བལ་ཡུལ་གྱི་རྒྱལ་སར་ཉི་འཛིན་དེ་རིང་ཞོགས་པ་སྔ་མོའི་ཆུ་ཚོད་ལྔ་དང་སྐར་མ་་༥༠་ཐོག་འགོ་བཙུགས་པ་དང་བདུན་དང་སྐར་ ༤༠་ཙམ་ལ་མཇུག་བསྒྲིལ་སོང་། སྐབས་དེར་ཉི་མའི་བརྒྱ་ཆ་དགུ་ཅུ་ཙམ་བཟུང་བ་མཐོང་ཐུབ་པ་དང་སྐར་མ་ཤར་བ་ཡང་མཁའ་དབྱིངས་ནས་གཅིག་མཐོང་རྒྱུ་འདུག། བལ་ཡུལ་རྒྱལ་ནང་དུ་ཉི་འཛིན་བྱུང་པ་རྒྱལ་ཁོངས་ཀྱི་རྫོང་སྡེ་ཁག་བཅུ་བཞི་ཙམ་ནས་མཐོང་ཐུབ་ཚུལ་བཤད་པ་དང་ཉིན་དེར་གཞུང་འབྲེལ་གྱི་གུང་སེང་ཁྱབ་བསྒྲགས་བྱས་སོང་།
རྒྱ་གར་ནང་དུ་ཡང་དེ་རིང་ཉི་འཛིན་བྱུང་ཞིང་། ཟླ་བས་ཉི་མ་ཆ་ཚང་འགེབ་པ་རྒྱ་གར་ཡུལ་དབུས་རྡོ་རྗེ་འདན་དང་ཝ་ར་ན་སི། བྷོ་བྷལ། ར་ཇི་སེ་ཏན་སོགས་ལ་བྱུང་འདུག དེ་ཡང་དུས་ཡུན་སྐར་ཆ་དྲུག་ལྷག་རིང་ས་རུབ་པ་ལྟ་བུ་བྱུང་བས་ན། དེ་རིང་ལོ་མང་པོའི་ནང་བྱུང་བའི་དུས་ཡུན་རིང་ཤོས་ཀྱི་ཉི་འཛྀན་རྩིས་བཞིན་འདུག་ལ། ད་ནས་འབྱུང་འགྱུར་ལོ་ཉི་ཤུ་ལྷག་རིང་དེ་འདྲ་ཉི་འཛིན་འབྱུང་རྒྱུ་མེད་པ་རེད་ཤག ཉི་འཛིན་འདི་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་༦་༢༡་ཅེས་སྤྱིར་བཏང་ལ་བཤད་ཡོད་ནའང་། རྒྱ་གར་ཤར་ཁུལ་དུ་ཆུ་ཚཽད་ཙམ་ཉི་མ་འཛིན་མགོ་བཙུགས་འདུག། འོན་ཀྱང་དེང་སང་དབྱར་གཞུང་ལ་འཁེལ་བར་སོང་ཉི་འཛིན་མཐོང་རྒྱུ་ཁག་པོ་ཡིན་པས། ཁ་སང་བྱས་ན་ངོས་ནས་ཀྱང་ད་ནངས་ཞོགས་པ་ཉི་འཛྀན་གྱི་འདྲ་དཔར་ཡག་པོ་ཞིག་བླངས་བསམ་ཡོད་ཀྱང་གནམ་གཤིས་ཀྱི་རྐྱེན་པའི་རེ་བ་འབྲེལ། འོན་ཀྱང་རྒྱ་གར་ནང་ཡོད་པའི་མི་ཕྱུག་པོ་དེ་ཚོས་རྡོ་རྗེ་འདན་ནས་གནམ་གྲུར་ཞུགས་ནས་ཉི་འཛིན་བལྟ་བར་ཕྱིན་ཡོད་ལ། ཁོང་ཚོས་གནམ་གྲུས་ཉི་འཛྀན་དེད་པ་ལས་དུས་ཡུན་རིང་པོར་ཉི་འཛིན་མཐོང་ཐུབ་པ་བྱུང་ཡོད། གནམ་གྲུའི་ལྒེ་ཁུང་ཁྲིད་ཀྱི་རྐུབ་སྟེགས་ལ་ཧིན་སྒོར་༦༠༠༠༠ལྷག་བྱེད་ཀྱི་ཡོད་འདུག།
རྒྱ་གར་ཤར་ཁུལ་དུ་ཆུ་ཚཽད་༥་༣༠ཙམ་ཉི་མ་འཛིན་་ཞེས་བཅོས།
འབྲུག་ནས་ཀྱང་ཉི་འཛིན་དེ་མཐོང་ཐུབ་ཡོད་ཅིང་པར་ཡང་མང་དག་ཅིག་བླངས་ཐུབ་བྱུང་ཡོད། དྲ་གྲོགས་ལ་གཟིགས་མོར་ཕུལ་འདོད་ཀྱང་དྲ་རྒྱ་འདིར་པར་བཅུག་ཐབས་གང་འདྲས་ཡིན་ཤེས་མ་སོང་།
ངའི་མཆན་དང་པོའི་ནང་༼ད་ནས་འབྱུང་འགྱུར་ལོ་ཉི་ཤུ་ལྷག་རིང་དེ་འདྲ་ཉི་འཛིན་འབྱུང་རྒྱུ་མེད་པ་རེད་ཤག༽ཅེས་པ་ནོར་འདུག། ད་རིང་གི་ཚགས་པར་ནང་བརྗོད་དོན་དུ་ཉི་འཛིན་འདི་ནི་ང་ཚོའི་མི་ཚེའི་ནང་གི་ཉི་འཛིན་རིང་ཤོས་དེ་ཆགས་ཡོད་པ་དང་། འབྱུང་འགྱུར་གྱི་ཉི་འཛིན་རིང་ཤོས་དེ་ནི་༢༡༣༢་སྤྱི་ཟླ་དྲུག་པའི་ཚེས་༡༣ཉིན་ཡོང་རྒྱུ་ཡིན་འདུག རྒྱ་གར་གྱི་ཕྱི་པ་ཚོས་བོད་པ་ནང་བཞིན་དེ་ནི་སྒྲ་བཅན་ནམ་ར་ཧུལ་ཟེར་བ་ལུས་མེད་པའི་ལྷ་མ་ཡིན་ཞིག་གིས་སུར་ཡ་ཞེས་པའི་ཉི་མའི་ལྷ་དེ་ཟ་གི་ཡོད་པར་བརྗོད་པ་དང་། དེ་ནི་དུས་ཚིགས་ཁྱད་པར་དུ་རྩིས་ནས་ཆུ་མོ་གངྒ་སོགས་ཆོས་མང་པོ་བྱེད་ཀྱི་ཡོད་འདུག།
ཨ་ཁུ་འབྲུག་པ་ཕྱོགས་ལ། དྲ་ཚིགས་འདིར་པར་བཀོད་དགོས་ན་གློག་འཕྲིན་བརྒྱུད་ཁ་བརྡའི་འབྲེལ་བ་བྱ་ཡུལ་ལ་གཏོང་དགོས་པ་འདྲ།