོ་འགོད་བྱས་ཡོད་པའི་ཡིག་ཆའི་པར་བཤུས་བསྟན་ནས་ཨོ་ན་འདི་གང་རེད་ལབ་ནས་རྒྱ་གར་ལ་སོང་བ་ར་འཕྲོད་ནས་བཙོན་འཇུག་བྱས་པ་དེ་འདྲའང་གོ་རྒྱུ་འདུག གང་ལྟར་དེ་འདྲའི་སྐད་ཆ་ཞིག་སྤྱི་ཚོགས་ནང་ཁྱབ་ནས་ཡོང་སྐབས་སྣེ་ལེན་དབུ་འཛིན་དགྲ་འདུལ་ཁུ་སིམ་མེ་ཨ་རི་ལ་བྲོས་སོང་རེད།
དེ་ནས་བློ་བཟང་རབ་རྒྱས་ཟེར་པས་སྣེ་ལེན་ཁང་གི་ནང་བོད་ནང་གསར་འབྱོར་བའི་བོད་པའི་བུ་དང་བུ་མོ་ན་ཆུང་དེ་ཚོ་རྒྱ་གར་གཞུང་ཚབ་ཁང་ལ་ཐོ་འགོད་བྱེད་སྐབས་ངོ་ཤེས་དང་རྒྱུ་ཅ་ལག་གང་ཡང་མེད་མཁན་གྱི་བོད་ཕྲུག་དེ་ཚོ་ཁ་ཤས་ཀྱི་གདོང་ལ་བལྟས་ནས་ཅུང་ཆེ་མདོག་རེ་མཐོང་ན་ཁོ་རང་གིས་ལབ་པའི་ལོ་དེ་ཐོ་འགོད་བྱེད་དུ་མི་བཅུག་པར་ལོ་ཡར་སྤར་ནས་བརྒྱབ་ཡོད་པ་དང་། དེ་བཞིན་ཁ་ཤས་ལོ་ཆེ་ཡང་གཟུགས་པོ་ཆུང་ཆུང་དེ་ཚོར་ལོ་མར་ཕབས་པ་སོགས་ཀྱི་གནས་ཚུལ་དེ་ཚོ་མི་བདེན་དགོངས་ན་རྡ་སའི་ཤེས་རབ་དགའ་ཚལ་གྱི་སློབ་མ་ཚོ་དང་སྦེ་རེ་སུ་ཇ་སློབ་གྲྭའི་སློབ་མ་ཚོར་དྲིས་ན་གསལ་གསལ་ཐིང་ཐིང་རེད། དེ་འདྲའི་ལོ་ཡར་སྤར་དང་མར་བཅག་གི་ཁྲོད་ནས་ན་གཞོན་ཕྱི་རྒྱལ་ལ་འགྲོ་མཁན་ཁག་ཅིག་གི་མདུན་ལམ་ལ་དོ་ཕོག་ཆེན་པོ་བཟོས་ནས་སོ་སོའི་འཆར་གཞི་མ་འགྲུབ་པར་དཀའ་སྡུག་མྱངས་ནས་ཡོད་མཁན་རྡ་ས་དང་ལྡི་ལི་ཁུལ་ན་གང་མང་མང་ཞིག་མཐོང་རྒྱུ་འདུག
ད་དུང་དེ་ཡིས་མི་ཚད་མགོ་བདེ་བོ་དང་དངུལ་ལོ་ཡོད་མཁན་ཁག་གིས་ལོ་གང་བཟོ་འདོད་ཀྱང་བློ་བཟང་རབ་རྒྱས་དང་ལྐོག་ནས་འབྲེལ་བ་བྱས་ཏེ་ལྐོག་རྔན་སྤྲད་ནས་བཟོ་མཁན་ཡང་གང་མང་རེད། དེ་འདྲ་མི་འཇོན་མཁན་ཚོར་ནམ་ཡང་ལམ་ཁ་ཞིག་མེད་པ་ལྟ་བུ་ཞིག་ཆགས་འདུག འདི་ཚོ་ནི་གནམ་སར་མི་ཤོང་བའི་ནག་ཉེས་རེད་སྙམ།
མཐའ་དོན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་འདི་ཚོའི་རིགས་ལ་ཞིབ་འཇུག་དང་སྟངས་འཛིན་རེ་གནང་ཐུབ་ན་དུས་ལ་བབ་འདུག་སྙམ། ད་དུང་གནས་ཚུལ་མང་ཡང་ཡིག་ཚོགས་ལ་འཛེམས་ནས་རེ་ཞིག་དེ་ཙམ་བྱ།
འོ་ཧོ་ཧོ་་་་སྐད་ཆ་འདི་ཚོགས་ངོ་མ་རེད་་་་མི་མགོ་བདེ་ཅན་འདི་ཚོ་་་མཐར་སྤྲོད་གཏོང་དགོས་པ་རེད། དགྲ་འདུལ་ཁོ་ཨ་རིའི་ས་ཆ་གང་ཞིག་ན་ཡོད་དམ་་་་ཅིག་ཐུབ་ན་འདོད་ཀི་་་་
བོད་པ་སྐྱག་ཟན་ཁ་ཤས་ཀྱི་འགྲིག་མ་འགྲིག་དེ་དཔལ་ལྡན་བལ་པོའི་ཡུལ་ལ་ངན་ཁག་བཀྲི་ས་མེད། བལ་ཡུལ་རྒྱ་མིའི་ཞིང་ཆེན་ཡིན་སྟངས་ག་རེ་རེད། ཕ་རོ། ཁ་ཏྭས་མི་གཙང་ཟོས་པའི་མཆུ།། ས་གཙང་གཞན་ལ་འཕྱི་བར་བྱེད།། ཟེར་བ་ལྟར་རེད། བལ་ཡུལ་རང་གི་ཆབ་འབངས་ས་ཡ་བརྒྱ་ལས་ལྷག་པ་དེ་ཚོའི་བདེ་སྡུག་ལ་བསམ་བློ་གཏོང་པ་མ་གཏོགས་བོད་པས་གང་བྱས་ལ་མཛུམ་མུལ་ལེར་བལྟ་ནས་འདུག་དགོས་པ་ཅི་ཡོད། རང་ས་ལ་མི་བཞག གཞན་ས་ལ་རང་སྡོད་ནས་བསམ་བློ་གཏོང་མི་ཤེས་མཁན་འདི་འདྲ་མཐོང་དུས་གོ་བ་མེད་པའི་གླང་རྒན་ལ། །རྒྱལ་བའི་བཀའ་ལས་དབྱུག་པ་བཙན།། ཞེས་པ་འདི་བདེན་པར་གོ།
བལ་ཡུལ་རང་གི་ཆབ་འབངས་ས་ཡ་ཉེར་བརྒྱད་ལྷག་ཙམ་ལས་མེད། མེ་དཀར་ལགས།
བལ་ཡུལ་ནི་ང་ཚོ་བོད་པའི་དགྲ་བོ་གཉིས་པ་དེ་རེད། བལ་ཡུལ་རྒྱལ་སར་མཚོན་ན་བོད་པ་མེད་ན་ཁོ་ཚོ་མུག་ཤི་རྒྱབ་རྒྱུ་རེད། ད་དུང་རྒྱ་རྒན་རེ་སླེབས་དུས་ཉེས་མེད་བོད་མི་མང་པོ་བཙོན་འཇུག་བྱེད་ཅིང་དེ་ཡི་ངོ་སོས་ལྐོག་རྔན་ལེན་བཞིན་ཡོད། ཨ་རི་གཞུང་གི་བོད་པ་ཚོར་འཐེན་རྒྱུ་བྱས་ཀྱང་ཁོ་ཚོའི་འཚོ་ཐབས་ཆེད་བོད་པ་ཨ་རིར་འགྲོ་རྒྱུ་བཀག་འགོག་བྱ་བཞིན་པ། མ་ཚད་དེང་སང་བོད་པའི་བླ་ཆེན་གྱི་མིང་ཡོད་མཁན་ཁ་ཤས་བྱ་ངན་སྤྱོད་ངན་ཁྱི་ལས་ལོད་པ་འགའ་བོད་པའི་སྤྱི་ཚོགས་ནས་གད་རྙིགས་དང་ལྷན་དོར་ཟིན་ནའང་བལ་ཡུལ་སྤྲང་གཞུང་གི་མི་སེར་སྤྲང་པོ་ཉམས་ཐག་རྣམས་ལ་དངུལ་དངོས་སྤྲད་ནས་ཁོ་ཚོས་ཟློས་གར་ཡང་བསྟོན་བཞིན་པ་རེད། བྱས་ཙང་བལ་པོ་ནི་རྒྱ་ནག་དམར་པོའི་གཞུང་དང་། རྒྱ་འདྲེ་བླ་ཆེན་ཁ་ཤས་ཀྱི་གླ་མི་རང་རེད།
བལ་ཡུལ་ནི་ང་ཚོའི་དགྲ་བོ་བྱེད་ཡ་གི་ཐོབ་ཐང་ཡང་མེད། ང་ཚོའི་དགྲ་བོ་ནི་མི་ཡིན་དགོས་པ་གང་ཞིག་ཁོ་ཚོ་ནི་རྒྱའི་རྒྱུག་ཁྱི་རེད། མེ་དཀར་ཟེར་མཁན་དེ་ཟ་རྒྱུ་བོད་ཟ། གོན་རྒྱུ་བོད་གོན་ནས་ག་དུས་ཡིན་ཀྱང་བོད་ལ་སྙིང་ནད་རྩོད་པ་ནི་དྲིན་ལེན་ལོག་འཇལ་རང་རེད།
དཔལ་བཟང་གིས་བཤད་པ་བདེན་པ་རེད། ད་དུང་གནས་ཚུལ་དེ་ལས་མང་བོ་འདུག་པ་བདག་གི་སྔོན་ནས་མང་བོ་ཐོས་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་བལ་སྣེ་ལེན་ཁང་དང། དེ་དང་འབྲེལ་ཡོད་གྱི་ལས་བྱེད་སོགས་ལ་ཞིབ་འཇུག་ནན་པོའི་སྒོ་ནས་སྟངས་འཛིན་ཚ་བོ་བྱེད་པའི་འབོད་བསྐུལ་དང་རེ་བ་བྱེད་བཞིན་ཡོད། མདོར་ན་ཁ་དང་ཁ་སྤུ་སོར་སོར་བྱེད་ནས་ཉེས་ཅན་ལ་ཁྲིམས་ཆད་ནན་མོ་གཅོད་དགོས། རང་དབང་ལུང་པ་ནས་རང་རིགས་བོད་མི་དགྲ་ལག་དུ་སྤྲད་ཅིང། རང་རིས་ན་གཞོན་ལ་བསྙེས་བཅོས་ཚད་མེད་བྱེད་པའི་རྒྱལ་བཙོང་བ་དེ་རྣམས་ཀྱིས་སྤྱོད་ངན་འཛེམ་མེད་དུ་བྱེད་པ་ལ་ད་དུང་བཙན་བྱོལ་སྒྲིག་འཛུག་གིས་ཁ་གྲགས་མི་ཐུབ་པར་བསྡད་དགོས་པའི་རྒྱུ་མཚན་ཅི་ཡོད།
འདི་ན་བོད་ཞེན་མང་པོ་འདུག་པས་དགའ་འོས་པ་རེད། ཡིན་ནའང་སེམས་ཚོར་དག་རང་ཕྱོགས་ཁོ་ནའི་འགྲིག་མིན་ཨང་དང་པོར་བཞག་ཏེ་ལེགས་ཉེས་ཀྱི་ཐག་གཅོག་བྱེད་བཞིན་པར་བོད་པ་ཡིན་ན་སེམས་ཕམ་དགོས་པ་དེ་འདྲ་རེད། གཅིག་གིས་བོད་པ་མེད་ན་བལ་པོ་མུག་ཤི་ཐེབས་རྒྱུ་རེད་ཟེར། སྐད་ཆ་འདི་དངོས་གནས་མི་ཡི་སྐད་ཆ་མ་རེད། མི་ཡིན་ན་སྨྱོས་པའམ་གདོན་གྱིས་ཟིན་པའམ་ཆང་གིས་བཟི་བའི་སྐད་ཆ་རེད། མི་གཞིར་བཞག་གིས་བཤད་ན་རང་ཡུལ་བདག་པོ་རྒྱབ་མ་ཐུབ་པའི་སྐྱབས་བཅོལ་བོད་པ་སྟོང་ཕྲག་བཅུ་ཡས་མས་དེ་ཚོས་རྒྱལ་ཁབ་ཀྱིས་གསོ་སྟངས་ག་འདྲ་རེད། ང་མི་འདི་ཚོ་མཐོང་དུས་གསལ་བཤད་ཀྱང་ཡག་པོ་བྱེཛ་ཐུབ་གི་མིན་འདུག
ལར་ནས་བོད་པ་ཟེར་བ་དེ་མི་ཁྲེལ་གཞུང་ལྡན་པ། ངོ་ཚ་དང་ཆོས་དད་ཆེ་བ་སོགས་བཟང་སྤྱོད་མང་པོ་འགྲང་ཡོང་གི་འདུག་པ་དེ་ཚོ་རང་མགོ་རང་གིས་བསྐོར་བའི་ཚིག་ཅིག་མིན་ནམ་དྲན། མི་ལོ་དྲུག་ཅུ་ལྷག་རིང་རང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་དཀའ་ངལ། ཆབ་སྲིད་ཀྱི་དཀའ་ངལ། ཁྱད་པར་སྟོབས་ཆེན་རྒྱ་ནག་གིས་བསུན་ཙེར་སོགས་ལ་ཇི་མི་སྙམ་པར་བོད་པ་བོད་ནས་ཡོངས་བ་ཁ་ཤས་ཕར་རྩིས་སྤྲད་པ་ཕུད་གཞན་རྣམས་སྡོད་དུ་བཅུག འགྲོ་རུ་བཅུག ཟ་རུ་བཅུག སློབ་སྦྱོང་བྱེད་བཅུག ཚོང་རྒྱག་ཏུ་བཅུག གང་ཡོང་ཡོང་བྱས་རྗེས་ད་བལ་ཡུལ་དགྲ་བོ་རེད་ཟེར། བོད་པ་སྐྱག་གོག་ཁྲེལ་མེད་དེ་ཚོ་མེད་ན་མུག་ཤི་ཐེབས་རྒྱུ་རེད་ཟེར། དངོས་གནས་སུ་ཁྲེལ་མེད་རེད་དམ། བལ་ཡུལ་མེད་ན་བོད་ཀྱི་ཕྱི་ཕྱོགས་ཀྱི་དགོན་པ། སློབ་གྲྭ་ཁག་མུག་ཤི་ཐེབས་རྒྱ་ཉག་གཅིག་རེད།
བསམ་ཕོད་ཀྱང་བཤད་མ་ཕོད་པའི་སྐད་ཆ་འདི་འདྲ་དངོས་སུ་རྫིག་རྫིག་གིས་བྲིས་དུས་འབྲུག་གི་ཨུར་ཏི་ཚ་པོ་དེ་ཚོ་ལོས་བདེན་བ་བསམ་ཤར་གི་འདུག བོད་རྒྱལ་ལོ།
ཨ་ཇོ་ཀ་རྡོ་ལགས། བལ་པོའི་རྒྱལ་ས་གཅིག་པོ་ལ་མི་འབོར་ས་ཡ་ལྔ་ཡོད་རེད་ད།
༼ ནོར་བ་བཅོས༽འདི་ན་བོད་ཞེན་ཅན་མང་པོ་འདུག་པས་དགའ་འོས་པ་རེད། ཡིན་ནའང་སེམས་ཚོར་དག་རང་ཕྱོགས་ཁོ་ནའི་འགྲིག་མིན་ཨང་དང་པོར་བཞག་ཏེ་ལེགས་ཉེས་ཀྱི་ཐག་གཅོད་བྱེད་བཞིན་འདུག་པ་ནི་བོད་པ་ཡིན་ན་སེམས་ཕམ་དགོས་པ་དེ་འདྲ་རེད། གཅིག་གིས་བོད་པ་མེད་ན་བལ་པོ་མུག་ཤི་ཐེབས་རྒྱུ་རེད་ཟེར། སྐད་ཆ་འདི་དངོས་གནས་མི་ཡི་སྐད་ཆ་མ་རེད། མི་ཡིན་ན་སྨྱོས་པའམ་གདོན་གྱིས་ཟིན་པའམ་ཆང་གིས་བཟི་བའི་སྐད་ཆ་རེད། མི་གཞིར་བཞག་གིས་བཤད་ན་རང་ཡུལ་བདག་པོ་རྒྱབ་མ་ཐུབ་པའི་སྐྱབས་བཅོལ་བོད་པ་སྟོང་ཕྲག་བཅུ་ཡས་མས་དེས་བལ་ཡུལ་རྒྱལ་ཁབ་གསོ་སྟངས་ག་འདྲ་རེད། ང་མི་འདི་ཚོ་མཐོང་དུས་གསལ་བཤད་ཀྱང་ཡག་པོ་བྱེད་ཐུབ་གི་མིན་འདུག
ལར་ནས་བོད་པ་ཟེར་བ་དེ་མི་ཁྲེལ་གཞུང་ལྡན་པ། ངོ་ཚ་དང་ཆོས་དད་ཆེ་བ་སོགས་བཟང་སྤྱོད་མང་པོ་འགྲང་ཡོང་གི་འདུག་པ་དེ་ཚོ་རང་མགོ་རང་གིས་བསྐོར་བའི་ཚིག་ཅིག་མིན་ནམ་དྲན། མི་ལོ་དྲུག་ཅུ་ལྷག་རིང་རང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་དཀའ་ངལ། ཆབ་སྲིད་ཀྱི་དཀའ་ངལ། ཁྱད་པར་སྟོབས་ཆེན་རྒྱ་ནག་གིས་བསུན་ཙེར་སོགས་ལ་ཇི་མི་སྙམ་པར་བོད་པ་བོད་ནས་ཡོངས་བ་ཁ་ཤས་ཕར་རྩིས་སྤྲད་པ་ཕུད་གཞན་རྣམས་སྡོད་དུ་བཅུག འགྲོ་རུ་བཅུག ཟ་རུ་བཅུག སློབ་སྦྱོང་བྱེད་བཅུག ཚོང་རྒྱག་ཏུ་བཅུག གང་ཡོང་ཡོང་བྱས་རྗེས་ད་བལ་ཡུལ་དགྲ་བོ་རེད་ཟེར། བོད་པ་སྐྱག་གོག་ཁྲེལ་མེད་དེ་ཚོ་མེད་ན་མུག་ཤི་ཐེབས་རྒྱུ་རེད་ཟེར། དངོས་གནས་སུ་ཁྲེལ་མེད་རེད་དམ། བལ་ཡུལ་མེད་ན་བོད་ཀྱི་ཕྱི་ཕྱོགས་ཀྱི་དགོན་པ། སློབ་གྲྭ་ཁག་མུག་ཤི་ཐེབས་རྒྱ་ཉག་གཅིག་རེད།
བསམ་ཕོད་ཀྱང་བཤད་མ་ཕོད་པའི་སྐད་ཆ་འདི་འདྲ་དངོས་སུ་རྫིག་རྫིག་གིས་བྲིས་དུས་འབྲུག་གི་ཨུར་ཏི་ཚ་པོ་དེ་ཚོ་ལོས་བདེན་བསམ་བསམ་ཤར་གི་འདུག བོད་རྒྱལ་ལོ།།
བསམ་བློ་གཏོང་། བལ་པོ་བས་ཟ་རྒྱུ་ནི་ལྷ་འགར་དང་གདན་ཐག་ལ་བརྟེན་དགོས་ལྷ་ཡང་བོད་བཟོ་རེད་ལ། གདན་ཡང་བོད་གདན་རེད། བོད་ཀྱི་དགོན་པ་དང་སློབ་གྲྭ་ཆེ་ཁག་དེ་ཚོ་ནང་ལྟོས་དང་བོད་ཀྱིས་བོད་པ་ཟ་གི་འདུག་གམ་བལ་པོས་བོད་ཟ་གི་འདུག དེ་བཞིན་བལ་ཡལ་ནང་གནས་སྐོར་བ་ཚོ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཡོང་བབ་ཆེ་ཤོས་བསགས་ཀྱི་ཡོད་རེད། བལ་ཡུལ་གྱི་གནས་དེ་དག་གནས་ཆེན་ཡིན་པ་འཛམ་གླིང་ནང་ངོ་སྤྲོད་མཁན་བོད་པ་རེད། བོད་པ་མ་སླེབས་སྔོན་ལ་བྱ་རུང་ཁ་ཤོར་སོགས་གནས་དང་མཆོད་བརྟེན་དེ་དག་བུད་མེད་ཀྱི་གྱོན་པ་སྐམ་ས་ཡིན་པ་མ་གཏོགས་ཕྱི་མི་སུ་གཅིག་གནས་མཇལ་ཡོང་མི་མེད། དེས་ན་བོད་ནི་བལ་གཞུང་དང་བལ་པོ་ཀུན་ལ་དྲིན་ཡོད།
བྱ་རུང་ཁ་ཤོར་སུའི་རེད། གྲུམ་གདན་སུའི་རེད། བོད་པ་མ་སླེབས་གོང་བལ་ཡུལ་སྤྲང་པོ་རེད། ཧཧཧ། རྐུན་མ་ཧམ་ཆེན་གྱིས་མི་གསོད་ཟེར་བ་ཅིས་མ་བདེན། བལ་པོའི་མཐའ་མཚམས་ཀྱི་བོད་རིགས་ནེ་པ་ལི་དག་ལ་བོད་པའི་བཀའ་དྲིན་ཡོད་པ་ངས་ཀྱང་ཁས་ལེན་ཐུབ། འོན་ཀྱང་བོད་པ་སླེབས་ནས་བལ་པོ་ཡར་རྒྱས་ཕྱིན་པ་འདྲ་པོ་ཆེ་བཤད་ཆུང་བཤད་དེ་འདྲ་དངོས་གནས་ཧ་ལས་པ་རང་རེད། རང་གི་ས་བདག་པོ་རྒྱག་མ་ཐུབ་མཁན་བོད་པ་སྦར་མོ་གང་པོ་འདིས་བལ་པོ་ལ་བཀའ་དྲིན་ཆེ་མདོག་བཤད་པ་ནི་མ་རབས་ཀྱི་རྟགས་སྟོན་གི་ཡོད་རེད། བལ་ཡུལ་མེད་ན་བོད་ནས་སྐྱབས་བཅོལ་བ་སླེབས་སྟངས་ཡོད་དམ། དེ་མེད་དུས་བོད་དགོན་དང་སློབ་གྲྭ་དག་ལ་གྲྭ་བཙུན་སློབ་ཕྲུག་གིས་མུག་ཤི་ཐེབས་རྒྱུ་ཉག་གཅིག་རེད། ཡང་བོད་དགོན་དག་ལ་ནེ་པ་ལི་མང་པོ་ཡོད་ཙང་བོད་པ་བཀའ་དྲིན་ཆེ་ཚུལ་ནི་ཅུང་མ་དྲང་བའི་སྐད་ཆ་སྟེ། དེང་དུས་ནེ་པ་ལི་དང་རྒྱ་གར་བ་མེད་ན་དགོན་པ་སྟོང་གི་ཡོད་པ་ཟུར་བལྟས་ལེབ་མཐོང་རེད། བོད་པ་ཚོ་ནི་ཡུ་རོབ་དང་ཨ་རི་ལ་འགྲོ་རྒྱུ་བྲེལ། གྲྭ་པ་སུས་བྱེད། ད་དགོན་པ་སྟོང་ཡོང་དུས་ནེ་པ་ལི་དང་རྒྱ་གར་བ་དེ་ཚོར་རྫུན་གྱིས་བསླུས་ནས་ཁྲིད། ད་དུང་བོད་པས་བཀའ་དྲིན་བསྐྱངས་ཟེར། སྟོན་དང་། ནེ་པ་ལི་དང་རྒྱ་གར་བས་མ་སྐྱོབ་པའི་བོད་དགོན་ཞིག སྔ་མོ་རྒྱ་གར་ལྷོ་ཕྱོགས་ཀྱི་རྙིང་དགོན་སོགས་རྙིང་མ་དང་བཀའ་རྒྱུད་ལ་ནེ་པ་ལི་དང་འབྲུག་པ་རྒྱ་གར་བའི་ཕྲུ་གུ་མང་དུས་བོད་པ་སྤྱི་ཚོགས་ནང་ཁ་བསྙེར་སྣ་བསྙེར་གྱིས་དེ་དག་བོད་དགོན་གཙང་མ་མིན་མདོག་མདོག་གི་རྣམ་འགྱུར་སྟོན། ད་ཆ་དགེ་ལུགས་པའི་དགོན་པ་དག་གིས་ཨེ་ཤུའི་ཆོས་སྤེལ་རིང་ལུགས་ཀྱི་སྲོལ་ལག་བསྟར་བྱས་ཏེ་མི་འགྲོ་ཆེད་བསྔགས་ཀྱིས་རྒྱ་གར་བ་དང་ནེ་པ་ལིའི་བུ་ཕྲུག་སློབ་གྲྭ་ལས་ཁ་བསྒྱུར་ནས་གྲྭ་པར་བཅུག་སྟེ་མི་ཚེའི་འདུན་མ་ཆ་ཚང་འཕྲོ་བརླག་ཏུ་བཏང་། ད་ང་ཚོ་བོད་གོག་གིས་བྱ་བྱེད་ལས་གསུམ་ལ་ལྟ་ན་དངོས་གནས་སྤྲ་དང་སྲིན་མོའི་བུ་ཕྲུག་མ་རེད་ལབ་ཐུབ་པ་མིན་འདུག
མེ་ཏོག་དཀར་པོ་ཞེས་པ་འདི་ས་མཚམས་ཀྱི་མི་བོད་པར་བརྫུ་མཁན་ཞིག་རེད། འདིས་ནམ་ཡིན་ཡང་ས་མཚམས་མིའི་ཕྱོགས་བཟུང་ནས་བོད་པ་ལ་སྡང་ཟུག་བྱེད་ཀྱི་འདུག ལྟས་ངན་འདི་ཚོས་བོད་པའི་དགོན་སྡེ་ཁག་གིས་གསོ་སྐྱོང་བྱས་པའི་བཀའ་དྲིན་བསམ་ཤེས་མེད་པར་དྲིན་ལེན་ལོག་འཇལ་བྱེད་ཀྱི་འདུག སྤྱིར་ཧི་མ་ལ་ཡའི་མི་རིགས་རྣམས་བོད་རིགས་སུ་གཏོག་པ་མ་ཟད་བོད་དང་ཆོས་དང་རིག་གཞུང་གཅིག་པ་རེད། ཁོང་ཚོས་བོད་པ་ལ་རྒྱབ་སྐྱོར་མ་ནུས་ཀྱང་གནོད་སྐྱེལ་འོས་གཏན་ནས་མེད། ཡིན་ན་ཡང་བལ་ཡུལ་མཆོད་རྟེན་སྐོར་ལམ་ནང་ལ་བོད་པའི་རྒྱལ་དར་འཕྱར་མཁན་ཞིག་མཐོང་ན་བལ་དམག་ཡོང་མི་དགོས་པར་རྟ་མང་བའི་ཕོ་སར་ཚོས་རྡུང་རྡེག་བཏང་བའི་གནས་ཚུལ་ལེན་མང་བྱུང་ཡོད། ངོ་མ་ཞབས་འདྲེན་འདི་ཚོ་ལ་བོད་པའི་དགོན་སྡེ་ཁག་ནས་གསོ་སྐྱོང་བྱེད་མཚམས་བཞག་ན་ལེགས།
ཏག་ཏག་རེད། བལ་པོ་དང་འབྲུག་པ་རྒྱ་གར་བ་མེད་ན་བོད་དགོན་སྟོང་འགྲོ་གི་རེད། དཔེ་ཡག་པོ་ལབ་སོང་ད
ལུང་རྟོགས་ལགས། ང་ག་ནས་ཡིན་གནད་འགག་འདུག་གེ དེ་ལས་ངས་བཤད་པ་དེ་ལ་བསམ་བློ་གཏོང་ན་འོས།
བལ་པོ་དང་རྒྱ་གར་འབྲུག་པ་མེད་ན་བོད་དགོན་སྟོང་དོན། འདི་ཚོའི་ཤུལ་ལ་རྒྱལ་ཁབ་གཞན་ཞིག་ཡོད་རྒྱུ་རེད། ཧི་མ་ལ་ཡའི་མི་རིགས་མང་ཤོས་ནི་བལ་ཡུལ་གྱི་ཁོོངས་སུ་ཡོད་པ་རེད། འོན་ཀྱང་ཁོང་ཚོ་ལ་བལ་ཡུལ་གྱི་གཞུང་འཛིན་རྒྱུ་དང་གཞུང་གི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་དབང་ཆ་ཅུང་ཟད་ཙམ་ཡང་མི་འདུག འོན་ཀྱང་བལ་ཡུལ་གཞུང་ལ་ངོ་རྒོལ་བྱེད་བུས་མཁན་ཕལ་ཆེར་མཐོང་རྒྱུ་མེད་པའི་ཚོད་རེད། བོད་པ་དང་ཁོང་ཚོ་མི་རིགས་གཅིག་པ་ཡིན་པ་མ་ཟད་ཆོས་དང་རིག་གཞུང་གཅིག་པ་རེད། ད་དུང་བོད་པ་སྐྱབས་གཅོལ་བ་ཡིན་ཡང་བོད་པའི་དགོན་སྡེ་རྣམས་ཀྱིས་ཁོང་ཚོའི་བུ་ཕྲུག་སྟོང་ཕྲག་མང་པོར་ལྟ་གོས་དང་ཤེས་ཡོན་སློབ་སྦྱོང་ཆ་ཚང་སྤྲད་ནས་མི་གྲལ་ལ་ཚུད་པ་ཞིག་བཟོས་ཡོད། འོན་ཀྱང་ལ་དྭགས་པ་ཙམ་ལས་གཞན་དག་གིས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཕལ་ཆེར་བྱུང་མེད་པ་མ་ཟད་ད་དུང་ཁོང་ཚོས་བོད་པ་ལ་གནོད་བསྐྱལ་གྱི་ཡོད། མི་འདི་ཚོ་ལ་མི་གཞི་བཞག་ནས་ཁྱི་གཞི་ཙམ་ཡང་མི་འདུག
བལ་ཡུལ་གཞུང་གིས་བོད་པ་ལ་སྐྱབ་བཅོལ་སྤྲད་པའི་བཀའ་དྲིན་ཙམ་ཡོད་ཀྱང་དེ་ནི་ཁྱོད་ཚོ་ལ་འབྲེལ་བ་གང་ཡང་མེད། རྒྱུ་མཚན་ནི་ངས་གོང་དུ་བཤད་པ་ལྟར་ཁྱེད་ཚོ་ལ་དབང་ཆ་གང་ཡང་མེད་པས་སོ།
སྟོང་དོན་མེད་ཅེས་བཅོས།
བལ་པོའི་མཐའ་མཚམས་ཀྱི་བོད་རིགས་རྣམས་ལྷག་བསམ་རྣམ་དག་གིས་བལ་པོའོ་སྙམ་པ་ལས་ང་ཚོ་བོད་པ་བཞིན་ལུང་པ་ཤོར་ནའང་ང་དང་ཁོའི་སྐད་ཆ་དེ་འདྲ་མེད་ཚོད། བལ་པོའི་བོད་རིགས་དང་བལ་གཞུང་བར་དཀྲུག་ཤིང་རྒྱབ་ནས་དཀའ་ལས་ཁག་རོགས་རེད། བལ་པོའམ་བལ་གཞུང་གི་བཀའ་དྲིན་བསམ་ཤེས་ཀྱིས་བོད་ཀྱི་དགྲ་རེད་དེ་ཟེར་མི་རུང་། དེ་འདྲ་ཟེར་ན་བོད་པ་ཡ་རབས་ཟེར་བ་ཆུ་ནང་གི་རྟུག་དྲི་རང་ཆགས་འགྲོ་གི་རེད། ཕར་ཕྱོགས་དེར་༧གོང་ས་མཆོག་གིས་བོད་པ་ཡ་རབས་ཀྱིས་རྒྱུགས་སྤྲོད་བཏང་། ཚུར་ཕྱོགས་དེར་ལུང་རྟོགས་དང་མངའ་རིས་པ་འདྲ་བའི་བོད་ཞེན་ཅན་གྱི་བོད་པ་དག་གིས་ཀོ་ཐག་ཀློད་ན་ཡག་པོ་ཞིག་ག་ལ་ཡིན། བོད་བདག་པོ་རྒྱབ་མ་ཐུབ་པ་རང་གིས་ལན་པ་ལས་དེའི་སྡུག་ཡུས་གཞན་ལ་འགྲང་ས་མེད།
མེ་དཀར་ལགས། བལ་ཡུལ་མེད་ན་བོད་ཀྱི་ས་མཚམས་བརྒལ་མ་ཐག་རྒྱ་གར་ལ་སླེབས་ཚར་བ་རེད། སྟབས་བདེ་རུ་ཕྱིན་པ་རེད། ལྷ་སྐུ་དང་གྲུམ་གདན་བོད་པ་བཙན་འབྱོལ་མ་སླེབས་སྔོན་ནས་བལ་ཡུལ་ལ་ཡོད་པ་བདེན་པ་རེད། ཡིན་ནའང་ལག་རྩལ་དེ་དག་གནའ་སྔ་མོ་བཙན་པོའི་དུས་ནས་བོད་ནས་འདྲེན་པ་རེད། གནས་ཆེན་དེ་དག་བལ་ཡུལ་གྱི་ཡིན་པ་བདེན་པ་རེད། གནས་ཆེན་ཡིན་པ་འཛམ་གླིང་ལ་ངོ་སྤྲོད་མཁན་བོད་པ་རེད། བོད་པ་མེད་ན་གནས་ཆེན་དེ་དག་བུད་མེད་ཀྱི་གྱོན་པ་ས་རས་སྐམ་ས་རེད། ཡིད་མ་ཆེས་ན་གནའ་སྔ་མོའི་མཆོད་བརྟེན་གྱི་པར་ལ་གཟིགས་དང་ཧ་གོ་གི་རེད།
མེ་དཀར་ལགས། ངས་བལ་པོའི་གཞུང་ལ་འཁར་ར་བྱེད་ཀྱི་ཡོད་མ་གཏོགས། ཧི་མ་ལ་ཡའི་མི་རིགས་དེ་ཚོ་ལ་གང་ཡང་བཤད་རྒྱུ་མེད།
སྤྱིར་མེ་དཀར་ད་གཉིས་དབར་ལ་མི་དགའ་བ་དེ་འདྲ་མེད། ལྷག་པར་དུ་ཁོང་གིས་དེ་རིང་འདིར་བཤད་པ་དེ་ཚོར་རྒྱབ་སྐྱོར་ཡོད། སྐད་ཆ་དྲང་པོ་ཆུ་ཤིང་འདྲ་བ་ཞིག་བཤད་སོང།
བལ་ཡུལ་གཞུང་གི་ཡོང་བབས་ལྟེ་བ་གཅིག་ནི་འཛམ་གླིང་ཡུལ་སྐོར་སྤྲོ་འཆམ་གྱི་ལག་ནས་ཡོང་གི་ཡོད། ཡུལ་སྐོར་སྤྲོ་འཆམ་མང་ཆེ་བ་ནི་སྲིད་པའི་གངས་རི་ལྟ་བ་དང་དེར་འཛེག་པར་ཡོང་མཁན་ཤ་སྟག་རེད། དེ་འདྲ་ཡིན་དུས་སྲིད་པའི་གངས་རི་དེ་ཚོའི་གདོད་མའི་དངོས་མིང་ལ་ག་རེ་ལབ་ཀྱི་ཡོད་དམ། གངས་རི་དང་གངས་རིའི་མཛེས་ལྗོངས་རྣམས་ལོ་རྒྱུས་ཀྱི་ཐོག་ནས་བོད་པར་དབང་བ་རེད་དམ་རོང་ཤི་མགོ་སྐམ་ཚོ་ལ་དབང་བ་རེད། །
དྲ་གྲོགས་ཚོས་རྩོད་པ་བརྒྱབ་སྟངས་ལ་བལྟས་ན་ཁྱད་མཚར་འདྲ་ཞིག་མཐོང་གི་འདུག བལ་ཡུལ་ཡག་སྡུག་དང་སྤྲང་ཕྱུག་རྩོད་ནས་གང་ཡོང་། དེ་ལས་བལ་ཡུལ་གནས་སྡོད་བོད་མི་རྣམས་ལ་དཀའ་ངལ་ཆེན་པོ་ཡོད་པ་འདིར་སེལ་ཐབས་འདྲ་ཤོད། བལ་ཡུལ་གཞུང་གི་གླ་ཕོགས་ནག་རྒྱ་གཞུང་ལ་བརྟེན་དགོས་དུས་གནས་སྟངས་འདི་རང་རེད།
བལ་ཡུལ་དུ་བཙན་བྱོལ་བོད་མི་རྣམས་ཀྱིས་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་བྱས་བཅུག་མེད། ངོ་རྒོལ་བ་རྒྱལ་གཅེས་དཔའ་བོའི་སྐུ་ཕུང་ཡང་བཙན་ཕྲོགས་བཟོས། གཞུང་འབྲེལ་གྱི་མཛད་སྒོ་ཁག་ལ་བཀག་འགོག་བྱས། བལ་ཡུལ་ནང་གི་བོད་མི་ཚོའི་འཚོ་གནས་དང་བདེ་འཇགས་ལ་ཉེན་ཁ་ཆེན་པོ་རེད། བལ་ཡུལ་ནང་གི་བོད་མི་རྣམས་ཅི་ལྟར་སྐྱོབ་དགོས་སམ། ཨ་རི་དང་ཡུང་རོབ་སོགས་རྒྱལ་ཁབ་གཞན་དག་གི་ནང་དུ་སྐྱབས་བཅོལ་འགྲོ་ཐུབ་མིན་སོགས་ཀྱི་སྐོར་གླེང་ན་ཁེ་ཕན་ཆེ་བ་ཡོད་པར་འདོད།།།
དྲ་གྲོགས་ཚོས་བྱས་ན་བོད་མི་རྣམས་བལ་ཡུལ་དུ་མུ་མཐུད་ནས་སྡོད་ན་དཀའ་ངལ་ཆེ་རུ་འགྲོ་མི་འོང་ངམ། མུ་མཐུད་ནས་སྡོད་ན་དགའ་འང་རྒྱལ་ཁབ་གཞན་ཞིག་སྐྱབས་བཅོལ་ན་དགའ་འམ། དྲི་བ་འདི་དག་ལ་ལན་ཡོད་ན་ཕན་པོ་རེད།།
བལ་ཡུལ་དུ་བཙན་བྱོལ་བོད་མི་རྣམས་ལ་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་བྱས་བཅུག་མེད།ཅེས་བཅོས་རོགས་གནང་།
བལ་པོའི་མཐའ་མཚམས་ཀྱི་བོད་པ་རྣམས་ལྷག་བསམ་རྣམ་དག་ཡིན་མིན་མི་ཤེས་ཀྱང་། རང་གི་ཐོབ་ཐང་རྩོད་མི་ནུས་པའི་སྡར་མ་ཡིན་པ་མངོན་གསལ་རེད། བལ་པོའི་བོད་རིགས་དང་བལ་གཞུང་བར་ལ་དཀྲུག་ཤིང་རྒྱབ་ན་ཡང་ཁོང་ཚོས་ཅི་ཡང་བཤད་མི་ནུས་པ་ངས་སྔ་ས་ནས་ཤེས་ཡོད། བལ་ཡུལ་གཞུང་གི་ཆེས་མཐོའི་དབང་འཛིན་པའི་ཁྲོད་ཧ་ལམ་བོད་རིགས་གཅིག་ཀྱང་མེད་པ་རེད། འོན་ཀྱང་ཁོད་དང་ཁྱོད་ལྟ་བུ་དག་གིས་ཉམ་ཆུང་བོད་མི་བཙན་བྱོལ་བ་ཚོར་ཁ་ངན་ཚིག་རྡུང་རེ་བྱེད་པ་ལས་གལ་ལ་ཐུག་དུས་ཅི་ཡང་འཇོན་གྱི་མེད་པ་གསལ་ཐིང་ངེ་རེད། ཡ་རབ་ཞེས་པ་དེ་ཡང་བཟང་ལ་བཟང་ལན་དང་ངན་ལ་ངན་ལེན་ཤེས་པ་ཞིག་ལ་ཟེར་ན་རེད་མ་གཏོགས་མགོ་ཐོག་ལ་སྐྱག་པ་གཏོང་ཡོང་ན་ཡང་ཁ་རོག་གེར་སྡོད་མཁན་གྱི་སྐྱིད་སྡུག་མེད་མཁན་དེ་འདྲ་ལ་ཡ་རབ་ཟེར་བ་མ་རེད། བོད་བདག་པོ་རྒྱག་མ་ཐུབ་པའི་སྡུག་ཡུས་བསྒྲངས་མཁན་སུ་ཡང་མི་འདུག ལར་ནས་ཁྱོད་རང་ལྟ་བུ་བོད་པར་སྡང་མཁན་རྣམས་བོད་པའི་དྲ་རྒྱ་ནང་ལ་ཡོང་དགོས་དོན་མི་འདུག
ལུང་རྟོགས་ལགས། ང་ལ་བཤད་རྒྱུ་གསར་ཅང་ལྷག་མ་སོང་། ནེ་པ་ལིའི་མི་འབོར་གྱི་བརྒྱ་ཆ་ལྔ་ཙམ་ཡང་མེད་ཅིང་རྗེས་ལུས་སུ་གྱུར་པའི་མི་རིགས་བལ་པོའི་གཞུང་འཛིན་ལྟེ་བར་སླེབས་རྒྱུ་དཀའ་ངལ་རེད། རེད་དེ་ས་གནས་ཀྱི་འཐུས་མི་གྲོས་ཚོགས་ནང་ཡོད་ཡོད་པ་རེད། དེའི་སྐོར་བོད་པ་ཚོ་ལ་མཚོན་ལ་ཇུས་མེད་ཇུས་འཁྲི་རང་རེད་སྙམ། ཡང་འགའ་རེས་མཆོད་རྟེན་གྱི་གཡས་གཡོན་དུ་བོད་དོན་སྐད་འབོད་བྱས་པ་ཉེས་མེད་ཡིན་སྐོར་དག་འབུད་ཇི་ཙམ་བྱས་ཀྱང་ཉེས་མེད་དུ་འགྱུར་དཀའ་སྟེ། བལ་པོའི་ས་ཐོག་བལ་ཁྲིམས་ལས་རྡ་སའི་ཁྲིམས་ག་ལ་འགྲོ། ལུང་རྟོགས་དང་མངའ་རིས་ཁྱོད་གཉིས་ཀྱི་ཁྱིམ་དུ་མགྲོན་ཞིག་སླེབས་པར་ཟ་བཏུང་སྡོད་གནས་གཡར་མོད། ཁྱིམ་གྱི་ནང་གང་བྱུང་བྱེད་ན་ཁ་རོགས་སྡོད་དམ། དེ་དུས་ཁོས་ཁོ་ལ་ཉེས་པ་མེད་ཚུལ་དང་ཁྱོད་གཉིས་དགྲ་བོ་ཡིན་ཚུལ་སྨྲ་ན་འོས་སམ། བལ་ཡུལ་ཇི་ཙམ་སྐྱོ་རུང་བོད་པ་སྐྱབས་བཅོལ་བར་ཁ་ལ་དཔག་པའི་སོ་ལྟར་རང་དབང་གང་མཚམས་སྤྲད་ཡོད་པ་དེ་ལ་ཐུགས་རྗེ་ཆེ་ཞུ་འོས་པ་ལ་མི་འོས་པའི་མཆིལ་མ་འཕེན་ག་ལ་རུང་།
བལ་པོའི་མཐའ་མཚམས་པ་རྣམས་རང་དགོས་པའི་རང་དབང་ཐོག་འདོད་འདུན་བཏོན་བཞིན་པ་རེད། རྡར་མ་དང་མ་རྡར་མ་གང་ཡང་མ་རེད། གོང་བཤད་ལྟར་དེའི་སྐོར་སྐྱབས་བཅོལ་བའི་བཀའ་སློབ་དགོས་དོན་མེད།
མེ་ཏོག་ང་ཁ་བརྡའི་མགྲོན་པོ་རྙིང་པ་ཞིག་ཡིན་ལ། ང་ཡང་ཁ་བརྡར་དུང་པས་ཚེ་དང་ལྡན་པ་ལ་སྟོད་ཀྱི་བུ་ལྟ་བུ་མི་ཁ་ཤས་ཀྱིས་བཀའ་བཀྱོན་བཏང་བ་དང་ཁ་བརྡ་ལས་ཁ་བྲལ་རེ་འགྲོ་བ་སོགས་བྱེད་དོགས་མེད།
སྤྲོས་པས་ཆོག
མ་གཞི་མིང་ལ་ལུང་རྟོགས་རེད་འདུག་མ་གཏོགས་དོན་ལ་འདི་ཆོས་ཅན། གཙང་མ་ཡིན་ཏེ། ངའི་ཨ་ཕའི་ཁ་ཕོར་ཡིན་པའི་ཕྱིར། དཔེར་ན་ངའི་ཨ་མའི་ཟ་འཕྲོ་བཞིན་ཟེར་མཁན་ཞིག་རེད་འདུག འོན་ཀྱང་ཡོན་ཏན་གཅིག་འདུག་པ་ནི་མི་རིགས་ཀྱི་ལ་རྒྱ་ཡག་ཐག་ཆོད་འདུག དེ་ལ་དུས་ནམ་ཡང་དགའ་བསུ་ཡོད།
Bonpo ལགས། སྲིད་པའི་གངས་རི་འདི་དག་སུའི་རྒྱལ་ཁབ་ལ་ཡོད་ན་དེ་ལ་དབང་གི་རེད། བོད་པ་སྐྱག་གོག་ལ་དབང་གི་མ་རེད། བོད་པ་ལ་དབང་དགོས་ན་དང་པོ་རྒྱ་ལག་ནས་བོད་ལོན་དགོས། དེ་ནས་ལྟ་ཆོག་གི་རེད། དེ་མིན་བུ་མ་སྐྱེས་གོང་མིང་བཏགས་སྟངས་འདི་སུའི་ལུགས་རེད།
མེ་ཏོག་དཀར་པོ། ཁྱོད་རང་མིང་སྙིང་རྗེ་པོ་ཞིག་བཏག་པ་ལས་དོན་ལ་གང་ཡང་མི་ཤེས་མཁན་ཞིག་རེད་འདུག བལ་ཡུལ་གྱི་མོ་འབོར་མང་ཤོས་བོད་རིགས་ཚོས་བཟུང་མེད་ཀྱང་བརྒྱ་ཆ་ལྔ་བཅུ་བོད་རིགས་ཡིན་པ་བལྟས་པ་ཙམ་གྱིས་ཤེས། ཁོང་ཚོ་རྗེས་ལུས་ཐེབ་པ་དང་གཞུང་གི་དབང་འཛིན་པ་ནང་ལ་སླེབས་མ་ཐུབ་པ་ནོ་འཇོན་ཐག་མེད་པས་ལེན་པ་རེད། ད་དུང་མཆོད་རྟེན་ནང་ལ་ཞི་བའི་ཁྲོམ་བསྐོར་བྱེད་མི་ཆོག་ཟེར་ན་གད་མོའི་གནས་རེད། ལར་ནས་བལ་ཡུལ་རྒྱལ་ཁབ་འདི་དམངས་གཙོའི་རྒྱལ་ཁབ་ཞིག་ཡིན་ཟེར་གྱི་ཡོད་པ་རེད། དམངས་གཙོའི་རྒྱལ་ཁབ་ནང་ན་ཞི་བའི་ཁྲོམ་བསྐོར་དང་སྐད་འབོད་བྱེད་མི་ཆོག་པ་ནི་བློ་ཡུལ་ལས་འདས་པ་རེད། ཞི་བའི་ངོ་རྒོལ་བྱེད་མི་ཆོག་པའི་དམངས་གཙོའི་རྒྱལ་ཁབ་ཞིག་ན་ཡོད། འདི་ནི་རྒྱ་གཞུང་གི་གནོན་ཤུགས་ལ་མགོ་སྒུར་ནས་རང་གི་དམངས་གཙོའི་ཐོབ་ཐང་བཙོང་བཞིན་ཡོད་པ་གསལ་པོ་རེད། ངས་ཀྱང་དཔེ་ཞིག་བཞག གལ་ཏེ་ངའི་ཁྱིམ་ནང་ལ་འགྲོན་པོ་ཞིག་སླེབས་ངས་དེ་ལ་གནས་ཚང་གཡར། འོན་ཀྱང་ཁོ་རང་ལ་ཉེས་པ་གང་ཡང་མེད་པར་ངས་ཁོ་རང་རྡུང་ན་ཁོ་རང་གིས་གང་ཡང་མི་བཤད་པ་སྡོད་དགོས་པ་རེད་དམ། བཙན་བྱོལ་བོད་པ་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པ་ལས་བལ་གཞུང་ལ་ངོ་རྒོལ་བྱེད་ཀྱི་མེད་ཀྱང་། བལ་གཞུང་གིས་ཉེས་མེད་བོད་པ་རྣམས་རྡུང་རྡེག་དང་བཙོན་འཇུག་བྱས་ན་ག་ཚོས་བདེན་པའི་གནས་ལུགས་བཤད་མི་ཆོག་པའི་རྒྱུ་མཚན་ཅི་ཡོད། སྔར་ཡིན་ན་བོད་པ་བོས་བལ་གཞུང་ལ་ཐུགས་རྗེ་ཆེ་ཞུ་འོས་པ་རེད་ལ། འོས་པ་བཞིན་དུ་བོད་པ་ཚོས་བལ་ཡུལ་ལ་ཕན་བཏག་པ་ལས་གནོད་གང་ཡང་བསྐྱལ་མེད་པ་རེད། འོན་ཀྱང་དེང་སང་བལ་གཞུང་རྒྱ་གཞུང་གི་ལག་གཡོག་དུ་གྱུར་ནས་བཙན་བྱོལ་བོད་པ་ཚོ་བལ་ཡུལ་ལ་ཆགས་དཀའ་བའི་གནས་སུ་ལྷུང་ཡོད་པས་ཐུགས་རྗེ་ཆེ་ཞུ་འོས་པ་གང་ཡང་མ་རེད། ལར་ནས་བལ་ཡུལ་གཞུང་གིས་ང་ཚོ་ལ་ཡག་པོ་བྱེད་མྱོང་བས་ད་ལྟ་སྡུག་པོ་ག་ཚོད་བཏང་ཡང་བཟོད་སྒོག་བྱེད་ནས་སྡད་དགོས་པ་རེད་ཟེར་ན་དེ་ནི་མིའི་སྐད་ཆ་བཤད་སྟངས་ཤིག་གཏན་ནས་མ་རེད། བལ་པོའི་དོན་དག་ལ་སྐྱབ་བཅོལ་བོད་མིའི་བཀའ་སློབ་དགོས་དོན་མེད་པ་བཞིན་བཙན་བྱོལ་བོད་མི་ཚོས་རང་གི ཐོབ་ཐང་རྩོད་པ་ལ་ཁྱོད་ལྟ་བུ་དག་གིས་བྱུས་བཏོགས་དགོས་དོན་གང་ཡང་མེད།
ནོར་བཅོས། མེ་ཏོག་དཀར་པོ། ཁྱོད་རང་མིང་སྙིང་རྗེ་པོ་ཞིག་བཏག་པ་ལས་དོན་ལ་གང་ཡང་མི་ཤེས་མཁན་ཞིག་རེད་འདུག བལ་ཡུལ་གྱི་མི་འབོར་མང་ཤོས་བོད་རིགས་ཚོས་བཟུང་མེད་ཀྱང་བརྒྱ་ཆ་ལྔ་བཅུ་བོད་རིགས་ཡིན་པ་བལྟས་པ་ཙམ་གྱིས་ཤེས། ཁོང་ཚོ་རྗེས་ལུས་ཐེབ་པ་དང་གཞུང་གི་དབང་འཛིན་པ་ནང་ལ་སླེབས་མ་ཐུབ་པ་ནི་འཇོན་ཐང་མེད་པས་ལེན་པ་རེད། ད་དུང་མཆོད་རྟེན་ནང་ལ་ཞི་བའི་ཁྲོམ་བསྐོར་བྱེད་མི་ཆོག་ཟེར་ན་གད་མོའི་གནས་རེད། ལར་ནས་བལ་ཡུལ་རྒྱལ་ཁབ་འདི་དམངས་གཙོའི་རྒྱལ་ཁབ་ཞིག་ཡིན་ཟེར་གྱི་ཡོད་པ་རེད། དམངས་གཙོའི་རྒྱལ་ཁབ་ནང་ན་ཞི་བའི་ཁྲོམ་བསྐོར་དང་སྐད་འབོད་བྱེད་མི་ཆོག་པ་ནི་བློ་ཡུལ་ལས་འདས་པ་རེད། ཞི་བའི་ངོ་རྒོལ་བྱེད་མི་ཆོག་པའི་དམངས་གཙོའི་རྒྱལ་ཁབ་ཞིག་གང་ན་ཡོད། འདི་ནི་རྒྱ་གཞུང་གི་གནོན་ཤུགས་ལ་མགོ་སྒུར་ནས་རང་གི་དམངས་གཙོའི་ཐོབ་ཐང་བཙོང་བཞིན་ཡོད་པ་གསལ་པོ་རེད། ངས་ཀྱང་དཔེ་ཞིག་བཞག གལ་ཏེ་ངའི་ཁྱིམ་ནང་ལ་འགྲོན་པོ་ཞིག་སླེབས་ངས་དེ་ལ་གནས་ཚང་གཡར། འོན་ཀྱང་ཁོ་རང་ལ་ཉེས་པ་གང་ཡང་མེད་པར་ངས་ཁོ་རང་རྡུང་ན་ཁོ་རང་གིས་གང་ཡང་མི་བཤད་པ་སྡོད་དགོས་པ་རེད་དམ། བཙན་བྱོལ་བོད་པ་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པ་ལས་བལ་གཞུང་ལ་ངོ་རྒོལ་བྱེད་ཀྱི་མེད་ཀྱང་། བལ་གཞུང་གིས་ཉེས་མེད་བོད་པ་རྣམས་རྡུང་རྡེག་དང་བཙོན་འཇུག་བྱས་ན་ང་ཚོས་བདེན་པའི་གནས་ལུགས་བཤད་མི་ཆོག་པའི་རྒྱུ་མཚན་ཅི་ཡོད། སྔར་ཡིན་ན་བོད་པ་ཚོས་བལ་གཞུང་ལ་ཐུགས་རྗེ་ཆེ་ཞུ་འོས་པ་རེད་ལ། འོས་པ་བཞིན་དུ་བོད་པ་ཚོས་བལ་ཡུལ་ལ་ཕན་བཏག་པ་ལས་གནོད་གང་ཡང་བསྐྱལ་མེད་པ་རེད། འོན་ཀྱང་དེང་སང་བལ་གཞུང་རྒྱ་གཞུང་གི་ལག་གཡོག་དུ་གྱུར་ནས་བཙན་བྱོལ་བོད་པ་ཚོ་བལ་ཡུལ་ལ་ཆགས་དཀའ་བའི་གནས་སུ་ལྷུང་ཡོད་པས་ཐུགས་རྗེ་ཆེ་ཞུ་འོས་པ་གང་ཡང་མ་རེད། ལར་ནས་བལ་ཡུལ་གཞུང་གིས་ང་ཚོ་ལ་ཡག་པོ་བྱེད་མྱོང་བས་ད་ལྟ་སྡུག་པོ་ག་ཚོད་བཏང་ཡང་བཟོད་སྒོམ་བྱེད་ནས་སྡད་དགོས་པ་རེད་ཟེར་ན་དེ་ནི་མིའི་སྐད་ཆ་བཤད་སྟངས་ཤིག་གཏན་ནས་མ་རེད། བལ་པོའི་དོན་དག་ལ་སྐྱབ་བཅོལ་བོད་མིའི་བཀའ་སློབ་དགོས་དོན་མེད་པ་བཞིན་བཙན་བྱོལ་བོད་མི་ཚོས་རང་གི ཐོབ་ཐང་རྩོད་པ་ལ་ཁྱོད་ལྟ་བུ་དག་གིས་བྱུས་བཏོགས་དགོས་དོན་གང་ཡང་མེད།
བལ་ཡུལ་གྱི་རྩ་ཁྲིམས་དང་འགལ་བའི་ལས་བལ་ཡུལ་དུ་བྱེད་དུས་ཉེས་མེད་ཟེར་ན་ངོ་ཚ་རེད་ད། བོང་བུ་སླང་པས་ཡག་བྱུང་ཟེར་རྒྱུ་མེད་པར། གཞུ་གུ་བཀོག་པའི་ཡ་ལ། ཟེར་བ་ལྟར་ག་ཚོད་ཡག་པོ་བྱས་ཀྱང་ད་དུག་ཅིག་ཅིག་ཉིག་ཉིག་ཟེར་དུས་དངོས་གནས་་་་་
བལ་པོའི་རྒྱལ་སའི་ཟུར་གཅིག་ལ་བལྟས་ནས་བལ་པོའི་མི་འབོར་བརྒྱ་ཆ་ལྔ་བཅུ་བོད་རིགས་རེད་ཟེར། སྙིང་མ་བརྗེ་ཨ། བལ་པོའི་ས་ཁྲ་རིང་པོ་དེ་རྒྱ་གར་གྱི་རྒྱལ་དར་ལྟར་ཕྲེད་དུ་དུམ་བུ་གསུམ་ལ་གཏོང་། སྒང་མ་དེ་ལ་གངས་རི། གཉིས་པ་རི་མཚམས། གསུམ་པར་རྒྱ་ཐང་ཟེར། བོད་རིགས་སྡོད་ས་གཙོ་བོ་ནི་དང་པོར་གཏོགས། མི་འབོར་ཉུང་ཤོས་རེད། གཉིས་པ་དང་ལྷག་པར་གསུམ་པ་ན་མི་མང་ཤོས་རེད། གང་མཐོང་བ་དེ་ལས་གཞན་མི་ཤེས་པའི་ལུང་རྟོགས་འདི་འདྲ་མཐོང་དུས་མིག་ཆུ་ཤོར་གི་ཡ།
དེ་བཞིན་བལ་པོའི་མཐའ་མཚམས་ཀྱི་བོད་རིགས་ཟེར་བ་ལས་བོད་པ་ཟེར་མི་རུང་། བོད་པ་ཟེར་ན་ Tibetan རེད། ཁོང་ཚོ་དུས་ནམ་ཡང་ Nepali མ་གཏོགས་ Tibetan རེད་མི་ཟེར། ཡིན་ནའང་བོད་རིགས་ཡིན་པ་ཁས་ལེན་པ་དང་བླངས་དགོས་པ་ཞིག་རེད།
སྲིད་པའི་གངས་རི་གང་ཞིག་དུས་ཕྱིས་བལ་པོའི་ས་ཐོག་ནས་འགྱིང་ཡོད་པ་ཡིན་ན་ལས། གངས་རི་དེ་རྣམས་ལ་འགྲེལ་བཤད་རྒྱག་དུས་ས་གནས་ཀྱི་ཡུལ་མི་དང་བསྟུན་ནས་སྔར་བོད་ལུགས་ཀྱི་ཁ་སྐད་ལ་གང་ཡོད་པ་དེ་མི་ཤོད་རང་ཤོད་རེད། དེ་ལྟར་མ་ཡིན་ན་གངས་རིའི་ལོ་རྒྱུས་རྫུན་མ་བཟོས་པ་ཆགས་འགྲོ་རྒྱུ་རེད། གང་ལྟར་གངས་རི་དཀར་པོའི་རི་བརྒྱུད་ལ་བོད་སྐད་དང་བོད་ལུགས་ཕར་གཡུག་ནས་རོང་རྒན་ཚོ་འཕར་ས་སོར་གང་ཡོད་མ་རེད་དོ། །
ཡ་ད་དྲ་གྲོགས་མང་པོ་ཞིག་ཕེབས་ནས་དགོངས་ཚུལ་གསུང་གི་འདུག་བཀའ་དྲིན། འོན་ཀྱང་བཤད་ན་བསམ་པའི་དགོངས་ཚུལ་གང་ཡང་ཤོད་མཁན་མི་འདུག གོང་དུ་དྲ་གྲོགས་མེ་ཏོག་དཀར་པོ་ཟེར་བས་ས་སྐྱ་ལེགས་ཀྱི་ཚིག་དུམ་རེ་ཁྱེར་ཡོང་ནས་ཁ་ཕོ་སྒྲོག་པ་ནི། འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ན།།གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་།། གསུངས་པ་ལས་མ་འདས། ངས་བཤད་འདོད་པའི་སྐད་ཆ་དེའི་ཞོར་འཕྲོས་སུ་བལ་ཡུལ་འདི་རྒྱ་ནག་གི་ཞིང་ཆེན་གཉིས་པ་ལྟ་བུ་ཞིག་རེད་ལབ་ཡོད་པ་ལས་བལ་ཡུལ་རྒྱ་ནག་གི་ཞིང་ཆེན་རེད་ལབ་མེད། ད་དུང་བལ་ཡུལ་ལ་ཆབ་འབངས་ས་ཡ་བརྒྱ་ལྷག་ཡོད་ཚུལ་བཤད་པ་འདི་ཚོ་ནི་ཅི་ཡང་མ་ཤེས་པར་འོལ་ཚོད་ཁོ་ན་རེད། ད་ལྟའི་བལ་ཡུལ་གྱི་མི་འབོར་ནི་ས་ཡ ༢༢ དང་འབུམ་ ༧ ཁྲི་ ༣ སྟོང་ ༦ དང་ ༩༣༤ ཡོད་པ་རེད།
ལར་ནས་བལ་གཞུང་འདིས་འདས་མ་ད་གསུམ་དུ་བོད་མི་བཙན་བྱོལ་བར་ཐུབ་ཚོད་དང་གཉའ་གནོན་ཅི་ཙམ་བྱས་ཡོད་པར་བསམ་གཞིག་ཏིལ་འདྲི་ཙམ་ཡང་མེད་པར་ད་དུང་མི་ཤེས་ཁུལ་བྱས་ནས་གཏམ་ཉོག་སྤེལ་བ་ནི་གད་མོ་བྲོ་བོ་རེད།
དེ་ནས་དྲ་གྲོགས་ཅོ་རི་ཉི་མས་གསུངས་པར་བདེན་རྩ་འདུག
ཧ་ཧ། རེད་བོད་པའི་རེད་དྲན་ནས་ཐུགས་སེམས་ལྷོད་ལྷོད་བྱས་ཏེ་བཞུགས་ལོ། དངོས་གནས་ཁྱོད་དང་ཁྱོད་འདྲ་བ་དག་ལ་སྙིང་རྗེ་ངམ་ངམ་གྱིས་སྐྱེ་ཡོང་གི
ཁོ་རེ་མེ་དཀར། ཁྱོད་མ་གཏོགས་གཞན་དག་མི་མ་རེད་བསམ་གྱི་འདུག་གམ། དམངས་གཙོའི་རྒྱལ་ཁབ་ཅིག་ལ་ཞི་བའི་ཁྲོམ་བསྐོར་མི་ཆོག་པའི་རྩ་ཁྲིམས་ཤིག་ཡོད་ན་ལྟས་ངན་རེད། དེ་ཁྱོད་རང་མེ་ཏོག་དཀར་པོའི་རྩ་ཁྲིམས་ཡིན་རྒྱུ་རེད། ཧཧཧ ཁྱོད་ངོ་མ་སྙིང་རྗེ། མི་འབོར་མང་ཉུང་ནི་ས་ཆ་ཆེ་ཆུང་གིས་ཐག་ཆོད་པ་ཞིག་མ་རེད། དཔེར་ན་བོད་ཀྱི་ས་ཆས་རྒྱ་ནག་གི་བཞི་ཆ་གཅིག་ཟིན་ཡོད་ཀྱང་མི་འབོར་གྱིས་རྒྱ་མིའི་བརྒྱ་ཆ་གཅིག་ཀྱང་ཟིན་གྱི་མེད་པ་ལྟ་བུ་རེད། བལ་པོའི་མཐའ་མཚམས་ཀྱི་བོད་རིགས་འདི་དག་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་མངའ་ཁོང་ཡིན་པ་སྙོན་མེད་རེད། ཁྱོད་རང་མ་དགའ་ནས་ཤི་སོང་ཡང་སྡུག་གྱོང་རེད།
དཔལ་བཟང་ལགས་ཀྱིས་མི་ངན་ཐེར་འདོན་གནང་བ་ནི་ངོ་མཚར་ཆེ། ད་དུང་བལ་ཡུལ་ནང་གི་ཕྱུག་པོ་དང་མགོ་ཁྲིད་ཚོའི་ནང་བློ་མཐུན་ཚོགས་པ་དང་རྒྱའི་གཞུང་ཆབ་མཉམ་དུ་ཐུགས་སྤྲོ་གཏོང་མཁན་ཡོད་སྐོར་བརྗོད་འདུག དེ་ཚོ་ནི་ད་དུང་མིང་དངོས་སུ་སྨྲོས་ནས་གསལ་པོ་བཟོས་ན་སྤྱི་ལ་ཕན་པར་འདོད། འདི་ཚོའི་རིགས་གང་ཡིན་ཡང་དྲང་བདེན་དང་ཕྱོགས་ལྷུང་མེད་པའི་སྒོ་ནས་བརྗོད་རྒྱུ་ནི་ངེས་པར་དུ་གལ་གནད་ཆེ། །
བོན་པོ་དེས་ག་རེ་བཤད་ཀྱི་ཡོད་རེད། ཁ་ཡར་གྲགས་ན། སྲིད་པའི་གངས་རི། སྲིད་པའི་གངས་རི། རི་བོ་ཇོ་མོ་གླང་མ་ནི་བོད་དང་བལ་པོ་གཉིས་ཀ་ལ་དབང་བ་ཞིག་ཡིན་པ་ཁྱེད་ཀྱིས་མི་ཤེས་སམ། རི་ཕྱེད་བོད་དང་རི་ཕྱེད་བལ་ཡུལ་ཀྱི་ས་ཐོགལ་ཡོད་་རེད། བོད་གཙང་པའི་ས་ཐོག་ལ་ཡོད་རེད།
བལ་པོ་ལ་ཡིད་ཆེས་བྱེད་པ་དཀའ་བར་གྱུར། ལ་དྭགས་དང་། རྒྱ་གར་དུ་ལོ་ངོ་མང་པོ་ནས་འགྲོགས་པའི་བལ་པོ་དག་གིས་བོད་མི་དང་ལ་དྭགས་པ་འགའ་ཞིག་བསད་འདུག དེ་ཡང་བལ་པོ་བསམ་བློ་བཏང་མི་ཤེས་པས་བྱས་ཀྱང་། ཁ་གཡོགས་དེ་བལ་པོ་ཡོངས་ལ་ཕོག
་
ལོ་ཁ་ཤས་སྔོན་དུ། བལ་པོ་ཟ་ཁང་གི་ལས་བྱེད་པ་གཉིས་ཀྱིས་དངུལ་ལ་བལྟས་ཏེ། ལ་དྭགས་ཀླ་འཁྱིལ་དགོན་གྲྭ་པ་གཉིས་བསད་ནས་དངུལ་མང་ཉུང་ཐོབ་པ་ཁྱེར་ཏེ་འབྲོས་པ་ན། རྒྱང་འབོད་ཁ་སྤར་ཐོག་ནས་ཡུལ་གྱི་གཉེན་རྟོག་པར་བརྡ་སྤྲད་དེ། ལམ་ཁ་ན་འཛིན་བཟུང་གིས་གཉེན་རྟོག་པའི་རྡུང་རྡེག་ཚད་མེད་པ་མྱོང་བ་དང་། ད་ལྟ་ཡང་བཙོན་ཁང་མུན་པ་ན་ཡོད་པ་ནི་ལས་ཀྱི་དབང་གིས་གྲྭ་པ་གཉིས་བལ་པོ་དེ་གཉིས་ཀྱི་ལག་འོག་ཏུ་ཤི་དགོས་པ་དང་། བལ་པོ་གཉིས་ཀྱིས་རྡུང་རྡེག་དང་བཙོན་ཁང་དུ་མི་ཚེ་སྐྱེལ་དགོས་པ་དེ་དག་ལས་ཀྱིས་བྱས་པར་ངེས། འདི་ཡང་གཙོ་བོ་ལས་འབྲས་མེད་པར་འདོད་པ་རྣམས་བསམ་བློ་གཏང་དགོས་པར་བྲིས།
་
ལུས་ཅན་དག་གི་ལས་རྣམས་ནི།
བསྐལ་པ་བརྒྱར་ཡང་ཆུད་མི་ཟ།
ཚོགས་ཤིང་དུས་ལ་འབབས་པ་ན།
འབྲས་བུ་ཉིད་དུ་སྨིན་པར་འགྱུར།།
་
ཞེས་གསུངས་སོ།།
དཔལ་བཟང་ལགས། ཁྱོད་ཀྱིས་རོ་རྩོམ་འདིར་བོད་མི་དཔའ་བོ་ཁོང་གི་བེམ་པོ་ཇི་ལྟར་གསང་བའི་ཐོགས་མེར་སྲེག་བཏང་བའི་སྐོར་ཡིག་ཕྲེང་གཅིག་ཀྱང་མ་བྲིས་པར་དོན་མེད་ཉག་ཉོག་བཤག་ལུང་པ་གང་བྲིས་འདུག ཡང་ན་རོ་རྩོམ་འདིའི་མིང་ལ་བལ་ཡུལ་ནང་གི་བོད་མིའི་འཇོན་སྟངས་ཞེས་པ་ལྟ་བུ་ཡིན་ན་ཨའུ་ཙམ་རེད།
རྒན་ལ་དྭགས་ལེ། ན་ཉིན་ཞིག་ལ་ཀླུ་འཁྱིལ་པའི་བུ་བསོད་ནམས་ཟེར་བ་ཞིག་གིས་ལ་དྭགས་པའི་བུ་མོ་ཞིག་ལ་གཡེམ་རྗེས་སྲོག་བཅད་པས་ཁོ་པ་ལ་ལ་དྭགས་ཡན་ལག་ཁྲིམས་ཁང་གིས་སྲོད་ཁྲིམས་བཅད་པ་ཁོ་བོས་ཐོས་སོ་ཞེས་སོ།།
ལུང་རྟོགས་ལགས། བལ་ཡུལ་གྱི་མཐའ་མཚམས་བོད་པའི་ཡིན་ན་བོད་དར་འཁྱེར་ནས་ས་དེར་འཛུག་དང་བལྟད་མོ་ཡོད། ངས་བཤད་པ ལྟར་བོད་ཞེན་འདུག་སྟེ་སྡིག་པ་མིག་བཙུམ་རེད་འདུག་པ། སྙིང་རྗེ། དེང་དུས་དཔའ་བོ་ཁེར་རྒྱུགས་བྱེད་པའི་དུས་མ་ཡིན། བསམ་བློ་བཏང་ནས་ལས་བསྒྲུབ་དགོས་པའི་དུས་རེད།
ལར་ནས་ལོ་རྒྱུས་ཀྱིས་རྙོགས་དྲ་མ་ཤོད། ང་ཚོས་ཀྱང་རྒྱ་ནག་མཉམ་དུ་ལོ་རྒྱུས་མ་རྩོད་པར་ཁེ་ཕན་རྩོད་པ་མ་རེད་དམ། ཁྱོད་ཀྱིས་བཤད་སྟངས་འདི་ནི་གད་མོ་རྐུབ་ནས་ཤོར་བའི་བྱེད་ལས་ཅན་ཏེ། རང་ས་མེད་པར་གཞན་ས་ལ་རྔམ་པ་དེ་རེད། སྔ་མོ་བོད་པ་ཾཡོད་འདྲ་བ་ཁ་ཤས་ཀྱིས་འབྲུག་བོད་ཀྱི་མངའ་ཁོངས་བསྙོན་མེད་དུ་རློམ་ནས་འབྲུག་གི་རྒྱལ་སྲིད་ལ་ལག་པ་བསྲིངས་པ་ན་འབྲུག་པས་ཨུར་ཏི་རྒྱབ་པའི་ལོ་རྒྱུས་ང་ཚོའི་སྙིང་ལ་ས་ལེར་མེད་དམ། བལ་པོ་ཚོས་ཨུར་རི་རྒྱག་གི་མ་རེད་དེ་དོན་མེད་པའི་བོད་མི་མང་པོ་ཞིག་བརྡབ་སིག་བཟོ་རྫས་སྐད་ཆ་སྐྱག་པ་འདྲ་བ་དེ་འདྲ་ད་ཕྱིན་མ་བྲིས་ན་ཧ་ཅང་ལེགས།
མེ་ཏོག་དཀར་པོ་ལེགས། ང་ལ་དྭགས་ནས་རྒྱང་རིང་དུ་གནས་པས། “ན་ཉིན་ཞིག་ལ་ཀླུ་འཁྱིལ་པའི་བུ་བསོད་ནམས་ཟེར་བ་ཞིག་གིས་ལ་དྭགས་པའི་བུ་མོ་ཞིག་ལ་གཡེམ་རྗེས་སྲོག་བཅད་པས་ཁོ་པ་ལ་ལ་དྭགས་ཡན་ལག་ཁྲིམས་ཁང་གིས་སྲོད་ཁྲིམས་བཅད་པ་ཁོ་བོས་ཐོས་སོ” ཞེས་པའི་གནས་ཚུལ་ལ་བྲིས་པར་བཀའ་དྲིན་ཆེ། སྲོད་ཁྲིམས་ཞེས་པ་སྲོག་ཁྲིམས་ཡིན་ནམ། ཡང་ན། གོ་བ་གཞན་ཞིག་ཡོད། ཅེས་དང་། ལ་དྭགས་མིང་གི་འོག་ཏུ་ཞེ་སའི་ལེགས་ལ་ལེ་ཟེར། དེ་བཞིན་དུ། ཁྱེད་ཀྱི་ལུགས་ལ་ཡང་མིང་གི་རྗེས་སུ་ལགས་ལ། ལ་མ་གཏོགས་ག་དང་ས་མི་འབོད་ཀྱང་། ལུང་རྟོགས་ལགས། དཔལ་བཟང་ལགས། ཞེས་ནན་ཏན་གྱིས་ག་དང་ས་བྲིས་པ་དང་། ལེ་ཞེས་པའི་རྗེས་སུ་ག་དང་ས་མ་བྲིས་པའི་རྒྱུ་མཚན་ཡང་དག་ཅིག་འབྲི་མ་ཐུབ་ན། ཕྱོགས་ལྷུང་ལ་ཤོར་བ་་མ་ཡིན་ནམ། ཞེས་སོ།
རྒན་ལེ། ཨི་བོ་སྲོག་ཁྲིམས་ཡིན་པ་ལེ།
ངས་རྫུན་མིན། གྲོགས་པོ་ཞིག་ལ་དྭགས་པའི་ཚགས་ཤོག་སྟེང་གསལ་པོར་བཀོད་འདུག ཉིད་རང་འདི་ལ་དོ་སྣང་ཆེ་ན་གསར་ཤོག་གི་ཨང་ཟླ་ཚེས་སོགས་གསལ་བཀོད་བྱ་ཆོག ཡིན་ནའང་ཚགས་ཤོག་དེ་འཚོལ་རྒྱུ་དང་འཐོབ་རྒྱུར་ཉིན་ཤས་འགོར་སྲིད། བཀའ་སྩལ།
མེ་ཏོག་བ། ཁྱེད་རང་བརྫུན་བཏང་འདུག་ཧེ། ཡི་ཙུག་མེན་ནོག ཁོ་ད་རུང་བཙོན་ཁང་ལ་ཡོད་དེ་ཡིན་ནོག་ཧེ།
སྲོག་ཁྲིམས་བཅད་པ་དང་སྲོག་ཐོག་བཏང་བ་གཉིས་ལ་ཁྱད་པར་ཡོད་དེ་ཡིན་ནོག ཧཧཧཧ ད་བརྗེད་ཚར་འདུག་ཏ
མེ་དཀར་ལགས། ཉོག་གཏམ་མ་ཤོད། ཕུང་པོ་མེ་བསྲེག བསང་བའི་ཐོག་ནས་བཏང་ཚར་བ་ཞིག་ལ་བཤད་རྒྱུ་གང་ཡོད།
དེ་བས་ཁྱོད་ཀྱིས་གནམ་སར་མི་ཤོང་བའི་སྐྱག་རྫུན་དེ་འདྲ་མ་ཤོད། བལ་ཡུལ་ལ་ཆབ་འབང་ས་ཡ་བརྒྱ་ལྷག་ཡོད་རེད་ཟེར་པ་དེ་ངོ་ཚ་བའི་གནས་མ་ནམ།?……..
དཔལ་བཟང་ཁྱོད་ཀྱི་རྩོམ་མིང་དང་རྩོམ་གཉིས་ལ་འབྲེལ་བ་ག་རེ་འདུག་གཅིག་ལྟོས། དེ་ནས་ང་དང་མཉམ་དུ་འགྲན་ག་ཤོག