དགྲ་འདུལ།
ཉེ་ཆར་སྤྱི་ཟླ་༢ ཚེས་༡༧ དགོང་མོ་རྒྱལ་ས་ཀ་ཐ་མན་གྲུའི་ཡག་ཁི་ནེ་ཞེས་པའི་མགྲོན་ཁང་གི་ཐོག་རྩེག་གཉིས་པའི་ནང་ནས་བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་ད་ལོ་ཡང་ལོ་སར་གོ་སྒྲིག་བྱས་འདུག ལོ་ལྟར་བལ་ཡུལ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་གོ་སྒྲིག་བྱས་ཏེ་བོད་ཀྱི་ལོ་སར་ཞེས་པ་ཞིག་གཏོང་གི་ཡོད་ཅིང་། དང་ཐོག་ཕྱི་ལོ་༢༠༠༧ དང་༢༠༠༨ བར་ལོ་སར་དེ་གོ་སྒྲིག་བྱེད་མཁན་གངས་བླ་མ་ཟེར་པའི་དོལ་རྒྱལ་རྗེས་འབྲང་བ་ཁོས་བལ་ཡུལ་མཚོན་པའི་རྒྱལ་ཁབ་ཁ་ཤས་ནང་རྒྱ་ནག་གཞུང་ཚབ་དང་འབྲེལ་ནས་བོད་ཀྱི་ལོ་སར་ཟེར་བ་ཞིག་བོད་རང་གི་ལོ་སར་གྱི་དུས་ཚུགས་དང་མ་བསྟུན་པ་ཞིག་གོ་སྒྲིག་བྱས་ཡོད།
བལ་ཡུལ་ནང་ལ་མཚོན་ན་ཨ་གྲོད་ཚང་ཟེར་བའི་ཁྱིམ་ཚང་གིས་གཙོ་བྱས་ཏེ་བློ་མཐུན་ཚོགས་པ་ཟེར་བའི་ཁྱིམ་ཚང་ཁ་ཤས་ཤིག་ཡོད་པ་དེ་ཚོ་ནི་རྒྱའི་གཞུང་ཚབ་ཀྱི་ལོ་སར་གོ་སྒྲིག་སྐབས་རྐང་འཛིན་པ་ལྟ་བུ་ཆགས་ཡོད། སྤྱིར་བློ་མཐུན་ཚོགས་པ་ཟེར་པ་རྒྱ་གཞུང་ལ་དགའ་བ་དང་༧གོང་ས་མཆོག་དག་བོད་མིའི་སྒྲིག་འཛུགས་ལ་མི་དགའ་བ་བློ་མཐུན་པ་རེད་ཟེར་ནས་བལ་ཡུལ་ས་གནས་ཀྱི་བོད་པ་ཚོས་གླེང་གིན་འདུག གང་ལྟར་ཀྱང་རྒྱ་ནག་གི་གཞུང་ཚབ་དང་འབྲེལ་བ་དམ་ཟབ་ཡོད་པ་དེ་གསལ་པོ་རེད།
གོང་དུ་བཤད་པའི་ལོ་སར་དེ་ལོ་རྟག་པར་བལ་ཡུལ་ནང་རྒྱ་ནག་གཞུང་ཚབ་ཁང་གིས་གོ་སྒྲིག་བྱེད་ཀྱིན་ཡོད་ཀྱང་། བོད་མི་རིགས་ལ་ལར་ཞེན་ཡོད་མཁན་གྱི་བོད་པ་མང་ཕྱོགས་ལོ་སར་དེ་ལ་གཏན་ནས་མཉམ་ཞུགས་བྱས་མེད། འོན་ཀྱང་ཁ་ཕྱི་ལྟས་གྲོད་པ་ནང་ལྟས་བྱེད་མཁན་གྱི་བོད་མི་ཁག་ཅིག་དུས་རྒྱུན་དུ་ངན་སྤྱོད་རྒྱན་དུ་ངོམས་ནས་རྒྱ་ནག་གཞུང་ཚབ་ཀྱི་ལོ་སར་ལ་མཉམ་ཞུགས་བྱེད་ཀྱིན་ཡོད། དེ་ཡང་ཕལ་ཆེ་བ་ནི་ནམ་རྒྱུན་བོད་པའི་སྤྱི་ཚོགས་ནང་གླེང་གཞི་ཅན་གྱི་མི་སྣ་སྟེ། རྒྱ་མིའི་སོ་བ་ཟེར་པ་དེ་ཚོ་ཡིན།
མདོར་ན་མདོ་དབུས་ཁམས་གསུམ་གྱི་མི་སྣ་ཁ་ཤས་དེའི་ནང་འཛོམས་ཡོད། ལྷག་པར་དུ་མངོན་གསལ་དོད་པོའི་སྒོ་ནས་མཉམ་ཞུགས་བྱས་ཤིང་དགའ་སྤྲོའི་གླུ་དབྱངས་ལེན་མཁན་ནི་བལ་ཡུལ་ནང་གི་གླུ་མ་ཨ་ནེ་ཆོས་དབྱིངས་སྒྲོལ་མ་ཟེར་པ་མོ་རེད། ཨ་ནེ་དེ་ནི་ཤ་དང་རུས་པ་བོད་ནས་ཆད་ཀྱང་བོད་མི་རིགས་ལ་ལར་ཞེན་སྤུ་ཙམ་མེད་མཁན་ཞིག་ཡིན། མོ་ལ་མཚོན་ན་ཕ་ཡུལ་ཁམས་ནང་ཆེན་ནས་ཡིན་ཞིང་མགར་བ་ཚེ་རྒྱས་ཟེར་པའི་བུ་མོ་རེད་འདུག ད་དུང་དེ་མ་ཡིན་པ་དེ་སྔོན་གོ་རྒྱུ་མེད་པའི་མི་སྣ་ཁ་ཤས་ཡང་འདུག
དཔེ་མཚོན་ཤིག་བགྲང་ན་ཨ་མདོ་རྔ་བའི་ཚོང་པ་ཆོས་ཁོ་སྐྱབས་ཟེར་པ་སོགས་མི་མང་པོ་ཡོད་ཀྱང་ད་ཐེངས་གཅིག་པོར་མིང་དངོས་སུ་བྲིས་མེད། འདི་ཚོའི་རིགས་ཀྱིས་གཟབ་གཟབ་མ་བྱས་ན་མིང་དངོས་སུ་དྲ་ཐོག་ལ་བཞག་ནས་ཁྱབ་བསྒྲགས་བྱེད་ངེས་ཡིན། ད་རེས་སྔོན་བརྡ་ཙམ་ཡིན་པས་ཡིག་ཚོགས་མང་པོ་མི་འབྲི། མཇུག་མཐར་ཁམས་དང་དབུས་ཀྱི་མི་སྣ་སུ་དང་སུ་ཡོད་སོགས་གསལ་གསལ་ཐེང་ཐེང་ཤེས་རྟོགས་བྱུང་ཡོད། རིམ་གྱིས་ཁོ་བོས་འདིའི་རིགས་ཐེར་འདོན་བྱེད་ངེས་ཡིན།
་་་་་་ འོན་ཀྱང་ཁ་ཕྱི་ལྟས་གྲོད་པ་ནང་ལྟས་བྱེད་མཁན་གྱི་བོད་མི་ཁག་ཅིག་དུས་རྒྱུན་དུ་ངན་སྤྱོད་རྒྱན་དུ་ངོམས་ནས་རྒྱ་ནག་གཞུང་ཚབ་ཀྱི་ལོ་སར་ལ་མཉམ་ཞུགས་བྱེད་ཀྱིན་ཡོད། དེ་ཡང་ཕལ་ཆེ་བ་ནི་ནམ་རྒྱུན་བོད་པའི་སྤྱི་ཚོགས་ནང་གླེང་གཞི་ཅན་གྱི་མི་སྣ་སྟེ། རྒྱ་མིའི་སོ་བ་ཟེར་པ་དེ་ཚོ་ཡིན།
མདོར་ན་མདོ་དབུས་ཁམས་གསུམ་གྱི་མི་སྣ་ཁ་ཤས་དེའི་ནང་འཛོམས་ཡོད། ལྷག་པར་དུ་མངོན་གསལ་དོད་པོའི་སྒོ་ནས་མཉམ་ཞུགས་བྱས་ཤིང་དགའ་སྤྲོའི་གླུ་དབྱངས་ལེན་མཁན་ནི་བལ་ཡུལ་ནང་གི་གླུ་མ་ཨ་ནེ་ཆོས་དབྱིངས་སྒྲོལ་མ་ཟེར་པ་མོ་རེད། ་་་་་་་
ཁྱི་རྐུན་གཉིས་ཀ་ལག་འབྲེལ་ཡིན་པའི་ཨ་མེ་འདི་ཡོད་ཚད་ཀྱིས་ཤེས་དགོས། ཤེས་སུ་འཇུག་དགོས། འདྲེ་མོ་ནུ་མ་ཆེན་པོ་ཅན་གྱི་ནེ་རྫུན་མ་འདིར་དང་། རྔ་བའི་མིང་ནས་ཡར་ལ་འཐེན་དུས། མར་ལ་འདྲུད་མཁན་གྱི་རྒན་པོ་འདིར།
རྒོལ་གཏམ་རྒོལ་རྡུང་མཐའ་གཅིག་དུ་ཡོད། ང་ཚོས་རྔ་རྡུང་ས་ནས་གར་མ་འཁྲབ་ན། འདི་འདྲའི་སྤྱོད་ངན་བློ་མེད། མང་པོས་རང་དབང་ལྡན་སའི་བོད་མིའི་འཐབ་རྩོད་ཀྱི་རྡོག་རྩ་ལ་གཏོར་སྐྱོན་དང་གས་ཆག་བཟོ་རྒྱུ་ཡིན་པས་མ་ཚད། མི་རིགས་ཀྱི་བླ་བཙོང་བ་དང་རེ་འབྲས་མི་འཆར་བར། གགས་བར་ཆད་འབུད་རྒྱུ་ཡིན་པས། ནང་དགྲ་ངོ་གཉིས་མ་འདི་ཚོའི་ངོ་པགས་ཤུས་ན་ཡག།
ཨ་ནེ་ཆོས་དབྱིངས་སྒྲོན་མ་ཟེར་བའི་ཁྱི་རྒན་དེས་ཆོས་ཀྱི་དབྱངས་རྟ་འདྲ་བླངས་ནས་མིང་དང་སྒོར་མོ་ཅུང་བྱུང་བ་དེར་འདོད་པ་མི་འཁེངས་པར་ཡང་དགྱ་ནག་ཚང་ལ་མགོ་བཏགས་པ་ནི་ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པའི་མཐུན་དཔེ་ཡང་དག་ཏུ་སོང་འདུག
བོད་མི་དཀྱིལ་དུ་གདུང་སེམས་ཡོད་མདོག་མདོག་དགྱ་ནག་ཚང་གི་དྲུང་དུ་མེས་རྒྱལ་དུ་ལོག་འདོད་མདོག་མདོག་ཅན་པོ་ཁ་ཕྱི་བལྟས་དང་། གྲོད་པ་ནང་བལྟས་རང་རེད།
སྐྱིད་སྡུག་མཉམ་མྱོང་གི་བོད་ཚོས་དེའི་རིགས་ལ་གཟབ་དགོས། ད་དུང་དེ་ལས་མངས།
སྤྱིར་བཏང་བོད་མིའི་སྤྱི་ཚོགས་ཁྲོད་གནད་དོན་དེའི་རིགས་ལ་དབྱེ་འབྱེད་གསལ་པོ་དགོས་རྒྱུ་གལ་ཆེན་པོ་རེད་འདོད། ལ་ལས་བོད་མི་ཁྲོད་དུ་ཁ་རྒྱག་པ་བཤད་ཅིང་དོན་དུ་དགྱ་ནག་ཚང་གི་སྒོ་འགྲམ་ནས་ཏཱ་ལའི་རུ་ཚོགས་ཞེས་སྡིགས་མོ་བྱེད་བྱེད་པ་རེད།
དཔེར་ན། བལ་ཡུལ་དུ་གནས་སྡོད་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་། སྤྱི་འཐུས་ཟུར་པ་ཚེ་བརྟན་ནོར་བུ་ཟེར་བ་དེའི་རིགས་ཀྱི་ད་ལྟའི་ལྟོ་གོས་རྒྱབ་གསུམ་དགྱ་ནག་ཚང་ལ་འཕུལ་ནས་ཐོགས་བརྩེགས་ཅན་གྱི་ཁང་པ་རྒྱབ་ནས་དགྱ་མི་ཁོ་ན་དང་འབྲེལ་བ་བྱེད་ལུགས་དེས་ཟུར་བལྟས་ལེབ་མཐོང་རེད་པ། དེ་རིགས་ཧ་ཅང་མང་གི་ཡ་
སུམ་ཅུའི་དུས་དྲན་ལ་ངོ་རྒོལ་བྱས་པ་ལས། ཚོགས་ར་འདི་འདྲའི་ཕྱི་ལ་ཕྱིན་ནས་ངོ་རྒོལ་བྱས་ན་ཁ་ཡོད་ལག་ཡོད་ཀྱི་ནུས་པ་རེད། བོད་པ་མགོ་བཏགས་པ་རྣམས་ཁ་སྐྱེང་པ་དང་རྒྱ་ནག་མགོ་རུལ་ཚོར་ཡང་ཁ་སྐྱེང་དགོས་པའི་ངོ་རྒོལ་བྱས་ན་མིང་དོན་མཚུངས་པ་རེད། དེ་མིན་ངོ་རྒོལ་གཞན་པ་དེ་ཚོ་མཚོན་བྱེད་དང་རྣམ་པ་ལས་དོན་སྙིང་མིན་འདུག ངས་བལྟས་ན། སུམ་ཅུའི་དུས་དྲན་ལ་བོད་པ་འདི་ཚོའི་ཁང་པའི་ཕྱི་ལ་མི་གྲངས་བརྒྱ་རེ་ཕྱིན་ནས་ངོ་རྒོལ་བྱས་ན་ངོ་མ་ནུས་པ་ལྡན།
སུད་སི་ལ་བོད་པ་འགས་རྒྱ་གཞུང་གི་ཐུགས་སྤྲོར་ཕྱིན། དེའི་ནང་གི་བོད་པ་གཅིག་ཟླ་རྙིང་དབྱར་ཁ་ལྷ་སར་བསླེབས། སྔོན་མ་སློབ་གྲྭ་འབྲིང་གི་སློབ་ཕྲུག་རྣམས་དང་མཉམ་འཛོམས་ཀྱི་དགའ་སྟོན་ཞིག་ལ་འགྲོ་སྐབས། ཁོ་པའི་སློབ་གྲོགས་ལྔ་ཙམ་སློབ་གྲོགས་གཞན་ལ་བཀྲིས་བདེ་ལེགས་ཞུས་ནས་ཐོན་འདུག ཁོ་པས་ད་ལོའི་ལོ་གསར་ལ་འགྲོ་རྒྱུ་མིན་ཞེས་གཞན་ལ་བཤད་འདུག ངོ་རྒོལ་བྱེད་ཤེས་ན་འདི་འདྲ་རེད། དོན་མེད་སུམ་བཅུའི་དུས་དྲན་ལ་རྒྱ་གར་གྱི་གཞུང་ལམ་ལ་སྐད་འབོད་བརྒྱབ་ནས་སུ་ལ་ཕན་གྱི་རེད། ཕན་གྱི་མ་རེད།
དགྲ་འདུལ་དང་གནམ། གཡུ་ཐོག་བུ་དངཁྱི་ནག་དེ་རྣམས་དཔའ་བོ་ཡ་མེད་ཞིག་ཡིན་པ་མངོན་གསལ་རེད།
ཡིན་ཀྱང་ངས་བལྟས་ན་དཔའ་བོ་བྱུས་ཉེས་ཤོར་བའི་ཉེན་ཁ་འདུག། ༧རྒྱལ་བ་མཆོག་དང་བློ་བཟང་སེང་གེ་
ཁོང་རྣམས་པ། གཉིས་སྨན་དབུ་མའི་ལམ་གྱི་ཆེད་དུ་རྒྱ་བོད་ལྷན་འཛོམས་ཀྱི་གྲོས་ཚོགས་ཀྱི་སྐལ་བཟང་དེ་
འདྲ་ཐོབ་གིས་མེད་པ་རེད། ཨ་ནེ་ཆོས་དབྱིངས་སྒྲོལ་མ་གཙོས་གོང་འཁོད་མི་རྣམས་ལ་རྒྱ་ནག་གཞུང་ཚབ་
ནས་དངོས་སུ་གདན་དྲངས་ཡོད་པ་འདྲ། དེས་ན་དབུ་མའི་ལམ་ལ་ཕན་པ་མེད་ན་གནོད་པ་གཞི་ལ་མ་གྲུབ།
དཔའ་བོ་རྣམས་པས་བྱ་དགའ་གཟེང་བསྟོད་འདྲ་མ་ཐུབ་ན་ཡང་སྙིང་ན་དགོས་དོན་མིན་འདུག་སྙམ་མོ།
དེང་སྐབས་བཙན་བྱོལ་བོད་མིས་ཆབ་སྲིད་ལངས་ཕྱོགས་དང་མཐུན་པ་མ་རེད་དམ། དངོས་གནས་བཤད་ན་རྒྱ་ནག་དང་མཉམ་དུ་སུས་འབྲེལ་བ་བྱས་པ་ཡིན་ནའང་ལམ་དབུ་མ་དང་མཐུན་པའི་རྒྱ་བོད་མཐུན་འབྲེལ་ཟེར་བ་དེ་མ་རེད་དམ། དྲང་པོར་བཤད་ན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་སྡད་རྒྱུ་དེ་ངོ་མ་བཤད་ཀྱི་ཡོད་ན་སུས་སྔོན་ལ་རྒྱ་ནག་དང་འབྲེལ་བ་བྱས་ཏེ་རྩ་ཁྲིམས་འོག་འཛུལ་ཐུབ་ན་དེ་ཁེ་བཟང་དང་བྱས་རྗེས་མ་རེད་དམ། དེ་མ་ཡིན་པའི་རྒྱ་བོད་མཉམ་གནས་ཀྱི་ལས་འགུལ་ཞིག་ཨེ་ཡོད།
ཨ་ནེ་ཆོས་དབྱིངས་སྒྲོལ་མ་གླུ་གར་ལ་གདན་འདྲེན་ཞུས་པ་རེད་འདུག དེ་དག་གནད་འགག་ཅི་མི་འདུག སོ་སོས་མ་འཇོན་ན་བོད་རིགས་གཞན་ལ་ཟུར་ཟ་དགོས་དོན་འདུག་གམ། ཟམ་གདོང་སང་གིས་དབུ་མ་འཛིན་མཚམས་འདི་འདྲ་ཡང་ཡང་བཤད་འདུག་གོ། ཏྰ་ར་སློབ་གྲྭ་དེ་ཡང་རྒྱལ་བ་རིན་པོ་ཆེས་བཀའ་བཞིན་སྒྲུབ་པར་རེད་བཞག། དེས་ནརྒྱལ་བའི་བཀའ་དང་མ་འགལ། རྒྱ་ནག་གཞུང་ལ་མ་གནོད་པའི་དབུ་མ་འཛིན་པའི་ཨ་ནེ་ཡག་པོ་འདུག་དྲན་ནོ།།
དགྲ་འདུལ་ལགས་ཀྱི་གནས་ཚུལ་ཡག་པོ་བྲིས་འདུག ད་དུང་མིང་འདོན་དགོས་པ་དེ་ཚོ་བཏོན་ན་ཡག
དེ་མིན་བལ་ཡུལ་གྱི་ད་ཡོད་མདོ་སྨད་སྤྱི་འཐུས་ལངས་མཁན་བཀྲ་ཤིས་དོན་གྲུབ་ཟེར་བ་དེ་རྒྱ་དམར་དང་ལག་འབྲེལ་ཡོད་མཁན་ཞིག་རེད།
རྒྱའི་རྐུབ་རྒྱུགས་ཚོས་རྒྱའི་རྐུབ་ལྡག་ནས་འཚོ་ཐབས་བྱེད་པའི་སྒྲུབ་བྱེད་གཅིག་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ལོག་འགྲེལ་བྱ་རྒྱུ་དེ་རེད། དབུ་མའི་ལམ་གྱི་སྲིད་བྱུས་དེ་ད་ལྟ་ལག་ལེན་བསྟར་མེད་ལ་དེའི་དགོངས་དོན་རྣམས་རྒྱ་གཞུང་གིས་བསྒྲུབས་མེད་པ་རེད། བྱས་ཙང་། ལྟོ་ཕོར་གྱི་ཆེད་དུ་དེ་འདྲའི་མི་རིགས་ཀྱི་བླ་འཚོང་བ་བྱེད་དགོས་དོན་ཅི་ཡིིན། མ་གཞི་ནས། ཆོས་དབྱིངས་སྒྲོལ་མ། ཚོང་རིགས་ལ་དགའ་པོ་ཡོད་པ་འདྲ། དང་པོ་རྐུབ་བཙོངས། དེ་ནས། ཆོས་བཙོངས། ད་ལྟ་མི་རིགས་ཀྱི་བླ་བཙོངས། མདོར་ན་མོའི་བྱ་སྤྱོད་ཚང་མ་བཙོངས་རྒྱུ་དེ་རེད། ཐ་ན། རང་གི་གཟུགས་པོ་ཀྱང་འཚོང་གི་ཡོད། སྐྱེ་དམན་དེར་རྒྱ་གར་པན་འཇབ་གཅིག་གིས་རྒྱོ་ཚ་ཐག་ཆོད་གཅིག་རྒྱབ་ན་གཞི་ནས་མོ་འཇམ་ངེས་རེད། དེ་མིན་མོ་ཚོང་རིགས་ལ་དགའ་བོ་ཡོད་ཙང་ཅུང་ཁག་པོ་རེད། དངོས་གནས་བྱས་ན། དེང་ཙང་རང་ཉིད་ཕར་འཚོང་དགོས་མེད་པར་རང་ཉིད་ལ་ཚུར་མཁོ་བ་དེ་ཁྲོམ་དུ་ཉོ་རྒྱུ་ཡོད། མོ་རང་གིས་ཁྲོམ་ན། གློག་མཇེ་ཞིག་ཉོས་ནའང་འགྲིག་པ་རེད། འོན་ཀྱང། དེ་དག་གིས་མོའི་འདོད་ཆགས་ཀྱི་མེ་ལྕེ་དེ་ཤི་གི་མེད་པ་འདྲ།་སྙིང་རྗེ། མི་འདི་ཚོས་མནར་མེད་ལ་ལྷུངས་རྒྱུའི་ལས་གསོག་གི་འདུག་ཀ་ གཅིག་བྱས་ན། གཞུང་ཚབ་རྒྱ་རྒན་དེར་མོས་རྐུབ་འཚོང་གི་ཡོད་ཀྱི་རེད་ཏ།
ཨ་ཕྱི་སྒྲོལ་མ། རྒྱའི་གཞུང་ཚབ་ལ་ལྟོ་སློང་བར་ཕྱིན་པ་དེས་རང་ཉིད་ཀྱི་འཇོན་ཐང་ཞིག་ལ་བརྩི་གི་ཡོད་དམ། ངས་བལྟས་ན། དེ་ནི་འཇོན་ཐང་ཞིག་གཏན་ནས་མ་རེད། དེ་བས་དེ་ནི། མི་དེར་ལ་རྒྱ་གཏན་ནས་མེད་པའི་རྟགས་རེད།
རྒྱ་གཞུང་གིས་བོད་རིགས་ལྐུགས་པ་རང་ངོ་རང་གིས་མི་ཤེས་མཁན་དང་། ཤེས་རིགས་མེད་པ། ལ་རྒྱ་མེད་པ། དེའི་ཁར་དངུལ་ལོར་བྱུང་ན་ཅི་ཡང་བྱེད་ཕོད་པའི་མི་ལྐུགས་པ་དེ་རིགས་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། དེ་མིན་རིག་འཚོ་ཟིན་པའི་བོད་རིགས་སུ་ཞིག་ཀྱང་རྒྱའི་རྐུབ་ལྡག་པར་འགྲོ་གི་མ་རེད། དེར་བརྟེན། རྒྱའི་ལྐུག་ལྡག་པར་འཇོན་ཐང་དགོས་ལུགས་བཤད་པ་ནི་ཁྱེད་རང་རྨོངས་པའི་རྟགས་རེད།
གཡུ་ཐོག་གིས་རང་གཤིས་མངོན་ཡོང་གི་མི་འདུག་གམ། ཨ་ནེ་ཞིག་ལ་དེ་འདྲ་སྡང་དགོས་དོན་འདུག་གམ། ཨ་ནེ་ཆོས་དབྱིངས་སྒྲོན་མས་ཨ་ནེ་དགོན་པ་དང་ནད་བཅོས་སྨན་ཁང་། བུད་མེད་ཡོངས་བག་ཆགས་བཟང་པོས་ཐོབ་ཐང་ཞིག་སྤྲད་ནས་བལ་བོད་མགོན་མེད་སྟོང་ཕྲད་མང་པོའི་སྦྱིན་བདག་གནང་བ་དང་ཏྰ་ལའི་བླ་མས་ཐུགས་བརྩེ་གནང་བ་ལ་བསམ་ཞིབ་བྱས་ན་བསོད་ཆེན་ཁ་གཏོང་ན་བསོད་ཆུང་མུ་གེ་འཆི་ཟེར་བ་ཡོང་སྲིད་པས་གཟབ་འཚལ་ལོ།།
འདི་ན་ཁྱོད་ཚོས་བོད་རང་བཙན་གྱི་དགོས་འདུན་འདོན་པ་གཞིར་བཞག་གིས་བཤད་གིན་ཡོད་ན་ཁག་མི་འདུག དེ་མིན་པར་ལམ་དབུ་མར་ཡིད་ཆེས་བྱེད་ཀྱིན་ཡོད་མཁན་རེ་ཡིན་ཁྱོད་ཚོས་ཅི་ཟེར་གི་ཡོད་ངས་ཧ་གོ་མ་སོང་། རྒྱ་མི་གཞུང་འབྲེལ་གྱི་མཛད་སྒོ་ལ་འགྲོ་ཐུབ་ན་ཡིན་ཡིན་པ་རེད། རྒྱ་མི་རྡོག་རེ་ལ་འབྲེལ་བ་བྱེད་ཐུབ་ན་ཡང་བྱེད་དགོས་པ་དེ་དབུ་མའི་ལམ་གྱི་སྲིད་ཇུས་ངོ་མ་དེ་རེ་རེད། དབུ་མའི་ལམ་གྱི་ལངས་ཕྱོགས་ངོ་མ་དེ་ནི་བོད་མི་རྣམས་ཀྲུང་གོའི་མི་སེར་བྱ་རྒྱུ་དེ་ཡིན་པས་ཀྲུང་གོའི་མི་ཀྲུང་གོའི་གཞུང་ཚབ་ཀྱི་མཛད་སྒོར་བཅར་ན་དེ་ལ་དགག་པ་བྱ་དགོས་དོན་མི་འདུག་བསམ།
དབུ་མའི་ལམ་གྱི་དགོངས་གཞི་གཙོ་བོ་དེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་དེ་རེད། དེ་ལྟ་བུའི་རང་སྐྱོང་དེ་བབ་ས་གཅིག་དང་གླེང་ས་ཞིག་ཡོད་དགོས་པ་ལས། རྒྱའི་གྲིལ་སྒྲགས་ཀྱི་ངོ་བོར་གྱུར་བའི་རྣམ་པ་དེ་རིགས་ལ་འཛུལ་ཞུགས་བྱས་ན། དེས་གོ་བརྡ་ཅི་ཞིག་སྤྲོད་མིན་ང་ཚོས་གསལ་ཤོས་ཤེས་གསལ་རེད། ང་ཚོས་འབྲེལ་ལམ་བྱེད་དགོས་པ་དེ་མཐུན་ལམ་གྱི་སྒོ་མོ་འབྱེད་པའི་བྱེད་སྒོ་ཞིག་རེད། འོན་ཀྱང་། རྒྱའི་གཞུང་ཚབ་ཀྱི་གསོལ་སྟོན་དུ་ལྟོ་སློང་བར་ཕྱིན་པ་ནི། དབུ་མའི་ལམ་གྱི་དགོངས་དོན་དང་ཡོངས་སུ་འགལ་བ་རེད། གང་ཡིན་ཟེར་ན། རྒྱ་དམར་པོས་བོད་པ་བླ་འཚོང་བ་དེ་རིགས་དབུ་མའི་ལམ་གྱི་ངོ་བོའི་ཐོག་ནས་སྐད་བཏང་བ་ཞིག་གཏན་ནས་མ་རེད། དེ་བས། ཁོ་ཚོ་ནི་༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་ཁ་གཏད་དུ་ལང་རྒྱུར་སྤྱོད་རྒྱུར་སྐད་བཏང་པ་རེད། དེ་བཞིན་དུ། ལྟོ་སློང་བར་འགྲོ་མཁན་དེ་རིགས་ཀྱང་། དམིགས་ཡུལ་དང་ངོ་བོ་གཅིག་གི་ཐོག་ནས་བསྐྱོད་པ་གསལ་པོ་རེད། དེར་བརྟེན། འབར་རྫས་སྟེང་གོམ་པ་སྤོས་ན་མཐར་གས་ཐོར་འགྲོ་མཁན་དེ་རང་ཉིད་རེད་མ་གཏོགས་གཞན་གང་ཡང་མ་རེད། དེས་ན། རྣམ་པ་ཚོས་དགོངས་བསམ་ཏོག་ཙམ་གཏིང་ཟབ་བཞེས་དགོས་པ་རེད།
ཨ་ཕྱི་ཆོས་སྒྲོན་ལགས། ཆོས་དབྱིངས་སྒྲོལ་མས་ག་རེ་བྱས་དང་བྱེད་བཞིན་པ་ངས་ཀྱང་ཏོག་ཙམ་ཤེས་ཁུལ་ཡིན། འོན་ཀྱང་། མོས་བྱེད་སྟངས་དེ་རིགས་ནི་རྣ་ཅོག་བསྐོག་ནས་རྐུབ་ལ་ལྷན་པ་རྒྱབ་པ་མིན་ན་ཅི་རེད། བོད་མི་རིགས་ཀྱི་ལུས་སེམས་རྒྱའི་བཙན་འོག་ཏུ་མེས་འཚིགས་བཞིན་ཡོད་ཀྱང་། རྒྱ་དམར་པོར་བསྟོད་གཏོང་བར་འགྲོ་ཕོད་པ་དེ་ཅི་རེད། མི་སེམས་ལ་གདོན་འདྲེ་ཞུགས་པ་རེད་དམ་ཡང་ན། དངུལ་ལོར་ཞུགས་པ་རེད། མོས་བཟང་ཕྱོགས་ཀྱིས་ལས་དོན་མི་ཉུང་བ་ཞིག་བྱས་ཡོད་ཚེ་དགའ་བསུ་ཡོད། འོན་ཀྱང་། དམར་ཁང་དུ་ཅིའི་ཕྱིར་འགྲོ་གི་ཡོད་པ་རེད། ད་གྲོགས་པོ་ཁྱོད་རང་གིས་སྲིན་མོར་ལྷ་མོའི་གཏམ་རྒྱུད་སྦྱར་ནས་གསུངས་ན། སུ་ཞིག་གི་ཀྱང་སྣང་བར་འགྲོ་གི་མ་རེད།
སྐུ་ཞབས་སྤོབས་པས་གསུང་པ་དེ་གནས་ལུགས་འདུག
ཧཧཧཧཧཧཧ དངོས་གནས་དགོད་རྒྱུ་ཡོང་ནས་ཤི་འགྲོ་སོང་། གནས་ཚུལ་ངོས་སྦྱོར་བྱེད་མཁན་དེའི་མཚན་དེ་དགྲ་འདུལ་ཡིན་གྱི་མ་རེད་གཉེན་འདུལ་ཡིན་པ་འདྲ། དེ་མིན་ང་ཚོས་ལས་ཀ་ག་རེ་བྱེད་ནའང་མི་གཅིག་གི་བསམ་བློ་དང་མི་གཅིག་གི་ལས་སྟངས་ལ་བསྟུན་དགོས་ད་ཨེ་ཡོད་ན། གལ་ཏེ་གོང་ས་མཆོག་ལྟ་བུ་ཞིག་རྒྱ་དམར་གཞུང་ཚབ་ཅིག་གིས་མགྲོན་འབོད་བྱས་ཡོད་ན། དེ་ལ་མི་ཚང་མས་ཡག་རབས་བཟང་རབས་རྐྱང་བཤད་པ་མ་གཏོགས། མ་འགྲིག་པ་ཞིག་བཤད་མཁན་མི་སུ་གཅིག་ཡོད་མི་ཡོང་བསམ་གི་འདུག །རྒྱ་བོད་མཐུན་སྒྲིལ་བྱེད་ཨེ་ཐུབ་བལྟས་ནས་བོད་རང་བཙན་ཤར་ལ་གཡུག་ཚར་བ་རེད། ད་རྒྱ་མི་དཀྱུས་མ་ཞིག་ཡིན་ནའང་བོད་མི་ཚོས་མཐུན་ཐབས་མཛའ་ཐབས་ཨེ་ཡོང་བལྟ་དགོས་པ་དེ་དབུ་མའི་རྩ་བའི་སྲིད་ཇུས་རེད། གཞུང་ཚབ་ཁང་གི་མི་སྣ་དང་མཇལ་འཕྲད་ཅིག་བྱེད་ཐབས་ན་ནི་བྱས་རྗེས་བཞག་པ་རེད། འཇོན་ཐང་ཡོད་པས་རེད། སྐྱབས་མགོན་གོང་ས་རིན་པོ་ཆེས་ཡང་ཐབས་མཁས་ཐུགས་དགྱེས་གང་དྲག་ཅི་དྲག་མཛད་ཀྱང་རྒྱ་ངོ་ལོན་ཐུབ་ཀྱི་མི་འདུག་ཨ། བོད་མི་སུ་ཞིག་ལ་རྒྱལ་ཁ་ཐོབ་ཀྱང་བོད་མིའི་རྒྱལ་ཁ་བླངས་པ་རེད། གཉིས་ཕན་དབུ་མའི་ལམ་ཟེར་བ་འདི་ལ་སེམས་གཏིང་ནས་ཡིད་ཆེས་མཁན་ཞིག་ཡིན་ཕྱིར་ལས་འགུལ་འདི་རིགས་ལ་སྤྲོ་དད་བླ་མེད་ཅིག་སྐྱེ་དགོས་པ་འདྲ་ཡང་། ཁྱད་མཚར་བ་ཞིག་ལ་དབུ་མའི་སེམས་ཅན་མང་པོ་ཞིག་གིས་དབུ་མའི་ལྟ་གོན་གྱི་ལས་འགུལ་ལ་ངོ་རྒོལ་བྱེད་སྟངས་འདི་ཡག་རྟགས་ཤིག་རྩ་བ་ནས་མ་རེད། དང་པོ་དབུ་མའི་ལྟ་གོན་བྱེད་སྟངས་ཐད་ནས་མགོ་བོ་རྨོངས་ཤིང་རིག་པ་འཐོམ་པ་ཡིན་ན། དབུ་མའི་དངོས་གཞི་དེ་ལམ་སློང་དོན་འཁྱོལ་མི་ཡོང་བ་ས་རིས་ཐང་གསལ་རེད་བསམ་གྱི་འདུག
སྤོབས་པ་ཡ། དེ་ན། ༧རྒྱལ་བ་མཆོག་གཙོ་བྱས་ནས་བོད་མི་གནད་ཡོད་ཚོ་ལོ་སྟོན་ལ་མི་བསུ་བ་ཅིའི་ཕྱིར་རེད། དབུ་མ་གསུང་ནོ་དང་དབུ་མ་ལག་ལེན་པ་ཚོ། དང་པོར་འགྲོ་དགོས་བ་དང་བསུ་དགོས་བ་འདྲ་བོ་མ་རེད་ནེ།
དགྱ་ནག་གི་གཡོ་ཇུས་ལ། བོད་མི་ཚོས་ཐབས་ཇུས་སུ་ལྟ་བ་ནི། ཀླད་པའི་ནང་ན་འོད་ཅིག་དང་། རུས་པའི་གསེང་ན་རྐང་ཞིག་མེད་པ་གསལ་སྟོན་བྱས་བ་མ་ཡིན་ནམ།
སོ་སོའི་ཁ་ལྟོ་ཆུང་ཆུང་ཞིག་གི་དོན་དུ། དབུ་མའི་ལྟ་ཆབ་ཆེན་པོ་འདི། འདི་འདྲ་ཞིག་གི་དོན་དུ་ཡོད་བསམ་ན། ཁྱེད་རང་ཚོ་བུ་གླན་པ་གླན་ན་མི་བྱེད་དགུ་བྱེད་ཟེར་བ་དེ་རང་མ་ཡིན་ནམ།
ངས་སྒྲུང་ཞིག་བཤད། ཉོན་ཨ། གོ་རྒྱུ་ཆེན་པོ་ཡོད།
ཉིན་ཞིག། ཕ་སྤྱང་པོ་ཞིག་གིས། རང་གི་ཤ་ཚ་སའི་བུའི་ལག་པ་ལ་དགའ་མོ་མི་རག་པར་སེམས་ཁུར་ལངས་ནས། བུ་ལ། རང་གིས་བུ་མོ་ཡག་མོ་ཞིག་གཡབ་ཐུབ་སོང་ན། ཨ་ཕ་ངས་ཁྱེད་ལ་རྔན་པ་ཡག་པོ་ཞིག་སྤྲད་དགོས་ཞེས་དམ་བཅས་བ་རེད། དེ་ནས་བུ་དེས། གང་ས་གང་ལ་རྒྱོ་སློང་དུ་ཕྱིན་ཡང་། རང་གླན་པ་ཡིན་པའི་རྒྱུ་མཚན་གྱིས། དགའ་མོ་གཅིག་ལ་མ་རག་པ་རེད། མཐའ་མ་དེར། ཕའི་རྔན་པ་རག་ཡ་ལ། རང་གི་སྨོ་སྨོ་ལ་རྒྱོ་ཞིག་སྤྲད་པར་ཞུ་བ་འཐེན་འཐེན་པས། སྨོ་སྨོ་ངོ་ཚ་མེད་དེས་ཀྱང་ཡ་ལབ་པ་རེད།
བུ་གླན་པ་དེས་གླ་རྔན་ལེན་པའི་ངོམས་སོ་ལ། རང་གི་ཕའི་གམ་དུ་ཕྱིན་ནས། སྨོ་སྨོ་ལ་འཛེག་པའི་རྒྱོ་སྒྲུང་བཤད་པ་རེད། སྐད་ཆ་དེ་ཕས་གོ་བ་དང་། ཕ་ཁོང་ཁྲོ་རབ་ཏུ་ལངས་ནས། ངའི་ཨ་མ། ཁྱོའི་སྨོ་སྨོ་ལ་དེ་འདྲ་ཞིག་བྱེད་སྲོལ་གང་ནས་དྲན་ཞེས། རྡུང་དུ་ཕྱིན་པ་ན། བུ་གླན་པ་དེ། དེ་ལས་ཀྱང་ཁོང་ཁྲོ་ལངས་ནས། ཕར་རང་གི་ཨ་ཕ་ལ་བཤད་རྒྱུར། དེ་ན། ངས་ཁྱེད་ཀྱི་ཨ་མ་ལ་ཐེངས་གཅིག་མ་གཏོགས་གཡབ་མེད། ཁྱོས་ངའི་ཨ་མ་ལ་རྟགས་པར་རེ་ཞིག་གཡབ་བསྡད་ཡོད་པ་ཨ། ཟེར་ནས་ཕ་ལ་དབྱུག་རྡུང་ཚ་ཐག་ཆོད་ཞིག་སྤྲད་པ་རེད།
འོ་རེད། འདི་འདྲ་མ་འབྱུང་བའི་ཆེད་དུ། ང་ཚོ་ཚང་མ་སྤྱང་པོ་བྱེད་དགོས་པ་རེད་ཐལ། བོད་ལ་ཤ་ཚ་བའི་སྐད་ཆ་ཡིན། ཁྱི་རྐུན་ལ་སྙིང་རྗེ་བའི་སྐད་ཆ་མིན། གོ་སོང་ངམ། དྲ་གྲོགས་ཀླད་རུལ་མ་ཚོ།
གླེན་པ་ལ་བཅོས
ད་ལྟོས་དང་། དབུ་མའི་ལམ་གྱི་མཇུག་འབྲས་འདི་རེད། རྒྱ་མིའི་གཞུང་ཚབ་ལ་ལྟོ་རེ་སློང་དུ་འགྲོ་བ་མ་གཏོགས་ཅི་ཡང་ཐོབ་གི་མ་རེད། དབུ་མའི་ལམ་བཤད་བཤད་ནས་ད་འདི་ལས་མཐའ་འདི་ལ་ཐུག་པ་རེད། རྒྱལ་བ་རིན་པོ་ཆེ་ཡང་རྒྱ་མིའི་གཞུང་ཚབ་ལ་མགྲོན་འབོད་མ་བྱས་པ་རེད་མ་གཏོགས་བྱས་ན་དགའ་དགའ་སྤྲོ་སྤྲོ་བྱས་ནས་ཕེབས་གི་རེད་བསམ་གི་འདུག ཡ་ད། ཁྱོད་ཚོས་ཟེར་ན་རྡི་ལི་རྒྱ་མིའི་གཞུང་ཚབ་ཀྱིས་མགྲོན་འབོད་བྱས་ན་ཕེབས་གི་མ་རེད་ཟེར་བ་ཡིན་ནམ། ངས་བལྟས་ན་ཕེབས་གི་རེད་བསམ་གི།
ད་ཁྱོད་ཚོས། བོད་རང་བཙན་མི་དགོས། བོད་རང་བཙན་མི་དགོས། ཚད་མཐོའི་རང་སྐྱོང་གནང་རོགས། ཚད་མཐོའི་རང་སྐྱོང་གནང་རོགས། ང་ཚོ་ཀྲུང་གོའི་རྩ་ཁྲིམས་འོག་ཏུ་ཀྲུང་གོའི་མི་སེར་བྱེད་འདོད་ཡོད་ཅེས་དབུ་མའི་ལམ་ལ་སྐྱབས་སུ་མཆི་ཟེར་ནས་སྡོད་དང་ད་བོད་མི་རེ་རེ་ནས་རེ་རེ་བྱས་ནས་ཀྲུང་གོའི་མགྲོན་འབོད་བརྒྱུད་ནས་འགྲོ་གི་རེད། ཉིན་ཞིག་ད་མགོ་སྐོར་འོག་ཏུ་ཚུད་ཚར་བ་ཤེས་རུང་ཐར་ས་མེད་པ་ཞིག་བཟོ་གི་རེད།
གནའ་སྔོན་མ་ཡང་དང་པོ་མགྲོན་འབོད་བྱས། མགྲོན་ཟས་ཟས་སྤྲས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་མའི་ནང་ན་ཁྱོད་ཚོ་ཀྲུང་གོའི་མི་སེར་གྱིས་དང་ཏཱ་ལའི་བླ་མ་དང་བོད་སྡེ་པ་གཞུང་གི་དཔོན་རིགས་ཚོའི་གོ་གནས་ལ་འགྱུར་བ་མི་གཏོང་ཞེས་པ་ཡོད་པའི་གྲོས་མཐུན་ལ་མིང་རྟགས་བཀོད་པས་ཉིན་ཞིག་འབྲོ་ས་གབ་ས་མི་རག་པ་ཞིག་བྱུང་སོང་བ་རེད།
དབུ་མའི་ལམ་གྱི་གྲུབ་འབྲས་ལ་ཡུན་རིང་པོར་སྒུག་དགོས་ཀྱི་མི་འདུག དབུ་མའི་ལམ་གྱི་གྲུབ་འབྲས་ད་ནས་མཐོང་མགོ་ཚུགས་པ་རེད།
རང་རྡུང་གཉིས་ཕན་དབུ་མའི་སྲོལ་ཟེར་བའི་བཀྲ་མི་ཤིས་པའི་ལམ་ཁ་དེ་བཟོས་ཉིན་ནས་རྒྱ་དམར་གུང་ཁྲན་ཏང་རྒྱལ་སྤྱིའི་སྒང་ལ་རྐང་པ་གཉིས་བཙུག་ཐུབ་པ་བྱུང་བ་རེད། དུས་དེ་ནས་བཟུང་བོད་མིའི་རང་དབང་གི་འདུན་ལམ་དང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཡོངས་རྫོགས་ཉིན་རེ་ནས་ཉིན་རེ་བཞིན་ཉམས་རྒུད་ལ་ཕྱིན་ནས་ལྷག་མེད་དུ་གྱུར་པ་རེད། ད་ལྟ་བོད་མི་ཕན་ཚུན་ནང་ཁུལ་ལ་ལྷ་འདྲེའི་རྒྱལ་ཕམ་བརྩད་ནས་མ་འཆམ་པ་དང་མི་མཐུན་པས་རྙོག་དྲ་ཙམ་མ་གཏོགས་བོད་རྒྱལ་ཁབ་ཀྱི་རང་དབང་རང་བཙན་སླར་གསོ་་དང་བོད་མི་རིགས་ཀྱི་ཕུགས་བསམ་གྱི་འདུན་མའི་རྩ་དོན་ནི་རྩ་སྐྱ་མེས་བསྲེགས་པ་བཞིན་རྩ་མེད་དུ་གཡུག་ཚར་བ་འདི་རེད། ཀྱཻ་མ་ཀྱཻ་ཧུད།
གོང་གསལ་དྲྭ་འབུ་དག་གི་རྒྱུན་ལྡན་བཞིན་ལུགས་དང་འགལ་བའི་འཆལ་གཏམ་གང་མང་སྤེལ་འདུག་པ་དག་ལ་ནི་མིག་གཤེར་ཙམ་ལས་ཞིབ་ཚགས་གང་ཡང་བྱས་མེད། གོང་གསལ་དེ་དག་གི་ཁྲོད་ནས་གནས་ལུགས་ཏོག་ཙམ་འགོ་ཚུགས་མཁན་ནི་གཡུ་ཐོག་རྒྱལ་པོ་ཟེར་བ་དེ་རཉད་འདུག དེ་མིན་རྒྱུས་ཡོད་ཡིན་པས་དེ་རིང་དམིགས་བསལ་དོ་སྣང་དང་རིན་ཐང་གང་ཡང་བཞག་འདོད་བྱུང་མ་སོང་།
སྐུ་ཞབས་ཏ་ལའི་བླ་མ་རྒྱ་ནག་གཞུང་ཚབ་ཁང་གིས་མགྲོན་འབོད་བྱེད་ན་འགྲོ་གི་རེད་བསམ་གྱི་ཡོད། དབུ་ལའི་ལམ་དེ་རང་མགོ་ལྡུང་བའི་ཐོ་བ་རེད་འདུག ཧཧཧཧཧཧ་
ལྟས་ངན་པ་རང་རེད། དེ་སང་རྒྱལ་ཚོང་བ་རྒྱ་དགའ་ཅན་དེ་ཚོ་ལ་ཡང་སྐད་ཆ་བཤད་རོགས་ཐོན་ཡོང་གི་འདུག
ཨ་ནེ་རྫུན་མ་དེ་སྔོན་མ་ཧོང་ཀོང་རྒྱ་ནག་གིས་རྩིས་ལེན་དུས་མོ་ཡང་ཕྱི་བསྡོད་བོད་མིའི་ཚབ་བྱས་ནས་དགའ་བསུ་ཞུ་རུ་ཕྱིན་པ་རེད། རྒྱ་ནག་གིས་དངུལ་སྤྲད་དུས་མོ་ཕྱི་བསྡོད་བོད་མི་རྒྱལ་གཅེས་ཅན་ཡིན་ཟེར་གྱི་རེད། བལ་ཡུལ་ནང་ཁེ་སང་ཡོད་དུས་མོ་བལ་པོ་བ་ཡིན་ཟེར་གྱི་ཡོད་རེད།
ཆབ་བྲག་དང་བློ་བཟང་ཆོས་འབྱོར་གཉི་ག་ནང་དུ་འདུག་པེ།
རྒྱ་ནག་གཞུང་ཚབ་ཆུང་ཚགས་དེ་ཚོས་ཕར་ཞོགས། རྒྱ་ནག་དབུས་གཞུང་རང་གིས་༸གོང་ས་མཆོག་ལ་ང་ཚོས་ཀྱེད་ལ་ཕེབས་བསུ་ཞུ། ང་ཚོས་ཁྱེད་ལ་ཆོས་ཀྱི་རྒྱལ་པོར་མངའ་གསོལ། ང་ཚོས་ཁྱེད་ལ་རྒྱ་ནག་དབུས་གཞུང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཙོ་འཛིན་གཞོན་པར་བསྐོརྒྱུ་ཡིན་སོགས་ག་ཚད་ཞུས་༸གོང་ས་མཆོག་ནས་བོད་དོན་ནི་ང་སྒེར་གྱི་དོན་མིན་པར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་དོན་ཞིག་ཡིན་པས་བོད་མི་མང་ལ་ག་རེ་བྱེད་རྒྱུ་ཡིན་ཞེས་རྒྱ་ནག་ལ་ཕར་གནོན་ཤུགས་དང་། བོད་མི་མང་གི་དོན་དག་ལས་ང་སྒེར་གྱི་སྐོར་ཚིག་གཅིག་ཀྱང་བཤད་མི་དགོས་ཞེས་འཛམ་གླིང་ཡོངས་ཁྱབ་དང་རྒྱ་ནག་ལ་སྐུ་ཚབ་གཏོང་སྐབས་ཀྱང་དེ་ལྟར་གསུངས་པ་རྒྱ་གཞུང་རང་གིས་གསལ་བསྒྲགས་ལས་ཤེས་ཐུབ་པས་གོང་གིས་སྡུག་རོ་ཁྱུ་གཅིག་གིས་ནང་ཁྲག་ལྟར་དཀྲུགས་པའི་ངན་ཇུས་ལ་ང་ཚོ་བོད་མི་ཡོངས་ཀྱིས་ཡིད་གཟབ་དགོས།
བལ་ཡུལ་གྱི་བོད་མི་རྒྱལ་འཚོང་བ་ཚོ་གསལ་བོ་བཏོན་པ་ནི་ཡག་པོ་རེད། ད་དུང་བལ་ཡུལ་རྒྱ་ནག
གཞུང་ཚབ་དང་ཐད་གར་འབྲེལ་བ་དམ་ཟབ་ཡོད་པའི་མི་ཚོས་རྡ་རམ་ས་ལ་ནུས་མེད་གཏོང་རྐྱེན་རྒྱུགས་ཁྱི་ངོ་མ་ཞིག་རྡ་རམ་ས་ལའི་གྲོས་ཚོགས་ལ་ཁྲིད་ཡོང་ཉེན་ཡོད། བོད་མི་ཚོས་ཁོའི་མཐའ་འཁོར་གྱི་མི་རོགས་རམ་བྱེད་མཁན་གྱི་ཚོང་བ་དང་འདྲ
བའི་མི་ཚོར་གཟབ་དགོས་རྒྱུ་དེ་སྔོན་བརྡ་ཡིན། མ་གཞི་ནས་བལ་ཡུལ་ཚོང་བ་ཚོས་བཙན་བྱོལ་ནང
ལག་པ་འཆང་དེ་ཆོལ་ཁ་དབྱེན་དཀྲུགས་དང་རང་བཙན་པ་ལ་མགོན་མནན་ཆེད་ད་རེས་བོད་དང་ཆབ་སྲིད་ལ་དགའ་མདོག་གཏོང་རྐྱེན་གྱི་བལ་ཡུལ་འོས་མི་དང་རྒྱབ་རོགས་པ་ཚོ་ངོ་མ་ཞིབ་འཇུག་དང་རྒྱུས་ལོན་བྱ་རོགས།
འཇང་གཡུལ་ལྷ་མིང་ཅན་དང་། ད་དུང་མཆན་ནག་འབྲི་མཁན་དག་ནི་བླང་དོར་གྱི་གནས་དུས་ནམ་ཡང་མི་འོས། འོན་ཀྱང་གནས་ལུགས་ཇི་ལྟར་བ་བཞིན་མི་ཤེས་པའི་མི་བུ་རེ་འགའི་ཆེད་དུ་གསལ་བཤད་ཞུ་རྒྱུར། ག་སྲིད་༧གོང་ས་མཆོག་རྒྱལ་གཞུང་གིས་མགྲོན་འབོད་ཞུས་ཚེ་ཕེགས་མིན་དེ་སྐྱག་འབུ་ཁྱོད་ཚོས་ཚད་གཞལ་བ་ནི་བོད་པའི་ངག་རྒྱུན་དུ་གྲགས་པར། མི་ཤེས་ཆམ་བུའི་སྐད་ངན་དེ། གོ་ཁའི་ཐལ་བ་འཕྱུར་རོགས་ཟེར་བ་ལས་མ་འདས་མོད། ཅི་སྟེ་ཕེགས་པའི་དབང་དུ་བཏང་ན་སོ་སོའི་ཁ་ཕོར་དོན་དུ་ཕ་ཆུས་ཚང་ཚང་རྫས་དུས་ནམ་ཡང་གནང་མི་སྲིད། དེ་གཅིག་རེད། གཉིང་པར། དགྲ་བོའི་ལག་ཆར་དུ་གྱུར་པའི་བོང་རྒན་མི་གཟུགས་ཅན་འདི་དག་དང་༧གོང་ས་མཆོག་གཤིབ་བསྡུར་བྱས་པ་ནི་རང་གི་དེ་ཉིད་་སྐྱག་དྲི་འཐུལ་ལེ་བ་ཞིག་སྟོན་པ་ཙམ་ལས་རྣམ་དཔྱོད་ལྡན་མི་བུ་ཞིག་གི་བྱེད་སྟངས་དུས་ནམ་ཡང་ངོས་འཛིན་མི་འཐོབ་བོ།།
བསྟན་པ་ཟེར་བ་འདི་བལ་ཡུལ་དང་བལ་ཡུལ་ལ་འདུག་མཁན་ཚོང་བ་ཚོར་ཅུང་ཟད་རྒྱུས་མངའ་ཅན་ཞིག་རེད་འདུག ང་རང་བལ་ཡུལ་ནས། ཁ་སྔོན་རྔ་བའི་ཚོང་བ་འགའ་དང་གསེར་རྟ་ཚུལ་ཁྲིམས་ཟེར་བར་ལག་སྤྲེལ་གྱིས་དངུལ་རྔན་སྤྲད་ནས་མདོ་སྨད་མི་མང་ལ་བཀྲ་ཤིས་དོན་འགྲུབ་ཟེར་བ་དེ་ལ་འོས་བླུགས་སུ་བཅུག་སོང་། དེ་ཚོས་རྔ་བའི་སྤྲོ་ཚིགས་ཆོས་གྲགས་ལྟ་བུའི་གཞོན་སྐྱེས་རིགས་ལ་ཤུགས་གནོན་མི་རྒྱག་པར་བཀྲ་དོན་ཅན་ལ་དེ་འདྲའི་འགྲོ་སོང་དང་དོ་ཁུར་བྱེད་དོན་ཅི་ཡིན་ནམ།
བསྟན་པས་བཤད་པ་ལྟར། ཀྲུང་གོའི་མི་སེར་ཚོང་བ་དེ་ཚོས་བཀྲ་ཤིས་དོན་འགྲུབ་ལྟ་བུ་ཡར་གྲོས་ཚོགས་ལ་བསྐྱལ་ནས། བོད་མིའི་འཐབ་རྩོད་རྒུད་རྒྱུ་དང་། ཆོལ་ཁའི་བར་དབྱེན་དཀྲུགས་བྱེད་རྒྱུ་དེ་རེད། སེམས་ངན་འདོད་ཐག་ཏུ་མི་འགྲོ་བའི་ཆེད། བོད་མིའི་ཅིས་ཀྱང་གཟབ་ནན་བྱེད་གལ་ཆེ།
་་་་་་ བལ་ཡུལ་དུ་གནས་སྡོད་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་། སྤྱི་འཐུས་ཟུར་པ་ཚེ་བརྟན་ནོར་བུ་ཟེར་བ་དེའི་རིགས་ཀྱི་ད་ལྟའི་ལྟོ་གོས་རྒྱབ་གསུམ་དགྱ་ནག་ཚང་ལ་འཕུལ་ནས་ཐོགས་བརྩེགས་ཅན་གྱི་ཁང་པ་རྒྱབ་ནས་དགྱ་མི་ཁོ་ན་དང་འབྲེལ་བ་བྱེད་ལུགས་དེས་ཟུར་བལྟས་ལེབ་མཐོང་རེད་པ། ་་་་་་
་་་་་་་ དེ་མིན་པར་ལམ་དབུ་མར་ཡིད་ཆེས་བྱེད་ཀྱིན་ཡོད་མཁན་རེ་ཡིན་ཁྱོད་ཚོས་ཅི་ཟེར་གི་ཡོད་ངས་ཧ་གོ་མ་སོང་། རྒྱ་མི་གཞུང་འབྲེལ་གྱི་མཛད་སྒོ་ལ་འགྲོ་ཐུབ་ན་ཡིན་ཡིན་པ་རེད། རྒྱ་མི་རྡོག་རེ་ལ་འབྲེལ་བ་བྱེད་ཐུབ་ན་ཡང་བྱེད་དགོས་པ་དེ་དབུ་མའི་ལམ་གྱི་སྲིད་ཇུས་ངོ་མ་དེ་རེ་རེད། ་་་་་་
་་་་་་ འོན་ཀྱང་། རྒྱའི་གཞུང་ཚབ་ཀྱི་གསོལ་སྟོན་དུ་ལྟོ་སློང་བར་ཕྱིན་པ་ནི། དབུ་མའི་ལམ་གྱི་དགོངས་དོན་དང་ཡོངས་སུ་འགལ་བ་རེད། གང་ཡིན་ཟེར་ན། རྒྱ་དམར་པོས་བོད་པ་བླ་འཚོང་བ་དེ་རིགས་དབུ་མའི་ལམ་གྱི་ངོ་བོའི་ཐོག་ནས་སྐད་བཏང་བ་ཞིག་གཏན་ནས་མ་རེད། ་་་་་་་
་་་་་ ཀྲུང་གོའི་མི་སེར་ཚོང་བ་དེ་ཚོས་བཀྲ་ཤིས་དོན་འགྲུབ་ལྟ་བུ་ཡར་གྲོས་ཚོགས་ལ་བསྐྱལ་ནས། བོད་མིའི་འཐབ་རྩོད་རྒུད་རྒྱུ་དང་། ཆོལ་ཁའི་བར་དབྱེན་དཀྲུགས་བྱེད་རྒྱུ་དེ་རེད། སེམས་ངན་འདོད་ཐག་ཏུ་མི་འགྲོ་བའི་ཆེད། བོད་མིའི་ཅིས་ཀྱང་གཟབ་ནན་བྱེད་གལ་ཆེ། ་་་་་་
་་་་ མ་གཞི་ནས། ཆོས་དབྱིངས་སྒྲོལ་མ། ཚོང་རིགས་ལ་དགའ་པོ་ཡོད་པ་འདྲ། དང་པོ་རྐུབ་བཙོངས། དེ་ནས། ཆོས་བཙོངས། ད་ལྟ་མི་རིགས་ཀྱི་བླ་བཙོངས། མདོར་ན་མོའི་བྱ་སྤྱོད་ཚང་མ་བཙོངས་རྒྱུ་དེ་རེད། ཐ་ན། རང་གི་གཟུགས་པོ་ཀྱང་འཚོང་གི་ཡོད། ་་་་་
མོས་རྐུབ་དང་ལུས་བཅོང་པའི་ཁུངས་ཡོད་དམ། ལགས།
བལ་ཡུལ་གྱི་རྔ་བའི་ཚོང་བ་འགས་རྩ་དོན་ལ་བསམ་བློ་ནམ་རྒྱུན་གཏོང་གི་ཡོད་ཚེ། སྤྲོ་ཚིགས་ཆོས་གྲགས་ལྟ་བུ་ལ་རྒྱབ་སྐྱོར་བྱེད་དགོས་རེད། ཡིན་ན་ཡང་ད་རེས་རྒྱ་མིས་ལྐོག་རྔན་བླངས་སྟེ་ཆོལ་ཁ་དབྱེན་དཀྲུགས་ཆེད་བཀྲ་ཤིས་དོན་གྲུབ་ལ་ཤུགས་རྒྱག་གི་ཡོད་པ་དེ་ངོ་མ་དོགས་པ་སླེབས་བྱུང་། ནམ་རྒྱུན་ཁོང་ཚོ་ཚོང་ལས་མ་གཏོགས་ཆབ་སྲིད་ལ་དགའ་བོ་མེད་ཟེར་གི་རེད། ད་ཐེངས་ཆོལ་ཁ་དབྱེན་དཀྲུགས་དང་ཆིག་སྒྲིལ་གཏོར་རློག་ཐད་ཚོར་བ་ཆེན་པོས་ལས་ཀ་སྣ་མིན་བྱས་པ་དེ་ངོ་མ་དོགས་པ་རེད།
གཞས་མ་སྐད་གྲགས་ཅན་གྱི་ཨ་ནེ་ཆོས་དབྱིངས་སྒྲོལ་མའི་སྐོར་ལ། ཆགས་འཁྲིག་གི་ལོ་རྒྱུས་དངོས་གནས་ཤོད་རྒྱུ་ཡོད་ན། ཉན་འདོད་ཤིན་ཏུ་ཆེན་པོ་ཡོད། འོནད་ཀྱང་། དེ་ལྟར་ཡོད་པ་ཁུངས་བཙུན་ཤོད་ཡ་མེད་ན། བཙུན་མ་ཅིག་ལ་ཆགས་འཁྲིག་གི་སྒྲོ་བསྐུར་རྩ་བ་ནས་བྱ་མི་ཉན།
མདོར་ན་ངོ་མ་བཤད་ན་ཨ་ནེ་ཆོས་དབྱིངས་སྒྲོལ་མ་ནི་དེང་དུས་ཆོས་གཟུགས་གྱོན་ནས་དབང་བསྐུར་དང་ཆོས་རྫུན་པའི་འདྲ་འབག་གི་གདོན་གཟུགས་ཚོ་དང་གཏན་ནས་མི་འདྲ་བར་སྙན་མོ་ངག་གི་འགྱུར་ཁུག་དང་བདེ་མོ་གར་གྱི་རོལ་རྩེད་ལས་ཤར་ནུབ་ཀྱི་མི་དམངས་ལ་སེམས་ཀྱི་ཞི་བདེ་བསྐྲུན་པའི་གངས་རིའི་སྲས་མོ་བརྗོད་ན་མི་ཆོག་རྒྱུ་མེད་པ་རེད། རྒྱལ་ཚོང་དང་དཀོར་གཟན་ཁྱི་སྤྱང་ལྟ་བུ་དོལ་ཚོགས་དང་རྡ་ས་དང་བྱེས་པ་ཕལ་ཆེར་ཟ་ཁ་ནང་བསྟན་དང་སྙིང་ཁ་ཕྱིར་སྟོན་པའི་རིགས་དང་གཏན་ནས་འདྲ་ས་མ་རེད་དོ།།
ཨ་ཕྱི་དང་ཆོས་དབྱངས་གཉིས་ལུས་འབྲེལ་ཡོད་ས་རེད། དིང་སང་། ཧཧ། སྐུ་རྩེད་ཡིན་གདའ།
ད་བོད་མིའི་ཁ་བཏགས་དེ་ཡང་། རྒྱ་མིའི་ཁ་བཏགས་ཆགས་པ་འདྲ། པར་ལ་ཅིག གཟིགས་དང་།
བཤད་རྒྱུ་མང་དུ་ཡོད་པ་བཞག་ནས། གཞུང་ཚབ་དེས་ཨ་ནེ་དེ་དང་གངས་ཁྱི་དོལ་ཚོགས་དག་མགྲོན་འབོད་བྱས་པ་དེ་ག་རང་གིས་རྟགས་ག་རེ་བསྟན་པ་ཤེས་དགོས།།
དེ་ནས་དབུ་མའི་ལམ་གྱི་འགྲོ་སྟངས་ནང་། བོད་རིགས་ཡིན་བསམ་པའི་ལ་ཞེན་མེད་པ་དང་དོལ་ཚོགས། གུང་བྲན་དམར་པོ་འཛོམས་འཛོམས་ཁྲོད་འགྲོ་དགོས་པ་ག་པར་བཀོད་འདུག་གམ། དབུ་མའི་ལམ་ཧ་མ་གོ་ན་སྐད་ཅ་བྲིས་དང་ལན་རག་ངེས་རེད།
མ་ཎི་གླུར་ལེན་པའི་སྐད་སྙན་པོ་ཡོད་པ་ཡག་པོ་རེད། བལ་པོ་སྐྱོ་པོ་ད་ཕྲུག་ལ་རོགས་སྐྱོར་བྱས་པ་ཡག་པོ་རེད། བལ་པོར་བརྔན་པ་སྤྲད་ནས་བོད་པར་ཡུས་བཤད་དགོས་དོན་གང་ཡོད་དམ། མོའི་རོགས་སྐྱོར་བྱ་ཡུལ་ནང་བོད་རིགས་ཁ་ཤས་་ཡོད་རུང་ཡག་པོ་རེད། གཅིག་ཙམ་ཡོད་ན་ཡང་ཨའུ་ཙམ་རེད་སྙམ།
བོད་རྒྱལ་ཁབ་བཙོང་མེད། རྒྱ་དམར་ཇག་པས་ཧམ་སེམས་ཀྱིས་འཕྲོག་པ་ཤེས་དགོས། དོལ་ཚོགས་དང་དཀོར་གཟན་ཐེར་འདོན་བྱས་པ་ནི། བསྟན་པར་དག་ཐེར་དང་བོད་དོན་དང་འབྲེལ་བ་ཡོད་པས་དགའ་བསུ་ཞུ། ག་ཚོད་འུ་ཐུག་ཐབས་ཟད་ཡིན་རུང་རྡ་སའི་སྒྲིག་འཛུགས་དང་བོད་མིའི་སྙིང་སྟོབས་མེད་ན་བོད་རྩར་མེད་བཟོ་འཆར་ཡང་། དེ་ནི་སྟོང་བསམ་ཡིན་པ་ཤེས་དགོས་པ་ཡང་ཡོད་དོ།།།།
དབུ་མའི་ལམ་ནི་བོད་སྤྱི་པའི་བདེ་དོན་ཆེད་དུ་རེད་ལ། གོང་ས་མཆོག་དང་བོད་མིའི་དབུ་ཁྲིད་ཚོས་རྒྱ་མི་ལ་འབྲེལ་བ་གནང་བ་ཡང་སྤྱི་དོན་གྱི་ཆེད་དུ་རེད། གཞུང་ཚབ་ནང་ལོ་གསར་གཏོང་དུ་འགྲོ་མཁན་འདི་དག་ནི་སྒེར་གྱི་ཁེ་ཕན་གྱི་ཆེད་དུ་ཡིན་པས་འདི་གཉིས་མཚུང་སྡུར་བྱེད་པ་ནི་བསམ་བློ་རྐུབ་ནང་ལ་ཡོད་པའི་རྟགས་མཚན་གསལ་པོ་སྟན་པ་རེད།
དབུ་མའི་ལམ་ཚང་གིས་ལྡག་བསྡད་པའི་རྒྱ་རྐུབ་ནས་འོ་མ་ཐོན་པ་དང་གཞན་པ་དེ་ཚོས་ལྡག་བསྡད་པའི་རྒྱ་རྐུབ་ནས་སྐྱག་པ་ཐོན་གྱི་ཡོད་པ་ཨེ་རེད།།
དབུ་མའི་ལམ་པས་ལྡག་པའི་རྒྱ་རྐུབ་ནས།
བོད་མི་སྤྱི་ལ་ཕན་པའི་འོ་མ་ཞིག
ཆོས་དབྱིངས་སྒྲོལ་མས་ལྡག་པའི་རྒྱ་རྐུབ་ནས།
བོད་མི་སྤྱི་ལ་གནོད་པའི་རྒྱ་སྐྱག་ཞིག
བསམ་ཞིང་བསམས་ན་སྙིང་པོ་མེད་པའི་གཏམ།
འདྲེས་ཤིང་འགྲོགས་ན་ཡིད་བརྟན་མེད་པའི་དཔོན།
དགྲ་གཉེར་མགོ་མཇུག་ལྡོག་པའི་དེང་རབས་སུ།
རང་རང་སོ་སོས་རང་མགོ་ཨེ་ཐོན་ལྟོས།
སྤྱི་དོན་དང་སྒེེེར་དོན་དབྱེ་བ་ཕྱེ་མ་ཤེས་ན་འོ་མ་དང་སྐྱག་པ་གཉིས་ཀྱང་དབྱེ་བ་ཕྱེ་ཤེས་ཁག་ཙམ་རེ། ཁོང་ཚོ་བོད་སྤྱི་པའི་བདེ་དོན་ཆེད་དུ་གཞུང་ཚབ་ནང་ལོ་གསར་སྐུ་འགྲོན་ལ་སོང་འདུག་ན་ང་ཚོས་དགའ་བསུ་ཞུ་ཆོག
དབུ་མའི་ལམ་གྱིས་རྒྱ་ལ་འབྲེལ་བ་འདི།།
བོད་ཀྱི་ཆོས་རིག་ངོ་བོ་སྲུང་སྐྱོབ་ཆེད།།
ཆོས་དབྱིངས་སྒྲོལ་མས་རྒྱ་ལ་འབྲེལ་བྱེད་པ།།
རྒྱ་སྒོར་དམར་པོའི་བམ་ཁའི་ཆེད་དུ་ཡིན།།
ལ་ལས་མི་རིགས་ཆེད་དུ་རང་སྲོག་བཏང་།།
ལ་ལས་རང་མགོ་གང་ཐོན་ཕྱི་ཡུལ་འགྲིམ།།
རྒྱུ་འབྲས་ཞེས་པའི་གཟུར་གནས་ཤིག་ཡོད་ན།།
མི་ངན་འདི་ཚོ་ཐར་པར་གཏོང་མི་སྲིད།།
དབུ་མའི་ལམ་ལས་ལྷག་པའི་ལམ་ཞིག་ཡོད་ན་ལག་ལེན་གྱི་དུས་རེད། རང་བཙན་ཕ་རི་ཐོབ་ཐང་རྩོད་པའི་སྒྲིག་དང་ལམ་སྲོལ་གང་ཡང་བསྟན་ཡས་མེད། སྒྲིག་གཞི་སྒྲིག་ཁྲིམས། འགོ་ཁྲིད་ལམ་སྟོན་གང་ཡང་བསྟན་རྒྱུ་མེད་པར། ཁ་རྒྱག་པ་རྐྱང་བཤད་དགོས་དོན་གང་ཡོད།
ཨ་མའི་བུ་ལ་འཇོན་ནུས་ཡོད་ན་མདུན་ལ་ཐོན་པའི་དུས་རེད། དབུ་མའི་ལམ་གྱིས་མ་འགྲིག་ན། ལམ་་གཞན་འདི་ཡོད། ལག་ལེན་འདི་རེད། རྒྱབ་སྐྱོར་འདི་ཡོད། འཐབ་རྩོད་འགོ་འདི་ནས་དང་དངོས་གཞི་ལག་ལེན་འདི་འདྲ་རེད། འགོ་འཁྲིད་འདི་དང་འདི་ཞེས་བསྟན་ཡས་མེད་པར་ཁ་སྐམ་ཚིག་སྐམ་ཟུར་ཟ་བྱས་ནས་ཕན་དགེ་གང་འདུག་གམ།
སོ་སོར་འགན་ལེན་ལག་ལེན་མེད་པར། གྲོང་ཚིག་ཚིག་ངན་འདྲ་འབྲི་བ་ལས་མ་འབྲི་ན་ཕན་ཆེ་སྙམ་མོ།།
ང་ཚོ་བོད་ཚང་འདི་རྒྱལ་དབང་ལྔ་པ་དང་། ཟླ་བ་ལྔ་བ་གཉིས་འཛོལ་མཁན་ཇེ་མང་ནས་ཇེ་མང་རེད། དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་མི་སུ་ཞིག་ཀྱང་། རྒུ་དམར་པའི་གཞུང་ཚབ་ཏུ་གྲིལ་སྒྲགས་ཀྱི་ལག་ཆར་ཁས་ལེན་བྱེད་ཀྱི་མེད།
ཡུར་གུར་བའི་རྨོ་ར་བྷི་ཡ་མཆོག་གིས་འགོ་ཁྲིད་ནས་ཡུར་གུར་བའི་རང་བཙན་འཐབ་རྩོད་བྱས་དང་བྱེད་བཞིན་པ་རེད་འདུག ཨ་རི་དང་ཡུང་རོབ་སོགས་ཀྱིས་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པ་རེད་འདུག དབུ་མའི་ལམ་ལས་རྒྱབ་སྐྱོར་མང་བ་མེད་ནའང་ཉུང་བ་མི་འདུག དབུ་མ་པ་ཚོས་རང་བཙན་འཐབ་རྩོད་བྱེད་ན་རྒྱབ་སྐྱོར་མི་རག་མདོག་མདོག་བཤད་བསྡད་པ་རྫུན་གཏམ་རེད།
བོད་དབུ་མ་པ་དང་ཡུར་གུར་རང་བཙན་བ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཀྱི་གནད་དོན་ཐོག་ཏུ་ཨ་རི་གཙོ་བོ་བྱས་པའི་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་འདྲ་འདྲ་བྱེད་བཞིན་འདུག མ་གཏོགས་རང་བཙན་རྩོད་ན་རྒྱབ་སྐྱོར་མི་བྱས་པར་གཡུགས་བཞག་མི་འདུག་ག་་་་་ང་ཚོ་ལ་ཡང་མིག་ཡོད་ད།
བོད་ལ་རང་བཙན་ལེན་ཐུབ་པའི་དམག་དང་མི་འབོར་མེད་པས་དཀའ་ངལ་ཡིན་རབས་བཤད་ཀྱི་འདུག སྐད་ཆ་འདི་འདྲ་བཤད་མཁན་གྱི་མི་འདི་ཚོས་དེང་རབས་ཀྱི་གནད་དོན་མ་ཤེས་པ་དང་། ཐབས་བཅོས་ཟེར་བའི་རླབས་ཆེ་བའི་དངོས་པོ་འདིར་ངོས་འཛིན་མ་ཐུབ་པའི་སྐྱོན་རེད། བོད་རང་བཙན་ལེན་པར་ཐབས་བཅོས་ཡོད་ན་ལེན་ཐུབ་ངེས་རེད།
འབྲུག་པ་ལ་མི་འབོར་དང་དམག་སྟོབས་དཔལ་འབྱོར་སོགས་གང་ཡང་མི་འདུག་ཀྱང་རང་བཙན་གྱི་རྒྱལ་ཁབ་ཤིག་བྱས་ནས་བསྡད་འདུག་ག་་་་ངོ་ཚ་ཡ་འདྲ་ཡོད་པེ། འབྲུག་པའི་བརྩིས་བྱས་ན་བོད་ནི་མི་འབོར་དང་རིག་གནས་དཔལ་འབྱོར་སོགས་གང་གི་ཐོག་ནས་ཡག་བ་ཡོད།
ཁྱོད་ཚོས་གྲལ་གྱིས་བཤད་ཀྱི་རེད། རང་བཙན་རྩོད་པར་མགོ་ཁྲིད་མི་འདུག མི་འབོར་མི་འདུག དཔལ་འབྱོར་མི་འདུག དམག་མི་མི་འདུག་ བོད་ནི་ནུས་མེད་ཅི་གང་ཡང་མེད་མཁན་ཞིག་ཡིན་པས་རང་བཙན་ཡོང་ཐབས་ཡོད་མ་རེད་ཅེས་་བཤད་ནས་བོད་དམངས་སེམས་ཤུགས་བཅག་པ་དང་། མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཞེན་གྱི་འདུ་ཤེས་རྩ་མེད་བཏང་དང་གཏོང་བཞིན་ཡོད། ཁྱོད་ཚོ་ལ་དགོས་པ་ནི་དད་པ་དང་དམ་ཚིག། ཡ་རབས་བཟང་སྤྱོད་ཟེར་བའི་དབང་སྒྱུར་སྲིད་ཇུས་དེ་རེད། འདི་ནི་སྒེར་དོན་རེད།
ཁྱོད་རང་ཚོ་ཚང་མས་རྒྱ་རྐུབ་ལྡག་ཡ་ལ་སུ་མགྱོགས་བལྟ་མ་བསྡད། ཉིན་ཞིག་ཁྱོད་རང་ཚོ་རྒྱ་དམར་པོའི་རྩ་ཁྲིམས་ཀྱི་འོག་ཏུ་འགྲོ་ཡ་རག་པའི་རེ་བ་ཡོད། མ་ཟད་་་ཁྱོད་ཚོ་དབུ་མ་པ་ཚོའི་རྐུབ་ལ་་རྒྱ་དམར་ཉེན་རྟོག་པའི་ཀློག་དབྱུག་རག་པའི་སྨོན་ལམ་ཡོད། མགྱོགས་པོ་རག་པའི་སྨོན་ལམ་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་དབུ་མ་པའི་མི་རྣམས་ཀྱི་རྐུབ་ལ་ཀློག་དབྱུག་གིས་རྡུང་གི་ཡོད་པ་མཐོང་གྱི་བྱུང་ན་འདོད་བློ་ཡོངས་རྫོགས་ཁངས་འགྲོ་ས་རེད་ལ་་་་རེ་བ་དང་སྨོན་ལམ་ཡང་ཡིན།
གཏམ་དང་མདའ་མོ་དྲང་དགོས་ཟེར་ལེ་རེད། དྲང་གཏམ་ཞིག་བཤད་ན། དབུ་མར་ཁས་འཆེ་བ་རྣམས་ནས་རང་གི་ཕ་ས་རྒྱ་ལག་ཏུ་བཞག་ཆོག་རྒྱུ་དང། གང་ཟག་སྒེར་པ་ལོ་གསར་གྱི་མགྲོན་ལ་ཡང་འགྲོ་མི་ཆོག་རྒྱུ། དབང་ཡོད་དང་བཙན་གཏམ་དེ་འདྲ་རྐྱང་རྐྱང་བཤད་ནས་དེ་སྔོན་ཆོལ་ཁ་ཆོས་ལུགས་ཀྱི་རྙོགས་ཁྲ། ཆུ་བཞི་སྒང་དྲུག་གི་རྙོགས་ཁྲ། གཞོན་ནུ་ཚོགས་པའི་རྙོགས་ཁྲ། དེང་སང་ཤུགས་ལྡན་གི་རྙོགས་ཁྲ་སོགས་རྒྱུན་ཆད་མེད་པར་ཡོང་དང་ཡོང་བཞིན་པ་རྣམས་ལྟ་ངན་དེ་འདྲའི་རིགས་ཁོ་ན་ལ་ཐུག་འདུག། རྩིས་མི་ཕོག་རྒྱུ་གང་མིན་འདུག།
སྤྱིར་དབུ་མའི་ལམ་དེ་མང་མོས་ཀྱི་འདོད་པ་བཞིན་གཏན་འབེབས་བྱུང་བ་རེད། ཅེས་ཟམ་གདོང་བླ་མས་ཡང་ཡང་བཤད་པ་མཐོང་མྱོང། དེ་ཡང་བྱུས་ངན་ཞིག་ཡིན་པ་ཐག་གི་ཆོད་ཐུབ། རྒྱ་རྐུབ་ལྡག་མཁན་
རིགས་རྣམས་ནས་༧རྒྱལ་བ་རིན་པོ་ཆེ་བོད་སྤྱོད་བཏང་བ་གསལ་པོ་རེད། ༧རྒྱལ་བའི་གསུང་ལ་བོད་མི་ཕལ་ཆེར་བརྒྱ་ཆ་དགུ་ཅུ་ཅི་གསུང་བཀའ་སྒྲུབ་རེད། དེ་ཡིན་དུས་མང་པོ་ཞིག་གིས་དབུ་མའི་ལམ་ལ་ཡིད་ཆེས་བྱས་པ་རྩོད་མེད་རེད། ད་ལྟའི་ཆ་ལ་གཞལ་ན་རང་བཙན་དང་དབུ་མའི་རྩོད་པ་དེ་དཔེར་ན་གསེར་ཊམ་ཀ་གསུམ་མ་རྙེད་གོང་ནས་གླེན་པ་གཉིས་བགོ་བཤའ་རྒྱག་ལུགས་ལ་མ་འཆམ་པའི་དཔེ་ལས་མ་འདས། ཡིན་ནའང་ལངས་ཕྱོགས་བརྟན་པོ་ཞིག་གལ་ཆེན་རེད། དེ་ལ་དབུ་མ་དང་རང་བཙན་གཉིས་ཀས་ཕྱི་མི་ཐུབ་ནང་ཐུབ་ཀྱི་དཔེ་བཞིན་མ་ཡིན་པར་དམངས་གཙོ་ཚད་ལྡན་ཉན་ལོང་བཤད་ལོང་གཉིས་ཀ་ཡོད་ན་ག་འདྲ་འདུག།
ཧཧཧ ཅོ་རི་བ་འདིས་རང་བཙན་ལམ་སང་ལེན་ཡོང་ས་རེད་ད།
ཡ་གྲོགས་པོ་རྣམས་པ་ཚོ། ༧་གོང་ས་མཆོག་གཙོས་པའི་བཙན་བྱོལ་ལྟོ་ལས་པ་རྣམས་ཀྱིས་དབུ་མའི་ལམ་དེ་རྒྱ་ནག་དམར་གཞུང་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ཏུ་འདུག་བགྱི་ཡིན་ཟེར་གི་ཡོད་པ་རེད། དེ་ཡིན་དུས་དམར་པོའི་སྒྲོམ་གཞི་འོག་ནས་མགྲོན་འབོད་པའི་ཨ་ནེ་ཆོས་དབྱིངས་སོགས་སོང་པ་རེད། དེ་སྐྱོན་ག་རེ་འདུག ད་དུང་ཁྱེད་རྣམས་ཀྱི་ཡ་རབས་སྤྱོད་བཟང་བཤད་འདོན་བྱེད་ནས་གོང་གི་ཚིག་ངན་དེ་རྣམས་༧་གོང་ས་མཆོག་གིས་བསླབ་སྟོན་བྱེད་ནས་བྱུང་པ་རེད་དམ། ལྟས་ངན་ཁྱེད་ཚོས་ག་དུས་ཡིན་ཡང་༧་གོང་ས་མཆོག་དགོས་མི་དགོས་ས་ཚང་མ་ལ་བེད་སྤྱོད་བྱེད་ནས་༧་གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་མང་རུ་སོང་བ་རེད། ཧ་གོ་སོང་བས་དེ་ཁྱེད་རྣམས་ཀྱིས་༧་གོང་ས་མཆོག་ལ་བཞག་པའི་ཞལ་འདེབས་རེད། ཧཧཧཧཧཧ
བཀྲ་ཤིས་ལགས་བདེན་་་་་དམངས་གཙོ་ཚད་ལྡན་ཞིག་གིས་ཐོག་ནས་བོད་རྒྱལ་ཁབ་ཀྱི་མདུན་ལམ་ཐག་གཅོད་བྱེད་པ་ཡིན་ན་དེ་ལས་ཡག་བ་ཞིག་ག་རེ་དགོས། ཡིན་ནའང་་་་རྡ་སའི་རི་སྟེང་དུ་དམངས་མི་གཙོ་སྒེར་གཙོ་བོ་རེད། ༢༠༠༨ལོར་བོད་གཞུང་དམངས་ཛ་དྲག་ཚོགས་ཆེན་སྐབས་སུ་་་བཙན་བྱོལ་བོད་གཞུང་འདི་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་སྐྱབས་བཅོལ་བའི་གཞུང་ལ་བསྒྱུར་གྱི་དམངས་མོས་གྲོས་ཚོད་བཞག་པ་རེད།
དམངས་མོས་ལ་བརྩིས་མེད་རྡོག་རོལ་བཏངས་ནས་༢༠༡༡ལོར་བཙན་བྱོལ་གཞུང་སྒོ་བརྒྱབ་པ་རེད། ༢༠༡༡་ལོར་བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་རང་འཇག་བཞག་དགོས་པ་དམངས་མོས་བྱུང་བ་རེད། དེ་ལ་ཡངབརྩི་མེད་རྡོག་རོལ་བཏངས་ནས་སྒྲིག་འཛུགས་ལ་སྒྱུར་བ་རེད།།
སྐད་ཆ་འདི་དག་དངོས་ཡོད་གནས་ཚུལ་ཡིན། དམངས་ལ་བརྩི་བཀུར་མེད་པའི་རྡ་སའི་དཔོན་ངན་རིང་ལུགས་ཀྱིས་བོད་སྤྱི་པའི་མདུན་ལམ་ཐག་བཅད་བཞིན་ཡོད་པ་ལས་མི་དམངས་ལ་དབང་ཆ་སྤུ་ཙམ་སྤྲད་མྱངས་མེད། དབུ་མའི་ལམ་འདི་ཡང་དམངས་མོས་བྱུང་བའི་སྲིད་ཇུས་ཡིན་ཟེར་བ་ནི་རྫུན་གཏམ་ཡིན། འོས་བསྡུ་ཚད་ལྡན་ཞིག་བྱས་མྱངས་མེད།
སྨྲ་བསམ་བརྗོད་མེད་སྟོང་ལབ་ཕ་མཐར་ཕྱིན།།
མ་སྐྱེས་མ་འགོག་འཇའ་ཚོན་རི་མོ་ལྟར།།
སོ་སོ་རང་སྒེར་ཁེ་བཟང་སྤྱོད་ཡུལ་བ།།
ཆོ་མེད་དབུ་མའི་རྐུབ་ལ་རྡོག་རོལ་བྱོས།།
སྤྱི་དོན་སྒྲུབ་པའི་དབུ་མའི་ལམ་བཟང་དང་།།
སྒེར་དོན་སྒྲུབ་པའི་ཆོས་དབྱིངས་སྒྲོལ་མ་གཉིས།།
གོ་ས་གཅིག་ལ་བཞག་ནས་མཚུངས་སྡུར་བ།།
བསམ་བློ་རྐུབ་ནང་ཡོད་པའི་རྟགས་མཚན་ཡིན།།
འཛམ་གླིང་སྤྱི་ཡིས་བཀུ་བའི་གོང་ས་མཆོག།
གངས་ཅན་བོད་ཀྱི་མགོན་དུ་བཞུགས་པ་ལ།།
ཟུར་ཟ་སྐྱོན་བརྗོད་ཁོ་ནས་དུས་མདའ་བ།།
མི་ལུས་ཁྱི་སེམས་ཅན་གྱི་རྟགས་མཚན་ཡིན།།
རང་གི་དབུ་ཁྲིད་དགྲ་ལྟར་རྟག་ཏུ་སྨད།།
དགྲ་ཡི་ཕྱོགས་རྣམས་གཉེན་ལྟར་གོང་དུ་བཀུར།།
ཕྱི་ནང་དབྱེ་བ་མི་ཤེས་གྲོད་པུ་མགོ།།
རྒྱ་སྒོར་ཁེ་ཕན་ཡོད་པའི་རྟགས་མཚན་ཡིན།།
རྒྱ་དམར་གཞུང་ལ་ཚིག་ཅིག་བཤད་མི་ནུས།།
དབུ་མའི་ལམ་ལ་དགྲ་ཡི་དྭངས་མར་བརྩི།།
རང་བཙན་ཁ་ལ་ཁྱེར་བའི་མི་བུ་རྣམས།།
སྐབས་འཚོལ་མགོ་བདེ་ཅན་གྱི་རྟགས་མཚན་ཡིན།།
སྐབས་འཚོལ་ཁྱི་མོ་ཆོས་དབྱིངས་སྒྲོལ་མ་དང་།།
བཞི་བདེའི་དེད་དཔོན་ཆེན་པོའི་མཚུང་བསྡུར་གཉིས།།
དུག་དང་བཟང་དྲུག་ཁྱད་པར་མེད་དོ་ཞེས།།
གདོན་གྱིས་བཟུང་བའི་གཏམ་ལ་ཡིད་གཏན་ཅི།།
ཅོ་རི་ཉི་མ་ལགས། ཁྱོད་རང་གི་སྐད་ཆ་བཤད་སྟངས་ལ་ངེས་པར་གཟབ་གཟབ་བྱ་དགོས་འདུག བཙན་བྱོལ་གཞུང་སྒོ་ག་པར་བརྒྱབ་འདུག སྒོ་ཕྱེ་ཕྱེ་པ་རེད་འདུག དེ་འདྲ་སོང་ཙང་རྒྱ༌ནག་གཞུང་གིས་མུ་མཐུད་སྡུག་སྐད་རྒྱག་གི་འདུག ཏཱ་ལའི་རུ་ཚོགས་ཟེར་བའི་ཚིག་འདི་ད་དུང་འགྱུར་བ་བཏང་མི་འདུག་ལ། དབུ་མའི་ལམ་ལབ་པ་མ་གཏོགས་དོན་དུ་རང་བཙན་རྩོད་ཀྱི་འདུག་ཅེས་བཙན་བྱོལ་སྒྲིག་འཛུགས་སམ་བཙན་བྱོལ་གཞུང་གི་ཕྱག་ལས་མུ་མཐུད་ནས་གནང་གི་ཡོད་པ་དགྲ་བོས་ཀྱང་ངོས་འཛིན་ཐུབ་ཀྱི་འདུག ཁྱོད་རང་ནས་ཚིག་འདི་འཇུས་ནས་གང་ཞིག་དཀྲུག་འདོད་འདུག་གམ། དབུ་མའི་ལམ་ལ་མོས་མཐུན་མེད་ན་དགྲ༌བོ་དང་ལག་སྦྲེལ་བྱ་མཁན་དོལ་རྒྱལ་ཚོགས་པར་རྒྱབ་སྐྱོར་བྱ་དགོས་རེད་དམ། དབུ་མའི་ལམ་ལམ་རྒྱབ་སྐྱོར་བྱེད་དང་རང་བཙན་ཐོག་བསྐྱོད་འདི་སོ་སོའི་འདོད་མོས་རེད། ཡིན་ནའང་ངེས་པར་དུ་བདམས་བྱ་གང་ཡིན་པ་དེའི་ཐོག་ལས་ཀ་བྱ་དགོས་པ་རེད་མ་གཏོགས་རང་བཙན་དགོས་ཡོད་ངེས་ད་ལྟ་བོད་མི་ཚང་མའི་བསམ་པའི་ནུས་སྟོབས་གཅིག་ཏུ་དཔུང་སའི་སྒྲིག་འཛུགས་ཆེན་་པོ་དེའི་ཞབས་ནས་འཐེན་ཏེ་ནུས་པ་གཅོག་ཐབས་བྱེད་པ་པ་ནི་རང་བཙན་འཐབ་རྩོད་པ་དང་དབུ་མའི་འཐབ་རྩོད་པ་གཉིས་ཀའི་དམིགས་ཡུལ་དང་འགལ་འདུག་པས་ཁྱོད་ལ་སྲ་ཞིང་བརྟན་པའི་ལངས་ཕྱོགས་ངེས་གཏན་ཞིག་མེད་་པ་ནི་མི་འཕྱོ་མེད་ཞིག་ཡིན་པ་གསལ་པོ་རེད། སྡོད་ས་དཔྲལ་བར་བསྡད་ནས་མིག་ལ་ཐལ་བ་བཤོ་མཁན་འདི་ཁྱོད་ལྟ༌བུ་ལས་སུ་ཞིག་ཡོད། ཁྱོད་ཀྱིས་རང་བཙན་ཆེད་དུ་དྲ་རྒྱའི་ཐོག་བོད་གཞུང་ལ་ཁ་ཁོ་ན་བཏང་བསྡད་ཡས་དེ་མ་གཏོགས་དགྲ༌བོའི་མདུན་དུ་ཐོན་མྱོང་ཡོད་དམ། གསུམ་བཅུའི་དུས་དྲན་རན་པར་ཉིན་གསུམ་ཙམ་ལས་མི་འདུག ངས་ཁྱོད་ཀྱིས་རྒྱ༌ནག་གཞུང་ཚབ་མདུན་དུ་རང་བཙན་དགོས་པའི་ལས་འགུལ་གང་འདྲ་ཞིག་སྤེལ་གྱི་འདུག་ལྟ༌འདོད་འདུག་པས་ཉིན་མ་གཅིག་རང་ལས་ཀ་བཞག་སྟེ་ལས་འགུལ་ནང་མཉམ་ཞུགས་བྱ་ཐུབ་མཁན་དེ་ཡིན་པས། རྩ་བའི་ཁྱོད་དོལ་རྒྱལ་བ་ཞིག་ཡིན་ནའང་བོད་མི་ཞིག་ཡིན་པས་གསུམ་བཅུའི་དུས་དྲན་ཉིན་ལས་འགུལ་གང་ཞིག་སྤེལ་རྩིས་ཡོད་དམ། ལག་ཏུ་སུད་སིའི་མི་སེར་དུ་འགྱུར་ཟིན་པའི་མི་རིགས་དང་རྒྱལ་ཁབ་མི་གཅིག་པའི་ཁྲིམས་མཐུན་གྱི་ལག་འཁྱེར་ཞིག་ཐོབ་པར་བརྟེན་སྤྲང་པོ་ལྷ༌ཡུལ་དུ་སླེབས་པའི་ཚོར་སྣང་གིས་ཆེན་པོ་ཞིག་ཆགས་སོང་སྙམ་གྱི་འདུག་གམ། དེ་འདྲ་ཨེ་ཡིན། གང་ལྟར་རྒྱ་མིའི་ཟ་ཁང་ཞིག་ནང་བྲན་གཡོག་རྒྱུགས་ཀྱི་ཡོད་དམ། མགོ་སེར་དམ་པོ་ཞིག་གི་འོག་ཏུ་ལག་གཡོག་བྱ་གི་ཡོད། ཁ་འབོམ་པོ་རིགས་གཅིག་པས་ཁ་ངན་ཚིག་ངན་བཤད་དེ་སྤོབས་པ་མཐོ་མདོག་བྱ་ཡུལ་འདི་བོད་ཡིག་ཁ་བརྡ་གཅིག་པུའི་སྟེང་དུ་དཔོན་ཡིན་བསམ་པ་བྱས་ཏེ་བསྡད་ཡོད་པས། ཧ་ཧ་ཧ་ཧ་
ཅོ་རི་འདི་དངོས་ཡོད་ལ་ཐག་ཉེ་ཤོས་གཤོད་གནང་མཁན་ཞིག་རེད།
བཀྲིས་བསམ་གྲུབ་ལགས། ངས་བསམ་ཚུལ་བྱས་ན་ཁྱོད་རང་སྒེར་གཅོད་པ་བཅའ་ཁྲིམས་བསྐྱར་བཅོས་ཟིན་ཚོགས་ཆུང་གི་ཚོགས་མི་ཞིག་མིན་ནམ་དྲན་གྱི་འདུག བཙན་བྱོལ་བོད་གཞུང་སྒོ་ཕྱེ་ཕྱེ་པ་ཡིན་ཟེར་ལུགས་ལ་བལྟས་ན་བཙན་བྱོལ་མི་དམངས་མགོ་སྐོར་གཏོང་དགོས་ན་བྱང་ཆུབ་པ་ཞིག་ཡིན་ཟོལ་འདུག་ག
རྒྱལ་ཁབ་ཤིག་ལ་རང་བཙན་ཡོད་མེད་ཆ་བཞག་ས་ངོ་མ་ཁྲིམས་ལུགས་ཀྱི་ཐོག་ནས་ཡོད་མེད་རེད། སྲིད་གཞུང་ཞིག་ཡོད་མེད་ཆ་བཞག་ས་བཅའ་ཁྲིམས་ཀྱི་ཁྲིམས་ལུགས་ནང་དུ་ཡོད་མེད་རེད། ས་ཁང་དེ་སུ་ལ་བདག་མིན་དེ་མི་སུ་ཡི་མིང་ཐོག་བདེ་སྐྱེལ་བྱས་ཡོད་མེད་རེད། བཙན་བྱོལ་བོད་གཞུང་ཡོད་མེད་ཟེར་བ་དེ་བཅའ་ཁྲིམས་ཀྱི་ཁྲིམས་ལུགས་ནང་དུ་ཡོད་མེད་རེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་བཙན་བྱོལ་བོད་གཞུང་ཟེར་བའི་ཚིག་ཙམ་མཐོང་ཡ་མེད་པ་བཟོས་ཡོད། བཅའ་ཁྲིམས་ནང་དུ་སྔོན་མ་་་་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་དགོས་ཅེས་བཀོད་ཡོད་པ་དེ་ཡང་རྩ་མེད་བཟོས་སོང་། མདོ་དོན་་་རྡ་སའི་སྒེར་གཅོད་པ་ཚོས་བོད་མི་སྟོང་ཕྲག་པོའི་སྙིང་ལ་རྨ་ཁ་བཟོ་ཡོད་ལ་དག་ཐབས་མེད་པའི་ལོ་རྒྱུས་ལ་ནག་ཐིག་བཟོས་ཡོད།
ཁྱོད་ཀྱིས་་་ང་ལ་སྐད་ཆ་བཤད་སྟངས་གཟབ་དགོས་ཟེར་ནས་ཅིག་བྱེད་ཀྱི་ཡིན་མདོག་མདོག་སྟོན་གྱི་ཡོད་རེད། རྡུང་གི་ཡིན་ནམ་གསོད་ཀྱི་ཡིན། ང་ནི་མི་སྡར་མ་ཞིག་ཡིན། ཤི་ཡ་ལ་སྐྲག་མཁན་ཞིག་ཡིན། རང་ཤི་རྒྱག་མ་ཐུབ་ནས་ལྷག་བསྡད་ཡོད། གལ་སྲིད་ང་ཅོ་རི་དཔའ་བོ་རང་ཤི་རྒྱག་ཐུབ་མཁན་གྱི་མི་ཞིག་ཡིན་ན་ཉུས་ཤོས་ལ་ཡང་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་གཉིས་གསུམ་ཞིག་དང་གསོད་ཚར་ངེས་ཡིན།
ང་མར་ཉལ་དུས་སྨོན་ལམ་བརྒྱབ་ཀྱི་ཡོད་ལ་་་ཉལ་ས་ནང་དུ་མ་ཤི་བར་ཤོག་ཅེས་སྨོན་ལམ་བརྒྱབ་ཀྱི་ཡོད། ང་ཤི་ན་བོད་མི་རིགས་ཀྱི་གཉའ་གནོན་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོའི་་ལག་ཏུ་ཤི་ཤོག་ཅེས་སྨོན་ལམ་བརྒྱབ་ཀྱི་ཡོད། དེ་བརྟེན་་་་ཁྱོད་རང་རྒྱལ་བཙོང་བ་དང་ལྐོག་ཟ་རུལ་སུངས་ཚོ་ང་ཅོ་རི་གསོད་མཁན་ཕེབས་ན་དགའ་བསུ་ཞུ་གི་ཡིན།
གཉིས་པ། ཁྱོད་ཀྱིས་ང་ཅོ་རི་སྤོབས་པ་མཐོ་པོ་འདུག སུད་སི་མི་སེར་ཆགས་སོང་བས་རེད་ཅེས་བཤད་འདུག ཁྱོད་སྙིང་རྗེ། ཕྱི་རྒྱལ་ཁབ་ཤིག་གི་མི་སེར་ཆགས་ཚར་དུས་འཇོན་པོ་ཞིག་ཡིན་མདོག་མདོག་བྱེད་མཁན་གྱི་སྤྲང་ཕྲུག་ཞིག་མིན། ཁྱོད་ཀྱིས་ང་ཅོ་རི་ངོ་ཤེས་མི་འདུག་ཞུ་རྒྱུ་ཡིན།
ཁྱོད་ཀྱིས་ང་ཅོ་རི་སྤོབས་པ་མཐོ་པོ་འདུག་གསུངས་པ་བདེན་པ་རེད། ངའི་སྤོབས་པ་མཐོ་པོ་འདི་རྒྱུ་འབྲས་དྲང་བདེན་རྩ་བའི་རྩེ་བཞག་པ་དང་། དྲང་བདེན་དང་ཉམ་ཆུང་རྒྱབ་ལངས་བྱས་ནས་མི་ཚེ་བསྐྱལ་དང་སྐྱེལ་བཞིན་པ་ཡིན་པས་སྤོབས་པ་མཐོ་ཙམ་གྱི་གཤིས་ཀ་བསླེབས་པ་རེད། ངས་མི་ཚེ་འདི་ལ་མི་གཅིག་ལ་ངོ་གནོང་དགོས་པའི་ལས་ཀ་བྱས་མྱངས་མེད་པས་སྤོབས་པ་མཐོ་ཙམ་ཡོད།
དེ་ག་ཡིན་་་་ཐུགས་རྗེ་གཟིགས་་་སྐུ་ངོ་ལགས།
རྡོག་རྡོག་ཞུ་ན། དབུ་མའི་ལམ་ལ་ཆོ་མེད་ན། ལམ་གཞན་ལ་དེ་བས་ཆོ་མེད་པ་གསལ་པོ་རེད།
ཐབས་ལམ་འདི་ཡོད། འགོ་ཁྲིད་འདི་ཡོད། འཆར་གཞི་སྒྲིག་གཞི། ཐབས་ཇུས་ལམ་སྟོན། ལམ་སྟོན་འགོ་འཛིན། གྲུབ་འབྲས་ཡོང་ཐབས་བཅས་གསུང་ན་ཡག་པོ་འདུག་པ་ལས། དེ་མིན་གཞན་དཔེ་དང་མཚུངས་བསྡུར་བཅས་ཀྱི་བྱབ་མ་མཐོང་། ག་ལེར་བཞུགས་ཨ། བཀྲིས་བདེ་ལེགས་ཞུ།།
ཁྱོད་ཚོ་དད་གཙོ་སྨྲ་བ་ཚོའི་ཀླད་པའི་ནང་གི་རྨོངས་དད་ཀྱི་དྲི་ངན་དེ་མ་ཡལ་བར་དུ་སྐད་ཆ་ཅི་འདྲ་བཤད་ནའང་བྱབ་མཐོང་གི་མ་རེད། ཁྱོད་ལ་ཁག་རྡོག་ཁག་མེད་ཞུ་རྒྱུ་ཡིན། ཤ་ཉེ་བུ་སྤུན་དང་གྲོགས་པོ་བློ་ཐུག་ཡིན་ནའང་སྐད་ཆ་དེ་དག་གོ་བརྡ་འཕྲད་ཀྱི་མི་འདུག
་ག་ལེར་ཕེབས་ཨ། བཀྲ་ཤིས་བདེ་ལེགས།
ཅོ་རི་ལགས། ཁྱེད་རང་ཕོ་རྒོད་དེ་འདྲ་ཡིན་རང་ལུས་མེར་སྲེག་བཏང་ཤོག དགྲ་བོ་རྒྱ་དམར་ལ་ངོ་རྒོལ་གྱིས་ཤོག དེ་མིན་ག་རེ་བཤད་ཀྱང་མི་ངན་ཕུ་ནུའི་ནང་དུ་བཙན། གྲི་ངན་ལག་པའི་སྟེང་དུ་རྣོ་ཞེས་པའི་དཔེ་ལས་མ་འདས་སོ།།
ལུང་རྟོགས། བཙན་དབང་ཅན་གྱི་བླ་དཔོན་ཚོའི་རྐུབ་ལྡག་མཁན་དང་ཉམ་ཆུང་བོད་མི་ཚོའི་གཉའ་གནོན་ཨེ་བལྟ་བསྡད་མཁན་ཁྱོད་རང་རེད་ད། ཕ་ཤ་ཟ་ཞོར་མ་ལ་སྡང་མཁན་དང་དགྲ་བོ་དམར་པོ་པང་དུ་ལེན་ཁྱོད་རང་ཚོ་རེད་ད། ཁྱོད་ཚོའི་གྲལ་དུ་རྒྱ་གཞུང་ལ་ངོ་རྒོལ་འགྲོ་གི་ཡོད་པར་མཐོང་མྱངས་མེད་ད། ང་ཅོ་རི་ཕོ་རྒོད་ཞིག་མིན་ལ་སྡར་མ་ཞིག་ཡིན། ཡིན་ཀྱང་་་་་དགྲ་བོ་པང་དུ་ལེན་མཁན་གྱི་མྱི་ངན་ཞིག་མིན། ཤེས་སོང་ངམ། ་་་ཧཧཧ མང་བཤད་མ་འོས་ཨ། ང་ཁྱོད་ལ་ལན་རྒྱབ་འདོད་མི་འདུག་་་ཀླད་རུལ་ཁྱོད།
ལམ་དབུ་མའི་རྒྱ་བོད་འབྲེལ་ལམ་འདི་བརྒྱུད་ལམ་གཅིག་རང་དང་འབྲེལ་ལམ་གཅིག་རང་གཅིག་ིན་ཟེར་གྱི་ཡོད་པ་མ་རེད་པས། བྱས་ཙང་སྒེར་ཁེ་དོན་གཉེར་བ་ཚོ་མི་རིགས་ཀྱི་རྩ་དོན་ཆེད་དུ་ཅང་ཡིན་རྒྱུ་མ་རེད། འདི་ཚོ་མི་རིགས་ཀྱི་ལ་རྒྱ་དོར། མི་རིགས་ཀྱི་གདུང་ཞེན་མེད། མི་རིགས་ཀྱི་བླ་བཙོང་མཁན་འདི་ཚོ་རྩ་ཆུ་བཟང་སར་སྔོན་སྔོན་སྔོན་ལ་འགྲོ་དང་འགྲོ་བཞིན་པ་རེད། ཡང་ཅིག་མིན་ན་ལམ་དབུ་མའི་སྲིད་ཇུས་ཀྱི་མཇུག་འབྲས་ཡིན་སྲིད་པ་རེད། བཙན་བྱོལ་དབུས་གཞུང་དང་ཏཱ་ལའི་བླ་མ་ཡུལ་བགྱར་ལ་བཞག། ཁོ་ཚོ་རང་མགོ་ཐོན་ཨེ་ཐུབ་བལྟ་ཡི་མིན་ན་ཅི་རེད།
ང་ཅོ་རིའི་ངོས་ནས་བཤད་ན་་་རྒྱ་སྐྱག་ཟ་མཁན་ཕག་པ་དཀར་ནག་གཉིས་ལ་ཁྱད་པ་ཅང་མཐོང་གི་མི་འདུག་་་་་བློ་མཐུན་ལགས་་་་སྐུ་བདེ་པོ་ཡིན་པེ། ཉིན་ཤས་རིང་དྲ་ཐོག་ཕེབས་མ་བྱུང་བ།
བློ་མཐུན་ཅོ་རི་ལགས། བོད་ཀྱི་ལོ་གསར་ལ་བཀྲིས་བདེ་ལེགས་ཞུ། ཁམས་བདེ་པོ་ཡིན། ཐུགས་རྗེ་ཆེ། ལོ་གསར་གྱི་བྲེལ་གཡེངས་ཀྱིས་དྲ་ཐོག་མྱུལ་བའི་དུས་ཁོམས་དབེན་ལགས།
མ་གཞི་རྒྱ་མགྲོན་དཀར་ནག་གཉིས་ཀ་སྔ་ས་ནས་པེ་ཅིང་གི་མིག་ནང་མེད་ཀྱང་གནས་སྐབས་རིང་དབུས་འཐབ་ཕྱོགས་པུའི་རྩེད་རྭའི་ནང་རྩེད་མོ་རྩེད་བཅུགས་པ་རེད། འོན་ཀྱང་མཐའ་མཇུག་དངུལ་ཁུག་སྟོང་པར་ལོག་རྒྱུ་ལས་ཅང་ལྷག་ཡོད་པ་མ་རེད། འདི་ནི་ཀྲུང་ནན་ཧེའེ་ཡི་མངོན་འདོད་ངོ་མ་དེ་རེད།
རེད་་་བཙན་དབང་ཅན་གྱི་རྒྱ་དཔོན་ཚོའི་རྐུབ་ལྡག་མཁན་དང་། ཉམ་ཆུང་རང་རིགས་ཀྱི་བླ་དཔོན་ཚོར་སྡང་ཟུག་བྱེད་མཁན་གྱི་ཕྱི་ནང་དབྱེ་བ་མི་ཤེས་པའི་གྲོད་པུ་མགོ་དེ་ཁྱེད་རང་ཚོ་རེད། བོད་གངས་ཅན་པའི་ཕ་བསད་ཀྱི་དགྲ་བོ་དང་ཡུལ་འཕྲོག་གི་ཏེ་པོ་རྒྱ་གཞུང་ཡིན་པ་ལས་བོད་པའི་བླ་དཔོན་ཚོ་མ་རེད་ད། མགོ་སྟོང་།
དེ་རིང་གུང་ཁྲན་ཏང་གི་བློ་འཐུན་གཉིས་འདི་ནས་ཐུག་སོང་ང་། ཧཧཧ
ལས་མ་དག་པའི་བོད་མི་རིགས་འདི་མགོ་སླ་པོ། རང་ཚུགས་མེད་མཁན། ཁ་ཐུར་འཁོར་ནས་རྒྱུགས་དགོས་དུས་གཅིག་ལས་གཅིག་མགྱོགས། མི་རབས་ནས་མི་རབས་རྒྱ་མི་ཚོས་མགོ་སྐོར་བཏངས་བསྡད་ནའང་ད་དུང་ཤེས་ཀྱི་མི་འདུག སྔོན་མ་་་ཐད་ཝན་ཕོག་ཟ་མཁན་སུ་མགྱོགས་བལྟས་ནས་རྒྱུགས། ཟ་གྲོས་མ་འགྲིག་ནས་རྒྱག་རེ་བརྒྱབ། གཅིག་གིས་གཅིག་ལ་སྐྱོན་བརྗོད་བྱས། མཐའ་རྔ་མ་ཁོ་རང་ཚོ་ཚང་མ་ཐད་ཝན་ཕོག་ཟ་མཁན་རྐྱང་རེད་འདུག་་་་འདི་ནི་སྔོན་གྱི་ལོ་རྒྱུས་རེད།
དེང་སང་རྒྱ་རྐུབ་ལ་སུ་མགྱོགས་བལྟ་གི་འདུག ཁྱོད་རང་ལྟོས་སྡོད་ཨ། རྗེས་མ་ཕྱོགས་གཉིས་ཀ་རྒྱ་ཟ་མཁན་རྐྱང་ཆགས་ཀིན་རེད།
རྒྱ་གུན་ཁྲན་དྲིན་ཅན་ཕ་མ་རེད།
དངུལ་ཏ་ཡ་ཆར་པ་འབབ་འབབ་རེད།ཅེས་པ་འདི་་་་སྔོན་མའི་གླུ་རེད།
རྒྱ་མི་རིགས་དྲིན་ཅན་གཉེན་ཉེ་རེད།
ཟ་ཞིམ་པོ་ཆར་པ་འབབ་འབབ་རེད་།་ཅེས་པ་འདི་་་་་དེང་སང་གི་གླུ་རེད།་་་་་ཧཧཧ
གླུ་དེ་ཁྱེད་རང་ལ་ཏག་ཏག་རེད་འདུག ད་དུང་དགྲ་དམར་པོའི་མདུན་ལ་འཛུམ་ཤིག་ཤིག །ནང་ཕུ་ནུའི་སྟེང་ལ་སྟག་ངར་ངར་ཞེས་པའི་གླུ་གསར་པ་ཞིག་ཐོན་འདུག ཧཧཇ
ཅོ་དོལ་ཚོས་ཉོན་ཨ།
(ཀྲུང་གོས་ཀྲུང་གོའི་རྩ་ཁྲིམས་ཇི་བཞིན་ལག་བསྟར་བགྱིས་པའི་ཉིན་མོར་ཀྲུང་གོའི་མི་སེར་བཟོ་ཆོག་ཅེས་)པ་བཙན་བྱོལ་གཞུང་ཕྱོགས་ཀྱི་རྩ་དོན་རེད། དོལ་ཕྲུག་ཚོ་གཞུང་ཚབ་ནང་གྲོས་མོལ་དུ་སོང་པ་རེད་དམ། རྒྱ་ནག་གི་ལས་ཁུངས་བརྒྱུད་ནས་བོད་ལ་བལྟ་སྐོར་ཙམ་ཡང་འགྲོ་དགོས་བྱུང་ན་བོད་མིའི་སྒྲིག་འཛུག་ལ་སྙན་གསན་ཕུལ་ནས་འགྲོ་དགོས་པ་ད་ལྟར་གྱི་བོད་ཁྲིམས་རེད།
ཁྱི་ཕྲུག་ཚོས་ཅི་ཤེས།
་་་་་་ རྒྱ་གུན་ཁྲན་དྲིན་ཅན་ཕ་མ་རེད།
དངུལ་ཏ་ཡ་ཆར་པ་འབབ་འབབ་རེད།ཅེས་པ་འདི་་་་སྔོན་མའི་གླུ་རེད།
རྒྱ་མི་རིགས་དྲིན་ཅན་གཉེན་ཉེ་རེད།
ཟ་ཞིམ་པོ་ཆར་པ་འབབ་འབབ་རེད་།་ཅེས་པ་འདི་་་་་དེང་སང་གི་གླུ་རེད།་་་་་ཧཧཧ ་་་་་་་་
ཀྲོང་གོ་ནི་ག་དུས་ཡིན་ཡང་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ཡིན་པས། ཁྲིནས་ལུགས་ལྟར་ལག་ལེན་གནང་བཞིན་ཡོད་པ་རྒྱ་གཞུང་གིས་ག་དུས་ཡིན་ཡང་བརྗོད་བཞིན་ཡོད་པས། དྲན་དཔལ་དང་དབུ་མ་ཚོ་མེས་རྒྱལ་གྱི་པང་དུ་ལོག་རན་རེད། ད་ལྟ་ནས་བོད་མི་མང་པོ་ཞིག་རྒྱ་ནག་གཞུང་ཚབ་ཀྱིས་བསུ་བཞིན་ཡོད་པས་དབུ་མ་བ་དགའ་ན་ཡག་པོ་རེད། དེ་ནི་དབུ་མ་བའི་གྲུབ་འབྲས་རེད།
ང་ཚོ་རིགས་གཙོ་སྨྲ་བ་ཡིན། དད་པ་དེ་ཡང་རིགས་པར་བསམ་པ་ལ་བརྟེན་ནས་བྱུང་བའི་དད་པ་དེ་རེད། མཐར་གཏུགས་ན་དྲི་མེད་རིགས་པས་དབྱེ་དགོས་པ་གལ་ཆེན་མཐོང་གི་འདུག
དབུ་མའི་ལམ་གྱིས་རྒྱའི་འོག་ལ་བསྡ་ད་ཀྱི་ཡིན་ལབ་མེད། ཆོས་རིག་སྐད་ཡིག་ཁོར་ཡུག་སྲུང་སྐྱོབ་ཀྱི་རང་དབང་དང་། རྒྱ་དང་འདྲ་མཉམ་བྱས་ནས་བསྡད་ཀྱི་ཡིན་ལ། དེ་ལ་ཐོབ་ཐང་ཡང་ཡོད་པས་རེད། རྩ་བས་རང་མོས་རེད། ཚིག་འདྲ་མིན་བེད་སྤྱོད་བཏང་བ། ཡིན་ན་ཡང་ང་ལ་ཁྱད་པར་གང་ཡང་མིན་འདུག ང་ནི་བྱབ་མེད་པ་བཞག སྐད་ཅ་གོ་ཡས་བཤད་ན་ལེན་མཁན་དེ་ཡིན།
བཙན་འབྱོལ་བོད་གཞུང་གི་མིང་མེད་པ་བཟོ་མཁན་རྒྱ་དམར་རེད། ༥༩ ནས་བོད་གཞུང་ཡུལ་གྱར་བ་རེད། སྐྱབས་བཅོལ་བ་རེད། བོད་བཙོང་རེད། གཞུང་སྒོ་རྒྱག་རེད། ཅེས་པའི་བཙོང་རྒྱུའི་བོད་དང་སྒོ་རྒྱག་རྒྱུའི་གཞུང་དེ་སུས་ངོས་ལེན་བྱེད་ཀྱི་ཡོད། བོད་རྒྱ་དམར་གྱི་ཧམ་འཕྲོག་བྱས་པ་ད་དུང་མ་ཚོར་རམ། གཞུང་ཞེས་ཚིག་སྐམ་བྲིས་ན་དཀའ་ངལ་ཡོད་པ་མ་ཤེས་སམ། རྡ་སའི་གཞུང་ལ་རང་ངོས་ནས་ལྟ་སྟངས་ག་འདྲ་ཡོད། རྡ་སའི་སྒྲིག་འཛུགས་ལ་ལྟ་སྟངས་ཡག་པོ་མེད་པ། རྡ་སའི་མ་འགྲིག་ན་སོ་སོས་འདི་དང་འདི་འཇོན་ཐང་བཏོན་པའི་དུས་ལ་བབས་ཟིན། སྤྱི་ཚོགས་ནང་མར་ཐོན་པ་ཕྱི་མ་དྲག་ན་སྔ་དྲག་མེད།
རྒྱ་དམར་ལྷ་འདྲེ་མི་འདོད་ཀྱང་གོ་སྐབས་ཁེ་ཕན་ཡོད་ན་དོལ་ཚོགས་ལ་འབྲེལ་བ་དང་། བོད་གཞུང་མི་འདོད་ཀྱང་ཁེ་ཕན་མཐོང་དུས་ཡུལ་གྱར་གཞུང་གིས་ཁ་བྲལ་རྩོད་ཀྱི་འདུག་ཅེས་ཆོས་དད་སྐད་ཡིག་མི་རིགས་རྩར་མེད་བཟོ་ཐབས་སུ་བཀོལ་བ་མ་གཟིགས་སམ། གཞན་གྱི་མ་འགྲིག་པའི་སྐྱོན་བརྗོད་རང་དབང་ཡིན་རུང་། གནད་དོན་ལ་ཐུག་དུས་གང་བྱུང་བཤད་དབང་ཡོད་ཀྱང་དགོས་པ་མེད་ན་ཆོ་མེད། གཞན་གྱི་མ་འགྲིག་པ་བཤད་ནས་རང་ལ་འགྲིག་པ་འདི་ཡོད་ཅེས་བཏོན་རྒྱུ་མེད་ན་འགན་མེད་པའི་སྐད་ཅ་རེད། སུས་མ་འགྲིག་རུང་ང་ལ་འགྲིག་པར་བྱེད་རྒྱུ་འདི་ཡོད་ཅེས་བཤད་རྒྱུ་མེད་ན་དགོས་གལ་མེད་སྙམ།
དྲག་ལས་ཀྱིས་མ་འཇོན་ན་ཞི་བའི་གྲོས་མོལ་གང་འགྲོ་དགོས། སྒེར་གྱི་ཚོར་གཡེར་སྒང་ནས་ཕྱིན་ན་དགོས་པ་མ་མཐོང་ངོ་།།ང་རང་ཡིན་ཞེས་ང་རྒྱལ་སྒང་ནས་ཡིན་ན་དེ་ག་རེད། དེ་མིན་བསམ་ཚུལ་བཏོན་རེས་བྱས། མི་རིགས་ཀྱི་རྩ་དོན་ལ་དོ་སྣང་ཡོད་པ་ཡང་ཡག་པོ་རེད་སྙམ། མི་ཁ་ཤས་དང་ལོ་ཁ་ཤས་ནང་ཐག་གཅོད་ཡས་མེད། མུ་མཐུད་ཀྱིས་འཐབ་རྩོད་རེད། ཆེད་མངགས་དཀྲུག་ཤིང་ཡིན་ན་གང་ཤེས། དེ་ལ་སོ་སོས་གཟབ་དགོས་པ་མཐོང་།
ཅོ་རི་ལགས། ངོས་ལ་གོ་བརྡ་མ་འཕྲོད་པ་གང་ཡང་མ་མཐོང་བ་དང་བཅས།
གུང་བྲན་ཁ་ཡོད་ལག་ཡོད་ཀྱི་རྩ་་ཁྲིམས་དང་མཐུན་པ། རྒྱལ་སྤྱི་ཁྲིམས་འགན་ཐེག་ཞུ་མཁན་ཞིག་ད་རིང་སང་ཉིན་ཆགས་ན། ང་ཚོ་ད་རིང་སང་ཉིན་ལོག་གྲབས་བྱ་རྒྱུའི་གོ་སྐབས་བཟང་པོ་བྱུང་བ་རེད། དམར་པོ་ཇག་ཚོགས་དང་གཉའ་གནོན་འོག་བོད་ལ་བདེ་སྐྱིད་ནམ་ཡང་ཡོང་ཐབས་མེད། མི་མང་སྤྱི་མཐུན་གྱི་རྒྱལ་ཁབ་ཆགས་ན་དངོས་གནས་ཡག་པོ་རེད། དམར་པོ་མགོ་རྟིང་མ་ལོག་དེ་སྲིད་དུ་མང་གཙོའི་ཁྲིམས་སྐྱོང་གི་རྒྱལ་ཁབ་ཆགས་ཐབས་མེད། ཁྲིམས་ཀྱིས་དབང་སྒྱུར་འོག་བོད་ལ་རང་དབང་ཡོང་ཐུབ་པས། དེ་དུས་ལོག་སྐབས་ཀྱང་བྱུང་བ་རེད།
སྤོབས་པའི་གློག་རྒོད་ནམ་མཁར་འཕུར་འཕུར་ནས།
ཏང་དང་ཐེག་ཆུང་རྙིང་ཞེན་སྡོམ་པ་རྣམས།
གཅིག་ལས་གཅིག་ཤོར་རི་བོང་ཤོར་བ་བཞིན།
ད་དུང་འཇོན་ཐང་ཡོད་སྙམ་མ་བྱས་ཨང་།
མ་རིག་པའི་བུ་ཆི་བརྫོ་ལེ། ཀྲུང་གོའི་རྩ་ཁྲིམས་བོད་ནང་ཇི་བཞིན་ལག་ལེན་བྱེད་ཀྱིན་ཡོད་པར། ང་དང་བོད་མིས་ཁས་ལེན་ཀྱི་མེད། འདིའི་ཐད་ང་དང་བལྟ་བ་མི་མཐུན། ད་ལོའི་ལོ་གསར་གཞུང་ཚབ་ནང་དུ་སར་པ་ཡིན་ནམ། ང་དང་ཁྱེད་ལོ་གསར་སྟངས་ཡང་མི་མཐུན།
རེད་ཡ། ཀྲུང་གོའི་རྩ་ཁྲིམས་བཟོ་མཁན་ཀྲུང་དབྱང་སྲིད་གཞུང་རེད་ལ་རྩ་ཁྲིམས་དེ་ལག་བསྟར་བྱེད་མཁན་ཡང་ཀྲུང་དབྱང་སྲིད་གཞུང་རེད། འོ་ན་ཀྲུང་གོའི་རྩ་ཁྲིམས་དེ་ལག་བསྟར་བྱེད་མཁན་ཀྲུང་དབྱང་མིན་པར་གཞན་ཞིག་སླེབས་པ་ཨེ་རེད། ཀྲུང་གོ་འགོ་བཙུགས་པ་ནས་བཟུངས་རྩ་ཁྲིམས་ཡང་དེ་རང་རེད་ལ་ལག་བསྟར་ཡང་དེ་རང་རེད། འོན་ཀྱང་ཡུལ་བགྱར་བོད་པ་ཚོས་ཀྲུང་གོའི་རྩ་ཁྲིམས་གླང་རྒན་ལ་འོ་མ་ཞོ་འདོད་སྐྱེས་པ་རེད། གླང་རྒན་གྱིས་ཀྱང་སྐབས་རེ་ནུ་མ་ཡོད་མདོག་དང་སྐབས་རེ་མེད་མདོག། སྐབས་རེ་འོ་མ་ཞོ་རྒྱུ་ཡོད་མདོག་དང་སྐབས་རེ་གླང་རྒན་ངོ་མ་ཡིན་མདོག་བྱས་པ་རེད། འདི་གཉིས་བར་ན་སྲིད་དོན་ཚོང་པའི་ཚོང་རྒྱུགས་ཆེ་ཡང་ཉམས་ཆུང་མི་དམངས་ཚོ་གྱོང་ནག་རག་གི་ཡོད་པ་རེད་དོ།
རིགས་ལདན་ལགས། དང་པོ་འདིར་གཅིག་ཀློག་དང་་་་དེ་ནས་ཁྱོད་ལ་ལན་འབྲི་ཡོང་ཨ་་་ཚོད་དུས་ཏོག་ཙམ་མི་འདུག
རིང་ནས་སྙིང་དུ་བརྣག་བའི་འདོད་པའི་དོན།།
ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།
ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།
སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།།ཞེས་པའི་གདུལ་བྱ་ཡིན།
བོད་དམངས་སྙིང་དུ་བརྣག་བའི་འདོད་པའི་དོན།
ཡོངས་རྫོགས་བོད་ལྗོངས་རང་བཙན་གཙང་མའི་དཔལ།
དམངས་གཙོ་ཕོ་བྲང་ཏ་ལའི་དགའ་སྟོན་ལ།
སྤྱོད་པའི་སྐལ་བཟང་མྱུར་དུ་སྩོལ་དུ་གསོལ།ཞེས་པ་དམངས་ཀྱི་རེ་འདུན་ཡིན།།།
༡༩༥༩ལོར་༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་གཉིས་གཙོར་བོད་འབངས་ཆིག་འབུམ་ལྷག་རྒྱ་བལ་འབྲུག་གསུམ་གྱི་ལུང་པའི་ནང་དུ་སྐྱབས་བཅོལ་ལ་བསླེབས་པ་རེད།འཛམ་གླིང་རྒྱལ་སྤྱི་དང་ལྷག་པ་ཏུ་ཨ་རི་རྒྱ་གར་སོགས་ཀྱིས་བོད་ཀྱི་རྒྱལ་ཁུངས་སུ་རྒྱ་དམར་གུང་ཁྲན་ཏང་གིས་བཙན་འཛུལ་བྱས་པར་མིག་གིས་མཐོང་ཡོད་ལ་བོད་ཡུལ་བཙན་ཕྲོགས་བྱས་པར་ཤེས་ཡོད། མ་ཟད་བོད་ཀྱི་ས་ཤོར་སྐབས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླངས་དམག་སྒར་ལ་ཨ་མེ་རི་ཀས་གོ་ལག་ཆ་ཡི་རྒྱབ་སྐྱོར་གནང་མྱངས་ཡོད་ལ་གོ་ལག་དེ་དག་བེད་སྤྱོད་ནས་རྒྱ་དམག་གི་ལག་འོག་ནས་༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་འབངས་མི་ཆིག་འབུལ་དང་བཅས་སྐྱབས་བཅོལ་དུ་བསླེབས་ཐུབ་པ་བྱུང་བ་རེད།༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་བོད་འབངས་ཆིག་འབུལ་ལྷག་ཕྱི་རྒྱལ་ཁབ་ཏུ་སྐྱབས་བཅོལ་ཤོར་སོང་བས་རྒྱུ་མཚན་གྱིས་བོད་རང་བཙན་མེད་པར་བཟོ་མ་ཐུབ་པ་རེད།
༡༩༥༩་ལོར་རྒྱ་དཔོན་ཀྲུང་དན་གྱིས་ལྷ་ས་དམག་གིས་བཟུང་ཚར་ནས་མའོ་ཀྲུང་ཞིའི་ལ་བོད་ཟ་ཚར་ཟེར་བའི་སྙན་གསོལ་ཞུས་པ་རེད།སྐབས་དེར་དུས་མའོ་ཀྲུང་ཞིའི་ཡིས་ཏ་ལའི་བླ་མ་ག་པ་ཡོད་དམ་ཞེས་དྲིས་པ་རེད།དམག་དཔོན་ཀྲུང་དན་གྱིས་ཏ་ལའི་བླ་མ་རྒྱ་གར་ལ་བྲོས་ཤོར་སོང་ཞེས་ལན་བཏབ་པ་རེད།མའོ་ཀྲུང་ཞིའི་ཡིས་ཏ་ལའི་བླ་མ་ཤོར་ཚར་ན་བོད་ཟ་ཐུབ་མེད་པ་རེད་ཞེས་གསུངས་ཡོད།རང་བཙན་ཆ་ཚང་ཤོར་མེད་པའི་རྒྱུ་མཚན་ཆེན་པོ་གཅིག་རེད།
༡༩༥༩་ལོར་༧གོང་ས་མཆོག་བོད་ཀྱི་ཡབ་མེས་དམ་པ་གཙོ་བོ་གྱུར་པའི་བོད་གཞུང་དགའ་ཕོ་བྲང་བོད་འབངས་ཆིག་འབུལ་དང་བཅས་པ་ཕྱི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་བསླེབས་པར་འཛམ་གླིང་རྒྱལ་སྤྱི་དང་ཨ་རི་རྒྱ་གར་སོགས་ཀྱི་སྲིད་གཞུང་ཁག་ཏུ་དེབ་སྐྱེལ་ཡོད་མེད་ལ་མ་ལྟོས་པ་དོན་དངོས་པོའི་ཐོག་ནས་༧གོང་ས་མཆོག་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་བོད་གཞུང་དགའ་ལྡན་ཕོ་བྲང་ལ་ངོས་ལེན་བྱས་ཡོད།
མ་ཟད་དེང་སང་གི་གནས་སྟངས་སུ་བལྟས་ནའང་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོས་བོད་ཀྱི་དབུ་ཁྲིད་དེར་དབུ་ཁྲིད་ཤིག་དང་བཙན་བྱོལ་གཞུང་འདི་བོད་མི་རིགས་སྲིད་གཞུང་ཞིག་ཡིན་པར་བོད་ཀྱི་རྒྱལ་དར་འདི་རྒྱལ་དར་ཞིག་ཡིན་པར་སེམས་ཀྱིས་ངོས་ལེན་གནང་གི་ཡོད།བཙན་བྱོལ་བོད་གཞུང་གི་ཡིག་ཆ་རྣམས་ཀྱང་ཕྱིའི་རྒྱལ་ཁབ་ཁག་གིས་ངོས་ལེན་གནང་གི་ཡོད།གནད་དོན་འདིའི་ཐོག་ནས་ཕྱེད་རང་བཙན་ཡོད་པར་མཚོན་གྱི་ཡོད།
རྡ་ས་རི་བོའི་སྟེང་གི་དམངས་གཙོ་ལམ་ནས་འོས་བསྡུ་བྱུང་བའི་སྲིད་འཛིན་བློ་བཟང་སེང་གེ་མཆོག་དང་བོད་གཞུང་བཀའ་ཤག་མ་ལག་དང་བཅས་པ་ངོ་བོ་རང་བཙན་གྱི་ཐོག་ཏུ་གནས་ཡོད།ཕྱོགས་གང་ལ་བསམ་ཀྱང་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་གླུ།བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་དང་མ་འོང་རྩ་ཁྲིམས།བོད་རྒྱ་ཆེན་མི་དམངས་ཀྱི་ཤ་རུས་ཁྲག་གསུམ་དང་ལུས་སེམས་སུ་འཐིམ་ནས་ཡོད་པ་ནི་བོད་རྒྱལ་ཁབ་དང་བོད་རང་བཙན་ཡིན།གནད་ལུགས་འདི་དག་གིས་ཕྱེད་རང་བཙན་ཡོད་པར་མཚོན་གྱི་ཡོད།
ལྷག་པ་ཏུ་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་༧གོང་ས་མཆོག་འཛམ་གླིང་རྒྱལ་ཁབ་ཁག་གིས་མཐོང་ཆེན་པོ་ཡོད་པ་ནི་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོ་ལས་མཐོང་ཆེ་བ་མེད་ནའང་ཆུང་བ་རྩ་ནས་མེད།ནུབ་ཕྱོགས་ཡུང་རོ་གླིང་དུ་རྒྱལ་ཁབ་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་རང་གི་སྲིད་གཞུང་ཁང་སོགས་ཀྱི་ཐོག་ཏུ་འཛུགས་ཡོད་ལ་བོད་རང་བཙན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པ་རེད།ཡུང་རོ་ནང་གི་སྟོབས་ཆེ་ཤོས་ཧྥི་ངན་སི་དང་འཇར་མི་ནིས་སོགས་རེད།རྒྱལ་ཁབ་འདི་དག་གིས་བོད་རང་བཙན་ལ་རྒྱབ་སྐྱོར་གནང་གི་ཡོད།མ་ཟད་༢༠༠༨ལོར་ཡུང་རོལ་གྲོས་ཚོགས་འཐུས་མིས་༧གོང་ས་མཆོག་ལ་རང་བཙན་ཐོག་ཏུ་ཕེབས་དང་ང་ཚོས་རྒྱབ་སྐྱོར་བྱེད་ཆོག་ཞེས་ཞུས་སོང་།འདི་དག་གིས་རྣམ་པ་འགྱུར་བའི་རང་བཙན་ཡོད་པར་མཚོན་གྱི་ཡོད།།
ཨ་རིའི་གྲོས་ཚོགས་ཀྱིས་ངོས་ནས་ཉིན་ཆ་བཙན་བྱོལ་ནང་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་ཀྱི་ཡིན་ཞེས་གསུངས་པ་འདིས་བོད་རང་བཙན་ལ་རྒྱབ་སྐྱོར་མཚོན་གྱི་ཡོད་ལ་དོན་དངོས་པོའི་ཐོག་གི་རང་བཙན་ལ་རྒྱབ་སྐྱོར་གནང་སྟངས་ཤིག་ངོས་འཛིན་བྱེད་ཆོག
སྲིད་འཛིན་བློ་བཟང་སེང་གེས་མཛད་སྒོའི་གཏམ་བཤད་ནང་བོད་ཀྱི་རང་དབང་བསྐྱར་གསོ་བྱེད་ནས་༧གོང་ས་མཆོག་བོད་ཀྱི་མི་རྗེ་ཕོ་བྲང་པོ་ཏ་ལའི་ནང་དུ་གདན་འདྲེན་ཞུ་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་དང་།སྲིད་འཛིན་བློ་བཟང་སེང་གེ་མཆོག་གིས་བོད་ཁྱིམ་སློབ་ཟུར་བསྟན་འཛིན་རིག་གྲོལ་ལགས་ཀྱིས།བོད་ཡུལ་གྱི་ས་ཕོན་ཆེན་པོ་ཞིག་བཞུགས་སྒར་ངྷ་རམ་ས་ལར་ཁྱེར་ཡོང་བའི་སྐབས་སུ་བོད་ཀྱི་སའི་ཐིག་ཏུ་རྒྱལ་དར་འཛུགས་པ་དང་།བོད་རང་དབང་བསྐྱར་གསོ་དང་༧གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཐོག གཞིས་བྱེས་བོད་མི་ཚང་མ་ཉིན་གཅིག་བོད་ལ་མཇལ་འཛོམས་ཐུབ་པའི་ཉིན་མོ་ཞིག་འཆར་རྒྱུ་དེ་བོད་མི་སྤྱི་ཡོངས་ཀྱི་རེ་བ་དང་འབད་བརྩོན་བྱ་ཡུལ་དེ་ཡིན་ཞེས་གསུངས་ཡོད།བོད་རང་དབང་བསྐྱར་གསོ་ཟེར་དུས་རང་བཙན་མ་གཏོགས་སྔར་ནས་ཡོད་བསྡད་པ་ཞིག་ད་ལྟའི་ཆ་བསྐྱར་གསོ་བྱ་རྒྱུ་ཞིག་མེད།གསུངས་སྟངས་འདི་དག་གིས་སྲིད་འཛིན་བློ་བཟང་སེང་གེའི་སེམས་ཁམས་བོད་རང་བཙན་དང་འདྲེས་ནས་ཡོད་པར་གསལ་བསྟན་བྱེད་ཡོད།འདི་ཡང་ཕྱེད་རང་བཙན་ཡོད་པའི་མཚོན་རྟགས་ཤིག་ཡིན།
༧གོང་ས་མཆོག་གིས་སྲིད་འཛིན་བློ་བཟང་སེང་གེའི་མཛད་སྒོའི་ཐོག་ཏུ་བོད་མི་རིགས་རིག་གཞུང་དང་བཅས་པ་འཛམ་གླིང་ཐོག་ཏུ་ནག་བསུབས་བཏང་མ་ཐུབ་ཙམ་བྱུང་ཡོད་ཞེས་གསུངས་ཡོད།འཛམ་གླིང་ཐོག་ཏུ་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་བཀའ་ཤག་མ་ལག་དང་བཅས་པ་ལྷག་པ་ཡོད་པ་ནི་གཙོ་བོ་༧གོང་ས་མཆོག་དང་བོད་ཀྱི་ཕ་མེས་དམ་པ་ཚོའི་བྱས་རྗེས་ཡིན་པར་ཤེས་དགོས།གནས་ཚུལ་འདི་དག་གི་ཐོག་ཏུ་བོད་མི་སེམས་ལྡན་ཞིག་ཡིན་ན་བཀའ་དྲིན་ལ་བསམ་གཞིགས་བྱེད་དུས་མིག་ཆུ་སེམས་སུ་ལྷུང་ཡོང་བ་ཆོས་ཉིད་ཤིག་ལོས་ཡིན། བཀའ་སློབ་འདིས་ནག་བསུབས་མ་ཐུབ་པར་ཕྱེད་རང་བཙན་ལྷག་ཡོད་པར་བསྟན་གྱི་ཡོད།
མ་འོང་བོད་རང་བཙན་ལེན་སྟངས།
བཙན་བྱོལ་ནང་གི་རྩོམ་པ་པོའི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་སྡོམ་ཚིག་འདི་འདྲ་ཞིག་གནང་ཡོད།་་བདག་གིས་གོ་སྐབས་གང་ཞིག་རེ་བ་རྒྱག་གིན་ཡོད་ཟེར་ན་རྒྱ་ནག་དམངས་གཙོར་འགྱུར་བའི་ཉི་མ་དེའོ།དེའི་བར་ལ་ང་ཚོས་གཞན་མ་ཐུབ་ན་ཆོག
ངེས་པར་ཐུབ་དགོས་པ་གཅིག་ཡོད་པ་ནི་རང་གི་རིག་གཞུང་དང་རང་ཉིད་མཉམ་གནས་ཐུབ་རྒྱུ་འདི་རེད།ཞེས་གསུངས་ཡོད།སྡོམ་ཚིག་འདི་ནི་ཁོང་མི་གཅིག་གི་བསམ་ཚུལ་ཙམ་མིན་པར་བོད་མི་ཤེས་ཡོན་ཅན་མང་ཆེ་བས་བསམ་ཚུལ་ཞིག་རེད།
འཚེ་མེད་ཞི་བདེའི་ལྟ་གྲུབ་ལ་གཞིར་བཅོལ་བའི་ཐོག་ནས་ང་རང་ཚོས་ངོས་ནས་རང་བཙན་དང་རང་སྐྱོང་གང་བཤད་ཀྱང་གུང་ཁྲན་ཏང་གིས་དཔོན་རིགས་ཚོས་ངོས་ནས་ངོས་ལེན་བྱས་མེད་ལ་མ་འོང་པ་ཡང་ངོས་ལེན་བྱེད་ཀྱི་མ་རེད།ད་་་ང་ཚོ་ལ་ཐབས་ཤེས་གཅིག་ཡོད་པ་ནི་གུང་ཁྲན་ཏང་ཤི་སྒུག་བྱེད་ཀྱི་འདིར་རེད།གུང་ཁྲན་ཏང་ཚེ་ཐུང་རེར་གཏོང་རྒྱུ་དེར་རེད།ང་ཚོས་གུང་ཁྲན་ཏང་ཤི་སྒུག་བྱེད་པའི་དུས་ཡུན་ནང་རང་ཉིད་ཤི་མི་འགྲོ་བ་གནང་དགོས་པ་ནི་གནད་འགག་ཆེ་ཤོས་རེད།རང་ཉིད་དང་མཉམ་དུ་རང་གི་སྐད་ཡིག་གཙོ་བོ་གྱུར་པའི་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་རིག་གཞུང་རྣམས་སུ་བདག་པོ་རྒྱབ་ཐུབ་དགོས། སྐད་ཡིག་དང་རིག་གཞུང་བདག་པོ་རྒྱབ་སྟངས་༢༠༠༩ལོར་བྲིས་པའི་ཐ་སྙད་གསར་པའི་སྐོར་གྱི་རྩོམ་ཡིག་ནང་དུ་གསལ་བསྟན་བྱས་ཡོད་ལ་མ་འོང་བཀའ་སྤྱི་གཉིས་སུ་སྙན་ཞུ་ཕུལ་བརྩིས་ཀྱང་ཡོད་པས་འདིར་གསལ་བཤད་དགོས་པར་མ་མཐོང་།
རང་བཙན་རྩོད་དུས་སུ་དང་པོར་རྩོད་ས་ངོས་འཛིན་ལ་དབྱེ་ན་གཉིས་ཡོད།གུང་ཁྲན་ཏང་དང་འཛམ་གླིང་རྒྱལ་སྤྱི་གཉིས་རེད།དང་པོར་གུང་ཁྲན་ཏང་གི་མཉམ་དུ་བོད་རང་བཙན་བཤད་ས་མེད།བོད་རང་བཙན་བཤད་ན་གུང་ཁྲན་ཏང་གིས་ང་ཚོ་གསོད་ཀྱི་རེད།གནད་དོན་གཅིག་རེད།གཉིས་ནས་གུང་ཁྲན་ཏང་འདིས་རྒྱ་ནག་མི་དམངས་ཀྱི་སྐུ་ཚབ་མཚོན་ཐུབ་ཀྱི་མེད་ལ་རྒྱ་ནག་རྒྱལ་ཁབ་ཀྱི་བདག་པོ་ཡང་མིན་པས་སྐད་ཆ་བཤད་ཀྱང་ཕན་ཐོགས་མེད།རྗེས་སུ་རྒྱ་ནག་ནང་དུ་དམངས་གཙོ་ལམ་ནས་འོས་བསྡུ་བྱུང་བའི་སྲིད་འཛིན་དང་དབུ་ཁྲིད་སླེབས་དུས་སུ་བདག་པོའི་མཉམ་དུ་རང་བཙན་དང་རང་སྐྱོང་གང་བཤད་ནའང་དོན་དངོས་དང་མཐུན་པ་རེད། གྲུབ་འབྲས་ཤིག་ཀྱང་ཡོང་ངེས་རེད།
རྒྱལ་སྤྱིའི་ནང་དུ་བོད་རང་བཙན་རྩོད་སྟངས།
འཛམ་གླིང་འདིའི་ཐོག་ཏུ་མི་སྡེ་ཡི་སྤྱི་ཚོགས་ཤིག་དང་ཡུལ་ལུང་ཞིག་ལ་རྒྱལ་ཁབ་ཀྱི་ཐོབ་ཐང་ཡོད་མེད་དང་རང་བཙན་ཡོད་མེད་གཞིར་འཛིན་ས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་དེབ་བསྐྱེལ་ཡོད་མེད་རེད།འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁུངས་སུ་རྒྱལ་ཁབ་༡༩༢ཡོད།རྒྱལ་ཚོགས་ཀྱི་ཚོགས་ཁུངས་སུ་འཛུལ་ཞུགས་བྱེད་པར་ཚོགས་ཁུངས་ཀྱི་རྒྱལ་ཁབ་དེ་དག་གིས་ངོས་ལེན་གནང་དགོས།གུང་ཁྲན་ཏང་གིས་ངོས་ལེན་གནང་གི་མ་རེད་ཏེ་ཁོ་རྒྱལ་ཁབ་གཅིག་གཅིག་པོ་རེད།དམངས་གཙོའི་སྤྱི་ཚོགས་ནང་དུ་གཅིག་གི་ཤུགས་ཙམ་མ་གཏོགས་མེད། གུང་ཁྲན་ཏང་ལ་རེ་བ་མི་རྒྱབ་ཁོ་ཕར་ཞོག
ད་་་རྒྱལ་སྤྱིའི་་ཚོགས་ཁུངས་ཡིན་པའི་རྒྱལ་ཁབ་༡༩༡་གིས་ངོས་ནས་བོད་རང་བཙན་ལ་ངོས་ལེན་ཡོང་ཐབས་བྱེད་དགོས།རྒྱལ་ཁབ་དེ་དག་གི་ནང་ནས་རྒྱལ་ཁབ་༣༧ཙམ་གྱི་ནང་དུ་བཙན་བྱོལ་བོད་མི་གནས་བསྡད་བྱས་ཀྱི་ཡོད།བཙན་བྱོལ་བོད་གཞུང་གི་ཚོགས་ཁུངས་ཡིན་པའི་བོད་རིགས་སྤྱི་མཐུན་ཚོགས་པ་བཙུགས་ཡོད།རང་རང་གིས་རང་ཉིད་ཀྱི་སྐྱབས་བཅོལ་ཡུལ་གྱི་རྒྱལ་ཁབ་དེ་དག་གིས་བཙན་བྱོལ་གཞུང་འདིར་སྐྱབས་བཅོལ་གཞུང་ཞིག་དང་བོད་རྒྱལ་ཁབ་འདི་རྒྱལ་ཁབ་ཤིག་ཡིན་པར་ངོས་ལེན་ཡོང་ཐབས་ཁྲིམས་གཏུག་བྱེད་དགོས།
བཙན་བྱོལ་བོད་གཞུང་གིས་ངོས་ནས་ཀྱང་འཚེ་མེད་ཞི་བདེའི་ལྟ་གྲུབ་ལ་གཞིར་བཅོལ་ནས་བཙན་བྱོལ་བོད་མིའི་སྐྱབས་ཡུལ་གྱི་རྒྱལ་ཁབ་ཁག་གི་ཁྲིམས་ཁང་་ནང་དུ་ཁ་མཆུ་རྒྱབ་དགོས་ལ་རྒྱལ་ཁབ་རེ་རེས་ངོས་ནས་བཙན་བྱོལ་བོད་གཞུང་འདིར་སྐྱབས་བཅོལ་གཞུང་ཡིན་པ་དང་བོད་རང་བཙན་ཡིན་པར་རྒྱལ་སྤྱིས་ངོས་ལེན་ཡོང་ཐབས་ཀྱི་རྒྱབ་སྐྱོར་འཚོལ་དགོས།འཛམ་གླིང་ཐོག་གི་དམངས་གཙོ་རྒྱལ་ཁབ་ཁག་ཏུ་ཁྲིམས་གཏུག་བྱེད་ས་དང་དྲང་བདེན་བཤད་ས་ཡོད།ང་ཚོས་རྒྱབ་སྐྱོར་ཐོབ་ངེས་ཡིན་པས་ཡིད་ཆེས་བྱེད་ཆོག
སྲིད་འཛིན་བློ་བཟང་སེང་གེ་མཆོག་གིས་བོད་དོན་འཐབ་རྩོད་ཀྱི་ནུས་པ་བཅུ་དང་རྩ་དོན་གསུམ་གསུངས་ཡོད་པ་རྣམས་བེད་སྤྱོད་ཀྱིས་དམངས་གཙོ་རྒྱལ་ཁབ་ཁག་ཏུ་ཁྲིམས་གཏུག་བྱ་ཆོགལྷག་པ་ཏུ་༧གོང་ས་མཆོག་གི་གཟི་བརྗིད་ཀྱི་ནུས་པ་ཧ་ཅང་ཆེན་པོ་རེད།འདིར་བེད་སྤྱོད་བྱེད་ཆོགབོད་ཀྱི་ཁོར་གཡུ་ཡི་ནུས་པ་བེད་སྤྱོད་བྱེད་ཆོག ད་དུང་ཁ་མཆུ་མ་ཐོབ་ན་ཞི་བའི་ངོ་རྒོལ་གྱི་ཐོག་ནས་སྲོག་བེད་སྤྱོད་གཏོང་ཆོག བོད་མི་མང་པོས་བོད་ཀྱི་རྩ་དོན་ཐོག་ཏུ་ཤི་དགོས་པ་བྱུང་ན་གྲལ་སྒྲིག་ཡོད་ཞེས་བཙན་བྱོལ་བོད་གཞུང་ལ་དེབ་བསྐྱེལ་བྱས་ཡོད། འདི་དག་ནི་ཁྲིམས་གཏུག་གི་ནུས་པ་ཐོན་པའི་ཆ་རྐྱེན་ཡིན།
ཁྲིམས་གཏུག་ཐུབ་པའི་ཁྲིམས་རྩོད་པ།
ང་ཚོ་ལ་རྒྱལ་སྤྱིའི་ཁྲིམས་ལུགས་སུ་མཁས་པའི་སྲིད་འཛིན་བློ་བཟང་སེང་གེ་མཆོག་བསླེབས་ཡོད་པ་ནི་ཁྲིམས་རྩོད་ཐུབ་པའི་ཁྱད་ཆོས་གལ་ཆེ་ཞིག་ཚང་བ་རེད།
དེང་སང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་རྒྱལ་སྤྱིའི་ཁྲིམས་རྩོད་པའི་ཁྱད་ལས་སློབ་སྦྱོང་ཡོད་པ་བོད་མི་མི་ཉུང་བ་ཞིག་ཡོད།ཁྲིམས་རྩོད་པ་བོད་མི་འདི་དག་ནི་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་གལ་ཆེན་པོ་ཆགས་ཡོད།མ་འོང་པ་ཡང་ཁྲིམས་རྩོད་པའི་ཁྱད་ལས་པ་བོད་མི་མང་པོ་ཐོན་ངེས་རེད།ང་ཚོས་ཁྲིམས་གཏུག་ཐུབ་པའི་ཆ་རྐྱེན་རེད།ཁྲིམས་རྩོད་པ་འདི་དག་བཙན་བྱོལ་བོད་གཞུང་གིས་ངོས་ནས་བདག་པོ་ཡག་པོ་རྒྱབ་དགོས་ལ་བེད་སྤྱོད་ཡག་པོ་གཏོང་དགོས།འཛམ་གླིང་ཐོག་ཏུ་ཡོད་པའི་བོད་མི་ཁྲིམས་རྩོད་པ་རྣམས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་ས་གནས་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་བཙན་བྱོལ་བོད་གཞུང་གི་ཁྲིམས་གཏུག་བྱེད་སྟངས་གཏན་འབེབས་བྱ་དགོས།བཙན་བྱོལ་བོད་མི་རྣམས་ཀྱིས་ཁ་ཕྱོགས་དང་ལམ་ཕྱོགས་གཅིག་གི་ཐོག་ནས་བཙན་བྱོལ་བོད་གཞུང་འདི་རྒྱལ་སྤྱིས་ངོས་ལེན་ཡོད་པའི་སྐྱབས་བཅོལ་གཞུང་ལ་སྒྱུར་ཐུབ་པ་བྱེད་དགོས།
འཇམ་དབྱངས་ནོེར་བུ་ལགས་ཀྱིས་སྔར་ནས་སྟོན་བསྡད་པའི་བོད་རང་བཙན་གྱི་དཔང་རྟགས་རྣམས་དང་དཔང་རྟགས་གང་ཡོད་པ་ཚང་མ་གྲལ་སྒྲིག་ཡོད་པའི་ཐོག་ནས་ཁྲིམས་ཁང་ནང་དུ་སྟོན་དགོས།བཙན་བྱོལ་བོད་གཞུང་གིས་ཁ་མཆུ་རྒྱབ་སྟངས་གཏན་འབེབས་ཚར་དུས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ས་གནས་ས་ཐོག་ཏུ་ལག་ལེན་བསྟར་དགོས།ཁྲིམས་རྩོད་པ་དང་དཔང་རྟགས།འཛམ་གླིང་ཐོག་གི་སྐད་ཡིག་མང་ཤོས་བཙན་བྱོལ་བོད་མིས་ཤེས་ཀྱི་ཡོད་པ།འཛམ་གླིང་རྒྱལ་ཁབ་མང་པོའི་ཁྲིམས་ལུགས་ཤེས་ཀྱི་ཡོད་པར་སོགས་བོད་མི་རིགས་འདི་ལ་ཁྲིམས་གཏུག་ཐུབ་པའི་ཆ་རྐྱེན་བཟང་པོ་ཞིག་ཚང་བསྡད་ཡོད་ད།ཀི་ཧུ་ཧུ།་་ཀི་ཧུ་ཧུ།་་ཀི་ཧུ་ཧུ།།
ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་ཆད་དགོས་ཟེར་བར་འདི་འདྲ་ལ་གོ་དགོས་པར་འདོད་དོ།
རྒྱ་ནག་གི་དམངས་གཙོ་ལ་བོད་མིའི་འགན་ཁུར།
རྒྱ་མི་རིགས་དུང་ཕྱུར་མང་པོའི་རང་དབང་དམངས་གཙོ་ལ་བོད་མིས་འགན་ཁུར་དགོས།རྩོད་རོགས་བྱེད་དགོས།དམངས་གཙོ་དོན་གཉེར་བའི་རྒྱ་རིགས་རྣམས་དང་བློ་སེམས་གཅིག་སྒྲིལ་གྱི་ཐོག་ནས་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་བ་ལ་ཤུགས་རྒྱབ་དགོས།ང་ཚོས་ངེས་པ་ཏུ་བསམ་བློ་གཏོང་དགོས་པ་ནི་མི་དམངས་བཅིངས་གྲོལ་དམག་ཟེར་བ་འདི་རྒྱ་ནག་མི་དམངས་གསོད་མཁན་ལག་དམར་བ་ཞིག་ལ་མི་འགྱུར་ཐབས་བྱེད་དགོས། འདི་ལ་གཟབ་དགོས།
གུན་ཁྲན་ཏང་དམངས་གཙོ་ལ་སྒྱུར་དགོས་པ་ནི་སྤྱིར་མི་སེར་དུང་ཕྱུར་༡༣་གྱི་རང་དབང་དང་སྒེར་བོད་མི་རིགས་ཀྱི་ཐོབ་ཐང་དང་འབྲེལ་བ་ཆེ་བས་བོད་ཕྱི་ནང་གཉིས།བོད་གཞུང་དམངས་གཉིས་ཀྱིས་ཤུགས་རྒྱབ་ནས་རྒྱ་ནག་དམངས་གཙོ་ལ་སྒྱུར་ཐུབ་པ་བྱ་དགོས།
མི་དམངས་བཅིངས་འགྲོལ་དམག
གུང་ཁྲན་ཏང་དམངས་གཙོ་སྒྱུར་བ་ལ་མི་དམངས་བཅིངས་འགྲོལ་དམག་ལ་བསམ་བློ་གཏོང་དགོས། མི་དམངས་བཅིངས་འགྲོལ་དམག་འདི་རྒྱ་ནག་མི་དམངས་གསོད་པའི་ཤན་པ་ལག་དམར་བ་ཞིག་ལ་མི་འགྱུར་ཐབས་བྱེད་དགོས།རྒྱ་ནག་ནང་དུ་དམངས་གཙོའི་ལས་འགུལ་བས་གྱེན་ལང་ཆེན་པོ་བྱུང་ན་མི་དམངས་བསྡམས་གསོད་བྱེད་མདོག་ཁག་པོ་རེད།འཇིགས་སྣང་ཆེ་ཤོས་འདིར་རེད།རྒྱ་ནག་དམངས་གཙོ་དོན་གཉེར་བ་ཚོས་བསམ་བློ་གཏོང་དགོས་པའི་སྐད་ཆ་གཅིག་རེད།
མི་དམངས་བཅིངས་འགྲོལ་དམག་གིས་མི་སེར་མི་གསོད་པའི་གདེང་ཚོད་མེད་ན་རྒྱ་ནག་དམངས་གཙོ་ལ་སྒྱུར་འདོད་བྱེད་ན་ནོར་འཁྲུལ་རེད།དང་པོར་མི་དམངས་བཅིངས་འགྲོལ་དམག་ལ་བསླབ་བྱ་རྒྱབ་དགོས།དེ་ཡང་དམག་མི་དེ་དག་ལ་ཨ་མ་ཡོད་མདོག་ཁག་པོ་རེད།རང་རང་གི་ཨ་མ་ལགས་ཚོས་རང་གི་བུ་དེ་ཨ་མ་རང་ཉིད་མི་གསོད་པའི་དམག་མི་ཞིག་དང་སྤུན་ཟླ་མི་གསོད་པ།རྒྱ་ནག་མི་དམངས་དུང་ཕྱུར་༡༣་གྱི་ཐོག་ཏུ་མེ་མདའ་མི་རྒྱབ་མཁན་གྱི་མི་དམངས་བཅིངས་འགྲོལ་དམག་མི་ཞིག་ཡོང་ཐུབ་པའི་བསླབ་བྱ་རྒྱབ་དགོས།
རྒྱ་ནག་གི་རྩོམ་བྲིས་པ་དང་སྒྱུ་རྩལ་བ།གླུ་བ་དང་གླུ་མ་བཅས་ཀྱིས་མི་དམངས་བཅིངས་དམག་ལ་མི་དམངས་གསོད་མི་ཉན་པའི་བསླབ་བྱ་རྒྱབ་རོགས་བྱོས།།རྒྱ་རིགས་དུང་ཕྱུར་མང་པོའི་སྲོག་གི་ཆེད་དུ་བསམ་བློ་ཐོངས། རྒྱ་མཁས་དབང་ཚོ།།
མཇུག་སྡོམ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་དེབ་སྐྱེལ་ཐུབ་པའི་ཉིན་མོ་དེ་ནས་བོད་རང་བཙན་ཐོབ་ཚར་བ་རེད་ལ་གུང་ཁྲན་ཏང་ཤི་སོང་ན་ས་ཆ་ཚུར་ལེན་གྱི་གཅིག་པོ་རེད།གུང་ཁྲན་ཏང་སྡོད་པའི་རིང་དུ་བོད་མི་རྣམས་ཀྱིས་མ་འོང་བོད་རང་བཙན་ཐོབ་དུས་སུ་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་གནས།ཕྱི་རྒྱལ་ཁབ་ཁག་གི་ཁྱད་ལས་བོད་ཡིག་ནང་དུ་སྒྱུར་བ་དང་ཁ་བ་རི་པ་ལ་དགོས་མཁོ་ཆེ་བའི་རིག་གནས་རྣམས་ནང་འདྲེན་བྱེད་དགོས།དེ་འདྲ་མ་ཐུབ་ན་རང་བཙན་ཐོབ་ཀྱང་བདེ་སྐྱིད་མི་ཐོབ།རང་བཙན་ཐོབ་ཀྱང་རང་ཡུལ་ཟིན་མི་ཐུབ། རང་བཙན་ཐོབ་ཀྱང་འཚོ་བ་མི་འཁྱོངས།ངེས་པ་ཏུ་བྱ་ཐུབ་པ་བྱེད་དགོས།
ངས་ཅིག་བཤད་པ་འདི་༧གོང་ས་མཆོག་གི་རྒྱ་སྐྱིད་བོད་བདེ་ཡི་ལྟ་གྲུབ་དང་མི་འགལ་ལ་བཀྲས་མཐོང་གི་རང་ཐག་རང་གཅོད་ཀྱི་ལམ་ཕྱོགས་དང་མཐུན་གྱི་ཡོད།བདེན་པ་ཁྲིམས་ལུགས་ཀྱི་མདུན་སར་ཨུ་ཚུགས་རྒྱབ་སྟངས་འདི་ཟམ་གདོང་གི་བདེན་པའི་ཨུ་ཚུགས་ཟེར་ནའང་འདི་འདྲ་ཞིག་མིན་ནམ་སྙམ།དགེའོ།
རྩམ་པ་ཡུན་རིང་ཟས་པའི་རིན་འབབ་ལ།
རྩམ་གཟན་བོད་མི་རྣམས་ཀྱི་ཞབས་དྲུང་དུ།
རྩམ་ཕྲུག་ཅོ་རིའི་སྙིང་གིས་མ་བཟོད་པར།
རྩམ་སྐད་འདི་དག་ཁ་ནས་ཤོར་སོང་ངོ།།༢༠༡༡ལོར་སྤྱི་ཟླ་༡༢པའི་ཚེས་༡༣ཉིན་བྲིས།བོད་རང་བཙན་རྒྱལ་ལོ།།
བོད་དོན་ཁ་ལ་ཁྱེར་ནས་རང་དོན་ཁོ་ནར་རྒྱུགས་ཤིག དབུ་མའི་ལམ་ཁར་ཁྱེར་ནས་ཕ་མེས་གདུང་རྒྱུད་མེར་སྤུངས་མཁན་ལ་གླུ་དང་གར་གྱི་མཆོད་པ་ཕུལ་དུ་སོང་རོགས།
ཨ་རིས་ཉེ་འཆར་རང་རང་བཙན་ལ་རྒྱབ་སྐྱོར་མེད་པ་ཚིག་ཐག་གསལ་བཅད་གནང་ཡོད་པ་གཟིགས་ཡོད་ཤག་རེད། ཡོ་རུབ་ཀྱང་དེ་མཚུངས་རེད། རྒྱ་གར་ཡང་དེ་དང་འདྲ། ཚང་མས་རང་ལ་ཁེ་ཕན་ཡོད་པ་དང་ཐུབ་མ་ཐུབ་ལ་ལྟ་ཤེད་འགྲོ་གི་རེད། རྒྱ་མིས་གོ་མཚོན་གྱི་དམག་ཙམ་མ་རེད། ད་ཆ་དཔལ་འབྱོར་བསླུ་བྲིད་ཀྱིས་དམག་རྒྱག་གི་ཡོད། དཔལ་འབྱོར་སྒང་ལ་ཐུག་དུས་ཁེ་བཟང་ག་པར་ཡོད་ན་ཡང་དེར་རྒྱུགས་པ་གསལ་པོ་རེད།
བཙན་འབྱོལ་བོད་མི་མང་ཆེ་བས་རང་བཙན་འདོད་ཀྱི་མེད། མང་པོ་ཞིག་ཁ་འཐོར་ནས་ཡོད་ལ། མང་པོ་ཞིག་གིསདབུས་་སྒྲིག་འཛུགས་ཀྱི་སྲིད་ཇུས་ལངས་ཕྱོགས་འོག་ཡིན་ཤས་ཆེ། ཁ་ཤས་ཡོད་པ་དག་གིས། རང་བཙན་ལོ་རྒྱུས་འདྲ་བྲིས། སྐད་འབོད་འདྲ་བྱས། རྡ་སའི་སྒྲིག་འཛུགས་ལ་སྐྱོན་བརྗོད་འདྲ་བྱས་ཆོག་ཀྱང་། དེ་ཙམ་གྱིས་ནི་རང་བཙན་ཕར་བཞག་གང་ཡང་ས་མ་ཆོད་པར་ཚིག་ཐག་བཅད་ཐུབ་ས་རེད།
རྡ་སའི་སྒྲིག་འཛུགས་ནི་རང་བཙན་ཡོང་ཐབས་མེད་པར་བལྟ་ན། རང་བཙན་པ་དག་གིས་སྒྲིག་འཛུགས་ཚོགས་པ་གང་དུ་ཡོད། དེའི་འགོ་འཛིན་ཤེས་འཇོན་ནུས་ལྡན་དེ་སུ་རེད། རང་བཙན་དགོས་དུས་རྒྱ་དམར་བོད་ནས་མཐར་སྤྲོད་དགོས་པས། རྒྱུགས་ཞེས་པས་ནམ་ཡང་མ་འགྲོ་ན། དམག་དང་དྲག་ཤུགས་ཀྱིས་རྒྱ་མི་ཕྱིར་འབུད་གཏོང་བའི་སྒྲིག་གཞི། འཆར་གཞི། དམག་མི། གོ་མཚོན། སྟོབས་འབྱོར། འགྲོ་གྲོན། དམག་སྦྱོང་ལ་སོགས་པ་མི་དགོས་དགུ་དགོས་དེ་དག་ག་པར་ཡོད། ཁ་ནས་བཤད་བདེ་ཡང་ལག་ལེན་ལ་བཀལ་ཁག་པོ་རེད།
རང་བཙན་ནི་ཡོང་ཐབས་མེད་པའི་གནད་དོན་ཞིག་རེད་སྙམ། བོད་ནང་ཞི་བའི་གོམ་བགྲོད་ཐར་ས་མེད་པར་དམག་གྲ་ཇི་ལྟར་སྒྲིག་དགོས། ལར་ནས་དམག་དོན་ཡག་པོ་ཤེས་མཁན་སུ་ཡོད། དམག་དཔོན་དེ་སུ་བདམས་དགོས། མི་ཐུབ་དགྲ་དང་འཛིངས་འཛིངས་བཞག་པ་དགའ། །གདོང་གཏུགས་ཀྱི་ཁ་གཏད་གཅོག་ས་མེད་དུས་ཐབས་ལམ་གཞན་ཞིག་བཙལ་དགོས་པ་ལས་ཨུ་ཚུགས་ཀྱིས་ཅི་ཡང་གཏད་སོ་མེད་པ་བྱས་ན་བྱབ་ཆུང་མ་རེད་དམ།
ཉིད་ས་རྒྱ་ནག་མང་གཙོར་གྱུར་ན། ཞེས་གུང་བྲན་མགོ་རྟིང་སློག་རྗེས་ཀྱི་རྒྱ་ནག་དེ་སྤྱི་མཐུན་རྒྱལ་ཁབ་ཆེན་པོ་ཞིག་རེད། དམར་པོ་མགོ་རྟིང་ལོག་ནས་རྒྱ་ནག་ཡོངས་རྫོགས་སྲན་ཕུང་ཐོར་ཐོར་ཆགས་ནས་མི་མང་གི་སྟོབས་ཤུགས་ཆེས་ཁ་བྲལ་དུ་སོང་ན་གང་ཤེས་མ་གཏོགས། རྒྱ་ནག་རིམ་འགྱུར་གྱིས་མང་གཙོར་ཆགས་ཀྱང་རྒྱ་ནག་མི་གཅིག་གཉིས་ལས་བོད་འདི་རྒྱ་ས་ཁ་བྲལ་དུ་ནམ་ཡང་མཐོང་འདོད་མེད། མང་གཙོར་དགའ་བའི་རྒྱ་རིགས་ཚོས་ཀྱང་བོད་དང་རྒྱ་གཉིས་སོ་སོར་འཕྲལ་འདོད་མེད་པ་གསལ་པོ་རེད། ཁོང་ཚོས་ང་ཚོ་མི་རིགས་ཀྱང་གཅིག་རེད། ང་ཚོ་ཁྱིམ་ཚང་གཅིག་རེད། ད་ལྟའི་རྒྱ་དམར་གུང་བྲན་གྱི་བད་ཐོག་འཛིན་སི་སྲིད་ཇུས་ནོར་འདུག་ཅེས་སྐྱོན་བརྗོད་པ་ལས། བོད་རང་བཙན་ཡིན་་དངོས་ཡོད་རེད་དེ་ཁོང་ཚོར་ཁ་བྲལ་ནམ་ཡང་གཏོང་འདོད་མེད་པ་གསལ་པོ་རེད། བྱས་ཙང་དམར་པོའི་རིང་ལུགས་མཇུག་སྒྲིལ་ཡང་བོད་ཐོག་འཛིན་པའི་མངའ་འོག་གི་སྲིད་ཇུས་ལ་འགྱུར་བ་གཏོང་འདོད་མེད་པ་གསལ་པོ་རེད།
དབུ་མའི་ལམ་ཐོག་བསྐྱོད་་ནི། གཅིག་ནས་དངོས་ཡོད་དང་རན་མཐུན་ཡིན་ལ། གཉིས་ཕན་ཆེ་ལ། ཕུགས་རྒྱང་ཡང་རིང་བ་ཡིན། ཡང་གཉིས་ནས་བོད་པར་རྒྱལ་ཁབ་སྐྱོང་བའི་འཇོན་ནུས་དེ་སྐྱོ་བས་ཀྱང་ལམ་དེ་བདམས་གསེས་གནང་བ་ཡང་ཡིན་སྲིད་པ་རེད། ད་ལྟའི་ཆར་དཔལ་འབྱོར་གྱི་སྟོབས་ཤུགས་ཆེན་པོ་མེད་པར། དམག་དྲངས་པ་ནི་ཉེས་ཐོག་ཉེས་བརྩེགས་རང་ཡིན་སྙམ།
བསྟན་འཛིན་རིག་ལྡན་ལགས།
ངས་ཁྱོད་ལ་དམག་རྒྱབ་ནས་བོད་རང་བཙན་ལེན་ཐུབ་ཀྱི་ཡོད་ཅེས་བཤད་མེད། ཁྱོད་ཀྱིས་ངའི་རྩོམ་དེར་ཡག་པོ་ཞིག་ཅང་བཀླགས་ཡོད་ཟོལ་མི་འདུག ཁྱོད་རང་ཚོའི་འདོད་པ་དང་བསམ་ཚུལ་གཞིར་བཟུང་ནས་དྲི་བ་མང་པོ་ཞིག་གཏོང་གི་འདུག།
༡་་་བོད་ལ་དམག་མེད་པ།་་་༢་་་་རྒྱ་ནག་དཔལ་འབྱོར་ཆེན་པོ་ཡིན་རབས་དང་། ༣་་་བོད་ལ་ཡོད་པའི་རྒྱ་མི་དེ་དག་མར་ཕུད་མི་ཐུབ་རབས།་་་་སོགས་ཁྱོད་ལྟ་བུ་ཚོས་བཤད་བསྡད་པ་རེད།
རྒྱལ་ཁབ་གཞན་དག་ཚོས་བོད་རང་བཙན་རྒྱབ་སྐྱོར་མེད་རབས། ཨ་རི་ཡིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་ཀྱི་མེད་ཅེས་བཤད་པ་རེད། ཡུང་རོབ་རྒྱལ་ཁབ་ཁག་གིས་ཀྱང་བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་མདོག་མདོག་ཁྱོད་ཚོས་བཤད་བསྡད་པ་རེད་ལ་རེ་བ་དང་དམིགས་ཡུལ་དེ་རེད།
སྤྱིའི་ཆ་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་དཔོན་པོ་ཚོས་ཨ་རི་དང་ཡུང་རོབ་སོགས་ལ་་ལམ་དབུ་མ་ལ་རྒྱབ་སྐྱོར་གནང་རོགས་བྱོས་ཅེས་ཞུ་བ་ཕུལ་བསྡད་ཀྱི་ཡོད་པ་དང་། ཏ་ལའི་བླ་མ་དང་བཙན་བྱོལ་སྒྲིག་འཛུགས་ཀྱིས་ངོས་ནས་བོད་རང་བཙན་རྩོད་ཀྱི་མེད་རབས་བཤད་བསྡད་ཀྱི་ཡོད་པ་མ་ཟད་་བོད་རང་བཙན་ལ་རྒྱབ་སྐྱོར་མི་དགོས་ཅེས་དངོས་སུ་ལབ་ཀྱི་མེད་ནའང་ཤུགས་ལ་ལབ་ཀྱི་ཡོད་རེད། གནས་སྟངས་དེ་འདྲ་ཞིག་འོག་ལ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཟེར་ནས་སུ་རྒྱུགས་ཡོང་རེད་དམ།
དོན་དག་གལ་ཆེན་ཞིག་ལ་་་་ཐབས་ཇུས་ཟེར་བ་འདི་གལ་ཆེན་རེད། སྟོབས་ཤུགས་ལས་ཐབས་ཇུས་གལ་ཆེ་གི་རེད་འདོད། ངས་ཁྱོད་དཔེ་ཞིག་བཞག་ན་་་་རྩྭ་བཀྲག་སྤར་བའི་སྲིད་ཇུས་ཤིག་འཛིན་ན་་ག་འདྲ་འདུག་གམ། རྩྭ་བཀྲག་རྐང་གཅིག་གིས་ཡུལ་ལུང་མེ་སྲེག་གཏོང་ཐུབ་པ་ཡང་དངོས་ཡོད་རེད།་་་་ཧཧཧཧ
སྟོབས་ཆེན་གླང་པོ་ཆེན་་་སྟོབས་མེད་མི་ཡིས་གཞོལ་ནས་འགྲོ་གི་ཡོད་པའི་གནས་སྟངས་འདི་ལ་བསམ་བློ་ཐོངས།
ཅོ་རི་འདི་ལ་ཨུ་ཚུགས་ཁོ་ན་ལས་རྒྱུ་མཚན་སྤུངས་ནས་ཤོད་རྒྱུ་ཅང་མི་འདུག དེར་བརྟེན། རྒྱུ་མཚན་སྤུངས་ནས་སྐད་ཆ་བཤད་ན་ཡག་གི་རེད། རང་བཙན་བརྩོད་དགོས་ན། རྒྱ་དམར་པོ་ལ་བརྩོད་དགོས་པ་རེད། དེ་སྲིད་གཞུང་གཅིག་གི་ལས་འགན་ཙམ་མ་ཡིན་པར་མི་རེ་ངོ་རེའི་འོས་འགན་རེ། དེར་བརྟེན། ཁྱོད་རང་གིས་རང་བཙན་འཐབ་བརྩོད་ཆེད་གོམ་པ་ག་རེ་སྤོས་པ་དང་སྤོ་བཞིན་ཡོད། ཁྱོད་རང་རང་བཙོན་བརྩོད་པར་སུ་ཞིག་གིས་ཀྱང་བཀག་བསྡོམས་བྱེད་མཁན་མེད་པ་རེད།
ད་ལྟ་ང་ཚོའི་སྐབས་སུ་བབ་པའི་འོས་འགན་ནི། ཆོས་དབྱིངས་སྒྲོལ་མ་ལ་རྒྱོ་ཡག་པོ་ཞིག་རྒྱག་རྒྱུ་དེ་རེད། དེ་མིན། རྒྱ་རྒན་དེ་ཚོས་རྒྱོ་གི་རེད་ཏ།
ཨོ་རེད་་་་་གཡུ་ཐོག་ལགས། སྔོན་མ་ཞིག་ཁྱོད་ཀྱི་སྐད་ཆ་ལྟ་བུ་བཤད་བསྡད་མང་པོ་ཞིག་མཐོང་སོང་། རང་བཙན་རྩོད་འདོད་ཡོད་ན་རྩོད།་་་སུ་གང་གིས་བཀག་འགོག་བྱེད་མཁན་མེད་་་ཁྱོད་རང་སྒེར་གྱི་ཐོབ་ཐང་རེད་ཟེར་བ་སོགས་བཤད་ཀྱི་འདུག
རང་བཙན་ཟེར་བ་འདི་རྒྱལ་ཁབ་ཤིག་དང་མི་རིགས་ཤིག་གི་སྤྱི་དོན་ཞིག་རེད་མ་གཏོགས་ཅོ་རིའི་སྒེར་དོན་ཞིག་མ་རེད། བཙན་བྱོལ་སྒྲིག་འཛུགས་ཀྱི་ལམ་ཕྱོགས་རང་བཙན་ཐོག་སྒྱུར་མི་ཆོག སྤྱི་པའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་ཡིན། ཁྱོད་རང་ཚོས་རང་བཙན་རྩོད་ཟེར་བ་འདི་་་་ང་ཚོ་ལ་སྙད་ཇུས་རེད།
བྱས་ན་་་ཁ་ཕར་སྐོར་ནས་་བཤད་ན་་་བཙན་བྱོལ་སྒྲིག་འཛུགས་ཀྱི་ལམ་ཕྱོགས་རང་བཙན་ཡིན་་་ཁྱོད་རང་ཚོས་སྒེར་ངོས་དབུ་མ་རྩོད་དང་བཀག་འགོག་གང་ཡང་མེད་ལབ་ན་ཁྱོད་ཚོས་ག་རེ་དྲན་ས་རེད་དམ། ཁས་ལེན་གྱི་ཡིན་ནམ།
རྨོངས་དད་ཀྱིས་ཀླད་པ་རུལ་ཚར་བའི་མི་ཁྱོད་ཚོ་ལ་རྒྱུ་མཚན་སྟོང་ཕྲག་དང་རིག་པ་བརྒྱ་ཕྲག་བཀོད་ནའང་གནད་ལུགས་རྩ་བ་ནས་མཐོང་ཐུབ་ཀིན་མ་རེད། འདི་རྨོངས་དད་ཀླད་རུལ་པ་ཚོའི་་ཁྱད་ཆོས་རེད། བོད་རང་བཙན་གྱི་གནད་དོན་འདི་བོད་མི་རིགས་ཀྱི་ལ་རྒྱ་ཡོད་པའི་བོད་མི་ཚོའི་སེམས་ཁམས་དང་འདྲེས་ནས་ཡོད་པའི་གནད་དོན་ཞིག་ཡིན། ད་ལོ་མིན་ན་སང་ལོ། ལོ་༡༠་ཡི་རྗེས་སུ་མིན་ན་༢༠་ཡིོ་རྗེས་སུ་་་་་བོད་མི་གཞོན་སྐྱེས་ཚོས་དུས་ནམ་ཡང་བློས་གཏོང་བྱེད་ཀི་མ་རེད། ལོ་རྒྱུས་ཀྱི་ཉེས་ཅན་པ་དང་མི་རིགས་ཀྱི་དགྲ་བོ་སུ་ཆགས་འགྲོ་མིན་་ལོ་༥༠་ཡི་རྗེས་སུ་ཤེས་ཡོང་གི་རེད་དོ།།
ཡ་ཅོ་རི་ལགས། རེད་ཏ། རང་བཙན་ཟེར་བ་དེ་བོད་མིའི་ལ་རྒྱ་དང་འདྲེས་བའི་སེམས་ཚོར་ཞིག་རེད། ཞེ་དྲག་ཡག་པོ་གསུངས་སོང་། རང་བཙན་དེ་བོད་མི་རིགས་ཀྱི་བླ་ན་མེད་པའི་ཐོབ་ཐང་དང་། ལོ་རྒྱུས་རེད། འོན་ཀྱང་། བོད་མིའི་ལ་རྒྱ་དང་འདྲེས་ནས་དོན་ལ་མ་གནས་ན་ཅི་བྱེད། གནམ་ལ་ཕུར་ནས་ས་ལ་བབ་ས་མ་རག་ན། མཐར་མར་ལྷུང་རྒྱུ་ལས་ཅང་མེད་པ་རེད། མ་གཞི་ནས། ཁྱེད་རང་གིས་གསུངས་པ་རྣམས་སེམས་ཚོར་ཙམ་རེད། སེམས་ཚོར་གྱིས་དོན་དངོས་མཐོང་གི་མ་རེད། རང་བཙན་ལབ་དུས་སྙན་པོ་དང་གཟི་བརྗིད་ཡོད་པ་རེད། འོན་ཀྱང་། ལག་ལེན་དུ་མེད་པའི་རང་བཙན་དེ་ཅི་ཙམ་གཟི་བརྗིད་ཆེ་ཡང་སྙིང་པོ་ཅང་མེད་པ་རེད། དེ་ནི། འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲང་དང་། འཇའ་ཁ་དོག་བཀྲ་ཡང་སྣང་བ་ཙམ་རེད་ཟེར་བ་དང་མི་འདྲ་འམ། ཨ་ཅོ་རི།
ཧཧ་་གཡུ་ཐོག་ལགས་་་་ཁྱོད་ཚོའི་དབུ་མ་ཟེར་དེ་ཆར་འབབ་ཀྱི་མེད་པའི་འུར་སྒྲ་ཞིག་མིན་ན་ཅི་རེད་དམ། རང་གི་རྒྱལ་ཁབ་གཞན་ལག་བཞག་པའི་སྲིད་ཇུས་ཤིག་མིན་ན་ཅི་རེད་དམ།་་་་ཁ་གཞན་ལ་སྐོར་ནས་བཤད་མ་བསྡད། སོ་སོའི་ཕྱོགས་སུ་ཡང་གྲུབ་འབྲས་ཅི་ཙམ་བྱུང་མིན་ལྟོས།་་་་ཁྱོད་ཚོའི་དབུ་མའི་འཇར་ལམ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དག་ཞིང་ལ་ག་དུས་སླེབས་ཀྱི་རེད་དམ། རྒྱ་རྒྱ་མོ་ཚོས་བསུ་བ་ག་དུས་ཀྱི་བྱེད་ཀྱི་རེད་དམ། དེང་སང་གི་ཨ་ནེ་་་ཆོས་དབྱིངས་འགྲོ་ས་དེ་རེད་པེ།་་ཧཧཧཧཧ
ཅོ་རི་ལགས། ད་ག་རེད། དག་ཞིང་ཞིག་བརྙེད་པའི་རེ་བ་ཅང་མེད་ཀྱང་། མ་མཐར་བོད་རྒྱ་གཉིས་དབར་ཐུན་མོང་གི་བབ་སྟེབས་ཤིག་དབུ་མའི་ལམ་རྒྱུད་ནས་ཡོང་སྲིད་པ་རེད། དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐབས་མེད་པའི་ཁྲོད་ནས་ཐབས་ཤེས་ཅིག་རེད། གཉིས་ཐད་ནས། ཆོས་དབྱིངས་སྒྲོལ་མས་རང་དོན་ཆེད་དུ་ཕྱིན་པ་ལས་མི་རིགས་ཀྱི་བདེ་དོན་ཆེད་དུ་དམར་པོར་བསྟོད་གླུ་གཏོང་བར་ཕྱིན་མེད། དབུ་མའི་ལམ་གྱི་འབྲེལ་ཡོད་མི་སྣ་ཞིག་རྒྱ་གཞུང་གི་དོན་གཅོད་དུ་ཕྱིན་ཚེ་དེ་ནི་གཏམ་བཟང་ཞིག་ཡིན་དགོས་པ་རེད། གང་ཡིན་ཟེར་ན། མ་མཐར་མི་སྣ་དེས་རྒྱ་གཞུང་ལ་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་དབུ་མའི་ལམ་གྱི་དགོངས་དོན་འགྲེལ་བརྗོད་བྱེད་ངེས་རེད། དེས་གོམ་པ་གཉིས་པར་སྤོ་རྒྱུའི་སྒོ་མོ་ཕྱེས་པ་རེད། འོན་ཀྱང་། ད་ལྟ་ཚད་གཞི་དེར་བསླེབས་མེད་པ་རེད།
ཁྱོད་ཚོ་དབུ་མའི་ལམ་གྱི་ཅིག་ཡིན་མདོག་མདོག་བཤད་བསྡད་མཁན་ཚོས་རྒྱ་གཞུང་ལ་ལན་འདེབས་ཡག་པོ་བྱས་ཐུབ་མ་སོང་བ། དབུ་མའི་ལམ་ཁྲིམས་འགལ་རེད་ཟེར་དུས་ཁ་ནང་མཛུབ་མི་བཅུག་ནས་བསྡད་སོང་བ། རྒྱ་དཔོན་ལྟ་བ་འཁྲེགས་འཛིན་ཅན་ཚོས་སྐད་ཆ་རེད་ཅེས་པ་ཙམ་ལས་ལན་ཡག་པོ་བརྒྱབ་མ་སོང་བ།
མི་ལོ་མང་པོའི་རིང་དུ་དབུ་མའི་ལམ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་གྱི་མདོག་མདོག་བཤད་ནས་དུས་ཚོད་བསྐྱལ་བ་རེད། ཁྱོད་ཚོས་རྒྱའི་རྩ་ཁྲིམས་མ་ཤེས་པ་རེད་དམ།་ རྒྱ་དཔོན་ཚོས་རྒྱ་ཁྲིམས་མ་ཤེས་པ་ནི་ཡིན་གྱི་མ་རེད། ངོ་མ་ཐབས་སྡུག་རེད། འཇོན་སྟངས་དང་ཤེས་ཚོད་དེ་ལས་མེད་ན་སྔོན་མ་ནས་ཁ་སྐྱལ་སྐྱལ་བྱས་ནས་བཤད་བསྡད་མ་ཉན་ཐལ།།
ཁ་ནང་མཛུབ་མོ་བཅུག་ནས་བསྡད་སོང་བ།ཅེས་བཅོས་རོགས་བྱོས་་་གཡུ་ཐོག་སྨན་པ་ལགས།
རེད་་་ཁྱོད་ཚོས་རང་བཙན་ལ་རེ་བ་མེད་རབས་བཤད་ནས་བོད་དམངས་སེམས་ཤུགས་བཅག་གང་ཐུབ་བྱས་དང་བྱེད་པ་རེད། ཡིན་ཀྱང་་་ཁྱོད་ཚོའི་དབུ་མའི་ལམ་གྱི་བསྒྲུབ་བྱ་ག་དུས་གྲུབ་ཀྱི་རེད་དམ། ཏ་ལའི་རུ་ཚོགས་དང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་མཐར་ཕྱིན་པ་བྱེད་ཀྱི་ཡིན་ཟེར་ནས་བསྒྲགས་གཏམ་སྤེལ་བསྡད་པ་ནི་ཁྱོད་ཚོས་མཐོང་ཡོད་ཀྱི་རེད་བ། ད་དུང་་་རེ་བ་བྱེད་ས་ཤིག་འདུག་གམ། བོད་རེ་བའི་ཕུང་ཟེར་བ་དེ་ག་འདྲ་ཞིག་ལ་ལབ་ཀྱི་ཡོད་པ་ཡིན་ནམ།
ད་དུང་་་བློ་བཟང་སེང་གེས་་་རྒྱའི་མཉམ་དུ་དམངས་གཙོ་རྩོད་ཀྱི་མེད་ཅེས་ཁ་གསལ་པོའི་ཐོག་ནས་བཤད་ཡོད་རེད། ངོ་མ་ཁྱོད་ཚོ་དམར་ཕྱོགས་པ་བྱ་འདོད་ཡོད་དམ། འགྲོ་བ་མི་རིགས་ལ་ངོ་མི་ཚ་འམ། ཨ་རིའི་གྲོས་འཚོགས་ཀྱི་དམངས་གཙོའི་གསེར་གྱི་རྟགས་མ་ཆུ་ནང་འཕེན་གྱི་ཡིན་ནམ།
ཅོ་རི་ལགས། སླར་ཡང་ཁྱེད་རང་གི་ཆབ་སྲིད་ཀྱི་གནད་དོན་ཞིག་རྟོགས་ཀྱི་མེད་པ་འདྲ། རྒྱ་དམར་པོས་ཚིག་ཚུབ་སྨྲས་པར་ཧང་སང་རྒྱུ་ཅང་མེད། ཁོ་ཚོས་ཨ་རི་དང་། འཇའ་པན་སོགས་ལ་ཚིག་རྩུབ་ཤོད་ཀྱི་ཡོད་པ་རེད། འོན་ཀྱང་། འབྲེལ་ལམ་བྱེད་ཀྱི་ཡོད། དེ་གཡོལ་ཐབས་པ་ཞིག་རེད།
མདོར་བསྡུས་ན་དབུ་མའི་སློབ་དཔོན་ཆེན་མོར་གཟན་ཤམ་གྱོན་པའི་སྤྱང་ཀི་རེད་ཟེར་གྱི་ཡོད་པ་རེད་ལ། དབུ་མའི་འགོ་འཁྲིད་སྲིད་སྐྱོང་སེངྒེ་ཚང་ལ་འཇིགས་བསྐུལ་རིང་ལུགས་པ་རེད་ཟེར་གྱི་ཡོད་པ་རེད། འདི་འདྲ་ཟེར་མཁན་ཞིག་ལ་དབུ་མའི་འབྲེལ་མོལ་གང་འདྲ་སེ་བྱེད་ཀྱི་རེད་དམ། ད་དུང་དབུ་མའི་རང་སྐྱོང་མངོན་འདོད་ཡིག་ཆ་ཟེར་བ་དེར་ལྷན་པ་ནག་པོ་བཅོ་བརྒྱད་བརྒྱབས་ཡོད་པ་མ་རེད་པས། ད་དུང་ཀྲུང་གོའི་རྩ་ཁྲིམས་ལ་ལོག་འགྲེལ་བྱས་པའི་ནག་ཉེས་འགེལ་རྩིས་ཡོད་པ་མ་རེད་པས། ད་ནི་དབུ་མའི་རང་མདོག་ཇེ་གསལ་ཇེ་གསལ་རེད།
ཨོ་རེད་་་འཇར་པན་ཟེར་འོང་དུས་སིང་ཁ་གྷོ་གླིང་ཕྲན་དྲན་བྱུང་་།་་་སིང་ཁ་གྷོ་གླིང་ཕྲན་གྱི་གནད་དོན་ཐག་མ་ཆོད་པའི་སྔོན་ལ་བོད་དོན་ཐག་གཅོད་ག་དུས་ཡོང་གི་མ་རེད་བསམས་ཀྱི་ཡོད། སེང་ཁ་གྷོ་གླིང་ཕྲན་གྱི་ཐོག་ཏུ་མི་མེད་པའི་ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ། འགྲོ་མིའི་ཐོབ་ཐང་སོགས་བཤད་སར་མེད་པ་རེད།
མདོ་དོན་་་བོད་ཀྱི་གཏེར་ཁ་དང་སེང་ཁ་གྷོ་གླིང་ཕྲན་ནང་གི་གཏེར་ཁ་གཉིས་རྒྱ་གཞུང་གི་དམིགས་ཡུལ་གཙོ་བོ་རེད། བོད་ཀྱི་དཔལ་འབྱོར་གྱི་ཐོན་ཁུངས་འདི་རྒྱ་གཞུང་གི་བློས་གཏོང་མི་ཐུབ་པ་རེད་མ་གཏོགས་་་་ཆོས་དད་རང་དབང་དང་སྐད་ཡིག་སྲུང་སྐྱོབ་ཟེར་བ་འདི་དག་རྒྱའི་ཆེད་དུ་དགོས་མཁོ་མེད་པའི་གནད་དོན་ཤ་དག་རེད།
སྟོབས་ཆེན་་་འཇར་པན་མཉམ་དུ་གྲོས་མོལ་བྱེད་ནས་སེང་ཁ་གྷོ་གླིང་ཕྲན་གྱི་བདག་དབང་ཐག་གཅོད་མི་བྱེད་དུས་བོད་ཀྱི་དབུ་མའི་ལམ་་་་སྙིང་རྗེ་ཡ་རེད་འདོད་དོ།
གོང་དཔོན་པོས་རང་ཚོད་མ་ཟིན་ན།
ས་ཐང་སྟོང་ཧམ་པ་སུས་ཚ་བྱེད།
ཁེ་མི་ལེན་རང་སྡེ་དམག་ལ་ཟད་་་་ཅེས་ཟེར་སྲོལ་ཡོད་ལེ་རེད། རེ་བ་ཆེན་པོ་ཡོད་ད།་་ཧཧཧ
གླུ་དབྱངས་ཧི་མ་ལ་ཡི་རྩེ་ནས་ལེན།།
སྙན་གྲགས་གླིང་འདིར་ཁྱབ་པའི་ཨ༵་ནེ་ལ།།
བསྟོད་སྨད་སྟོང་གི་ཤོམ་ར་འཐེན་ན་ཡང་།།
གང་ཡང་མི་གནོད་ཆོས༵་དབྱིངས་སྒྲོལ་མའོ།།
དེ་དེ་བཞིན་ཨ་ནེ་ཆོས་དབྱིངས་གཙོས་པའི་མི་རིགས་ཀྱི་བླ་བཙོང་དེ་ཚོས་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་བོད་ཐོག་འཆར་གཞི་དང་ལག་བསྟར་རང་བཞིན་ལྡན་པའི་གདུག་རྩུབ་རང་བཞིན་ཅན་གྱི་སྲིད་ཇུས་དེ་འགྲིགས་ཤག་ཟེར་གྱི་ཡོད་པ་མ་རེད་པས།
བློ་མཐུན་ལགས། སིང་ཁ་གྷོ་གླིང་ཕྲན་གྱི་གནད་དོན་ཐོག་ཏུ་བསམ་ཚུལ་གསར་པ་འདྲ་བཤད་ཀྱི་ཡོད་པེ། རྒྱ་དམག་ཚོ་ལྷོ་རྒྱ་མཚོའི་ནང་དུ་ཉ་ལ་སྤྲོད་པའི་དུས་ཚོད་ཤིག་ཡོང་གི་རེད་པེ།
མཚོ་གླིང་འདིར་ཀྲུང་གོས་ནམ་ཡང་ལག་པ་དངོས་སུ་བསྐྱངས་་ནུས་ཀྱི་མ་རེད། དེ་སྔ་ཐེ་ཝན་ཐོག་ཏུ་འདྲེ་ལག་བསྐྱངས་ཅིག་བསྐྱངས་གཉིས་ཨ་རིས་ཞི་བདེ་རྒྱ་མཚོའི་མཚོ་ཐོག་ཏུ་དམག་གྲུ་ཆེན་པོ་ཞིག་བཏང་བ་དེས་ལམ་སེང་ཕྱིར་འཐེན་བྱས་པ་རེད། གཞི་རྩའི་རྫིག་རྫིག་བྱེད་རྒྱུ་དང་བསུན་པོ་བཟོ་རྒྱུ་དེ་སྤྱིར་སྟངས་འདྲ་ཞིག་རེད། ད་ལྟ་མཚོ་གླིང་དེ་འཇར་པན་གྱི་ལག་པར་ཡོད་ཡོད་པ་རེད། འཇར་པན་གྱིས་ཀྱང་ནམ་ཡང་གློད་མི་སྲིད་པ་རེད་ལ་ཧྥི་ལི་པིན་གཙོས་པའི་ཝེ་ཏི་ནམ་སོགས་ཀྱིས་ཀྱང་དགྲ་འཛིན་གྱི་འདུ་ཤེས་དོར་ཡོད་པ་མ་རེད།
འདིར་ཡང་རང་བཙན་དང་དབུ་མའི་སྐོར་ལ་བགྲོ་གླེང་འཁྲུག་པོ་ཞིག་འདུག ངའི་བསམ་ཚུལ་ལ་རང་བཙན་དང་དབུ་མ་གཉིས་ཀ་ཡག་པོ་འདུག གཙོ་བོ་གཉིས་ཀས་ཁ་ནང་ལ་སྨྱུག་ནས་མ་བརྩོད་པར་ཁ་ཕྱི་ལ་གཏད་ནས་རྒྱ་ལ་བརྩོད་ན་གཉིས་ཀ་དཔའ་བོ་རེད།
རྒྱ་མི་ལ་ཁ་གཏད་གཉིས་ཡོད་ན་དཀའ་ངལ་ཆེ་བ་ལས་བོད་པར་སྐྱོན་མེད། རྙོག་ཁྲ་གཙོ་བོ་དེ་དབུ་རང་གཉིས་རྒྱ་མགོ་ལ་བཞག་ནས་ནང་རྨེ་བྱེད་པ་འདིས་ཐང་ཆད་ཀྱི་འདུག
རྒྱལ་བ་དགེ་འདུན་རྒྱ་མཚོས། འདྲེ་ཤར་ལ་གནས་པ་ལ་ཀླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་ཟེར་བ་ཅིས་མི་བདེན།
ཨ་ཕྱི་ཆོས་སྒྲོལ་ཟེར་མཁན་དེ་ཨ་ནི་ཆོས་དབྱིངས་སྒྲོལ་མས་མི་གཞམ་གྱི་གདོང་བག་གྱོན་ནས་བྲིས་པ་རེད། ཨ་ནི་སྨྱོ་མས་སློབ་གྲ་རྒྱབ་ནའང་འདྲ་ཉམས་ཐག་ལ་རོགས་བྱེད་ཀྱི་ཡོད་འདྲ་གང་ལྟར་ཧ་ལས་རྒྱུ་རྩ་བ་མེད། དངུལ་གྱི་འབྱུང་ཁུངས་ནི་རྒྱ་ནག་་གཞུང་ལ་བློ་སྙིང་བྲང་གསུམ་ལྟས་པ་ལས་བྱུང་བ་གསལ་པོ་རེད། ལམ་ནས་རྒྱ་ནག་གཞུང་ལ་སྤྲེད་ལས་འཁྲབ་མཁན་ལ་དངུལ་འབོན་ཆེན་པོ་སྤྲོད་ཀྱི་ཡོད་པའི་གནས་ཚུལ་འདུག རྒྱ་ནག་གཞུང་ཚབ་ཁང་གི་གསོལ་སྟོན་ལ་ཕྱིན་པ་ནི་བོད་པའི་ཞབས་འདྲེན་རེད།་ད་དུང་བྱས་རྗེས་དང་འཇོན་ཐང་ཡིན་བསམ་པའི་ཧ་བཤད་བྱེད་མ་ཡོང། ཨ་ནི་དེ་ནི་ ཕྱི་ནང་དང་ཡག་ཉེས་མ་ཤེས་མཁན་གྱི་
དུད་འགྲོ་དང་ཁྱད་མེད་ངོས་འཛིན་བྱེད་ཀྱི་ཡོད།
ཨ་ནེ་ཆོས་དབྱིངས་གངས་རིའི་སྲས་མོ་ལགས།།
ཨ་ནེ་སྒྲོལ་མ་ཏྰ་ལའི་གཅེས་ཕྲུག་མ།།
ཨ་ནེ་རྣམ་དག་མ་གྱུར་འགྲོ་བར་བྱམས།།
ཨ་ནེ་དབྱངས་ཅན་སྙན་པའི་མགུར་ལ་བསྟོད།།
ཨ་ནེས་རྒྱ་བོད་མཐུན་ལམ་མཛད་པ་འདི།།
བློ་བཟང་སེངྒེས་ཡིད་ཀྱི་མོས་སྒོམ་འདྲ།།
ཨ་ནེས་ཏྰ་རེའི་སློབ་གྲྭ་འཛུགས་པ་དེ།།
རྒྱ་བོད་དབྱིན་སོགས་དགའ་བསུ་ཐོབ་པར་ལགས།།
ལུག་སྤགས་གྱོན་པའི་སྤྱང་ཀི
དམར་ཤོག་རྒྱ་ཡིས་རྒྱུག་ཁྱི།།
བཙུན་གཟུགས་འཆང་བའི་སྨད་བཙོང་།།
འཕྱན་མོ་ཆོས་དབྱངས་སྒྲོལ་མ།།
རྒྱུགས་ཁྱི་མ།
འདི་དག་ཚང་མ་རྒྱ་མའི་རྒྱུག་ཁྱི་དང་ལག་ཆ་ཁོ་ཐག་ཡིན། དངོས་གནས་སྐྱོ་བ་ལ
ངོ་ཚ་ཞེ་འཁྲེལ་གང་ཡང་མེད་པའི་ཁྱི་རྒན་ཨ་ནི་རྫུན་མ་དེས་
ལུས་ལ་གྲྭ་ཆས་གོན་ནས་སྡིག་ཉེས་སྣ་ཚོགས་ཐང་དུ་བཀྲམ་
དམ་ཚིག་སྡོམ་པ་གང་ཡང་མེད་པའི་ཁྱི་རྒན་བདུད་མོ་ཚུར་ལ་ཉོན་
སྔོན་བྱས་ལས་ལ་འགྱོད་བཤགས་བྱེད་ནས་རྒྱ་དམར་རྒྱུག་ཁྱི་མཚམས་འཇོགས་བྱེད་རོགས།
ཨ་ནེ་ཆོས་དབྱིངས་སྒྲོལ་མ་ཡང་བལ་ཡུལ་གྲུང་གོའི་གཞུང་ཚབ་གྱི་སྐུ་མགྲོན་གཙོ་བོར་མགྲོན་པོ་བྱས་འདུག་པས་ཚང་མས་གཟབ་གཟབ་གནང་དགོས།
ཨ་ནེ་དེ་བོད་པ་གཙང་གཙང་རེད་ འོན་ཀྱང་མོར་བལ་ཡུལ་གྱི་མི་སེར་ཐོབ་ཐང་ལག་འཁྱེར་ཡོད་རེད།
བློ་ཕམ་པ་ཞིག་ལ་མོར་བོད་དོན་ཕར་གཞག་རང་ཉིད་བོད་པ་ཡིན་པའི་བསམ་པ་ཅུང་ཟད་ཀྱང་མེད་རེད། མོ་ལུག་ལྤགས་གྱོན་པའི་སྤྱང་ཀི་བཞིན་ན་བཟའ་དམར་པོ་གྱོན་ཞིང་བོད་པ་ཚང་གི་མིང་འཁུར་བའི་ཨ་རྫུན་རྒྱུག་ཁྱི་ཞིག་རེད།
ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་གིས་ལོ་གསར་གྱི་སྣེ་ལེན་སྤྲོ་ཚོགས་ཟེར་བ་ཞིག་བསྡུས་ཏེ་ས་གནས་བོད་མི་ཚོར་ལོ་གསར་གྱི་རྟེན་འབྲེལ་ཞུས་ཡོད་པ་དང་།
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༩ ཉིན་བལ་ཡུལ་གྱི་ཕྱི་དྲོའི་ཆུ་ཚོད་ ༧ པ་ཙམ་ལ་བལ་བོའི་རྒྱལ་ས་ཀ་ཊི་མན་ཊིའུ་རུ། བལ་ཡུལ་དུ་གནས་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་གོ་སྒྲིག་འོག བོད་ཤིང་ཕོ་རྟ་ལོའི་ལོ་གསར་གྱི་སྣེ་ལེན་སྤྲོ་ཚོགས་ཞེས་པ་ཞིག་ཆེད་དུ་བསྡུས་ཏེ་གླུ་གར་འཁྲབ་སྟོན་དང་གསོལ་སྟོན་བཤམས་ཡོད་པ་དང་། སྤྲོ་ཚོགས་ཐོག་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི་སྤྱི་ཁྱབ་ལྟ་སྐུལ་བ་ཚེ་དགའ་ཟེར་བའི་གཙོས་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དང་བལ་ཡུལ་གྱི་རྒྱ་རིགས། བལ་པོའི་མི་སེར། དེ་བཞིན་བོད་རིགས་སེར་སྐྱ་བཅས་མཉམ་ཞུགས་བྱས་ཡོད་འདུག
ཀྲུང་གོའི་རྩ་ཁྲིམས་ཞེས་པ་ནི་ཁ་ཙམ་རེད། དོན་ལ་རྩ་ཁྲིམས་གྱི་གོང་ལ་མགོ་ཁྲིད་ཚོ་ཡོད་པ་རེད། དེ་ཤེས་པར་གྱིས། གཉིས་ནས་རང་བཙན་རང་བཙན་ཟེར་མཁན་ཚོས་རང་བཙན་གྱི་ཆེད་དུ་ལས་ཀ་ཅི་ཞིག་བྱེད་མྱོང་། དབུ་མའི་ལམ་དང་གོང་ས་མཆོག་ལ་རྒོལ་རྒྱུ་མ་གཏོགས། ཉིན་མ་གཅིག་ལ་ཡང་རང་བཙན་གྱི་དོན་དུ་རྒྱ་གཞུང་ལ་ངོ་རྒོལ་བྱེད་དུ་འགྲོ་ཨེ་མྱོང་། ཁ་ནང་ལ་བསྐོར་ནས་བསམ་བློ་ཐོང་། དེ་མ་མྱོང་ན་ཁྱོད་རང་དངོས་གནས་སྒོ་རྩ་ལ་ཡོད་པའི་ཁྱི་རྒན་ལས་ཀྱང་ཧ་ཅང་སྡུག་གི་རེད། ཁྱི་རྒན་ཞིག་ཡིན་ན་ཡང་རང་གཞན་གྱི་དབྱེ་བ་ཕྱེ་ཤེས་ཀྱི་རེད།
གང་ལྟར་རང་བཙན་རྒྱ་གཞུང་ལ་མ་རྩོད་པར་བོད་གཞུང་ལ་རྩོད་མཁན་འདི་ཚོ་ནི་རྒྱ་སྒོར་གྱི་ཁེ་ཕན་ཡོད་ན་གནས་ཚུལ་ཐ་དད་རེད། དེ་མིན་ན་བསམ་མེད་བྱིས་པ་རང་རེད།
བོད་འདི་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་རྩོད་མོད་རེད་ དེ་ལ་རྒྱོབ་བསྐྱོར་བྱེད་མཁན་ཡོད་ན་དགའ་བསུ་ཞུ་རྒྱུ་རེད་ གལ་སྲིད་རྒྱབ་བསྐྱོར་བྱེད་མཁན་མེད་ནའང་སེམས་ཤུགས་ཆགས་དགོས་དོན་མི་འདུག་ ངས་ཁ་སེང་ཨེ་རླུང་གསར་འགྱུར་ཉོན་སྐབས་ ཉེ་ཆར་༧གོང་ས་མཆོག་ཨ་རི་ཆིབས་སྒྱུར་སྐྱོངས་སྐབས་བོད་པས་རྒྱ་གཞས་ཁྲབས་པ་རེ་ལབ་སོང་ ཡང་ན་ང་ཚོ་བོད་པ་ལ་རྒྱ་གཞས་ཞེས་པའི་གཞས་ཞིག་ཡོད་མི་ཤེས་ ཡང་ན་ངས་གོ་ནོར་ཡིན་སྲིད་ གལ་སྲིད་དེའི་བསྐོར་མཁྱེན་མཁན་ཡོད་ན་གསལ་བཤད་ཞིག་གནང་རོགས་ཞུ་།
གནས་ཚུལ་ཞིག་གོ་དུས་འུར་ལངས་ནས་གཏམ་གླེང་སྣ་ཚོགས་བྱེད་ཅིང་། ཡུད་ཙམ་ནས་གྲག་འགུལ་མེད་པར་འགྱུར། འདི་ནི་འུ་ཅག་བོད་པའི་གཤིས་ཀ་རེད། ཨ་ནེ་ཆོས་དབྱིངས་ནི་ཨ་ནེ་ཡང་དག་ཅིག་མིན་པ་ཡོངས་གྲགས་ཡིན་པས། ད་རེས་ཀྱི་བྱ་སྤྱོད་འདི་ལྟ་བུ་ནི་མོའི་རྒྱུན་ལྡན་གྱི་བྱ་བ་རེད། དེར་བརྟེན། བོད་མི་ཚོས་མོ་རྒྱ་མིའི་ལོ་སར་དགོང་ཚོགས་ལ་སོང་འདུག་ཅེས་སེམས་སྐྱོ་སྐྱོ་དང་ཞེ་མུག་མུག་བྱེད་དོན་ཅི། མ་གཞི་མོ་ནི་བལ་ཡུལ་གྱི་སྲིད་དོན་མི་སྣ་ཞིག་ཡིན་པས། རྒྱ་དམར་ལ་སྤྲེལ་ལད་འཁྲབ་རྒྱུ་ནི་མོའི་འོས་འགན་ཡིན་པར་ངོས་འཛིན་བྱ་འོས།
བསྟན་པ་ཟེེར་བ་དང་གཡུ་སྒྲོན་ཟེེར་བ་གཉིས་ཀྱིས་མདོ་སྨད་སྤྱི་འཐུས་ཀྱི་འོས་བསྡུ་དང་འབྲེལ་བའི་ཚིག་འགའ་གླེང་འདུག་པ་དེ་ནི་དོ་སྣང་བྱེད་རིན་ཡོད་པའི་གནད་དོན་ཞིག་རེད། དཀྲོག་གཏམ་མིན་ན་ཕྱི་གསལ་ནང་གསལ་ཞིག་བཟོ་བའི་རེ་བ་ཡོད།
དགོང་ཚོགས་དེ་སྤྱི་ཟླ་༢ ཚེས་ ༡༩ ཉིན་ Hotel Yak & Yeti ཞེས་པར་འཚོགས་པ་རེད། རྩོམ་པ་པོས་ས་གནས་དང་ཚེས་གྲངས་ནོར་ཚུལ་ལ་བལྟས་ན་རྩོམ་གྱི་ནང་དོན་གཞན་རྣམས་ལ་གཟབ་གཟབ་བྱེད་དགོས་པར་སྙམ།
ཅོ་རི་ལགས། དབུ་མའི་ལམ་གྱི་སྲིད་བྱུས་ཟིན་ནས་གྲུབ་འབྲས་ལམ་སེང་ཁྱེར་ཤོག་ཟེར་ན་ཅུང་ཐལ་དྲག་པ་འདྲ། རྒྱལ་ཁབ་གཅིག་དང་མི་རིགས་ཤིག་གི་གནད་དོན་ཐག་གཅོད་བྱེད་སྐབས་དུས་ཚཽད་འགོར་ངེས་པ་རེད། ཐ་ན། ཁྱིམ་ཚང་གཉིས་ཀྱི་འཁོན་འཛིན་ཞི་བརའང་དུས་ཚོད་ཅི་ཙམ་འགོར་མིན་ཁྱེད་རང་གིས་ཤེས་གསལ་རེད། རྒྱ་དཀར་ནག་གཉིས་ལ་མཚོན་ནས་བཤད་ན། ས་མཚམས་ཀྱི་དཀའ་སྙོག་སེལ་སླད་ཚོགས་འདུ་ཧ་ལམ་ཐེངས་ཉེར་བཞི་ཙམ་ཚཽགས་པ་རེད། སྙོག་དྲ་ད་དུང་ཡང་བསྡད་ཡོད། དཔེ་མཚཽན་ཙམ་ཡིན། དེ་བཞིན་དུ། ཉི་ཧོང་དང་རྒྱ་ནག་གི་དཀའ་སྙོག་དེ་ཡང་གླིང་ཕྲན་བདག་དབང་གཅིག་པོའི་སྐད་ཆ་མ་རེད། དེ་བས་ལོ་རྒྱུས་ཀྱི་ནད་ཟུག་དང་། ལྷོ་ཤར་ཨེ་ཤ་ཡའི་ནང་ཤུགས་རྐྱེན་བསྐྲུན་ཕྱོགས་སོགས་གནད་དོན་མང་པོ་ཡོད་པ་རེད། གནད་དོན་དེ་ཚཽ། ད་ག་སེ་སེལ་ཐུབ་པ་ཞིག་མ་རེད། དེར་འབད་བརྩོན་དང་སྙུག་སྲིངས་དགོས་པ་རེད། གསར་འགོད་གསལ་སྒྲགས་ཐོག་ཁ་དམག་རྒྱག་གི་རེད། འོན་ཀྱང་། ཚོང་འབྲེལ་དང་ཕྱི་འབྲེལ་ཡོད་ཡོད་པ་རེད། ང་ཚོས་དེ་ལྟར་ཁས་ལེན་བྱས་ན་འགྲིག་གི་རེད།
དེ་མིན་ཆོས་དབྱིངས་སྒྲོལ་མ་ལྟ་བུར་ཅང་ཤོད་རྒྱུ་མེད། སྨད་ཆད་གོང་ཕུད་སོང་ཙང་། མི་དེ་རིགས་ལ་ངོ་ཚ་ཁྲེལ་གཞུང་ཅང་མེད་པ་རེད། གཅིག་བྱས་ན། གཞུང་ཚབ་རྒྱ་རྒན་དེས་ལོ་གསར་ཚེས་པ་གཅིག་གི་ཉིན་གྱི་མཚན་མོའི་ལོ་གསར་དེ་ཆོས་དབྱིངས་ཆོས་སྒྲོལ་མའི་མཉམ་དུ་བཏང་ཡོད་ཀྱི་རེད་ཏ། ཧཧཧཧཧ གོ་ཐཽས་ལ་མོ་རྒྱོ་ངར་སེ་ཡོད་པ་འདྲ།
ཅོ་རི་ལགས།
རྒྱ་ནག་པོ་ཡིན་རུང་དམར་པོ། གཅིག་སྡུད་ཡིན་རུང་མང་གཙོ་གང་ལྟར་གཞུང་ག་འདྲ་ཞིག་སླེབས་རུང་། བོད་ཁ་བྲལ་དུ་འཇོག་འདོད་མེད་པ་ཁོང་ཚོས་ཁེ་ཕན་དང་ཁ་བྲལ་དུ་མི་རུང་བ་ལྟ་གི་ཡོད། མ་ཟད་ལོ་རྒྱུས་ནང་རང་བཙན་བྱུང་མྱོང་མེད་པ་བཤད་ཀྱི་རེད། ཞི་བས་ནམ་ཡང་ཉན་འདོད་མེད་པ་གསལ་པོ་རེད། ཡང་ན་་དུས་གཡོལ་བྱས་ནས་བསྡད་ཀྱི་རེད། རང་བཙན་གྱི་སྐད་ཅ་བཤད་ས་མེད་པ་དང་རྒྱ་རིགས་དམིགས་བསལ་རེ་ཟུང་མ་གཏོགས་བོད་རྒྱ་ཁོངས་རེད་ཅེས་ཁ་གཅིག་བསྒྲགས་རེད། བདེན་པ་དང་ཞི་བས་མ་འགྲིགས་དུས་རང་བཙན་དགོས་ན་དྲག་པོས་ལེན་ཐབས་ལས་གཞན་མེད་པ་གསལ་པོ་རེད་སྙམ།
དོན་སྙིང་དབུ་མའི་ལམ་གྱིས་མ་འཇོན་ན་ལྷན་རྒྱས་ཚོར་འཇོན་པའི་འཇོན་རབས་གང་ཡོད་དམ། རྡ་སའི་སྒྲིག་འཛུགས་དབུ་མའི་ལམ་ལས་ཐབས་གཞན་མ་མཐོང་བ་ཡང་སེ་ལབ་ཞིན་ཡོད་ལ། ཐབས་ལམ་གཞན་མི་ཐུབ་པ་བརྗོད་ཟིན་ན། ལྷན་རྒྱས་ཚོས། ང་ཚོར་ཐབས་ལམ་འདི་དང་འདི་ཡོད་ཅེས་མདུན་སྐྱོད་ཀྱིས་བོད་མིའི་རྩ་དོན་རྩོད་པའི་དུས་ལ་སླེབས་ིན་ཡོད། ཐབས་ལམ་དང་འགྲོ་སྟངས་རིམ་པ་ཇི་བཞིན་གསལ་སྟོན་བྱ་རྒྱུ་ཡོད་པ། དངོས་སུ་ལག་ལེན་བཀལ་རྒྱུ་ཡོད་པ། འགན་ཐེག་ཡོད་ན། དབུ་མའི་ལམ་ལ་
འགྱུར་བཅོས་གཏོང་ཡས་ཁག་པོ་ཨེ་ཡིན།
རང་བཙན་བྱུང་ན་ཡག་པོ་རེད། སོ་སོར་དེ་འདྲའི་ཡོང་ཐབས་ཀྱི་ནུས་པ་མེད་དུས། རང་དབང་ཡང་བརླག་ཉེན་ཡོད་པས་གནད་དོན་འདིར་བབ་པ་ཡིན། ཨ་ན་ཨུ་ཚུགས་ཀྱིས་ཡོད་ཅེ་ན། ཤེས་འཇོན་མི་རྒྱུ་གང་གི་ཆ་ནས་བཏོན་ཡས་མེད་པར་ཡོད་ཡོད་ཅེ་ན། འོ་ལགས་སོ་ཞེས་ཞུ་ཡས་ལས་གང་ཡང་མིན་འདུག
་་་་་ ཨ་ནེ་ཆོས་དབྱིངས་ནི་ཨ་ནེ་ཡང་དག་ཅིག་མིན་པ་ཡོངས་གྲགས་ཡིན་པས། ད་རེས་ཀྱི་བྱ་སྤྱོད་འདི་ལྟ་བུ་ནི་མོའི་རྒྱུན་ལྡན་གྱི་བྱ་བ་རེད། ་་་་་
བོད་ཁསམ་སྡེ་ལགས། ཁྱེད་རང་གིས་གསུངས་པའི་རྒྱ་གཞས་ཅེས་པ་དེ་རྒྱ་མིའི་གཞས་མིན་པ་འདྲ། དེ་བས་དེ་ནི་སྤོང་རོང་རྒྱ་གཞས་ཅེས་སྟོད་རིང་རི་ཁུལ་དུ་བཀྲིས་བརྟེན་འབྲེལ་དུ་འཁྲབ་པའི་སྲོལ་རྒྱུན་གྱི་གཞས་སྣ་ཞིག་ཡིན་ས་རེད། དེར་ལོ་རྒྱུས་ངེས་ཅན་ཞིག་ཀྱང་ཡོད་ས་རེད། འོན་ཀྱང་ངས་གསལ་པོ་མི་ཤེས། གོ་ཐོས་ལ་༧གོང་ས་ལྔ་བ་ཆེན་པོའི་སྐབས་དར་བར་བཤད། གང་ལྟར། རྒྱ་ནག་དང་འབྲེལ་བ་ཡེ་ནས་མེད། གཞས་དེ་བཞུགས་སྒར་གྱི་གལ་ཆེའི་དུས་སྟོན་གྱི་ཐོག་མར་རྟེན་འབྲེལ་གྱི་ཚུལ་དུ་འཁྲབ་པ་འདྲ་བོ་མཐོང་སོང་། གང་ལྟར། གཞས་པ་ཚོས་བཀྲིས་མདའ་དར་དང་། རྒྱ་གྲི་ཕོ་ཤུབ་སོགས་སྲོལ་རྒྱུན་གྱི་རྒྱན་གོས་གྱོན་ནས་འཁྲབ་ཀྱི་འདུག རོང་དབྱངས་ལ་ཆ་བཞག་ན། འབུད་རྡུང་དཀྲོལ་གསུམ་གྱི་ནང་ནས། རྡུང་བའི་རོལ་མོ་དེ། དེ་ནི་གཞན་གང་ཡང་མིན་པར་རྔ་རེད་འདུག དེ་ཙམ་ཡིན་ནོ། དེ་མིན་ངས་ཅང་མི་ཤེས།
རིགས་ལྡན་ལགས་་་་ཁམས་བཟང་།
ཁྱོད་ཀྱིས་་་་རང་བཙན་གྱི་སྐད་ཅ་བཤད་ས་མེད་པ་དང་རྒྱ་རིགས་དམིགས་བསལ་རེ་ཟུང་མ་གཏོགས་བོད་རྒྱ་ཁོངས་རེད་ཅེས་ཁ་གཅིག་བསྒྲགས་རེད། བདེན་པ་དང་ཞི་བས་མ་འགྲིགས་དུས་རང་བཙན་དགོས་ན་དྲག་པོས་ལེན་ཐབས་ལས་གཞན་མེད་པ་གསལ་པོ་རེད་སྙམ།་་་ཞེས་བཤད་འདུག
ཞི་བ་མིན་ན་དྲག་པོ་ལས་རང་བཙན་ལེན་པའི་ཐབས་ཇུས་མེད་སྙམ་པ་ནི་ཁྱོད་རང་ཚོའི་ཀླད་རྒྱའི་ནང་གི་ཤེས་ཚོད་ཙམ་རེད། མ་གཏོགས་་་དོན་ལ་གནས་པའི་སྐད་ཆ་དང་སྒྲུབ་ཡང་དག་ཡོད་པའི་རིགས་ལམ་ཞིག་ཅང་མ་རེད།
གཉིས་པ། ཁྱོད་ཀྱིས་་་་རྡ་སའི་སྒྲིག་འཛུགས་དབུ་མའི་ལམ་ལས་ཐབས་གཞན་མ་མཐོང་བ་ཡང་སེ་ལབ་ཞིན་ཡོད་ལ།ཞེས་བཤད་འདུག མ་མཐོང་ཕྱིར་ན་མེད་དགོས་ཅེས་གཏན་ཚིགས་བཀོད་ནས་ཉིན་ཤས་གོང་དུ་ཁྱོད་རང་ངར་རང་ཤོར་ཤོར་ཡིན་པ། དེ་རིང་ཁྱོད་ཀྱིས་་དབུ་མའི་ལམ་ལས་་་་ཐབས་ལམ་གཞན་མེད་ཏེ། རྡ་སའི་སྒྲིག་འཛུགས་ཀྱིས་མ་མཐོང་བའི་ཕྱིར། ཞེས་བཀོད་ཀྱི་ཡོད་རེད། སྐད་ཆ་བཤད་དུས་གང་དྲན་དྲན་བཤད་མ་བསྡད། ཚུལ་གསུམ་གྲུབ་པའི་སྐད་ཆ་རེ་གསུང་རོགས་བྱོས།
གསུམ་པ། ངས་ཁྱོད་ལ་མདང་དགོང་བོད་རང་བཙན་ལེན་སྟངས་ཀྱི་མཆར་སྣང་ཁྲིམས་གཏུག་མ་ཞེས་པའི་རྩོམ་ཡིག་དེ་མིག་མདུན་དུ་བཞག་པ་ཡིན། ཡིན་ཀྱང་་་རྒྱུ་མཚན་འདྲ་ཅི་གང་མཐོང་ཡོད་ཟོལ་མི་འདུག དེ་རིང་་་ཆ་གཞི་འཁུར་ཤོག་ཟེར་ནས་བཤད་ཡོང་གི་འདུག ཆ་གཞི་དང་གོ་རིམ་ལྡན་པ་རྩོམ་ཡིག་དེའི་ནང་དུ་བཀོད་ཡོད། དེ་ལས་ལྷག་ག་རེ་དགོས་ཀྱི་འདུག་གམ།་་ཧཧཧཧ
གཡུ་ཐོག་ལགས་་་ཁྱོད་ཀྱིས་་་དབུ་མའི་ལམ་གྱི་སྲིད་བྱུས་ཟིན་ནས་གྲུབ་འབྲས་ལམ་སེང་ཁྱེར་ཤོག་ཟེར་ན་ཅུང་ཐལ་དྲག་པ་འདྲ། རྒྱལ་ཁབ་གཅིག་དང་མི་རིགས་ཤིག་གི་གནད་དོན་ཐག་གཅོད་བྱེད་སྐབས་དུས་ཚཽད་འགོར་ངེས་པ་རེད་་་་་ཅེས་བཤད་འདུག ཁྱོད་ཚོ་དབུ་མའི་ལམ་པ་བ་ཚོས་རྒྱལ་ཁབ་ཅེས་ཁ་ནས་འབོད་དུས་ངོ་ཚ་གི་མི་འདུག་པེ། བཙན་བྱོལ་བོད་མི་བཅའ་ཁྲིམས་ནང་གི་་་་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་དགོས་ཅེས་པའི་མི་ཚིག་དམར་གསོད་བཏང་མཁན་ཁྱོད་རང་ཚོ་མིན་ནམ། ད་དུང་རྒྱལ་ཁབ་དང་མི་རིགས་འདྲ་ཞིག་བཤད་མདོག་མདོག་འདི་ངོ་ཚ་མེད་པའི་སྐད་ཆ་རང་རེད།
ཞབས་མཆན་ཨང་༢༥པ་འཇང་གཡུ་ལྷ་ཐོགས་འགྱུར་དང་། ཞབས་མཆན་ཨང་༣༢པ་གཡུ་སྒྲོན་ཟེར་བའི་ཞབས་མཆན་འབྲི་མཁན་དེ་ནི། མདོ་སྟོད་དམ། ཁམས་པ་རྒྱ་ཆེ་མང་ཚོགས་དབུ་སྐོར་གཏོང་མཁས་ཁམས་པ་རྫུན་མ། སྐུ་ངོ་གསེར་རྟ་ཚུལ་ཁྲིམས་སམ། ཆོལ་ལོག་ཟེར་བ་དེ་རེད། སྐུ་ངོ་ཆོལ་ལོག་གིས་ད་བར་བོད་ཀྱི་བང་ཆེན་ཟེར་བ་དེའི་ཐོག་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་འདྲ་མིན་བྱས་པར་མ་ཟད། དྲ་ལམ་འདྲ་མིན་ནས་བོད་པའི་སྤྱི་ཚོགས་ནང་དཀྲུགས་ཤིང་བརྒྱབས་པ་རེད། ད་ཡང་ཧང་སང་དགོས་པ་འདི་འདྲ་བྲིས་འདུག ཚང་མས་གོང་དུ་ལྟོས་དང་། ཁམས་པ་རྫུན་མ་སྐུ་ངོ་ཆོལ་ལོག་གིས་སླར་ཡང་༧གོང་ས་མཆོག་ལ་ཟུར་ཟ་བྱས་པར་མ་ཟད། བོད་མིའི་སྤྱི་ཚོགས་དཀྲུགས་བཞིན་འདུག
རིགས་ལྡན་ལགས། ཁྱིམ་ཚང་ཉམ་ཆུང་ཞིག་ལ་ས་ཆ་ཏོག་ཙམ་ཡོད་པ་རེད། མི་ཤུགས་རྒྱུ་ཤུགས་ཡོད་པའི་ཁྱིམ་ཚང་ཞིག་གིས་ཕྲོགས་སོང་བ་རེད།་་་་ས་ཆ་དེ་ཁྱིམ་ཚང་སྟོབས་ཆེན་དེ་ཚང་གི་ལག་ཏུ་ཡོད་པ་རེད། ཡིན་ནའང་ཁྱིམ་ཚང་ཉམ་ཆུང་ཚང་གིས་ས་ཆ་དེ་ང་ཚོའི་ས་ཆ་ཡིན་ཟེར་ནས་ཁྲིམས་ལ་གཏུགས་ན་ས་ཆ་རང་བདག་ཡོང་བའི་གོ་སྐབས་ཡོད་པ་རེད།
ཁྱིམ་ཚང་ཉམ་ཆུང་ཚང་གིས་ཡིག་ཆ་བཟོས་ནས་ས་ཆ་འདི་ཁྱིམ་ཚང་སྟོབས་ཆེན་ཁྱོད་ཚང་གི་ས་ཁུངས་རེད་ཟེར་ནས་ཡིག་ཆ་ཕུལ་པ་ཡིན་ན་ཁྲིམས་ཐོག་ནས་ས་ཆ་དེ་ཁྱིམ་ཚང་ཉམ་ཆུང་དེ་ཚང་ལ་བདག་པའི་གོ་སྐབས་ཚང་མ་ཤོར་ཚར་བ་རེད། འདི་ནི་དཔེར་ཙམ་ཡིན།
ང་ཚོ་རང་བཙན་པ་ཚོས་འཇོན་མེད་ནའང་བོད་རྒྱ་ཁུངས་སྡོད་ཀྱི་ཡིན་ཟེར་ནས་ལབ་མྱངས་མེད། ང་ཚོ་དམར་ཕྱོགས་པ་བྱེད་ཀྱི་ཡིན་ཟེར་ནས་ལབ་མྱངས་མེད། རང་ས་རང་བདག་དང་རང་དབང་དམངས་གཙོ་ཡོང་བའི་གོ་སྐབས་མེད་པ་བཟོ་མྱངས་པའི་སྤོབས་པ་མཐོ་པོ་ཡོད། ཁྱད་པ་ཆེན་པོ་དེ་ཙམ་ཤོར་བསྡད་ཡོད་རེད།
ཨ་རོགས་་བདུད་འདུལ་་ཟེར་བ་ཁྱོད་ཀྱིས་ཉན་ཨ་་་་གསེར་རྟ་ཚུལ་ཁྲིམས་མདོ་སྟོད་མི་དམངས་ཀྱིས་འོས་བསྡུའི་ལམ་ནས་བྱུང་བའི་མདོ་སྟོད་སྤྱི་མཐུན་ཞིག་ཡིན། ང་ཚོ་མདོ་སྟོད་མི་དམངས་ཀྱིས་ཡིད་ཆེས་ཡོད། རེ་བ་བྱེད་སའི་མི་ཞིག་ཡིན། ཁྱོད་རང་ཁ་བཙུམ་ནས་སྡོད།
ཁྱི་རྒན་ཅོ་རི་ཁྱོད་ལ་ཅང་ཟེར་གི་མེད།
ཁྱི་རྒན་ཅོ་རི་ཁྱོད་ཀྱང་༧གོང་ས་མཆོག་དང་། ལམ་དབུ་མར་སྐྱོན་བརྗོད་བྱེད་མཁན་འདྲ་ཞིག་ཡིན་པ་འདྲ། ཁ་ནས་ཁྱི་ཟུར་མ་བྱེད། དངོས་གནས་མདུན་ལ་ཐོན་དང་། རྒྱ་ལ་རང་བཙན་རྩོད་དང་། ཁྱོད་བོད་ལ་སོང་ནས་རང་བཙན་རྩོད་དམ། རང་དབང་ལུང་པའི་ཁྱི་ཟུག་བྱེད་རྒྱུ་ཡིན་ནམ།
ཁྱི་རྒན་ཅོ་རི་ཁྱོད་ཀྱང་༧གོང་ས་མཆོག་དང་། ལམ་དབུ་མར་སྐྱོན་བརྗོད་བྱེད་མཁན་འདྲ་ཞིག་ཡིན་པ་འདྲ། ཁ་ནས་ཁྱི་ཟུག་མ་བྱེད། དངོས་གནས་མདུན་ལ་ཐོན་དང་། རྒྱ་ལ་རང་བཙན་རྩོད་དང་། ཁྱོད་བོད་ལ་སོང་ནས་རང་བཙན་རྩོད་ཕོད་དམ། རང་དབང་ལུང་པའི་ཁྱི་ཟུག་བྱེད་རྒྱུ་ཡིན་ནམ། ཧཧཧཧཧཧཧཧཧཧཧཧཧཧཧཧཧ། ད་བདེ་མོར་བཞུགས།
ཨེ་ཁྲམ་པ་་་་གོང་ལ་བདུད་འདུལ་ཞེས་པའི་མིང་ཞིག་བེད་སྤྱོད་བྱས་འོག་ཏུ་བསོད་ནམས་ཞེས་པའི་མིང་ཞིག་བེད་སྤྱོད་བྱས་མཁན་ཕག་པ་འདྲ་པོ་ཁྱོད་ཀྱི་ཁ་ལ་ཁྱིའི་སྐྱག་བཏབ་དགོས་ན་ངའི་མདུན་དུ་ཐོན་ཤོག་ཡ།
ཨ་ནེ་ཆོས་དབྱངས་སྒྲོལ་མ་ཆུང་དུས་རང་གིས་ཕས་བརྡུང་པ་དང་། མས་བུ་ཕོ་ལས། བུ་མོ་མོར་མཐོང་ཆུང་བཏང་བར་བརྟེན་རང་ཉིད་ཨ་ནི་བྱས་པ་ཡིན་ཞེས་བཤད་འདུག ཕ་མ་དང་མི་མཐུན་པ་བྱུང་འདུག་ཀྱང་། བླ་མ་དང་དམ་ཚིག་མི་འགལ་བའི་རེ་བ་ཡོད།
ཅོ་རི་ལགས། དྲང་པོར་ཞུ་ན། དཔེ་དེ་ཡག་པོ་འདུག་སྟེ། འོན་ཀྱང་དབང་ཡོད་དབང་མེད་ཐུག་དུས་གནས་སྟངས་དེ་རང་རེད། འབྲུག་ཡུལ་དང་བལ་ཡུལ་རྒྱ་དཀར་དམར་གཉིས་སུ་རུང་གིས་ཧམ་ཟོས་བྱ་ཐུབ་རུང་། རྒྱལ་སྤྱིའི་གནས་བབ་དང་ཁྲིམས་འོག་ནས་ཕྱི་རང་བཙན་ཙམ་ལས་བལ་ཡུལ་ལྟ་བུ་ནང་དོན་རང་བཙན་མེད་པ་ལྟ་བུ་རེད། རྒྱལ་ཁབ་ཆེན་པོ་གཉིས་དབར་གྱི་སྤོ་ལོ་ཞེས་ལབ་སྲོལ་ཡོད་པ་བཞིན་རེད། དམག་གི་དབང་ཤུགས། དཔལ་འབྱོར་གྱི་དབང་ཤུགས། དེང་རབས་ཀྱི་ཤེས་འཇོན་དབང་ཤུགས། རྣམ་པ་སྣང་བ་གང་ནས་ཀྱང་འགྲན་ཐབས་མེད་པ་ཡིན། འགྲན་ཐུབ་པ་གཅིག་པུ་དེ་ནི། ཆོས་རིག་སྐད་ཡིག་ཙམ་རེད། དེ་ལ་ཡང་སེལ་ནས་ཕྱེ་ན། ནང་པ་ཙམ་ནི་བོད་ལས་རྒྱ་ནག་ལྡབ་བརྒྱ་གྱུར་གྱི་མངས། རིག་གཞུང་ནི་ཁོང་ཚོ་ཡང་ཤིན་ཏུ་ཕྱུག་པོ་རེད། སྐད་ཡིག་ནི་ང་ཚོ་ལས་ཁོང་ཚོས་སྔོན་དུ་ཟོས་ཡོད། ད་བོད་ཀྱི་ནང་ཆོས་དང་དེ་འཛིན་མཁན་སྐད་ཡིག་ཟུར་གསལ་ཡོད་པ་དེ་ང་ཚོའི་བླ་སྲོག་ཡིན་པས་དེའི་ཆེད་དུ་སྲོག་གློད་ཀྱང་གོ་ཆོད་པ་རེད། བོད་རྒྱ་དམར་གྱིས་ལག་པར་ཡོད། ཡང་ན་སྐད་ཅ་བཤད་ནས་ལེན་ཐབས་བྱ་དགོས། སྐད་ཅ་བཤད་ནས་བོད་རང་བཙན་ནམ་ཡང་ཡོང་ཐབས་མེད་པ་གོང་དུ་ཞུས་ཡོད། དེ་མིན་ཐབས་ཞན་ང་ཚོར་མེད་པས་སོ།།
ང་ཚོར་བདག་པའི་ཡིག་ཆ་ཡོད་པ་དངོས་གསལ་རེད། དབང་ཆེན་དབང་མེད་ཐུག་དུས། སྐད་ཅ་དེ་ཤད་ས་མེད། ང་ཚོས་བརྒྱ་ཤད། ཁོང་ཚོས་བརྒྱ་བཤད་མཐའ་མར་སུ་ཁ་ཤུགས་ཆེ་ན་ཡང་དེའི་སྒང་འགྲོ་གི་རེད། རང་བཙན་ཡིན་པའི་རྒྱབ་སྐྱོར་དངོས་སུ་ཐོན་མཁན་དཔེ་མི་སྲིད་ཁག་པོ་རེད། གང་ལགས་ན། སྤྱིར་ནས་དཔལ་བྱོར་ནི་ཚང་མས་ལྟེ་བར་འཛིན་གྱི་ཡོད། གཞུང་འབྲེལ་ཡིག་ཆར་ཆོས་རིག་སྐད་ཡིག་དང་འགྲོ་བ་མིའི་ཐོབ་ཐང་རང་དབང་བཤད་པ་ལས་རང་བཙན་ནི་ནམ་ཡང་བཤད་པར་མ་མཐོང་། སྲིད་འཛིན་སྦུ་ཤུ་རྒན་པས་བོད་དེ་རྒྱལ་ཁབ་གཞན་གྱིས་དབང་བསྒྱུར་བ་ཞིག་ངོས་འཛིན་གནང་བར་བདག་པོ་རྒཡག་མཁན་སུ་འདུག་གཟིགས་དང་།
གཞིས་ལུས་སྡུག་པོ་རྐྱང་མྱངས། ང་ཚོ་བཙན་འབྱོལ་ལ་འཁྱམས་ནས་མི་རབས་ནས་མི་རབས་ལུས། བོད་ནང་རྒྱ་དམར་མི་སེར་ཉིན་རེ་བཞིན་ཇེ་མང་ཇེ་མང་དུ་ཕྱིན། བཙན་འབྱོོལ་མི་རབས་གསར་པས་མ་སྐད་སྐད་ཡིག་གཉིས་པ་ཆགས། རིམ་པས་དཔེ་ཆ་ཀློག་མ་ཤེས་མཁན་མང་དུ་྄ཕྱིན། ནང་ཆོས་དད་པ་ཞུ་མཁན་ཉུང་དུ་ཕྱིན། བོད་ནང་རྒྱ་དམར་གྱི་ཆེད་མངགས་རྩར་མེད་གཏོང་འཆར་བྱས། འདིར་སྣང་མེད་ངང་རྩ་ཡལ་དུ་འགྲོ་ཉེན་ཡོད་ན། དེ་འདྲའི་དུས་རིང་གི་ཐབས་སྐྱོའི་ངང་ཚུལ་ལས། རང་བཙན་མེད་རུང་རང་སར་ལོག་ནས་ཆོལ་གསུམ་ཆིག་སྒྲིལ་གྱིས་རང་རེའི་བླ་སྲོག་སྲུང་སྐྱོབ་ཐུབ་ན་ཡག་ཤོས་རེད།
ང་ཚོ་དམར་པོ་ཆགས་འདོད་མེད་པ་ཨ་ཅང་། རྒྱ་ནག་ཀྱང་དམར་པོར་བསྡད་འདོད་མེད་པ་རེད། དབུ་མའི་ལམ་ནི་རྒྱ་ནག་གི་འགྱུར་བ་ཆེན་པོ་དང་བྲེལ་བ་དམ་ཟབ་ཡོད་པ་རེད་སྙམ།
ང་ཚོས་ས་གནས་རང་སཀྱོང་མི་དགོས་ཞེས་ནམ་ཡང་ལབ་མེད་ལ། རྒྱ་ནག་མང་གཙོའི་ལམ་ལུགས་འོག་འདྲ་མཉམ་ཐོབ་ཐང་འོག་བསྡད་ཀྱི་ཡིན་ཞེས་པ་དེའི་དགོངས་དོན་རེད། རྒྱ་ནག་མང་གཙོར་མ་བསྒྱུར་བར་བོད་མང་གཙོ་ནི་ལྟག་ཆུ་ཆད་པའི་རྫིང་བུ་རེད་སྙམ།
དེ་མིན་རང་གི་འཇོན་ནུས་བཏོན་ནས་དཔལ་འབྱོར་གྱི་དམག་གམ་གོ་མཚོན་གང࿒རུང་གིས་རྒྱ་ཕྱིར་ཕུད་ཀྱིས་རང་བཙན་ལེན་ཐབས་མ་གཏོགས་མེད་པ་གསལ་ཐིང་ཡིན་པ་ངོས་ཀྱི་བསམ་ཚོད་གདེང་འཁེལ་ཡོད་པ་ཞིག་ཡིན།།
རྣམ་པ་ཚོ། ཚིག་མཚོན་བཏབ་ནས་ཅི་བྱེད། དེས་མི་ལ་ཁོང་ཁྲོ་སློང་རྒྱུ་ཅང་ཡོང་གི་མ་རེད། དེ་བས་གནས་ལུགས་བརྩོད་ན་ཡག་གི་རེད། རང་བཙན་ཡིན་འང་འདྲ་དབུ་མ་ཡིན་འང་འདྲ། གང་ལྟར་བོད་མི་རིགས་འདིའི་ལས་དབང་ཆེད་དུ་བང་བརྩལ་འགྲན་བཞིན་ཡོད། དེས་ན། ང་ཚོས་གླེང་མོལ་གནང་སྐབས་ཁྱི་ལ་སོགས་པའི་ཚིག་དེ་རིགས་དྲ་གྲོགས་ཕན་ཚུན་སྤྱད་ནས་ཅི་བྱེད། དེ་བས། གླེང་རིན་ཡོད་པའི་སྐད་ཆ་རེ་གླེང་ན་ཡག་ཀ་མེད་གྲོ།
གཡུ་ཐོག་བུ་ལགས་ སྐུ་ཉིད་ནས་གསལ་བཤད་གནང་བ་ལ་དཀའ་དྲིན་ཆེ་ཞུ་།
དེང་སང་དབུ་མ་པ་ཚོས་རང་བཙན་གྱི་ལྟ་བ་འཛིན་མཁན་ཚོ་ནི་བོད་མི་ས་ཡ་ལྷག་གི་ཚེ་སྲོག་འཕྲོག་མཁན་གྱི་དགྲ་བོ་རྒྱ་དམར་ལས་རྐྱང་སྡུག་པ་མཐོང་བཞིན་པ་འདི་དངོས་གནས་བློ་ཕམ་རེད་ དངོས་གནས་རྒྱལ་ཁབ་ཞིག་དང་མི་རིགས་གཅིག་གི་ཐོག་དུ་བསམ་བློ་བཏང་མཁན་ཞིག་ཡིན་ན་ ཅོ་རི་ཉི་མའི་བསྐད་ཆ་ལ་གནས་ལུག་དང་རྒྱུ་མཚན་ཞིག་མཐོང་གི་ཡོད་ དེ་མིན་ང་ཚོ་ཚང་མ་རྒྱ་ནག་མཉམ་དུ་སྡོད་ཀྱི་ཡིན་ལབ་བཞིན་དུ་རྒྱ་ནག་མཉམ་དུ་འབྲེལ་བ་བྱེད་མི་མཆོག་ལབ་ན་རྒོད་མོ་ཤོར་ཡ་རེད་ ང་ཚོ་ཕྱི་སྡོད་བོད་མི་རྣམས་བོད་ལ་འགྲོ་འདོད་མེད་མཁན་ཞིག་ཧ་ལམ་ཡོད་མི་སྲིད་ མ་ཟད་བོད་ལ་འགྲོ་དགོས་ན་གམ་པ་དང་པོར་རྒྱ་ནག་གཞུང་ཚབ་ཁང་དུ་སྤོ་དགོས་ དེའི་སྐབས་སུ་སོ་སུམ་བཅུ་སོ་གཉིས་མི་སྟེང་མཁན་ཞིག་དང་ལྕེ་ནར་ནར་མི་བྱེད་མཁན་ཞིག་ཨེ་ཡོད་ན་ མ་གཞི་ནི་རྒྱ་དམར་ནས་བོད་མི་ས་ཡ་མོང་པོ་དམར་གསོད་དང་ རྒྱུ་དངོས་མོང་པོ་བཙན་འཕྲོགས་བྱས་པའི་རིན་པ་ རྒྱ་དངུལ་ཟ་རྒྱུ་རག་ན་ཟ་ཀྱང་བྱེད་དགོས་ཀྱི་འདུག་ སྔ་ཕྱི་ཞིག་རེད་མ་རྟོག་ཟ་ནི་ཚང་མས་ཟ་རྒྱུ་རེད་ ཟ་མཁན་ལ་ཁྱེད་པར་ཞིག་ཡོད་ན་ནི་མི་ཤེས་ བོད་རང་བཙན་ནི་མི་དགོས་ལབ་ཚར་བར་རེད་ ད་ང་ཚོ་ལ་ཅི་ཞིག་ལྷག་འདུག་།
རིགས་ལྡན་ལགས་དང་གཡུ་ཐོག་་་་བོད་ཁམས་སྡེ་གསུམ་ཕེབས་པར་དགའ་པོ་བྱུང་།
རིགས་ལདན་ལགས་དང་ཀརྡོ་རམས་བྱམས་པ་གཉིས་ཀྱིས་ཉན་ཨ། ཀརྡོས་ཀྱང་སྔོན་མ་ཞིག་ལ་སྐད་ཆ་འདི་འདྲ་སོང་། རང་བཙན་ཐོབ་ནའང་བལ་ཡུལ་ལྟ་བུ་ཆགས་པ་ཡིན་ན་ཕན་ཐོགས་མེད་མདོག་མདོག་བཤད་སོང་།
གནད་འདིའི་ཐོག་ཏུ་ང་ལ་ཡང་བསམ་ཚུལ་ཡོད་་་ངའི་རྩོམ་ཡིག་ནང་དུ་འདི་འདྲ་ཞིག་བྲིས་ཡོད་་་༼འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་དེབ་སྐྱེལ་ཐུབ་པའི་ཉིན་མོ་དེ་ནས་བོད་རང་བཙན་ཐོབ་ཚར་བ་རེད་ལ་གུང་ཁྲན་ཏང་ཤི་སོང་ན་ས་ཆ་ཚུར་ལེན་གྱི་གཅིག་པོ་རེད།གུང་ཁྲན་ཏང་སྡོད་པའི་རིང་དུ་བོད་མི་རྣམས་ཀྱིས་མ་འོང་བོད་རང་བཙན་ཐོབ་དུས་སུ་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་གནས།ཕྱི་རྒྱལ་ཁབ་ཁག་གི་ཁྱད་ལས་བོད་ཡིག་ནང་དུ་སྒྱུར་བ་དང་ཁ་བ་རི་པ་ལ་དགོས་མཁོ་ཆེ་བའི་རིག་གནས་རྣམས་ནང་འདྲེན་བྱེད་དགོས།དེ་འདྲ་མ་ཐུབ་ན་རང་བཙན་ཐོབ་ཀྱང་བདེ་སྐྱིད་མི་ཐོབ།རང་བཙན་ཐོབ་ཀྱང་རང་ཡུལ་ཟིན་མི་ཐུབ། རང་བཙན་ཐོབ་ཀྱང་འཚོ་བ་མི་འཁྱོངས།ངེས་པ་ཏུ་བྱ་ཐུབ་པ་བྱེད་དགོས།༽ཅེས་བཤད་ཡོད།
ང་རང་ཚོའི་བོད་ལ་ཚན་རིག་ལག་རྩལ་གྱི་ཕུང་ནས་བསྡད་ཡོད་རེད་མ་གཏོགས་་་ས་འོག་གི་གཏེར་དང་ས་སྟེང་གི་སྨན་རྩྭ། ཉི་མ། ཆུ། རླུང་བུ། འཛམ་གླིང་གི་སྟོབས་ཤུགས་ཀློག་པ་ཐུག་ཡོད་དུས་་བོད་ཀྱི་སྟོབས་ཤུགས་ཡང་ཀློག་གིས་བསྐྲུན་དགོས་ཀྱི་རེད། ཉི་མའི་འོད་ཀྱི་ཀློགཆུ་ཀློག་ རླུང་ཀློག རང་ཚོས་འཇོན་ན་ག་རེ་བྱེད་བྱེད་རེད། འཛམ་གླིང་འདིའི་ཐོག་ཏུ་འགྲན་ཟླ་མེད་པའི་ས་ཆ་རེད།
ང་ཚོའི་བོད་ཀྱི་ཐོན་ཁུངས་བཟང་པོ་དེ་འདྲ་ཞིག་ཡོད་བཞིན་དུ་སྤྲང་པོ་བལ་པོ་ནང་བཞིན་ཆགས་ཀྱི་རེད་བསམས་པ་ནི་གནད་ལུགས་དང་མཐུན་གྱི་མ་རེད། ཨ་རབ་བྷི་རྒྱལ་ཁབ་ཀྱིས་སྣམ་བཙོང་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་ལྟར་བོད་ལ་ཡང་ཐོན་ཁུངས་གྲངས་ལས་འདས་པ་བཙོང་ཡ་ཡོད་རེད་བ། གལ་སྲིད་རང་བཙན་འཐོབ་སོང་ན་དཔལ་འབྱོར་སྐྱོ་པོ་ཆགས་ནས་དཀའ་ངལ་ཡོང་གི་རེད་རྩ་བ་ནས་བསམས་ཀྱི་མེད།
དེ་ལས་ཐབས་སྡུག་བ་ཞིག་ལ་་་བོད་རང་བཙན་འཐོབ་པ་ཡིན་ན་བོད་ཆོས་ལུགས་པ་འདི་ཚོས་བོད་མི་དམངས་ལ་སྒེར་གཅོད་དང་དཔལ་འབྱོར་ཡར་རྒྱས་ཀྱི་འགོག་སྐྱོན་བཟོ་མི་འོང་ངམ་སྙམ་པའི་དོག་པ་ཆེན་པོ་ཡོད།
རིགས་ལྡན་ལགས།
ཁྱོད་ཀྱིས་་་་བོད་ང་ཚོར་བདག་པའི་ཡིག་ཆ་ཡོད་པ་དངོས་གསལ་རེད། དབང་ཆེན་དབང་མེད་ཐུག་དུས། སྐད་ཅ་དེ་ཤད་ས་མེད། ང་ཚོས་བརྒྱ་ཤད། ཁོང་ཚོས་བརྒྱ་བཤད་མཐའ་མར་སུ་ཁ་ཤུགས་ཆེ་ན་ཡང་དེའི་སྒང་འགྲོ་གི་རེད།ཅེས་གསུངས་འདུག
འདི་ངོ་མ་སེམས་ཁུངས་ཀྱི་སྐད་ཆ་ཞིག་ཡིན་ནམ། རིག་པའི་སྒྲུབ་བྱེད་པའི་སྐད་ཆ་ཡིན་ནམ། འཛམ་གླིང་འདི་ལ་ཁ་ཤུགས་ཆེ་ཆུང་མ་གཏོགས་དྲང་བདེན་ཟེར་བ་འདི་ལ་བརྩི་འཇོག་བྱེད་མཁན་གཅིག་ཀྱང་མེད་པ་རེད་དམ། བདེན་པའི་སྟོབས་ཤུགས་ནི་མེ་མདའ་ཡི་སྟོབས་ལས་ལྷག་པ་ཡོད་ཅེས་ཁ་སྐྱལ་སྐྱལ་བྱས་ནས་བཤད་བསྡད་པ་དེ་དག་རྫུན་ཡིན་ནམ།
བདེན་ཨར་ར་གཉིས་ཀ་རྔ་མ་ཐུང་། རྫུན་ལུང་པ་གཉིས་ཀ་ཕུག་ཐག་་རིང་ཞེས་གཏམ་དཔེ་གསར་བརྗེ་བྱེད་པའི་དུས་བབ་པ་རེད་དམ། དེ་འདྲ་ཡིན་གྱིས་མ་རེད། བདེན་པ་ཟེར་བ་འདི་ཁ་ཤུགས་ཆེ་ཆུང་གིས་ཐོག་ནས་རྩ་འགྲོ་ཐུབ་པ་མ་རེད་འདོད་དོ།
ཨ་རི་སོགས་ནས་རང་བཙན་ལ་རྒྱབ་སྐྱོར་མེད་པ་དེ་བདེན་པ་རེད། རྒྱ་དམར་སྟོབས་ཤུགས་ཆེ་བ་བདེན་པ་རེད། ཨ་རི་དང་ཡུ་རོབ་སོགས་ནས་རང་བཙན་སྐད་ཅ་བཤད་རྒཡུར་གཟོན་བྱས་པ་དེ་བདེན་པ་རེད། དུས་རབས་དགུ་པའི་མཇུག་ནས་བོད་སིལ་བུར་ཐོར་ནས་བོད་ཆོལ་གསུམ་ཆིག་སྒྲིལ་གྱི་ངར་ཤུགས་དེ་ད་ལྟ་ནང་བཞིན་སླེབས་མྱོང་མེད་པ་དེ་བདེན་པ་རེད། བོད་པར་དེང་རབས་ཤེས་འཇོན་དང་དཔལ་འབྱོར་དམག་ཤུགས་མེད་པ་བདེན་པ་རེད།
མེ་མདའ་དང་བདེན་པའི་མཐའ་མའི་རྒྱལ་ཁ་བདེན་པར་འཐོབ་གསུངས་པའི་བདེན་པ་དེ་རང་བཙན་ལོ་རྒྱུས་བདེན་པ་ཡིན་པ་དེ་མ་རེད། དུས་རབས་དགུ་པའི་མཇུག་ནས་རང་བཙན་དེ་རྙོག་དྲའི་སྒང་ནས་ཕྱིན་པ་རེད། ཆོས་དད་རང་དབང་། སྐད་ཡིག་རང་དབང་། ས་གནས་རང་སྐྱོང་། སྨྲ་བརྗོད་རང་དབང་བཅས་ཀྱི་བདེན་པ་དེ་ང་ཚོར་ཁ་ཚ་དགོས་གཏུགས་ཀྱི་བདེན་པའི་ཐོབ་ཐང་རེད། དེ་དགོས་ངེས་ཅན་རེད། རྒྱལ་སྤྱིའི་ཁྲིམས་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཅས་གང་ནས་ཀྱང་བདེན་པ་ཡིན་ལ་དངོས་ཡོད་ལག་ལེན་དུ་ཡོད་པ་དེ་བདེན་པ་ཡིན་པས། དེ་རྩོད་པར་སུས་ཀྱང་བཀག་འགོག་བྱ་ས་མེད་པ་རེད།
ཨ་མའི་བུ་ལ་འཇོན་ཐང་ཡོད་ན་ལོ་རྒྱུས་སུ་རང་བཙན་ཡིན་པས་རྩོད་ན་འགྲིག་པ་རེད། རྩོད་པས་མི་འགྲིག་པར་ལས་གཞི་བརྩམ་དགོས། ལས་གཞི་བརྩམ་པར་གང་དང་གང་དགོས་པ་ཤེས་གསལ་ཡིན་ཤས། དེ་མིན་ཁ་རྩོད་ཙམ་གྱིས་ལག་དག་ཡས་མེད་པ་ཡིན།
བདེན་པ་ཞེས་ཁ་ཤུགས་སྒང་ནས་མིན་པར་ཤེས་རུང་། རྒྱབ་རྟེན་ཁྱད་ཕན་དང་།་སྟོབས་ཤུགས་དཔལ་འབྱོར་སྒང་ནས་འགྲོ་གི་ཡོད་པ་གང་ཉིད་མཁྱེན་ལྡན་ཡིན་ན་གཟིགས་ཡོད་གཤའ།
ཅ་རི་ཉི་མ་ཟེར་བ་འདི་མི་གླེན་པ་ཞིག་རེད། གླེན་པའི་ཁ་རྔོག་ན་སྐྱུགས་དྲི་ལས་ཅི་ཡང་མེད།
ཅོ་རི་ཉི་མ་ལགས།
ཟ་གྱོན་སྡོད་ཁྱིམ།
རང་བཙན་ལས་ལྷག་པའི་ཟ་རྒྱུ་དགོས།
རང་བཙན་ལས་ལྷག་པའི་གྱོན་རྒྱུ་དགོས།
རང་བཙན་ལས་ལྷག་པའི་སྡོད་ཁྱིམ་དགོས།
ཤེས་འཕྲུལ་རང་དབང་།
རང་བཙན་ལས་ལྷག་པའི་དེང་དུས་ཀྱི་ཤེས་ཡོན་དགོས།
རང་བཙན་ལས་ལྷག་པའི་དེང་དུས་ཀྱི་འཕྲུལ་ཆས་དགོས།
རང་བཙན་ལས་ལྷག་པའི་དེང་དུས་ཀྱི་རང་དབང་དགོས།
ཆོས་དད་སྐད་ཡིག་བདེ་སྐྱིད།
རང་བཙན་ལས་ལྷག་པའི་དེང་དུས་ཀྱི་ཆོས་དད་དགོས།
རང་བཙན་ལས་ལྷག་པའི་དེང་དུས་ཀྱི་སྐད་ཡིག་དགོས།
རང་བཙན་ལས་ལྷག་པའི་དེང་དུས་ཀྱི་བདེ་སྐྱིད་དགོས།
ཨ་ནེ་ཆོས་དབྱངས་ཀྱི་རྒྱལ་ཁབ་གཉིས་པ་བལ་ཡུལ་སོགས། རང་བཙན་ཡོད་ལ། དེ་ཚོ་མེད་པ་ཛམ་གླིང་ནང་ལ་རྒྱལ་ཁབ་ག་ཚོད་འདུག མིག་གིས་ལྟོས། རྣ་བས་ཉོན། དེ་ནས་སོམས། དེ་ནས་ཤོད།
ཅོ་རི་ལགས།
གོང་དུ་ཉིད་ནས་རང་བཙན་འཐོབ་ན། ཞེས་ཡག་པོ་གསུངས་འདུག་ཀྱང་། དེ་ནི་བ་ཕྱུགས་མེད་པར་དེའི་བེའུའི་སྐེ་བཏགས་ཞེས་པའི་དཔེར་སོང་སྙམ།
བོད་ཐོན་ཁུངས་ཡག་པོ་ཡོད་ཙང་གུང་བྲན་གྱིས་གློད་མ་ཐུབ་པའི་རྒྱུ་མཚན་གཅིག་རེད་སྙམ།
ཤིན་ཏུ་དཀའ་བའི་རང་བཙན་འཐོབ་པར་ཆ་བཞག་སྐལ་པ་བཟང་བཟང་རེད། དེ་འདྲ་ཡིན་ན། མི་མང་དང་སྲིད་སྐྱོང་གི་མ་འཇོན་ན་ཆོས་པ་ཡང་བསྐྱར་དགོས་པ་ཆགས་ན་ཡོང་ངེས་རེད། གང་ལགས་ན། གངས་ཅན་ཆོས་ལྡན་དང་འབྲེལ་བ་དམ་ཟབ་ཡོད་པས་སོ།། དོགས་པ་དང་ཞེད་སྣང་དགོས་ཡས་ཁྱོན་ནས་མེད་སྙམ་མོ།།
རང་བཙན་ནི་ང་ཚོའི་ཐོབ་ཐང་ཡིན་པས་རྩོད་མི་ཆོག་ཅེས་སུས་ཀྱང་བརྗོད་མི་ཐུབ། འོན་ཀྱང་ནུས་མེད་ཀྱི་རང་བཙན་མིང་རྐམ་ཙམ་ལས་ནུས་ལྡན་གྱི་རང་དབང་ཚད་ཐུབ་ཅིག་ལོས་དགའ། ཅོ་རི་ཁྱོད་རང་ཡང་རང་དབང་ལ་དགའ་དྲགས་ནས་ཕྱི་རྒྱལ་ལ་འགྲོ་བ་ཞིག་མ་རེད་དམ། མ་ཟད་དཔལ་འབྱོར་དང་སྟོབས་ཤུགས་གང་གི་ཆ་ནས་ཀྱང་ནུས་མེད་དུ་གྱུར་ཟིན་ན། རང་བཙན་ཡོད་ཀྱང་ Pakistan, Kazakhstan, Kyrgystan, ལྟ་བུའི་མིང་ཙམ་གྱིས་འཚོ་བའི་ཁ་ཆེའི་རྒྱལ་ཁབ་དབུལ་ཕོངས་དེ་དག་ལྟ་བུར་འགྱུར་ངེས་རེད།
ད་དུང་འབྲུག་དང་འབྲས་ལྗོངས་བར་གྱི་ཆབ་དཔལ་རིག་གསུམ་ཞིབ་བསྡུར་བྱས་པ་ཞིག་ཀྱང་ཡོད་པས་སང་ཉིན་བཀོད་རྒྱུ་ཡིན།
གཡོ་སྒྱུ་མཁས་པས་འཛུམ་གྱིས་བསུ།།
གླེན་འཐོམ་དག་ནི་དགའ་ནས་ཕེབས།།
རྒྱ་ཟས་ཟ་བཞིན་བོད་ཇ་འཐུང་།།
དགའ་བའི་གཏམ་དང་སྙན་མོའི་གླུ།།
དགོད་སྒྲའི་ངང་ནས་སྤྲོ་ཚོགས་གྲོལ།།
ཟས་ལྷག་འཐུང་ལྷག་རིལ་བུ་དྲིལ།།
མཆེ་སྡེར་གཉིས་ཀྱི་དཀྱིལ་ལ་འཕངས།།
དང་པོ་མ་བསྣམས་འགྲིག་པ་ལ།།
གཉིས་པ་བགོས་ན་ཇི་འདྲ་བཟང་།།
མཐའ་མར་འཛིང་ག་ཤི་ལ་གཏད།།
གཡོ་ཅན་ཝ་མོས་གབ་ནས་བལྟས།།
རོ་གཉིས་ཟ་རྒྱུར་འགྲམ་ཆུ་ལྡང་།།
རྒྱ་འདྲེ་འཕྲུལ་གྱིས་འཁྲབ་གཞུང་འདིར།།
བཙན་དབུ་གཉིས་ཀྱིས་ཟློས་གར་འཁྲབ།།
གངས་རི་བུ་ཡིས་རྒྱང་ནས་མཐོང་།།
གངས་རི་རྒྱང་མཐོང་ཞེས་སུ་གྲགས།།
རང་བཙན་ཁ་ཡི་མཆེ་རྣོ་དེས།།
དགྲ་ལ་རྨུགས་པར་མ་ནུས་ཀྱང་།།
བདག་པོར་མཆེ་བ་མ་གཙིགས་རོགས།།
དབུ་མའི་སོར་རྩེར་སྡེར་ཡོད་ཀྱང་།།
དགྲ་ལ་བགྲད་པའི་སེམས་མེད་ན།།
རང་རིགས་རྣམས་ལ་དེས་བས་ཀྱང་།།
དེ་ན་རང་རིགས་སྤུན་ཟླ་ཚོ།།
ལེགས་པར་གསོན་དང་ང་ཡི་གཏམ།།
རྒྱ་འཕྲུལ་གཡོ་ལ་རྟེན་པ་དང་།།
ཨ་ནེ་གླུ་ཡི་སྟོང་པ་གཉིས་།།
མི་འགལ་འདུ་བརགཞི་གཅིག་ཏུ།།
སྒོམ་ན་ད་གོ་དབྱེན་གྱི་གཏམ།།
ཆོས་ཀྱི་དབྱངས་སུ་ཞི་བར་འགྱུར།།
དབྱེན་ཟླུམ་ཞེས་བྱའི་མཆོད་རྟེན་ཞིག།
གཏམ་གྱི་ལམ་ནས་གཞེངས་པར་སྤྲོ།།
http://youtu.be/irUaorTfUQQ
ཅོ་རི་ཉི་མ་ལ་དགོས་འདིར་འདུག
ཨ་ཕྱི་ཁོའི་མིང་དངོས་facebook ནང་་Khenchen Lama ཞེས་པའི་སྐྱ་མིན་བན་མིན་དེ་རེད། ཁོ་ད་རེས་རྒྱ་མིའི་མཚན་ཚོགས་སུ་ཕྱིན་པའི་ཨ་ནི་ཆོས་དབྱིངས་ལ་རྒྱབ་སྐྱོར་བྱེད་ལུགས་དང་། རྒྱུན་དུ་བོད་ཀྱི་བླ་ཆེན་རྣམས་ལ་སྐུར་བ་འདེབས་ལུགས་ལ་བལྟ་ན་ཁོ་རྒྱ་མིའི་སོ་པ་ཡིན་པར་ཐེ་ཚོམ་མི་འདུག
དིང་གི་བལ་ཡུལ་གཞུང་ལ་བོད་ཀྱི་འབྲོག་ཁྱི་གཅིག་ཉིས་ཞལ་འདེབས་འདྲ་རྒྱབ་ཐུབ་ན། ཧཧཧ།
ད་ནས་བཟུང་ཨ་ནི་ཆོས་དབྱངས་སོགས་ལ། འབྲོག་ཁྱི་གསོ་རུ་མ་བཅུག་ཨ། དེ་ལྟར་མ་བྱས་ན། འབྲོག་ཁྱི་ཚང་མ་རྩ་མེད་འགྲོ་བགྱི་རེད་དོ། ཧཧཧཧཧཧཧཧཧཧཧ།
ཨ་རོ་ཀད་་་་་་་ ད་ཡིན་ན་མཆན་ཚང་མ་བཀླགས་ཚར་སོང་། མི་དེ་ཚོས་བསམ་ཚུལ་འདྲ་མིན་སྣ་ཚོགས་བྲིས་བཞག ཐུགས་རྗེ་ཆེ།